[1A]༄༅། །འདུལ་བ་ཉ་པ་བཞུགས་སོ། ། [1B] །འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་ཅུ་གསུམ་པ། སངས་རྒྱས་བཅོམ་ ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ སོ༑ ༑དེའི་ཚེ་ན་དྲུག་སྡེ་དག་རང་གི་ལག་གིས་ས་རྐོ་བར་བྱེད་རྐོར་འཇུག་པར་བྱེད། རྣང་ སྒལ་སྤྱུར་བར་བྱེད། སྤྱུར་དུ་འཇུག་པར་བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་དུ་འཇུག་པར་ [2A] །བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུག་པར་བྱེད། རྣང་སྒལ་སྤྱུར་བར་བྱེད། སྤྱུར་དུ་འཇུག་པར་བྱེད་ ཡུར་བ་འདྲེན་པར་བྱེད། འདྲེན་དུ་འཇུག་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་རང་གི་ལག་གིས་ས་རྐོ་ བར་བྱེད། རྐོར་འཇུག་པར་བྱེད། རྣང་སྒལ་སྤྱུར་བར་བྱེད། སྤྱུར་དུ་འཇུག་པར་བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་ དུ་འཇུག་པར་བྱེད། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་དང། བྲམ་ཟེ་དང། ཁྱིམ་བདག་དག་ལ་བྱེ་བྲག་ནི་ [2B] བསམ་པ་ནི། ཅི་ཡོད། ཐ་དད་དུ་བྱ་བ་ནི། ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང། བྱ་བར་སེམས་ ཞེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ་།དེ་ནས་ བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་ བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་ རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་།ཁྱེད་རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུག་པར་བྱེད། རྣང་སྒལ་སྤྱུར་ པར་བྱེད། སྤྱུར་དུ་འཇུག་པར་བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་དུ་འཇུག་པར་བྱེད་པ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་ [3A]༄༅། །འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་ རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་ དགེ་སློང་གང་རང་གི་ལག་གི་ས་རྐོ་བའམ། རྐོར་འཇུག་ན། ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ ཡིན་པའོ། །རང་གི་ལག་གིས་ཞེས་བྱ་བ་ནི། ལག་ནས་ལག་པས་སོ་།ས་ཞེས་བྱ་བ་ནི། ས་གཉིས་ཏེ། རང་བཞིན་ཅན་དང། རང་བཞིན་ཅན་མ་ [3B] །རང་བཞིན་ཅན་ཞེས་བྱ་བ་ནི། ཆར་ཆུ་ཞོད་ན་ཟླ་བ་གསུམ་གྱིས་ས་འཐས་པར་འགྱུར་པའོ། །ཆར་ཆུ་མ་ཞོད་ན་ཟླ་བ་དྲུག་གིས་ས་འཐས་པར་འགྱུར་བའོ། །རང་བཞིན་ཅན་མ་ཡིན་པ་ནི་ དེ་ལས་གཞན་པའོ། །རྐོའམ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སོ་།རྐོར་འཇུག་ན་ཞེས་བྱ་བ་ནི། གཞན་ནོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་ སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད་འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ས་རྐོ་ན། རང་བཞིན་ཅན་རྐོ་ན། ལྟུང་བྱེད་དུ་འགྱུར་ལ། རང་བཞིན་ཅན་མ་ཡིན་ པ་རྐོ་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་ས་ཞག་འགོགས་ན་སྲ་བ་འགོགས་ན། ལྟུང་བྱེད་དུ་འགྱུར་ལ། གྲུགས་པ་འགོགས་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་ས་ལ་ཕུར་པ་འདེབས་ན་ ལྟུང་བྱེད་དུ་འགྱུར་ལ། ས་ལས་ཕུར་པ་འབྱིན་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་ས་ལ་རི་མོ་འདྲེན་ན། ཉེས་བྱས་སུ་འགྱུར་རོ་།ཤོད་དགོད་པའི་བསམ་པ་ལ་ནི། ལྟུང་བ་མེད་དོ། །དགེ་སློང་ས་དང་ འབྱར་བའི་ལྕི་བ་འགོགས་ན། ཉེས་བྱས་སུ་འགྱུར་ལ། ལྕི་བ་འབའ་ཞིག་འགོགས་པ་ལ་ནི། ལྟུང་བ་མེད་དོ། །དགེ་སློང་དོག་ས་རྟིབ་པར་བྱེད་ན། སྲ་བ་རྟིབ་པར་བྱེད་ན། ལྟུང་བྱེད་དུ་འགྱུར་ལ། གྲུགས་ [4A]༄༅། །པ་རྟིབ་པར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་འདམ་སྐྱོད་པར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་འདམ་དང་འབྲེལ་བའི་ཕྲུ་བ་དང། བུམ་པ་དང་ རིལ་བ་འདེགས་པར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྩིག་པ་འཇིག་པར་བྱེད་ན། སྲ་བ་འཇིག་པར་བྱེད་ན། ལྟུང་བྱེད་དུ་འགྱུར་ལ། གྲུགས་པ་འཇིག་པར་བྱེད་ན། ཉེས་བྱས་སུ་ འགྱུར་རོ། །དགེ་སློང་རྩིག་པའི་སྐྱང་ནུལ་འགོགས་པར་བྱེད་ན། སྲ་བ་འགོགས་པར་བྱེད་ན། ལྟུང་བྱེད་དུ་འགྱུར་ལ། གྲུགས་པ་འགོགས་པར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་ རྩིག་པ་ལ་ཕུར་པ་འདེབས་ན། ལྟུང་བྱེད་དུ་འགྱུར་ལ། རྩིག་པ་ལས་ཕུར་པ་འབྱིན་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྩིག་པ་དང་འབྱར་བའི་ལྕི་བ་འགོགས་པར་བྱེད་ན། ཉེས་བྱས་སུ་ འགྱུར་རོ། །དགེ་སློང་རྩིག་པ་ལ་རི་མོ་འདྲེན་པར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །ཤོད་དགོད་པའི་བསམ་པ་ལ་ནི། ལྟུང་བ་མེད་དོ་།དགེ་སློང་རྩིག་པ་ལས་ཚྭ་རྒོ་འབྲུལ་བར་བྱེད་ན། ཉེས་བྱས་ སུ་འགྱུར་རོ། །དགེ་སློང་རྡོ་བ་ཅན་གྱི་ས་རྐོ་བར་བྱེད་ན། གལ་ཏེ་ས་ཆེས་མང་ལ་རྡོ་བ་ཆེས་ཉུང་ན། ལྟུང་བྱེད་དུ་འགྱུར་རོ་།གལ་ཏེ་རྡོ་བ་ཆེས་མང་ལ་ས་ཆེས་ཉུང་ན། ཉེས་བྱས་འགྱུར་རོ་།རྡོ་བ་ འབའ་ཞིག་སྐྱོད་པར་བྱེད་པ་ལ་ནི། ལྟུང་བ་མེད་དོ། །དགེ་སློང་བྱེ་མ་ཅན་གྱི་ས་རྐོ་བར་བྱེད་ན། གལ་ཏེ་ས་ཆེས་མང་ལ་བྱེ་མ་ཆེས་ཉུང་ན། ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་བྱེ་མ་ཆེས་མང་ལ་ [4B] ཉེས་བྱས་སུ་འགྱུར་རོ། །བྱེ་མ་འབའ་ཞིག་རྐོ་བ་ལ་ནི། ལྟུང་བ་མེད་དོ། །དགེ་སློང་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན། ཐུར་མ་སོར་བཞི་ཙམ་ས་ལ་འཛུགས་པ་ལ་ ལྟུང་བ་མེད་དོ། །ལས་དང་པོ་པ་དང། སྐྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ས་རྐོ་བའི་ལྟུང་བྱེད་དེ། བདུན་ཅུ་གསུམ་པ་རྫོགས་སོ།། །། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དཧའི་ཀུན་དགའ་ར་བ་ན་བཞུགས་སོ། །ཤཱཀྱ་མིང་ཆེན་གྱིས། བཅོམ་ ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དཧའི་ཀུན་དགའ་ར་བ་ན་བཞུགས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་ སེམས་ཏེ། བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལན་མང་དུ་གདུགས་ཚོད་ལ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ན། ལན་འགའ་ཡང་ཡོ་བྱད་ཐམས་ཅད་ ཀྱིས་སྤྱན་མ་དྲངས་ཀྱི། བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲང་ངོ། །སྙམ་མོ། །དེ་ནས་ཤཱཀྱ་མིང་ཆེན་བཅོམ་ལྡན་འདས་ག་ ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཐབས་གཅིག་ཏུ་འདུག་གོ་ཐབས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་ [5A]༄༅། །པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་ རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་འཇུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་ རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ། །དེ་ནས་ཤཱཀྱ་མིང་ཆེན་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་དགུང་ཟླ་བཞིར་བདག་གི་ན་བཟའ་དང། བསོད་སྙོམས་དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ ཡོ་བྱད་དག་བཞེས་པར་ཅི་གནང། བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་ རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས། དེས་སྙུང་བའི་རུང་བའི་ཁང་པ་རྩིག་ཏུ་བཅུག་ཅིང། སྙུང་བའི་སྨན་ ཡང་འཇོག་ཏུ་བཅུག་བདེ་བའི་སྨན་དུས་སུ་རུང་བ་དང། ཐུན་ཚོད་དུ་རུང་བ་དང། ཞག་བདུན་པ་དང། འཚོ་བའི་བར་དུ་བཅང་བ་དང། རྩ་བའི་སྨན་དང། སྡོང་བུའི་སྨན་དང། ལོ་མའི་ [5B] མེ་ཏོག་གི་སྨན་དང། འབྲས་བུའི་སྨན་དག་ཀྱང་འཇོག་ཏུ་བཅུག་ཞུན་མར་མ་བསྐོལ་བ་དང་བསྐོལ་བ་དག་ཀྱང་འཇོག་ཏུ་བཅུག་འབྲུ་མར་བསྐོལ་བ་དང་མ་བསྐོལ་བ་དག་ཀྱང་འཇོག་ཏུ་ བཅུག་བ་དག་དང། མ་ཧེ་དག་དང། ར་བཞོན་དག་ཀྱང་འཇོག་ཏུ་བཅུག་ཡོ་བྱད་ཐམས་ཅད་ཀྱང་འཇོག་ཏུ་བཅུག་སྨན་པ་དང། སྙུན་གཡོག་དག་ཀྱང་འཇོག་ཏུ་བཅུག་སྟེ། དགེ་སློང་དག་ལ་ཡང་ ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ། །དྲུག་སྡེ་དག་གིས་སྨྲས་པ་དགའ་བོ་ཉེ་དགའ། བཅའ་བ་དང་བཟའ་བ་འདི་ལྟ་བུ་རྙེད་ཀྱི་ཐབས་ཤིག་བྱའོ། །ཞེས་དེ་དག་གིས་སྨན་པ་ལ་དྲིས་པ་ བཞིན་བཟང། ཁོ་བོ་ཅག་ལ་ནད་ཅི་ཡོད་པ་ཇེ་ལྟོས་ཤིག་སྨན་པས་བསམ་པ། འདི་དག་ནི། དགེ་སློང་ཧྲལ་པོ་དག་ཡིན་པས་ཟ་འདོད་ཀྱི་འདི་དག་དང་མཐུན་པར་སྨྲ་བར་བྱའོ། །སྙམ་ནས་དེས་དེ་ དག་ལ་སྨྲས་པ། འཕགས་པ་དག་ཁྱེད་ཅག་ནི། ཤུལ་གྱིས་དུབ་པ་དག་ལགས་པས། ཇེ་སྐུར་སྣུམ་བག་གསོལ་ལ། དེའི་འོག་ཏུ་བསྐ་བ་གསོལ་ཅིག་དེ་དག་གིས་སྨྲས་པ། དགའ་བོ་ཉེ་ དགའ། འདི་ནི། སྨན་པ་ཆེན་པོ་ནད་དང། ནད་ཀྱི་གཞི་དང། ཁམས་ལ་མཁས་པ་རྒྱལ་པོ་ལ་མཁོ་བ་ཡིན་ཏེ། གལ་ཏེ་བདག་ཅག་ཐམས་ཅད་ཀྱིས་དུས་གཅིག་ཏུ་དེ་ལྟར་བྱ་བར་བརྩམས་ན་ མྱུར་དུ་ཟིན་པར་འགྱུར་གྱི། ཇེ་དང་པོར་གཉིས་ཀྱིས་སྣུམ་བག་བསྟེན་ཅིང། བཞིས་ནད་གཡོག་བྱའོ། །དེའི་འོག་ཏུ་ཡང་གཉིས་ཀྱིས་སྣུམ་བག་བསྟེན་ཅིང། བཞིས་ནད་གཡོག་བྱའོ། །དེ་ལྟར་ [6A]༄༅། །བྱའོ༑ ༑ཞེས་དེ་དག་ལས་གཉིས་ཀྱིས་སྣུམ་བག་བསྟེན་པར་བརྩམས་ཤིང། བཞིས་ནད་གཡོག་བྱེད་པ་ན། ཇི་ཙམ་ན་ཟླ་བ་གཅིག་འདས་སོ། །དེའི་འོག་ཏུ་གཞན་ གཉིས་སྣུམ་བག་བསྟེན་པར་བརྩམས་ཤིང། བཞིས་ནད་གཡོག་བྱེད་པ་ན། ཟླ་བ་གཉིས་པ་འདས་སོ། །དེའི་འོག་ཏུ་གཞན་གཉིས་ཀྱིས་སྣུམ་བག་བསྟེན་པར་བརྩམས་ཤིང། བཞིས་ནད་ གཡོག་བྱེད་པ་ན། ཟླ་བ་གསུམ་པ་འདས་སོ། །ཟླ་བ་བཞི་པ་ལ་ཐམས་ཅད་འདུས་ཏེ་བཟའ་བར་བརྩམས་ནས་ཟླ་བ་བཞི་འདས་པ་དང་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་གཤེགས་སྟོན་ལ་ སྤྱན་དྲངས་པ་དང་ཉེ་དགས་ཕྱག་ཚང་ལ་འཕྲིན་སྤྲིང་སྟེ་བཞིན་བཟང། དེང་ཁོ་བོ་ལ་ཁུ་ཤ་དང། ཁུ་བ་དང། ཤ་ཚོད་དག་གྱིས་ཤིག་ཅེས་སྤྲིང་ངོ། །ཕྱག་ཚང་གིས་སྨྲས་པ། འཕགས་པ་ དགུང་ཟླ་བཞི་འདས་ཏེ་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་གཤེགས་སྟོན་ལ་སྤྱན་དྲངས་ན། ཁྱོད་ཀྱི་བྱ་བ་ད་དུང་ཡང་མ་རྫོགས་སམ། ཉེ་དགས་སྨྲས་པ། བཀྲེན་པ། ཤཱཀྱ་མིང་ཆེན་ཁ་ ཤིན་ཏུ་ཆེན་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་འདྲེན་ན། གལ་ཏེ་སྤྱན་དྲངས་པ་འདི་ལྟ་བུས་སངས་རྒྱས་ལ་སོགས་པ་དགེ་འདུན་ སྤྱན་དྲང་དུ་རུང་ན་ནི། ཉེ་དགས་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཇི་སྲིད་འཚོ་བའི་བར་དུ་སྤྱན་འདྲེན་པར་སྤྲོའོ། །དེས་སྨྲས་པ། ཁྱེད་ཅག་ཟླ་བ་བཞིར་ཤ་དང། འཁུར་བ་ཤ་ [6B]གནས་བརྟན་གནས་བརྟན་གང་དག་གིས་ཟླ་བ་བཞིར་ཨ་རུ་ར་འབྲུམ་གཅིག་ཀྱང་མ་གསོལ་བ་དེ་དག་ནི། ཤིན་ཏུ་དཀའ་བ་བྱེད་པ་ཡིན་ ནོ༑ ༑དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཧ་ཅང་སློང་བར་བྱེད་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་ཧ་ཅང་སློང་བར་མི་བྱའོ། །དགེ་སློང་དག་།སྔོན་བྱུང་བ། འདས་པའི་དུས་ན། གྲོང་མེད་པའི་དགོན་ པའི་གནས་ཤིག་ན་དྲང་སྲོང་ཞིག་འདུག་སྟེ། དེའི་བསྟི་གནས་དེ་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེ་འཁོར་ཕུན་སུམ་ཚོགས་པ་ཡིན་ནོ། །དེའི་བསྟི་གནས་དེ་དང་ ཧ་ཅང་མི་རིང་བ་ན་རྫིང་ཆེན་པོ་ཞིག་འདུག་པ་དེ་ན་ཀླུ་གཞོན་ནུ་ཞིག་འདུག་གོ་གང་གི་ཚེ་དང་སྲོང་དེ་སྐྱིལ་མོ་ཀྲུང་གིས་འདུག་པ་དེའི་ཚེ་ན་ཀླུ་གཞོན་ནུ་དེ་རྫིང་ཆེན་པོ་དེ་ནས་བྱུང་ནས་ལུས་ཀྱིས་དྲང་སྲོང་ དེའི་ལུས་ལ་ལན་བདུན་དུ་དཀྲིས་ཏེ་སྟེང་དུ་གདེངས་ཀ་ཆེན་པོ་བྱས་ཏེ་འདུག་གོ་གང་གི་ཚེ་དྲང་སྲོང་དེ་ལངས་པར་གྱུར་པ་དེའི་ཚེ་ན། ཀླུ་གཞོན་ནུ་དེས་དྲང་སྲོང་དེའི་ལུས་ལ་ལུས་ཀྱིས་དཀྲོལ་ནས་ དཔུང་རྒྱན་དང། རྣ་ཆ་གདུབ་འཁོར་དང། ཕྲེང་བ་རྒྱུ་སྣ་ཚོགས་ཀྱི་རྒྱན་དང། བྱུག་པས་བརྒྱན་པར་གྱུར་ཏེ་ཐལ་མོ་སྦྱར་ནས་མདུན་དུ་འདུག་སྟེ། དྲང་སྲོང་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་ [7A]༄༅། །བྱེད་དོ། །དྲང་སྲོང་དེ། ཀླུ་གཞོན་ནུ་དེའི་ལུས་ཀྱིས་རེག་པས་སྐྱ་བོ་སེང་སེང་པོར་གྱུར་ཅིང། རིད་པ་དང། ཉམ་ཆུང་བ་དང། རྐེ་བ་དང། ལུས་མ་ཐོབ་པར་གྱུར་ཏོ། ། དུས་གཞན་ཞིག་ན་དྲང་སྲོང་གཞན་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་དྲང་སྲོང་དེའི་བསྟི་གནས་སུ་ཕྱིན་ནས་དེས་དྲང་སྲོང་དེ་ལ་སྨྲས་པ། ཀྱེ་དྲང་སྲོང། ཁྱོད་ཀྱི་བསྟི་གནས་འདི་མེ་ཏོག་ཕུན་སུམ་ ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེ་འཁོར་ཕུན་སུམ་ཚོགས་པ་ཡིན་ན། ཁྱོད་ཅིའི་ཕྱིར་སྐྱ་བོ་སེང་སེང་པོར་གྱུར་ཅིང། རིད་པ་དང། ཉམ་ཆུང་བ་དང། རྐེ་བ་དང། ལུས་མ་ཐོབ་པར་ གྱུར། དེས་སྨྲས་པ། དེ་དེ་བཞིན་ཏེ། ཁོ་བོའི་བསྟི་གནས་འདི། མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེ་འཁོར་ཕུན་སུམ་ཚོགས་པ་ཡིན་མོད་ཀྱི། འོན་ཀྱང་འདི་ན་ ཉེས་དམིགས་དག་ཀྱང་ཡོད་དོ། །འདི་ན་ཉེས་དམིགས་ཅི་ཡོད། དེས་སྨྲས་པ། རྫིང་ཆེན་པོ་འདི་ན་ཀླུ་གཞོན་ནུ་ཞིག་འདུག་སྟེ། གང་གི་ཚེ་ཁོ་བོ་སྐྱིལ་མོ་ཀྲུང་གིས་འདུག་པ་དེའི་ཚེ་ན། ཀླུ་གཞོན་ ནུ་དེ་རྫིང་ཆེན་པོ་དེ་ནས་བྱུང་ནས་ལུས་ཀྱིས་ཁོ་བོའི་ལུས་ལ་ལན་བདུན་དཀྲིས་ཏེ་སྟེང་དུ་གདེངས་ཀ་ཆེན་པོ་བྱས་ཏེ་འདུག་གོ་།གང་གི་ཚེ་ཁོ་བོ་ལངས་པར་གྱུར་པ་དེའི་ཚེ་ན། དེས་ཁོ་བོའི་ལུས་ལ་ ལུས་ཀྱིས་དཀྲོལ་ནས་དཔུང་རྒྱན་དང། རྣ་ཆ་གདུབ་འཁོར་དང་ཕྲེང་བ་རྒྱུ་སྣ་ཚོགས་ཀྱི་རྒྱན་དང། བྱུག་པས་བརྒྱན་པར་གྱུར་ཏེ་ཐལ་མོ་སྦྱར་ནས་མདུན་དུ་འདུག་སྟེ། ཁོ་བོ་ལ་ཡོ་བྱད་ཐམས་ [7B] དེའི་ལུས་ཀྱིས་རེག་པས་ཁོ་བོ་སེང་སེང་པོར་གྱུར་ཅིང། རིད་པ་དང། ཉམ་ཆུང་བ་དང། རྐེ་བ་དང་ལུས་མ་ཐོབ་པར་གྱུར་ཏོ། །དེས་སྨྲས་པ། ཁྱོད་ཀླུ་གཞོན་ནུ་དེ་ཕྱིན་ཆད་ འོང་བར་མི་འགྱུར་བར་འདོད་དམ། དེས་སྨྲས་པ། འདོད་དོ། །དེས་སྨྲས་པ། གང་གི་ཚེ་ཀླུ་གཞོན་ནུ་དེ་ཁྱོད་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་པ་དེའི་མགོ་ལ་ནོར་བུ་འདུག་པ་དེ་སློངས་ཤིག་ དང། ཀླུ་རྣམས་ནི། སེར་སྣ་ཅན་ཡིན་པས་མི་སྟེར་བས་ཕྱིན་ཆད་འོང་བར་མི་འགྱུར་རོ། །དུས་གཞན་ཞིག་ན་དྲང་སྲོང་དེ་སྐྱིལ་མོ་ཀྲུང་གིས་འདུག་པ་དེའི་ཚེ་ན་ཀླུ་གཞོན་ནུ་དེ་དེ་བཞིན་དུ་རྫིང་ཆེན་ པོ་དེ་ནས་བྱུང་ནས་ལུས་ཀྱིས་དྲང་སྲོང་དེའི་ལུས་ལ་ལན་བདུན་དཀྲིས་ཏེ་སྟེང་དུ་གདེངས་ཀ་ཆེན་པོ་བྱས་ཏེ་འདུག་གོ་གང་གི་ཚེ་དྲང་སྲོང་དེ་ལངས་པར་གྱུར་པ་དེའི་ཚེ་ན། ཀླུ་གཞོན་ནུ་དེས་དྲང་སྲོང་ དེའི་ལུས་ལ་ལུས་ཀྱིས་དཀྲོལ་ནས་དཔུང་རྒྱན་དང། རྣ་ཆ་གདུབ་འཁོར་དང། ཕྲེང་བ་རྒྱུ་སྣ་ཚོགས་ཀྱི་རྒྱན་དང། བྱུག་པས་བརྒྱན་པར་གྱུར་ཏེ། ཐལ་མོ་སྦྱར་ནས་མདུན་དུ་འདུག་སྟེ་དྲང་སྲོང་དེ་ལ་ ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་པ་ན། དྲང་སྲོང་དེས་དེ་ལ་སྨྲས་པ། ཀླུ་གཞོན་ནུ། ཁྱོད་ཀྱི་མགོ་ལ་འདུག་པའི་ནོར་བུ་གང་ཡིན་པ་དེ། ཁོ་བོ་ལ་བྱིན་ཅིག་དེས་སྨྲས་པ། ཕ་མ་དག་ལ་དྲི་ བར་བྱའོ། །དྲང་སྲོང་གིས་སྨྲས་པ། དེ་ལྟར་གྱིས་ཤིག་ཀླུ་གཞོན་ནུ་དེས་ཕ་མ་གཉིས་ལ་དྲིས་པ། ཡབ་ཡུམ་གཉིས། དྲང་སྲོང་གིས་བདག་གི་ནོར་བུ་སློང་ན། དེ་ལ་སྩལ་བར་བྒྱིའམ། དེ་གཉིས་ [8A]༄༅། །ཀྱིས་སྨྲས་པ། ནོར་བུ་འདིའི་མཐུས་བདག་ཅག་གི་ཟས་དང་སྐོམ་དང། སྤོས་དང། ཕྲེང་བ་རྒྱུ་དང། རྒྱན་དག་རྙེད་པ་ཡིན་གྱི། མ་སྦྱིན་ཅིག་དེ་ནས་ཀླུ་གཞོན་ནུ་དེ་རྫིང་ དེ་ནས་བྱུང་སྟེ་དྲང་སྲོང་དེའི་མདུན་དུ་འདུག་པ་དང། དྲང་སྲོང་དེས་དེ་ལ་སྨྲས་པ། ཀླུ་གཞོན་ནུ། ཁྱོད་ཀྱི་མགོ་ལ་འདུག་པའི་ནོར་བུ་གང་ཡིན་པ་དེ་ཁོ་བོ་ལ་སྦྱིན་ཅིག་དེ་ནས་ཀླུ་གཞོན་ནུ་དེས་ ཚིགས་སུ་བཅད་པ་སྨྲས་པ། བཟའ་དང་བཏུང་དང་དེ་བཞིན་བགོ་བ་དང། ནོར་བུ་འདི་ཡི་མཐུ་ལས་འགྲུབ་འགྱུར་བས། །དེ་ཕྱིར་ཁྱོད་ལ་ནོར་བུ་འདི་མི་སྦྱིན། །ཧ་ཅང་སློང་བས་ཞེ་སྡང་གནས་སུ་ གྱུར༑ ༑ཧ་ཅང་སློང་བས་བདག་ལ་སྡིག་བྱེད་པ། །རལ་གྲི་རྡོ་དང་འབྲུ་མར་བདར་བ་བཞིན། །གལ་ཏེ་ཁྱོད་གནས་ཕྱིན་ཆད་བདག་འོང་ན། །བདག་གི་ཀླད་པ་རྡོ་བས་སྣུན་གྱིས་ཤིག་ཅེས་སྨྲས་ཏེ་ མི་སྣང་བའི་ལམ་ན་འདུག་གོ་དགེ་སློང་དག་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་དེ་དག་ཀྱང་ཧ་ཅང་བསླངས་པ་ན། མི་སྣང་བའི་ལམ་ན་འཁོད་ན། མི་དག་ལྟ་སྨོས་ཀྱང་ ཅི་དགོས། དེ་ལྟ་བས་ན། དགེ་སློང་གིས་ཧ་ཅང་བསླང་པར་མི་བྱའོ། །དགེ་སློང་དག་གཞན་ཡང་སྔོན་བྱུང་བ། འདས་པའི་དུས་ན་གྲོང་མེད་པའི་དགོན་པའི་གནས་ཤིག་ན་དྲང་སྲོང་ཞིག་ འདུག་སྟེ། དེའི་བསྟི་གནས་དེ་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེ་འཁོར་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ན་བྱ་མང་པོ་དག་གནས་པ་དེ་དག་དེར་སྒྲ་འབྱིན་ཏེ་ [8B] སྒྲ་ཡིན་པས་དྲང་སྲོང་དེས་བྱ་མང་པོ་དག་གིས་སྒྲ་དེས་སེམས་རྩེ་གཅིག་པ་ཉིད་མ་ཐོབ་བོ་།དེ་ནས་དྲང་སྲོང་གཞན་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་དྲང་སྲོང་དེའི་བསྟི་ གནས་སུ་ཕྱིན་ནས་དེས་དྲང་སྲོང་དེ་ལ་སྨྲས་པ། ཀྱེ་དྲང་སྲོང། ཁྱོད་ཀྱི་བསྟི་གནས་འདི་ནི། མེ་ཏོག་ཕུན་སུམ་ཚོགས་པ་འབྲས་བུ་ཕུན་སུམ་ཚོགས་པ། ཉེ་འཁོར་ཕུན་སུམ་ཚོགས་པ། བཟང་བ་ ཡིན་ན། ཁྱོད་ཀྱིས་འདིར་སེམས་རྩེ་གཅིག་པ་ཉིད་ཐོབ་བམ། དེས་སྨྲས་པ། དེ་དེ་བཞིན་ཏེ། ཁོ་བོའི་བསྟི་གནས་འདི། མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེ་འཁོར་ ཕུན་སུམ་ཚོགས་པ། བཟང་བ་ཡིན་ན། འོན་ཀྱང་འདི་ན་ཉེས་དམིགས་ཀྱང་ཡོད་དོ། །དེས་སྨྲས་པ། འདི་ན་ཉེས་དམིགས་ཅི་ཡོད། དེས་སྨྲས་པ། འདི་ན་བྱ་མང་པོ་དག་གནས་པ་དེ་དག་འདིར་སྒྲ་ འབྱིན་པར་བྱེད་དེ། བསམ་གཏན་དག་གི་ཚེར་མ་ནི། སྒྲ་ཡིན་པས་བདག་གི་བྱ་མང་པོ་དག་གི་སྒྲ་དེས་སེམས་རྩེ་གཅིག་པ་ཉིད་མ་ཐོབ་བོ། །དེས་སྨྲས་པ། ཁྱོད་བྱ་དེ་དག་ཕྱིན་ཆད་འདིར་མི་ འོང་བར་འདོད་དམ། དེས་སྨྲས་པ། འདོད་དོ། །དེས་སྨྲས་པ། ཚེས་ཉི་ཤུ་དགུའི་མཚན་མོ་རྩྭའི་མེ་སྒྲོན་སྤོར་ལ་ཤིང་ལྗོན་པ་དག་གི་དྲུང་དུ་སོང་སྟེ་འདི་སྐད་ཅེས་སྒོ་ང་དག་བཟའོ། །ཕྲུ་གུ་དག་བཟའོ།། ཞེས་སྨྲོས་ཤིག་དང། ཕྱིན་ཆད་མི་འོང་བར་འགྱུར་རོ། །དེས་དེ་ལྟར་བྱ་བར་བརྩམས་པ་དང། བྱ་དེ་དག་གིས་བསམ་པ། དྲང་སྲོང་འདི། སྨྱོས་པར་གྱུར་ཏམ་ཅི་སྙམ་ནས་བྱ་དེ་དག་གི་ཕྲུ་གུ་དག་ [9A]༄༅། །འདབ་མ་སྐྱེས་པར་གྱུར་པ་དང། དེ་དག་དོང་སྟེ་ཕྱིན་ཆད་མི་འོང་ཞིང། ཇི་ཙམ་ན་མཐར་གྱིས་ཐམས་ཅད་མི་སྣང་བའི་ལམ་ན་འཁོད་དོ། །དགེ་སློང་དག། རེ་ཞིག་ དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་དེ་དག་ཀྱང་ཧ་ཅང་བསླངས་པ་ན། མི་སྣང་བའི་ལམ་ན་འཁོད་ན། མི་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན། དགེ་སློང་གིས་ཧ་ཅང་བསླང་ བར་མི་བྱའོ། །ཧ་ཅང་སློང་ན། འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ།། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ། ཁྱོད་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱས་ནས་དེ་ལས་ལྷག་པར་བདག་གིར་བྱེད་པ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་ བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་ སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློང་དག་།དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་ [9B] འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན། ལྟུང་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་ གཞི་དེ་ལྟར་བཅའ་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་སེར་སྐྱའི་གནས་སུ་ཅི་དགྱེས་པར་བཞུགས་ནས་རྒྱལ་པོའི་ཁབ་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ཏེ་མཐར་གྱིས་རྒྱུ་ཞིང་ གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལནྡ་ཀའི་གནས་ན་བཞུགས་སོ། །མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལནྡ་ཀའི་གནས་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་འདི་སྙམ་དུ་སེམས་ ཏེ༑ ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་ཀྱི། བདག་གིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ དང་བཅས་པ་ལན་མང་དུ་གདུགས་ཚོད་ལ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ན། ལན་འགའ་ཡང་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་མ་དྲངས་ཀྱི། བདག་གིས་ཀྱང་བཅོམ་ལྡན་འདས་དགེ་སློང་ [10A]༄༅། །གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲང་ངོ། །སྙམ་མོ། །དེ་ནས་མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བཅོམ་ ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་མ་ག་ དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་ གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ་།རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་ དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ། །དེ་ནས་མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟན་ལས་ལངས་ཏེ་བཅོམ་ ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་དགུང་ཟླ་བཞིར་ བདག་གི་ན་བཟའ་དང། བསོད་སྙོམས་དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང། བཅོམ་ལྡན་འདས་ཀྱིས་མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་ [10B]།མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་ བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་དེས་སྙུང་བའི་རུང་བའི་ཁང་པ་རྩིག་ཏུ་བཅུག་ཅིང་སྙུང་བའི་སྨན་ཡང་འཇོག་ཏུ་བཅུག་ བདེ་བའི་སྨན་དུས་སུ་རུང་བ་དང། ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་དང། འཚོ་བའི་བར་དུ་བཅང་བ་དང། རྩ་བའི་སྨན་དང། སྡོང་བུའི་སྨན་དང། ལོ་མའི་སྨན་དང། མེ་ཏོག་གི་སྨན་དང། འབྲས་ བུའི་སྨན་དག་ཀྱང་འཇོག་ཏུ་བཅུག་ཞུན་མར་བསྐོལ་བ་དང། མ་བསྐོལ་བ་དག་ཀྱང་འཇོག་ཏུ་བཅུག་འབྲུ་མར་བསྐོལ་བ་དང། མ་བསྐོལ་བ་དག་ཀྱང་འཇོག་ཏུ་བཅུག་བ་དག་དང། མ་ཧེ་མོ་ དག་དང། ར་བཞོན་དག་ཀྱང་འཇོག་ཏུ་བཅུག་སྨན་པ་དང། སྙུང་གཡོག་དག་ཀྱང་འཇོག་ཏུ་བཅུག་གོ། ཚེ་དང་ལྡན་པ་པི་ལིན་དའི་བུའི་སྲིང་མོའི་ཁྱོས། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལནྡ་ཀའི་གནས་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་ཏེ་བདག་གིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལན་མང་དུ་གདུགས་ཚོད་ལ་ཁྱིམ་ [11A]༄༅། །གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ན། ལན་འགའ་ཡང་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་མ་དྲངས་ཀྱི། བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲང་ངོ། །སྙམ་མོ། །དེ་ནས་བྲམ་ཟེ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་བྲམ་ཟེ་དེ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་ པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་ པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ། །དེ་ནས་བྲམ་ཟེ་དེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་དགུང་ཟླ་བཞིར་བདག་གི་ན་བཟའ་དང། བསོད་ སྙོམས་དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང། བྲམ་ཟེ་དེའི་དང་པོར་མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་སྤྱན་ [11B] །བྲམ་ཟེ་དེས་བསམ་པ། འཕགས་པ་པི་ལིནྡའི་བུ་བདག་གི་ཉེ་དུ་ཡིན་པས་དེ་སྤྱན་དྲངས་ན། གནང་བར་འགྱུར་གྲང་སྙམ་ནས་དེ་ཚེ་དང་ལྡན་པ་པི་ལིནྡའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ ཚེ་དང་ལྡན་པ་པི་ལིནྡའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་པི་ལིནྡའི་བུ་བྲམ་ཟེ་དེ་ལ་ཆོས་དང་ལྡན་པའི་ གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེངས་བསྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མར་ཆོས་དང་ ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ཅང་མི་སྨྲའོ། །དེ་ནས་བྲམ་ཟེ་དེ་སྟན་ལས་ ལངས་ཏེ་ཚེ་དང་ལྡན་པ་པི་ལིནྡའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་དགུང་ཟླ་བཞིར་བདག་གི་ན་བཟའ་དང་ བསོད་སྙོམས་དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང། ཚེ་དང་ལྡན་པ་པི་ལིནྡའི་བུས་སྨྲས་པ། བཅོམ་ལྡན་འདས་ལ་ཞུའོ། །དེ་ནས་ཚེ་དང་ལྡན་ པ་པི་ལིནྡའི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ [12A]༄༅། །གི་མག་པ་བདག་ག་ལ་བ་དེར་མཆིས་ནས། དེ་བདག་ལ་འཕགས་པས་དགུང་ཟླ་བཞིར་བདག་གི་ན་བཟའ་དང། བསོད་སྙོམས་དང། གནས་མལ་དང། སྙུང་བའི་རྐྱེན་དང་ སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་ཞེས་མཆི་ན། དེ་ལ་མཆིད་ཀྱིས་འཚལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སོ་སོར་མགྲོན་དུ་བོས་པ་མ་གཏོགས་ཏེ་ དགེ་སློང་གིས་སོ་སོར་མགྲོན་དུ་བོས་པ་བདག་གིར་བྱའོ། །དགེ་སློང་གཞན་དག་ཕྱིས་ལྷགས་པ་དེ་དག་གིས་བསམ་པ། བདག་ཅག་རྒྱལ་པོས་མགྲོན་དུ་མ་བོས་ཀྱི། བསོད་སྙོམས་ལ་ འཇུག་པར་བྱའོ། །སྙམ་དུ་རིག་ནས་དེ་དག་བསོད་སྙོམས་ལ་ཞུགས་པ་དང། མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་འདུག་ པས་དེ་དག་བསོད་སྙོམས་ལ་རྒྱུ་བ་མཐོང་ནས་དེས་བློན་པོ་རྣམས་ལ་རྨས་པ། ཤེས་ལྡན་དག་ཅིའི་ཕྱིར་འཕགས་པ་འདི་དག་བསོད་སྙོམས་ལ་ཞུགས། དེ་དག་གིས་སྨྲས་པ། ལྷ། འདི་དག་ སླད་ཀྱིས་མཆིས་པས་འདི་དག་གི་གློ་བ་ལ་དགེ་སློང་གང་དག་བཅོམ་ལྡན་འདས་དང་ཐབས་ཅིག་ལྷགས་པ་དེ་དག་རྒྱལ་པོས་མགྲོན་དུ་བོས་ཀྱི། བདག་ཅག་ཕྱིས་ལྷགས་པ་དག་རྒྱལ་པོས་ མགྲོན་དུ་མ་བོས་སོ། །སྙམ་དུ་རིག་ནས་བསོད་སྙོམས་ལ་ཞུགས་སོ་།རྒྱལ་པོས་སྨྲས་པ། དེ་ལྟ་བས་ན། འཕགས་པ་དག་ཡང་དང་ཡང་དུ་མགྲོན་དུ་འབོད་དོ། །ཞེས་ཟེར་བའི་སྐབས་དེ། དགེ་ [12B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཡང་དང་ཡང་དུ་མགྲོན་དུ་བོས་པ་མ་གཏོགས་ཏེ། དགེ་སློང་གིས་ཡང་དང་ཡང་དུ་ མགྲོན་དུ་བོས་བ་བདག་གིར་བྱའོ། །དགེ་སློང་དག་གིས་བསམ་པ། རྒྱལ་པོ་གཟུགས་ཅན་སྙིང་པོ་ནི། བྱ་བ་མང་པོ་དང། བྱེད་པ་མང་བ་ཡིན་ལ། བདག་ཅག་ནི། བྱ་བ་ཉུང་བ་དང། བྱེད་པ་ཉུང་བ་ ཡིན་གྱི། བདག་ཅག་བསོད་སྙོམས་ལ་འཇུག་པར་བྱའོ། །སྙམ་དུ་རིག་ནས་དེ་དག་བསོད་སྙོམས་ལ་ཞུགས་པ་དང། མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟེང་གི་ཁང་ བཟང་གི་གཞིར་གཏོགས་པ་ན་འདུག་པས་དེ་དག་བསོད་སྙོམས་ལ་རྒྱུ་བ་མཐོང་ནས་དེས་བློན་པོ་རྣམས་ལ་རྨས་པ། ཤེས་ལྡན་དག་ཅིའི་ཕྱིར་འཕགས་པ་འདི་དག་བསོད་སྙོམས་ལ་ཞུགས། དེ་ དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང། རྒྱལ་པོས་སྨྲས་པ། དེ་ལྟ་བས་ན། འཕགས་པ་དག་དུས་ཀྱིས་མགྲོན་དུ་འབོད་དོ། །ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དུས་ཀྱིས་མགྲོན་དུ་བོས་པ་མ་གཏོགས་ཏེ། དགེ་སློང་གིས་དུས་ཀྱིས་མགྲོན་དུ་བོས་པ་བདག་གིར་བྱའོ། །རྒྱལ་ པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་གཤེགས་སྟོན་ལ་སྤྱན་དྲངས་ནས། ཕྱི་དེ་ཉིན་པར་དགེ་སློང་རབ་ཏུ་མང་པོ་དག་བསོད་སྙོམས་ལ་ཞུགས་པ་དང། མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་ [13A]༄༅། །སྦྱངས་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་འདུག་པས་དེ་དག་བསོད་སྙོམས་ལ་རྒྱུ་བ་མཐོང་ནས། དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་ དག། ཅིའི་ཕྱིར་འཕགས་པ་འདི་དག་བསོད་སྙོམས་ལ་ཞུགས། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང། རྒྱལ་པོས་སྨྲས་པ། དེ་ལྟ་བས་ན། འཕགས་པ་དག་རྟག་ཏུ་མགྲོན་དུ་འབོད་དོ། ། ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྟག་ཏུ་མགྲོན་དུ་བོས་པ་མ་གཏོགས་ཏེ་ དགེ་སློང་གིས་རྟག་ཏུ་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང། བསླབ་པ་ལ་གུས་པ་དང། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་ བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང། དེའི་ཤས་ཆེ་བ་དང། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ དག་དེ་ལྟ་བས་ན། སྔ་མ་ནི། བཅས་པ་ཡིན་ལ། འདི་ནི། གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་ཟླ་བ་བཞིར་ མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པ་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང། ཡང་དང་ཡང་མགྲོན་དུ་བོས་པ་དང། དུས་ཀྱིས་མགྲོན་དུ་བོས་པ་དང་ [13B] མ་གཏོགས་ཏེ། དེ་ལ་དེ་ནི། དུས་ཡིན་ནོ། །དགེ་སློང་གིས་ཞེས་བྱ་བ་ནི། ཆོས་འདི་པས་སོ། །ཟླ་བ་བཞིར་ཞེས་བྱ་བ་ནི། ཟླ་བ་བཞི་ཚུན་ཆད་དུའོ། །མགྲོན་དུ་བོས་པ་ ཞེས་བྱ་བ་ནི། བསྟབས་པའོ། །བདག་གིར་བྱའོ། །ཞེས་བྱ་བ་ནི་ཁས་བླང་པར་བྱ་བའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ཞེས་བྱ་བ་ནི། དེ་ལས་འདས་པར་རོ། །ལྟུང་བྱེད་དོ། །ཞེས་བྱ་བ་ ནི༑ སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་ བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །སོ་སོར་མགྲོན་དུ་བོས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། དགེ་སློང་ སོ་སོར་ཐ་དད་པར་མགྲོན་དུ་བོས་པའོ། །ཡང་དང་ཡང་མགྲོན་དུ་བོས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། དགེ་སློང་ཡང་དང་ཡང་མགྲོན་དུ་བོས་པའོ། །དུས་ཀྱིས་མགྲོན་དུ་བོས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ་ དགེ་སློང་ནན་གྱིས་མགྲོན་དུ་བོས་པའོ། །རྟག་ཏུ་མགྲོན་དུ་བོས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། དགེ་སློང་གཏན་དུ་མགྲོན་དུ་བོས་པའོ་།མ་གཏོགས་ཏེ་ཞེས་བྱ་བ་ནི། བཞག་སྟེའོ། །དེ་ལ་དེ་ནི། དུས་ ཡིན་ནོ། །ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ཟླ་བ་བཞིར་མགྲོན་དུ་བོས་པ་ལས་ལྷག་པར་བདག་གིར་བྱེད་ན། ཐམས་ [14A]༄༅། །ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ངན་པ་ལ་མགྲོན་དུ་བོས་པ་ན་བསོད་པ་སློང་ན། དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་ སློང་གིས་བསོད་པ་ལ་མགྲོན་དུ་བོས་པ་ན་ངན་པ་སློང་ན། དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ཡང་ཉེས་བྱས་ཉིད་དུ་འགྱུར་རོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་བུད་མེད་ཀྱི་ཡུལ་ ཟས་ཁྱེར་ཏེ་འོངས་ན། དགེ་སློང་གིས། སྲིང་མོ། ཆོག་གོ་མི་འདོད་དོ། །ཞེས་བརྗོད་པར་བྱ་སྟེ། གལ་ཏེ་བུད་མེད་ཀྱི་ཡུལ་ན་རེ། འཕགས་པ་ཅི་ཞིག་བཞེད་ཅེས་ཟེར་ན། བསྟབས་པ་བརྗོད་ པར་བྱ་སྟེ། གང་འདོད་པ་དེ་བསླང་བར་བྱའོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མགྲོན་དུ་གཉེར་བ་ལས་རིང་དུ་འདུག་ པའི་ལྟུང་བྱེད་དེ། བདུན་ཅུ་བཞི་བ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལནྡ་ཀའི་གནས་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་ འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འཆའ་བ་མཛད་པ་དེའི་ཚེ་ན་གཉི་གའི་དགེ་འདུན་བསྡུ་བ་མཛད་པས། འདི་ཡང་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་ རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་བཅའ་བ་མཛད་པ་ཡིན་ན། འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ [14B] སོང་ལ་དགེ་སློང་རྣམས་ལ་དགེ་སློང་ཞིག་དགེ་སློང་མ་རྣམས་ཀྱི་ནང་དུ་ཐོང་ལ་འདི་སྐད་ཅེས། སྲིང་མོ་དག་།བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན། ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང། ཡང་དང་ ཡང་མགྲོན་དུ་བོས་པ་དང། དུས་ཀྱིས་མགྲོན་དུ་བོས་པ་དང། རྟག་ཏུ་མགྲོན་དུ་བོས་པ་ནི། མ་གཏོགས་ཏེ། དེ་ལ་དེ་ནི། དུས་ཡིན་ནོ། །ཞེས་བཅའ་བ་མཛད་ཀྱི། ཁྱེད་ཀྱིས་བསླབ་པ་འདི་ལ་ བསླབ་པར་བྱའོ། །ཞེས་སྒོས་ཤིག་ཅེས་གྱིས་ཤིག། ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཚེ་དང་ལྡན་པ་ལམ་པ་ག་ལ་བ་ དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ལམ་པ་ལ་བསྒོ་བ། ཚེ་དང་ལྡན་པ་ལམ་པ། ཁྱོད་བཞུད་ལ་དགེ་སློང་མ་རྣམས་ལ། སྲིང་མོ་དག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་ བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན། ལྟུང་བྱེད་དོ། །སོ་སོར་མགྲོན་དུ་ བོས་པ་དང། ཡང་དང་ཡང་མགྲོན་དུ་བོས་པ་དང། དུས་ཀྱིས་མགྲོན་དུ་བོས་པ་དང། རྟག་ཏུ་མགྲོན་དུ་བོས་པ་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །ཞེས་བཅའ་བ་མཛད་ཀྱི། ཁྱེད་ཀྱིས་ [15A]༄༅། །བསླབ་པ་འདི་ལ་བསླབ་པར་བྱའོ། །ཞེས་སྒོས་ཤིག་ཚེ་དང་ལྡན་པ་ལམ་པས། བཙུན་པ་ཀུན་དགའ་བོ། བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་ལས་ མཉན་རྣམས་དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་བ་དང་ཇི་ཙམ་ན་དྲུག་སྡེ་དག་གིས་དེ་མཐོང་ནས་དེ་དག་གིས་དྲིས་པ། ཚེ་དང་ལྡན་པ་ལམ་པ། ཁྱོད་གར་འགྲོ་ཚེ་དང་ལྡན་པ་ལམ་པས་ བསམ་པ། འདི་དག་གིས་ཀྱང་མ་ཐོས་པ་འདྲའི། འདི་དག་ལ་ཡང་བརྗོད་པར་བྱའོ། །སྙམ་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་།བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་ པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན། ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་ པ་དང། ཡང་དང་ཡང་དུ་མགྲོན་དུ་བོས་པ་དང། དུས་ཀྱིས་མགྲོན་དུ་བོས་པ་དང། རྟག་ཏུ་མགྲོན་དུ་བོས་པ་ནི། མ་གཏོགས་ཏེ། དེ་ལ་དེ་ནི། དུས་ཡིན་ནོ། །ཞེས་བཅའ་བ་མཛད་ཀྱི། ཁྱེད་ ཀྱིས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ། །དེ་དག་གིས་སྨྲས་པ་བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་འདྲིའི། བར་དུ་བྱིས་པ་ རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་དེ་དག་གིས་བྱིས་པ་དང། རྨོངས་པ་དང་མི་གསལ་བ་དང། མི་མཁས་པ་ཞེས་བྱ་བ་དག་གིས་ [15B] །ཚེ་དང་ལྡན་པ་ལམ་པ་དེ་ནས་སོང་སྟེ་འགྲོ་བ་ན། །དགེ་སློང་མ་བཅུ་གཉིས་སྡེ་དག་གིས་མཐོང་ནས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་ལམ་པ། གར་བཞུད། དེས་སྨྲས་པ་སྲིང་མོ་ དག་ཤེས་པར་གྱིས་ཤིག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ་དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་ གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན། ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང། ཡང་དང་ཡང་མགྲོན་དུ་བོས་པ་དང་དུས་ཀྱིས་མགྲོན་དུ་བོས་པ་དང། རྟག་ཏུ་མགྲོན་དུ་བོས་པ་མ་ གཏོགས་ཏེ། དེ་ལ་དེ་ནི། དུས་ཡིན་ནོ། །ཞེས་བཅའ་བ་མཛད་ཀྱི། ཁྱེད་ཀྱིས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ། །དེ་དག་གིས་སྨྲས་པ་བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་ འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་འདྲིའི། །བར་དུ་བྱིས་པ་རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་བྱིས་པ་དང། རྨོངས་པ་དང། མི་ གསལ་བ་དང། མི་མཁས་པ་ཞེས་བྱ་བ་དག་གིས་ཁུར་བསླང་སྟེ་དོང་ངོ། །ཚེ་དང་ལྡན་པ་ལམ་པས་བསམ་པ། བདག་ལ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་འདི་དག་ལ་བརྗོད་པས་ཅི་བྱ། ད་ནི་ སོང་ལ་སྐྱེ་རྒུའི་བདག་མོ་ཆེན་མོ་གཽའུ་ཏ་མི་མ་གཏོགས་པ་གཞན་གང་ལ་ཡང་བརྗོད་པར་མི་བྱའོ། །སྙམ་ནས་དེ་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྐྱེ་རྒུའི་ [16A]༄༅། །བདག་མོ་གཽ་ཏ་མི་ཆེན་མོ་ལ་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མི་ཤེས་པར་གྱིས་ཤིག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་ འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན། ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང། ཡང་ དང་ཡང་དུ་མགྲོན་དུ་འབོད་པ་དང། དུས་ཀྱིས་མགྲོན་དུ་བོས་པ་དང། རྟག་ཏུ་མགྲོན་དུ་བོས་པ་ནི། མ་གཏོགས་ཏེ། དེ་ལ་དེ་ནི། དུས་ཡིན་ནོ། །ཞེས་བཅའ་བ་མཛད་ཀྱི། ཁྱེད་ཀྱིས་བསླབ་ པ་འདི་ལ་བསླབ་པར་བྱའོ། །སྐྱེ་རྒུའི་བདག་མོ་ཆེན་མོས་སྨྲས་པ་བཙུན་པ་ལམ་པ། བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དེ། དགེ་ སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན། ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང། ཡང་དང་ཡང་དུ་མགྲོན་དུ་བོས་པ་དང། དུས་ ཀྱིས་མགྲོན་དུ་བོས་པ་དང། རྟག་ཏུ་མགྲོན་དུ་བོས་པ་ནི། མ་གཏོགས་ཏེ། དེ་ལ་དེ་ནི། དུས་ཡིན་ནོ། །ཞེས་བཅའ་བ་མཛད་པ་གང་ལགས་པ་དེ། བདག་མགོ་དང། ངག་དང། ཡིད་ ཀྱིས་ཀྱང་ནོད་དོ། །བཙུན་པ་ལམ་པ། འདི་ལྟ་སྟེ། དཔེར་བགྱི་ན་རྒྱལ་རིགས་ཀྱི་ཕྱུག་ཆུང་དག་གམ། བྲམ་ཟེའི་ཕྱུག་ཆུང་དག་གམ། རྗེའུ་རིགས་ཀྱི་ཕྱུག་ཆུང་དག་གམ་ [16B] བྱུག་པས་ལེགས་པར་བྱུགས་པ། སྐྲ་དང་སེན་མོ་ལེགས་པར་བཅོས་པ། རད་པ་དཀར་པོ་འཚལ་བ་དག་གིས་ཨུཏྤ་ལའི་ཕྲེང་བའམ། ཙམ་ པ་ཀའི་ཕྲེང་བའམ། བར་ཤི་ཀའི་ཕྲེང་བའམ། ཨ་ཏི་མུག་ཏ་ཀའི་ཕྲེང་བ་འགའ་ཞིག་སྩལ་བར་གྱུར་ན། དེ་ཡིད་དགའ་བས་སུག་པ་གཉིས་ཀྱིས་བླངས་ཏེ་ཡན་ལག་གི་དམ་པ་མགོ་ལ་ བཏགས་པར་བགྱི་བ་དེ་བཞིན་དུ་བཙུན་པ་ལམ་པ། བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་ དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང། ཡང་དང་ཡང་དུ་མགྲོན་དུ་བོས་པ་དང། དུས་ཀྱིས་མགྲོན་དུ་བོས་པ་དང། རྟག་ ཏུ་མགྲོན་དུ་བོས་པ་ནི། མ་གཏོགས་ཏེ། དེ་ལ་དེ་ནི། དུས་ཡིན་ནོ་།ཞེས་བཅའ་བ་མཛད་པ་གང་ལགས་པ་དེ་ཡང་བདག་མགོ་དང། ངག་དང། ཡིད་ཀྱིས་ཀྱང་ནོད་དོ། །ཚེ་དང་ལྡན་པ་ལམ་པས་བསྒོས་ ཏེ་ཕྱིར་འོངས་པ་དང། ཚེ་དང་ལྡན་པ་ཀུན་དགའ་བོས་དེ་མཐོང་ནས་དྲིས་པ། ཚེ་དང་ལྡན་པ་ལམ་པ། ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་བསྒོས་སམ། དེས་སྨྲས་པ། བསྒོས་ཏེ། འདི་ལྟར། བྱིས་ པ་དང། རྨོངས་པ་དང། མི་གསལ་བ་དང། མི་མཁས་པ་ཞེས་བྱ་བ་དག་གིས་ཁུར་བསླང་ངོ། །སུས། དྲུག་སྡེ་དག་གིས་སོ། །ཅིའི་ཕྱིར་དེས་སྐབས་དེ་རྒྱས་པར་བརྗོད་པ་དང། དགེ་སློང་དོན་ [17A]༄༅། །ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ། །ཞེས་བསྒོ་བ་ན། དེ་དེ་དག་ལ་འདི་སྐད་ཅེས། བདག་ཅག་དགེ་སློང་མདོ་སྡེ་ འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་འདྲིའི། བར་དུ་བྱིས་པ་རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨོད་པར་བྱེད་ འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་ འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དགེ་སློང་རྣམས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ། ། ཞེས་བསྒོ་བ་ན། དེ་དག་ལ་འདི་སྐད་ཅེས། བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་འདྲིའི། བར་དུ་བྱིས་པ། རྨོངས་པ། མི་གསལ་བ་ མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་ཟེར་བ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ [17B] རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དག་ སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་ བྱའོ༑ ༑ཞེས་བསྒོ་བ་ན། དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་ཡང་འདྲིའི། བར་དུ་བྱིས་པ། རྨོངས་པ། མི་གསལ་བ་ མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ། །ཞེས་ཟེར་ན། ལྟུང་བྱེད་དོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང་ འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི། ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ། །ཞེས་བསྒོ་བ་ན་ཞེས་བྱ་བ་ནི། བསླབ་པ་གང་ཡིན་པ་དེ་ལའོ། །དེ་དག་ལ་ཞེས་བྱ་བ་ནི། དགེ་ [18A]༄༅། །སློང་དེ་དག་ལའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་མདོ་སྡེ་འཛིན་པ་ཞེས་བྱ་བ་ནི་མདོ་སྡེ་མཐའ་དག་འཛིན་པ་གང་དག་ཡིན་པ་རྣམས་སོ། །འདུལ་བ་ འཛིན་པ་ཞེས་བྱ་བ་ནི་འདུལ་བ་མཐའ་དག་འཛིན་པ་གང་དག་ཡིན་པ་རྣམས་སོ། །མ་མོ་འཛིན་པ་རྣམས་ལ་འདྲིའི། །བར་དུ་ཞེས་བྱ་བ་ནི་མ་མོ་མཐའ་དག་འཛིན་པ་གང་དག་ཡིན་པ་རྣམས་ལའོ། །བྱིས་པ་ ཞེས་བྱ་བ་ལ། བྱིས་པ་ཞེས་བྱ་བ་ནི་ཉེས་པར་བསམ་པ་སེམས་པ་དང། ཉེས་པར་སྨྲ་བ་བརྗོད་པ་དང། ཉེས་པར་བྱ་བའི་ལས་བྱེད་པའོ། །རྨོངས་པ་ཞེས་བྱ་བ་ལ། །རྨོངས་པ་ཞེས་བྱ་བ་ནི་མདོ་སྡེ་འཛིན་ པ་མ་ཡིན་པ་དང། འདུལ་པ་འཛིན་པ་མ་ཡིན་པ་དང། མ་མོ་འཛིན་པ་མ་ཡིན་པའོ། །མི་གསལ་བ་ཞེས་བྱ་བ་ལ། མི་གསལ་བ་ཞེས་བྱ་བ་ནི་མདོ་སྡེ་ལ་མི་གསལ་བ་དང། འདུལ་བ་ལ་མི་ གསལ་བ་དང། མ་མོ་ལ་མི་གསལ་བའོ། །མི་མཁས་པ་ཞེས་བྱ་བ་ལ་མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེ་ལ་མི་མཁས་པ་དང། འདུལ་བ་ལ་མི་མཁས་པ་དང། མ་མོ་ལ་མི་མཁས་ པའོ། །ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་ཟེར་ན་ཞེས་བྱ་བ་ནི་དེ་སྐད་ཅེས་ཟེར་ནའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་ དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ [18B] དགེ་བའི་ཆོས་རྣམས་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་ བ་འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ་དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་དགེ་སློང་ གིས་ཇི་ཙམ་ཅུང་ཟད་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ། །ཞེས་བསྒོ་བ་ན། དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་ འཛིན་པ་དང། མ་མོ་འཛིན་པ་རྣམས་ལ་འདྲིའི། བར་དུ་བྱིས་པ་རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་ཟེར་ན། ཐམས་ཅད་དུ་ལྟུང་ བྱེད་དུ་འགྱུར་རོ། །བྱིས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་ཟེར་ན། ལྟུང་བྱེད་དུ་འགྱུར་རོ། །རྨོངས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་ཟེར་ན། ལྟུང་ བྱེད་དུ་འགྱུར་རོ། །མི་གསལ་བ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་ཟེར་ན། ལྟུང་བྱེད་དུ་འགྱུར་རོ། །མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ། །ཞེས་ཟེར་ ན༑ ལྟུང་བྱེད་དུ་འགྱུར་རོ། །ཡང་དག་པ་ཁོ་ནར་བྱིས་པ་དང་རྨོངས་པ་དང། མི་གསལ་བ་དང། མི་མཁས་པ་ཡིན་ན། ལྟུང་བ་མེད་དོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་ [19A]༄༅། །པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ་།བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་དེ། བདུན་ཅུ་ལྔ་བ་རྫོགས་སོ།། །།སངས་རྒྱས་ བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བྱས། ཚེ་དང་ལྡན་པ་འདུན་པ་ནི། ཀོའུ་ཤམྦྷིར་སོང་སྟེ་སྙིང་ལས་ཆུང་ངུར་འདུག་འགྲོ་མགྱོགས་དང་ནབ་སོ་གཉིས་ནི། དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི། དགེ་ འདུན་གྱི་ནང་ན་འདུག་པ་དེའི་ཚེ་ན། བཅུ་བདུན་སྡེའི་ཚོགས་དག་འདུག་ཅིང་ཕ་རོལ་གནོན་པ་དང། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པར་གྱུར་ནས་དེ་དག་གིས་སྨྲས་པ་ ཚེ་དང་ལྡན་པ་དག་བདག་ཅག་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་མཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་མཐོ་བཙམས་པ་ལྟར་ཡང་གཞན་གྱིས་མ་བཙམས་ལ། ཇི་ལྟར་ཉེ་ དགས་མཐོ་བཙམས་པ་ལྟར་ཡང་དགའ་བོས་མ་བཙམས་ཀྱི། དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་དག་གིས་སྨྲས་པ། འདིའི་ཕུ་བོ་རྩོད་པ་ལ་མཁས་པ་ཡིན་གྱི། ཚུར་ཤོག་ཇེ་གྲོས་བྱའོ། །ཞེས་ དེ་དག་དཔོང་སའི་ཁང་པར་ཞུགས་ཏེ་སྒོ་བཅད་ནས་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་སྐར་ཁུང་ན་ཉན་ཅིང་དེས་དེ་དག་བསྡིགས་ཏེ། ཀྱེ་མ་བཅུ་བདུན་སྡེ་དག་ཅི་གྲོས་བྱེད། ཁོ་བོའི་ཚངས་པ་ [19B] ཡོངས་སུ་མྱ་ངན་ལས་འདས་ཁ་ཅིག་ནི། སྙིང་ལས་ཆུང་ངུ་ཁོ་ནར་འདུག་ཁ་ཅིག་ནི། དུས་ལ་བབ་པས་ད་འདི་གནས་ནས་དབྱུང་བའི་ལས་བྱའོ། །སྙམ་དུ་སེམས་སམ་ཅི་ ཁྱེད་ཀྱིས་ད་ཁོ་བོ་ཅག་ཟིལ་གྱིས་མནན་ཏེ་འཁོད་སྙམ་མམ། ཁོ་བོ་ཅག་གིས་ཀྱང་ཁྱེད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །ཁྱེད་ཀྱིས། གླང་པོའི་ཐག་པ་ཉི་མ་དང། །རླུང་གིས་ཡོངས་སུ་བསྐམས་གྱུར་ཅིང། ། གླང་པོའི་གཉའ་ནས་ལྷུང་གྱུར་ཀྱང། །ལུག་ནི་ལྔ་བརྒྱས་དྲང་བར་བྱ། །ཞེས་བྱ་བ་མ་ཐོས་སམ་ཞེས་བསྡིགས་པ་དང། དེ་དག་གིས་བསམ་པ། འདིས་བདག་ཅག་གྲོས་བྱེད་པ་འཕྲིགས་ཀྱི། གཞན་དུ་ འདོང་ངོ། །ཞེས་དེ་དག་མེ་ཁང་དུ་ཞུགས་ཏེ་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་ཡང་དེར་འཇབ་ཅིང་འོངས་ཏེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་སྟེང་ཁང་དུ་འཁོད་དེ་གྲོས་བྱ་བར་ བརྩམས་པ་དང། ཉེ་དགའ་བར་ཁང་དུ་འདུག་སྟེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་བར་ཁང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་འོག་ཏུ་འདུག་སྟེ་ཉན་ཅིང་དེས་ དེང་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་གནས་ཁང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་ཁྱམས་སུ་འདུག་སྟེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་ཁྱམས་སུ་ འཁོད་དེ་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་གནས་ཁང་དུ་འདུག་སྟེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་སྒོ་ཁང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་བང་རིམ་ [20A]༄༅། །དུ་འདུག་སྟེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་བང་རིམ་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་ཉེ་དགའ་སྒོ་ཁང་དུ་འདུག་སྟེ་ཉན་ཅིང་ དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་འཆག་སར་འཁོད་དེ་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་སྤན་སྤུན་དག་གིས་ནང་དུ་འདུག་སྟེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། ། དེ་དག་སྤན་སྤུན་དག་གི་ནང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་འཆག་སར་འདུག་སྟེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་དགོན་པར་འཁོད་དེ་གྲོས་ བྱ་བར་བརྩམས་པ་དང། ཉེ་དགའ་ཚང་ཚིང་དག་གི་ནང་དུ་འདུག་སྟེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་ཚང་ཚིང་དག་གི་ནང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་ ཉེ་དགའ་དགོན་པར་འདུག་སྟེ་ཉན་ཅིང། དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་ལམ་ནས་འདོང་ཞིང་གྲོས་བྱ་བར་བརྩམས་པ་དང། ཉེ་དགའ་ཕྱི་བཞིན་སོང་སྟེ་ཉན་ཅིང། དེས་ དེར་ཡང་དེ་བཞིན་དུ་བསྡིགས་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་འདི་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་ཀྱི། འདི་ལ་བཟོད་པ་གསོལ་བར་བྱའོ། ། ཞེས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་ཉེ་དགའ། བདག་ཅག་ལ་བཟོད་པར་མཛོད་ཅིག་ཉེ་དགས་སྨྲས་པ། བཟོད་པར་བྱའོ། །དེ་དག་གིས་དེ་ལ་དྲིས་པ། ཁྱོད་ཀྱིས་ཁོ་བོ་ཅག་གྲོས་བྱེད་པ་ [20B] ཉེ་དགས་སྨྲས་པ། གང་གི་ཚེ་ཁྱེད་ཅག་དཔོང་སའི་ཁང་པར་ཞུགས་ཏེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་སྐར་ཁུང་ནས་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་མེ་ཁང་དུ་ཞུགས་ཏེ་གྲོས་བྱེད་ པ་དེའི་ཚེ་ན་ཁོ་བོས་བཞབས་ཏེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་སྟེང་ཁང་དུ་འཁོད་ཏེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་བར་ཁང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་བར་ཁང་དུ་འཁོད་དེ་གྲོས་ བྱེད་པ་དེའི་ཚེ་ན། ཁོ་བོས་འོག་ཁང་དུ་འདུག་སྟེ་མཉན་ཏོ་།གང་གི་ཚེ་ཁྱེད་ཅག་གནས་ཁང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་ཁྱམས་སུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་ཁྱམས་ སུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་གནས་ཁང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་སྒོ་ཁང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་བང་རིམ་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ ཁྱེད་ཅག་བང་རིམ་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་སྒོ་ཁང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་འཆག་སར་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་སྤན་སྤུན་དག་གི་ནང་དུ་འདུག་སྟེ་ མཉན་ཏོ། །གང་གི་ཚེ་ཁྱེད་ཅག་སྤན་སྤུན་དག་གི་ནང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་འཆག་སར་འདུག་སྟེ་མཉན་ཏོ་།གང་ཏི་ཚེ་ཁྱེད་ཅག་དགོན་པར་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་ བོས་ཚང་ཚིང་དག་གི་ནང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་ཚང་ཚིང་དག་གི་ནང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་དགོན་པར་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་ལམ་ནས་འདོང་ [21A]༄༅། །ཞིང་གྲོས་བྱེད་པ་དེའི་ཚེ་ན། ཁོ་བོས་ཕྱི་བཞིན་སོང་སྟེ་མཉན་ཏོ། །དེ་དག་གིས་སྨྲས་པ། ཁྱེད་ཉན་རྣས་འདུག་ཏུ་རུང་ངམ། ཉེ་དགས་སྨྲས་པ། གལ་ཏེ་ཁོ་བོས་ཁྱེད་ཅག་ གྲོས་བྱེད་པའི་ཚེ་ཉན་རྣས་འདུག་པར་མ་གྱུར་ཏུ་ཟིན་ན། ཁྱེད་ཅག་གིས་ཁོ་བོ་གནས་ནས་དབྱུང་བའི་ལས་བྱས་པར་གྱུར་ཏོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ འཐབ་པར་གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་ བྱའོ༑ ༑སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ཅང་མི་སྨྲ་བར་ཉན་རྣས་འདུག་པར་བྱེད་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་ མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་ཉེ་དགའ་ ལ་རྨས་པ། ཉེ་དགའ་ཁྱོད་དགེ་སློང་རྣམས་འཐབ་པར་གྱུར་མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་ [21B]།སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཉན་རྣས་འདུག་པ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་ མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་།ཞེས་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་ གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ་དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་འཐབ་པར་གྱུར་ མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ། །སྙམ་པ་དེ་ ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཉན་རྣས་འདུག་ན། ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དྒའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ཞེས་བྱ་བ་ནི་ ཆོས་འདི་བ་རྣམས་སོ། །འཐབ་པར་གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ་ཞེས་བྱ་བ་ནི་ཕྱོགས་དང། གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ [22A]༄༅། །ལའོ། །དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ། །སྙམ་པ་ཞེས་བྱ་བ་ནི། དེ་ལྟ་བུའི་བསམ་པས། གཉེན་ པོས་དེ་ལྟ་དེ་ལྟར་ཕ་རོལ་གནོན་པར་བྱའོ། །སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི། གཞན་མ་ཡིན་པའོ། །ཅང་མི་སྨྲ་བར་ཉན་རྣས་འདུག་ན་ཞེས་བྱ་བ་ནི། ཅང་མི་སྨྲ་བར་རྣ་གཏད་ པས་འདུག་ནའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་ བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་དག་སྟེང་ཁང་ན་གྲོས་བྱེད་ཅིང་དགེ་སློང་དག་འཛེག་ན། དགེ་སློང་དེས་རྟིང་སྒྲའམ། སེ་གོལ་གྱི་སྒྲའམ། མགུལ་བསལ་བའི་སྒྲ་བྱའོ། །རྟིང་སྒྲ་ འམ། སེ་གོལ་གྱི་སྒྲའམ། མགུལ་བསལ་བའི་སྒྲ་མི་བྱེད་ན། ཇི་སྲིད་དུ་སྒྲ་དེ་ཐོས་ཤིང་དོན་མ་གོ་བའི་བར་དུ་དགེ་སློང་ལ་ཉེས་བྱས་སུ་འགྱུར་ལ། སྒྲའི་དོན་གོ་ན། ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ དག་པར་ཁང་དང། འོག་ཁང་དང། གནས་ཁང་དང། ཁྱམས་དང་སྒོ་ཁང་དང། བང་རིམ་དང། འཆག་ས་དང། དགོན་པ་དང། ལམ་ནས་འགྲོ་ཞིང་གྲོས་བྱེད་ལ། དགེ་སློང་ཡང་ཕྱི་བཞིན་ [22B] དགེ་སློང་དེས་རྟིང་སྒྲའམ། སེ་གོལ་གྱི་སྒྲའམ་མགུལ་བསལ་བའི་སྒྲ་བྱའོ། །རྟིང་སྒྲའམ། སེ་གོལ་གྱི་སྒྲའམ་མགུལ་བསལ་བའི་སྒྲ་མི་བྱེད་ན། ཇི་སྲིད་དུ་སྒྲ་ཐོས་ལ་དོན་མ་གོ་བའི་བར་ དུ་དགེ་སློང་ལ་ཉེས་བྱས་སུ་འགྱུར་ལ། སྒྲའི་དོན་གོ་ན། ལྟུང་བྱེད་དུ་འགྱུར་རོ། །ནང་དང་བཅས་པ་མ་ཡིན་པ་དང། གྱ་ཙོམ་དུ་འཇུག་པ་དང། མཉན་ནས་ཉེ་བར་ཞི་བར་བྱའོ། །སྙམ་པ་ལ་ལྟུང་བ་མེད་ དོ༑ ༑ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དེ། བདུན་ཅུ་དྲུག་པ་རྫོགས་སོ།། །།འདུལ་བ་རྣམ་པར་ འབྱེད་པ། བམ་པོ་རེ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི། ཉོན་མོངས་པ་ ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཚེ་དང་ལྡན་པ་འདུན་པ་ནི། ཀོའུ་ཤམྦྷིར་སོང་སྟེ་སྙིང་ལས་ཆུང་ངུར་འདུག་འགྲོ་མགྱོགས་དང། ནབས་སོ་གཉིས་ནི། དུས་ལ་བབ། དགའ་ བོ་དང། ཉེ་དགའ་གཉིས་ནི། དགེ་འདུན་གྱི་ནང་ན་འདུག་པ་དེའི་ཚེ་ན་བཅུ་བདུན་སྡེའི་ཚོགས་དག་གདུག་ཅིང་ཕ་རོལ་གནོན་པ། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པར་གྱུར་ནས་ དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་མཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང། ཉེ་དགའ་གཉིས་ཀྱིས་མཐོ་བཙམས་པ་ལྟར་ཡང་གཞན་གྱིས་མ་བཙམས་ [23A]༄༅། །ལ༑ ཇི་ལྟར་ཉེ་དགས་མཐོ་བཙམས་པ་ལྟར་ཡང་དགའ་བོས་མ་བཙམས་ཀྱི། དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་ན་ཁ་ཅིག་གིས་སྨྲས་པ། འདིའི་ཕུ་བོ་ དགའ་བོ་རྩོད་པ་ལ་མཁས་པ་ཡིན་པས། བདག་ཅག་གིས་འདི་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་སོ། །ཁ་ཅིག་གིས་སྨྲས་པ། གཅིག་སྨྲ་བ་ན། གཉིས་ཀྱིས་མཉན་པར་མི་བྱའོ། །ཆོགས་ སྨྲ་ན། ཚོགས་ནི། རྒྱལ་པོ་དང་འདྲ་བས་གལ་ཏེ་དེ་ཅུང་ཟད་སྨྲ་བར་གྱུར་ན། དེའི་ཚེ་གནས་ནས་དབྱུང་བའི་ལས་བྱའོ། །ཞེས་དེ་དག་གིས་གནས་མལ་བཤམས་ནས་གཎྜི་བརྡུངས་ཏེ་དྲིས་པའི་ཚིག་ གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོས་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན། གླེང་བ་པོ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། བཙུན་པ་ཉེ་དགའ། ཁྱོད་ཀྱིས་ བཅུ་བདུན་སྡེའི་ཚོགས་དག་གིས་ལྟོ་དྲལ་སྟེ་རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་བསྐོར་བར་བྱའོ། །ཞེས་བྱ་བ་དེ་ལྟ་བུའི་ཚིག་སྨྲ་བ་གང་ཡིན་པ་དེ་དྲན་ནམ། ཉེ་དགས་སྨྲས་པ། ཚེ་དང་ལྡན་པ་དག་དེ་ ནི། དོན་འདས་པ་ཡིན་ན། རྨ་སོས་པ་གླེང་སྟེ་ཅི་བྱ། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ནི། འདས་པའི་དོན་ཁོ་ན་ལ་བརྟེན་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་ དོ༑ ༑དགའ་བོས་ཕྱིར་ཟློག་པར་བརྩམས་པ་དང། དེ་དག་གིས་སྨྲས་པ། གང་གཅིག་ཕྱིར་ཟློག་པར་བྱེད་པ་དེ་ཡང་གནས་ནས་དབྱུང་བའི་ལས་བྱའོ། །དགའ་བོས་བསམ་པ། འདི་དག་གི་བྱེད་སྟངས་ [23B] བདག་ལ་ཡང་གནས་ནས་འབྱིན་པའི་ལས་བྱེད་པར་འགྱུར་ན། མ་ལེགས་པར་འགྱུར་རོ། །སྙམ་ནས། དེ་དགུན་གྱི་དུས་ལ་བབ་པས་ལ་བ་ཞིག་གྱོན་ཏེ་དེས་ལ་བ་དེ་རྩིག་དྲུང་དུ་བསླང་སྟེ་བཞག་ནས་ཅང་ མི་སྨྲ་བར་སྟན་ལས་ལངས་ཏེ་སོང་ངོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདོད་པ་སྨྲོས་ཤིག་ཅེས་དེ་དག་གིས་གྱ་ཙོམ་དུ་ཉེ་དགའ་གནས་ནས་དབྱུང་བའི་ལས་བྱས་སོ། །དེ་གནས་ནས་དབྱུང་བའི་ལས་བྱས་ པ་ན། ངུ་ཞིང་ཕུ་བོའི་གན་དུ་སོང་བ་དང། དགའ་བོས་སྨྲས་པ་ཉེ་དགའ་ཅིའི་ཕྱིར་དུ། ལྷུང་བཟེད་ནག་པོ་ཅན་དག་གིས་གནས་ནས་དབྱུང་བའི་ལས་བྱས་སོ། །དགའ་བོས་སྨྲས་པ། གང་དག་གིས་ཁོ་བོའི་ནུ་ བོ་གནས་ནས་དབྱུང་བའི་ལས་བྱས་པ་དེ་དག་གྲོང་དང། གྲོང་ཁྱེར་དང། ཁམས་གསུམ་ནས་གནས་ནས་ཕྱུང་བར་གྱུར་ཅིག་འོན་ཀྱང་གནས་ནས་དབྱུང་བའི་ལས་བྱས་པ་དག་ལ་གྲོང་དང། གྲོང་ཁྱེར་ མེད་དམ་ཅི། སྡོད་ལ་ཕྱིས་བཟོད་པ་གསོལ་ཅིག་འདི་ལྟར། དེ་དག་གིས་མི་མཐུན་པ་ཁོ་ནར་ལས་བྱས་སོ། །སུ་ཞིག་དེར་མ་འོངས། དགའ་བོས་སྨྲས་པ། ཁོ་བོའོ། །བདག་གིས་དེ་ན་རྒན་པའི་མཐའ་ལེགས་ ན༑ སློབ་དཔོན་གྱི་སྒྲ་ཐོས་སོ། །དགའ་བོས་སྨྲས་པ། གང་གི་ཚེ་དེ་དག་ན་རེ། གང་གཅིག་ཕྱིར་ཟློག་པར་བྱེད་པ་དེ་ཡང་གནས་ནས་དབྱུང་བའི་ལས་བྱའོ། །ཞེས་ཟེར་བ་དེའི་ཚེ་ན་ཁོ་བོས་བསམ་པ་འདི་དག་གི་བྱེད་ སྟངས་ལས་ན། བདག་ལ་ཡང་གནས་ནས་འབྱིན་པའི་ལས་བྱེད་པར་གྱུར་ན། མ་ལེགས་པར་འགྱུར་རོ། །སྙམ་ནས། ཁོ་བོ་དགུན་གྱི་དུས་ལ་བབ་པས། ལ་བ་ཞིག་གྱོན་ཏེ་ཁོ་བོས་ལ་བ་དེ་རྩིག་དྲུང་དུ་བསླང་སྟེ་ [24A]༄༅། །བཞག་ནས་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་སོང་ངོ་།དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པར་བྱུང་ན་ ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བར་བྱེད་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱི་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་།མཁྱེན་ བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་དགའ་བོ་ལ་རྨས་པ། དགའ་བོ། ཁྱོད་དགེ་འདུན་གྱི་ཆོས་དང་ལྡན་པའི་ གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་ན། ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་ མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་ སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་ [24B] །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཅང་མི་ སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ན་ལྟུང་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་ནད་ངན་ཅན་དག་འཁོད་པ་དེ་དག་གིས་ཡུན་རིང་ དུ་འདུག་པར་མི་ནུས་པ་ན། དགེ་སློང་ནད་གཡོག་དག་གིས་ཀྱང། ནད་པ་དག་གི་བྱ་བ་ཉམས་པར་བྱེད། དགེ་སློང་ཞལ་ལྟ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་ བར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང། ཆོས་གོས་བཞག་ནས་ཇི་ཙམ་ན་དེར་མེ་ཤོར་ནས་དགེ་སློང་དེས་དེར་འགྲོ་བར་བརྩམས་ཏེ་དེ་ལམ་གྱི་ཕྱེད་དུ་ཕྱིན་པ་ དང་བདག་གིས་དགེ་སློང་འདུག་པ་ལ་མ་སྨྲས་སོ། །སྙམ་པའི་དྲན་པ་སྐྱེས་ནས་དེ་ཕྱིར་ལོག་སྟེ་ཇི་སྲིད་དུ་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང། ཆོས་གོས་ཚིག་ནས་དེ་དེར་སོང་བ་དང་ ཁྱིམ་བདག་གིས་སྨྲས་པ། འཕགས་པ། ཁྱོད་ཅིའི་སླད་དུ་འཕྱིས་ཏེ་བྱོན། དེས་ན། ཁྱོད་ཀྱི་ལྷུང་བཟེད་དང། ཆོས་གོས་ཚིག་གི་གལ་ཏེ་ཁྱོད་མྱུར་དུ་བྱོན་པར་གྱུར་ན། ཁྱོད་ཀྱི་ལྷུང་བཟེད་དང། ཆོས་གོས་ཚིག་ [25A]༄༅། །པར་མི་འགྱུར་རོ། །ཞེས་ཟེར་ཞིང། དགེ་སློང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་ལྟ་བས་ན། དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང། བསླབ་པ་ལ་གུས་པ་དང། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་ དགེ་སློང་རྣམས་ལ་དེ་དང་མཐུན་པ་དང། དེའི་ཤས་ཆེ་བ་དང་དེ་དང་འཚམ་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། སྔ་མ་ནི། བཅས་པ་ ཡིན་ལ། འདི་ནི། གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་ གཏན་ལ་འབེབས་པ་བྱུང་བ་ན། ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་ བུ་དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཚེ་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་ པ་བྱུང་བ་ན་ཞེས་བྱ་བ་ནི། གསོལ་པ་དང། གསོལ་བ་དང་གཉིས་དང། གསོལ་བ་དང་བཞིའི་ལས་བྱུང་བ་ནའོ། །ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་ཞེས་བྱ་བ་ནི། ཐོས་པའི་ཉེ་འཁོར་ [25B] །དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི། དེ་འདྲ་བའི་རྐྱེན་བཞག་སྟེའོ་།ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་ སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ་དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་ རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན། ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་དགེ་སློང་འདུག་པ་ལ་མི་སྨྲ་ན། ཇི་སྲིད་ཐོས་པའི་ཉེ་འཁོར་ལས་མ་འདས་ཀྱི་བར་ཉེ་བྱས་སུ་འགྱུར་ལ། ཐོས་པའི་ཉེ་ འཁོར་ལས་འདས་ན། ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དེ། བདུན་བཅུ་བདུན་པ་ རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལནྡ་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ་དགེ་སློང་རབ་ཏུ་མང་པོ་དག་འདི་ ལྟ་སྟེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པའི་བསྟན་པའོ། །ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར་དཔོང་སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན། གཅིག་པུས་དགེ་འདུན་ [26A]༄༅། །ཟློག་པར་བྱེད། གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅིང་རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ལ། གཏམ་གྱི་མཇུག་སྡོད་པར་མི་བྱེད། གུས་པར་མི་བྱེད། རྗེ་ས་མི་བྱེད་ཅིང། ཕྱིར་ སྨྲ་བར་བྱའོ། །སྙམ་དུ་སེམས་ནས། དགེ་སློང་དོན་ཉུང་ངུ་དག་།ཅིའི་ཕྱིར་དགེ་སློང་དག་དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པའི་བསྟན་པའོ། ། ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར་དཔོང་སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན། གཅིག་པུས་དགེ་འདུན་ཟློག་པར་བྱེད། གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅིང། རྩོད་པ་ བཟུང་སྟེ་རྩོད་ཅིང་འདུག་ལ། གཏམ་གྱི་མཇུག་སྡོད་པར་མི་བྱེད། གུས་པར་མི་བྱེད། རྗེས་མི་བྱེད་ཅིང། ཕྱིར་སྨྲ་བར་བྱའོ། །སྙམ་དུ་སེམས་ཞེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་ པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་ པ་ལ་རྨས་པ། དགེ་སློང། ཁྱོད་དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པའི་བསྟན་པའོ། །ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར་དཔོང་སའི་ཁང་པར་ [26B] གཅིག་པུས་དགེ་འདུན་ཟློག་པར་བྱེད། གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅིང་རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ལ། གཏམ་གྱི་མཇུག་སྡོད་པར་མི་བྱེད། གུས་པར་མི་བྱེད། རྗེ་ས་མི་བྱེད་ཅིང་ ཕྱིར་སྨྲ་བར་བྱའོ། །སྙམ་དུ་སེམས་པ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་ བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་ གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གུས་པར་མི་བྱེད་ན་ ལྟུང་བྱེད་དོ། །གུས་པར་མི་བྱེད་ན་ཞེས་བྱ་བ་ནི། གཉིས་ཀ་ལ་གུས་པར་མི་བྱེད་ན་སྟེ། དགེ་འདུན་དང། གང་ཟག་ལའོ། །དེ་ལ་དགེ་འདུན་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང། དགེ་འདུན་གྱི་ཐ་སྙད་པའོ། ། གང་ཟག་ནི། མཁན་པོ་དང། སློབ་དཔོན་དག་གོ་ལྟུང་བྱེད་དོ་།ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་ བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གི་ [27A]༄༅། །དགེ་འདུན་གྱིས་འདུག་ཅིག་ཅེས་བསྒོ་བ་ན། མི་འདུག་ན། ལྟུང་བྱེད་དུ་འགྱུར་རོ། །མ་འདུག་ཅིག་ཅེས་བསྒོ་བ་ན། འདུག་ན། ལྟུང་བྱེད་དུ་འགྱུར་རོ། །སོང་ཞིག་ཅེས་བསྒོ་བ་ན། མི་འགྲོ་ན། ལྟུང་བྱེད་དུ་འགྱུར་རོ། །མ་ འགྲོ་ཞིག་ཅེས་བསྒོ་བ་ན། འགྲོ་ན། ལྟུང་བྱེད་དུ་འགྱུར་རོ། །གནས་མལ་ལོངས་ཤིག་ཅེས་བསྒོ་བ་ན། མི་ལེན་ན། ལྟུང་བྱེད་དུ་འགྱུར་རོ་།གནས་མལ་མ་ལེན་གཅིག་ཅེས་བསྒོ་བ་ན། ལེན་ན། ལྟུང་བྱེད་དུ་འགྱུར་རོ། །གཙུག་ལག་ཁང་ ལོངས་ཤིག་ཅེས་བསྒོ་བ་ན། མི་ལེན་ན། ལྟུང་བྱེད་དུ་འགྱུར་རོ་།གཙུག་ལག་ཁང་མ་ལེན་ཅིག་ཅེས་བསྒོ་བ་ན། ལེན་ན། ལྟུང་བྱེད་དུ་འགྱུར་རོ། །སྨྲོས་ཤིག་ཅེས་བསྒོ་བ་ན། མི་སྨྲ་ན། ལྟུང་བྱེད་དུ་འགྱུར་རོ། །མ་སྨྲ་ཞིག་ཅེས་བསྒོ་བ་ ན། སྨྲ་ན། ལྟུང་བྱེད་དུ་འགྱུར་རོ། །ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་སྦྱིན་པར་བྱེད་ན། ལྟུང་བ་མེད་དོ། །དགེ་འདུན་གྱི་ཐ་སྙད་པས་བསྒོ་བ་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་སློང་མཁན་པོས་འདུག་ཅིག་ཅེས་བསྒོ་བ་ན། མི་འདུག་ ན། ཉེས་བྱས་སུ་འགྱུར་རོ། །མ་འདུག་ཅིག་ཅེས་བསྒོ་བ་ན། འདུག་ན་ཉེས་བྱས་སུ་འགྱུར་རོ། །སོང་ཞིག་ཅེས་བསྒོ་བ་ན། མི་འགྲོ་ན་ཉེས་བྱས་སུ་འགྱུར་རོ། །མ་འགྲོ་ཞིག་ཅེས་བསྒོ་བ་ན། འགྲོ་ན་ཉེས་བྱས་སུ་འགྱུར་རོ། ། གནས་མལ་ལོངས་ཤིག་ཅེས་བསྒོ་བ་ན། མི་ལེན་ན། ཉེས་བྱས་སུ་འགྱུར་རོ། །གནས་མལ་མ་ལེན་ཅིག་ཅེས་བསྒོ་བ་ན། ལེན་ན། ཉེས་བྱས་སུ་འགྱུར་རོ། །གཙུག་ལག་ཁང་ལོངས་ཤིག་ཅེས་བསྒོ་བ་ན། མི་ལེན་ན་ཉེས་ བྱས་སུ་འགྱུར་རོ། །གཙུག་ལག་ཁང་མ་ལེན་ཅིག་ཅེས་བསྒོ་བ་ན། ལེན་ན། ཉེས་བྱས་སུ་འགྱུར་རོ། །སྨྲོས་ཤིག་ཅེས་བསྒོ་བ་ན། མི་སྨྲ་ན། ཉེས་བྱས་སུ་འགྱུར་རོ། །མ་སྨྲ་ཞིག་ཅེས་བསྒོ་བ་ན། སྨྲ་ན་ཉེས་བྱས་སུ་འགྱུར་རོ།། [27B]ལྟུང་བ་མེད་དོ། །སློབ་དཔོན་རྣམས་ཀྱིས་བསྒོ་བ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མ་ གུས་པའི་ཚུལ་གྱི་ལྟུང་བྱེད་དེ། བདུན་ཅུ་བརྒྱད་པ་རྫོགས་སོ།།།།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་ཁྱིམ་བདག་ རྟོག་ལྡན་ཞེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་ དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བཙས་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ་།ཁྱིམ་བདག་དེས་བསམ་པ་ བདག་གི་བུ་མོ་འདི་གཟུགས་ཀྱི་ཕྱིར་ཡང་མི་སྦྱིན། བཟོའི་ཕྱིར་ཡང་མི་སྦྱིན་གྱི། བདག་དང་རིགས་དང། ནོར་གྱིས་འདྲ་བའམ། ལྷག་པ་གང་ཡིན་པ་ལ་བདག་གིས་བུ་མོ་འདི་སྦྱིན་ནོ། །སྙམ་མོ། །དེས་མཉན་ཡོད་ན་ཁྱིམ་བདག་ མགོན་མེད་ཟས་སྦྱིན་ཞེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེ། བདག་དང་རིགས་ དང། ནོར་གྱིས་མཉམ་ཞིང། ནོར་གྱི་རྣམ་པས་ཆེས་ལྷག་པ་ཡིན་ནོ་།ཞེས་ཐོས་ནས། དེས་བུ་མོ་དེ་མཉན་ཡོད་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་ལ་བྱིན་ནོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་དཔལ་གྱི་འབྱོར་ [28A]༄༅། །པས་བུའི་ཆུང་མར་བླངས་སོ། །ཁྱིམ་བདག་རྟོག་ལྡན་ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པས་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ནས། དེ་ལ་གང་གི་ཉིན་མོ་ སེམས་ཅན་ཞུགས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ཁྱིམ་བདག་རྟོག་ལྡན་ལ་གནོད་པ་བརྒྱ་དག་བྱུང་བ་གྱུར་ཏོ། །མངལ་ན་གནས་པ་དེ་ཇི་ལྟ་ཇི་ལྟར་སྐྱེས་པར་གྱུར་པ་དེ་ལྟ་དེ་ལྟར་ཁྱིམ་བདག་རྟོག་ལྡན་ལ་ཡང་ དང་ཡང་དུ་རྒྱ་ཆེར་གནོད་པ་བརྒྱ་དག་བྱུང་བར་གྱུར་ཏོ་།ཁྱིམ་བདག་རྟོག་ལྡན་གྱིས་བསམ་པ། བདག་སྐྱེད་མོས་ཚལ་དུ་སོང་སྟེ་འདུག་གོ་སྙམ་ནས་དེས་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག་གལ་ཏེ་ཁོ་ བོ་ལ་གནོད་པ་ཆེན་པོ་ཞིག་བྱུང་བར་གྱུར་ན། སྦྲོན་ཅིག་ཇི་སྟེ་མ་བྱུང་ན། མ་སྦྲོན་ཅིག་ཅེས་བསྒོས་ནས་དེས་སྐྱེད་མོས་ཚལ་དུ་དོང་སྟེ་འདུག་གོ་དེ་ནས་དུས་གཞན་ཞིག་ན་དེའི་ཆུང་མ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་ དེ་གང་གི་ཉི་མ་ལ་བྱུང་བ་དེ་ཉིད་ཀྱི་ཉིན་མོ་ཁྱིམ་བདག་རྟོག་ལྡན་ལ་གནོད་པ་སྟོང་དག་བྱུང་བར་གྱུར་ཏོ། །དེ་ནས་མི་ཞིག་རིངས་པ་རིངས་པར་ཁྱིམ་བདག་རྟོག་ལྡན་ག་ལ་བ་དེར་སོང་བ་དང། ཁྱིམ་བདག་རྟོག་ ལྡན་གྱིས་མི་དེ་ཐག་རིང་པོ་ཁོ་ན་ནས་རིངས་པ་རིངས་པར་འོངས་པ་མཐོང་ནས་དེས་བསམ་པ། བདག་ལ་གནོད་པ་ཆེན་པོ་ཞིག་བྱུང་བར་གྱུར་གོར་མ་ཆག་སྙམ་ནས་དེས་མི་དེ་ལ་སྨྲས་པ། ཀྭའི་ནང་རྗེ་ཅིའི་ཕྱིར་འདི་ ལྟར་རིངས་པ་རིངས་པར་འོང། མི་དེས་སྨྲས་པ། ཁྱོད་ཀྱི་སྲས་བལྟམས་ཀྱི། དགྱེས་བསྐྱེད་ཅིག་རྟོག་ལྡན་གྱིས་སྨྲས་པ། ཀྭའི་ནང་རྗེ། ཁོ་བོའི་བུས་གནོད་པ་བརྒྱ་ཕྲག་མང་པོ་བསྐྱེད་མོད་ཀྱི། འོན་ཀྱང་བུ་འོངས་ [28B] །ངའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཁྱེའུ་འདིའི་མིང་ཅིར་གདགས་སྙམ་ནས་དེ་དག་དེ་འདི་སྙམ་དུ་སེམས་ཏེ་ཁྱེའུ་འདི་ལ་ཕས་འོངས་པ་ལེགས་སོ། །ཞེས་བྱ་བའི་ཕྱིར་ཚིག་བརྗོད་པས་ཁྱེའུ་འདིའི་མིང་ལགས་ འོངས་ཞེས་གདགས་སོ། །ཞེས་དེའི་མིང་ལེགས་འོངས་ཞེས་བྱ་བར་བཏགས་སོ། །ལེགས་འོངས་ཇི་ལྟ་ཇི་ལྟར་སྐྱེས་པར་གྱུར་པ་དེ་ལྟ་དེ་ལྟར་ཁྱིམ་བདག་རྟོག་ལྡན་གྱི་ཁྱིམ་ན་ནོར་དང། འབྲུ་དང། དབྱིག་དང། གསེར་དང་ བྲན་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དག་ཡོངས་སུ་ཟད་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་རྟོག་ལྡན་ཡང་དུས་ལ་བབ་ཅིང། དེའི་ཆུང་མ་ཡང་དུས་ལ་བབ་དེའི་ཁྱིམ་ཡང་མེས་ཚིག་བང་མཛོད་ ཀྱི་རྣམ་པ་དང། ཞིང་གི་རྣམ་པ་དང། ནོར་གྱི་རྣམ་པ་དང་འབྲུའི་རྣམ་པ་ཐམས་ཅད་ཀྱང་མེས་ཚིག་གོ་གྲོང་པའི་མི་གང་དག་ཟོང་ཐོགས་ཏེ་ཡུལ་གཞན་དུ་དོང་བ་དག་ཀྱང་དེ་ན་ཁ་ཅིག་ནི། རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་ཞིག་པར་གྱུར་ ཁ་ཅིག་ནི། ཟོང་ཟོང་མ་ཡིན་པར་གྱུར། ཁ་ཅིག་ནི། དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར། ཁ་ཅིག་ནི། དེ་ཉིད་དུ་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །ཉེ་དུ་དག་ཀྱང་ཁ་ཅིག་ནི། དུས་ལ་བབ། ཁ་ཅིག་ནི། བྲོས། ཁ་ཅིག་ ནི། དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །བྲན་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དག་ཀྱང་ཁ་ཅིག་ནི་དུས་ལ་བབ། ཁ་ཅིག་ནི། བྲོས། ཁ་ཅིག་ནི། དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །ཁྱིམ་བདག་རྟོག་ ལྡན་གྱི་སྔོན་གྱི་བྲན་མོ་རྒན་མོ་གཅིག་པུ་ཞིག་ལེགས་འོངས་ཀྱི་བསྙེན་བཀུར་བྱེད་ཅིང་འདུག་པ་དེས། ལེགས་འོངས་ཁྱེའུ་གྲྭར་ཡི་གེ་དང། ཡིག་འབྲུ་སློབ་ཏུ་ཕུལ་ལོ། །རྒན་མོ་དེས་བསམ་པ། ཁྱིམ་བདག་རྟོག་ལྡན་གྱི་བུ་ཁྱིམ་ནོར་དུ་ [29A]༄༅། །མ་དང་ལྡན་པ་ཡོངས་སུ་ཟད་ཅིང་མཐར་ཐུག་པར་གྱུར་ན། གང་གི་བསོད་ནམས་མེད་པས་དེ་ལྟར་གྱུར་པ། ཅི་བདག་གི་འམ་འོན་ཏེ་ལེགས་འོངས་ཀྱི་བསོད་ནམས་མེད་པས་དེ་ ལྟར་གྱུར་པ་བལྟའོ། །སྙམ་ནས། ཇི་ཙམ་ན་དེས་ལེགས་འོངས་ཀྱི་མིང་གིས་ཕྲུ་རྟོག་བཙུགས་པ་དང། དེ་ཆུད་ཟོས་པར་གྱུར་ཅིག་བདག་མིང་གིས་ཕྲུ་རྟོག་བཙུགས་པ་དང། དེ་ཚོས་པར་ གྱུར་ནས། དེས་བསམ་པ། འདི་ནི། སེམས་ཅན་སྐལ་ཆད་ཅིག་ཡིན་པས་འདིའི་ལེ་ལན་གྱིས་ཁྱིམ་བདག་རྟོག་ལྡན་གྱི་ཁྱིམ་ནོར་དུ་མ་དང་ལྡན་པ་ཚུལ་མ་ཡིན་པས་ཆུད་ཟོས་པར་གྱུར་ པས། བདག་ཀྱང་འདིའི་ལེ་ལན་གྱིས་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གོར་མ་ཆག་ན། འདི་ལ་ཇི་ལྟར་བྱ་སྙམ་ནས་དེས་བསམ་པ་ འབྲོས་སོ། །སྙམ་ནས་རྒན་མོ་དེས་ཀྱང་དེ་ན་གཅེས་པ་ཅུང་ཟད་ཅི་ཡོད་པ་དེ་དག་ཁྱེར་ཏེ་བྲོས་སོ། །ཁྱིམ་སྟོང་པ་དེར་ཁྱི་དག་ཞུགས་ནས་ཟས་ཟོས་ཏེ་འཐབ་པར་བརྩམས་པ་དང། མི་གཡོ་ ཅན་ཞིག་ཕྱོགས་དེ་ནས་འགྲོ་བ་དེས་ཁྱིམ་དེ་ན་ཁྱི་དག་འཐབ་པའི་སྒྲ་ཐོས་ནས་དེས་བསམ་པ། ཁྱིམ་བདག་རྟོག་ལྡན་གྱི་ཁྱིམ་སྟོང་པར་གྱུར་ཏམ། ཅི་ན། འདི་ལྟར་འདི་ན་ཁྱི་དག་ འཐབ་ཅིང་འཁོད། བདག་གིས་ཇེ་བལྟའོ། །སྙམ་ནས། དེ་དེར་ཞུགས་པ་དང། ཇི་ཙམ་ན་ཁྱི་རྐུན་ཕལ་པོ་ཆེ་དག་འཐབ་ཅིང་འདུག་གི། མི་ནི། འགའ་ཡང་མེད་དེ་སྟོང་པར་མཐོང་ནས་ [29B]ཁྱེར་ནས་སོང་ངོ། །དེའི་འོག་ཏུ་ལེགས་འོངས་ཟན་ཟའོ། །སྙམ་ནས་ཁྱེའུ་གྲྭ་ནས་འོངས་ཏེ་དེ་དེར་ཞུགས་པ་དང། ཇི་ཙམ་ན་སྟོང་པར་མཐོང་ ནས། དེས་མ་མ་མ་མ་ཞེས་བོས་ན། འགའ་ཡང་ལན་འདེབས་པ་མེད་ནས་དེ་དང་ཧ་ཅང་ཐག་མི་རིང་བ་ན་ཉེ་དུའི་ཁྱིམ་ཞིག་ཡོད་པ་དེར་ཞུགས་པ་དང། ཇི་ཙམ་ན་དེར་ཡང་ཁྱིམ་མི་དག་འཐབ་མོ་བྱུང་ བར་གྱུར་ཏོ། །གང་གི་ཚེ་དེ་དག་འཐབ་མོ་ཞི་བ་གྱུར་པ་དེའི་ཚེ་ན་གཅིག་ལ་གཅིག་སྨྲས་པ། ཤེས་ལྡན་དག་བདག་གིས་སྔན་ཆད་ཁྱོད་མཐོང་ན་སྙིང་དུ་སྡུག་ན། དེང་བདག་གིས་ཁྱོད་མཐོང་ན་གསོད་ དོ། །སྙམ་དུ་སེམས་སོ། །གཞན་དག་ཀྱང་གཅིག་ལ་གཅིག་དེ་སྐད་ཟེར་ནས་དེ་དག་གིས་བསམ་པ། འདིར་གཞན་འགའ་ཞིག་མ་འོངས་སམ་བལྟའོ་།སྙམ་ནས་དེ་དག་གིས་བལྟས་ན། ཇི་ཙམ་ན་ ལེགས་འོངས་དེར་འོངས་པ་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ནི། ལེགས་འོངས་མ་ཡིན་ཏེ། ཉེས་འོངས་ཡིན་ཏེ། འདིའི་ལེ་ལན་གྱིས་བདག་ཅག་འཐབ་མོ་བྱུང་བར་གྱུར་ཏོ། ། ཞེས་དེ་དག་གིས་བསྐྲད་དེ་གཞན་དུ་སོང་བ་དང། དེར་ཡང་དེ་དག་དེ་བཞིན་དུ་གྱུར་ནས་དེ་དག་གིས་ཀྱང་དེ་སྐད་སྨྲས་ཏེ་བསྐྲད་དེ་བཏང་ངོ། །དེ་མུ་ལྟོ་བ་དག་གི་ནང་དུ་ཞུགས་པ་དང། ཇི་ཙམ་ན་མུ་ལྟོ་བ་ དེ་དག་ཀྱང་ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་སྔོན་ཆད་གང་དུ་ཞུགས་པ་དེར་ལག་པ་གང་བ་དང། སྤྲང་ཕོར་ [30A]༄༅། །གང་བར་གྱུར་ཏེ་ཕྱིར་འོང་ན། དེང་བདག་ཅག་ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་པ་འདི་ལ་རྒྱུ་ཅི་ཡོད། དེ་དག་གིས་སྨྲས་པ། བདག་ཅག་ གི་ནང་དུ་སེམས་ཅན་སྐལ་ཆད་འགའ་ཞིག་ཞུགས་པས། དེས་ན། བདག་ཅག་ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་སོ། །ཡང་དེ་དག་གིས་སྨྲས་པ། བརྟག་པར་ བྱའི། བདག་ཅག་ཁ་གཉིས་སུ་བཅད་དེ་འཇུག་པར་བྱའོ། །ཞེས་དེ་དག་གིས་ཁ་གཉིས་སུ་བཅད་དེ་ཞུགས་པ་དང། གང་དག་གི་ནང་དུ་ལེགས་འོངས་ཞུགས་པ་དེ་དག་ལག་པ་སྟོང་པ་དང། སྤྲང་ ཕོར་སྟོང་པར་གྱུར་ཏེ་ལྷགས་སོ། །དེ་དག་གིས་ཀྱང་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་ཡང་དེ་ལྟར་གྱུར་ཏོ། །དེ་དག་ཡང་དང་ཡང་དུ་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་དེ་ལྟ་དེ་ལྟར་གྱུར་ནས་ ཇི་ཙམ་ན། ལེགས་འོངས་དང་མུ་ལྟོ་བ་གཞན་གཅིག་དང་གཉིས་ལྷན་ཅིག་ཞུགས་པ་ཡང་སོ་སོར་བྱེ་བ་དང། ལེགས་འོངས་ནི། ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་འོངས་ལ། གཞན་ ཐམས་ཅད་ལག་པ་གང་བ་དང། སྤྲང་ཕོར་གང་བར་གྱུར་ཏེ་འོངས་ནས་དེ་དག་གིས་སྨྲས་པ། སེམས་ཅན་སྐལ་ཆད་འདི་བདག་ཅག་གི་ནང་དུ་ཞུགས་པས། དེས་ན། བདག་ཅག་ལག་པ་སྟོང་ པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་ལྷགས་སོ། །ཞེས་དེ་དག་གིས་ལེགས་འོངས་ཤིན་ཏུ་བརྡེགས་ཏེ་བསྐྲད་དོ། །མཉན་ཡོད་ན་ཁྱིམ་བདག་རྟོག་ལྡན་གྱི་ཆུང་པོ་གྲོགས་ཁྱིམ་བདག་ཅིག་འདུག་ [30B] ཆུ་སྲིན་བྱིས་པ་གསོད་ཀྱི་རིར་ཕྱིན་ནས་ཁྱིམ་བདག་དེས། ལེགས་འོངས་ལག་ན་སྤྲང་ཕོར་ཐོགས་ཏེ་སྲང་དུ་སོང་བ་མཐོང་ནས། དེ་བཞིན་གཟུགས་ལས་དེའི་ངོ་ཤེས་ནས་ དེས་དེ་ལ་སྨྲས་པ། བུ། ཁྱོད་ཁྱིམ་བདག་རྟོག་ལྡན་གྱི་བུ་མ་ཡིན་ནམ། ལེགས་འོངས་ཀྱིས་སྨྲས་པ། ཡིན་ནོ། །དེས་སྨྲས་པ། ཁྱོད་ཀྱི་ཕ་མ་གཉིས་གར་སོང། ལེགས་འོངས་ཀྱིས་སྨྲས་པ་ དུས་ལ་བབ་བོ། །དེས་སྨྲས་པ། དེའི་ཁྱིམ་དང། བང་མཛོད་ཀྱི་རྣམ་པ་དང། ཞིང་གི་རྣམ་པ་དང། ནོར་གྱི་རྣམ་པ་དང། འབྲུའི་རྣམ་པ་དག་ག་རེ། ལེགས་འོངས་ཀྱིས་སྨྲས་པ། ཐམས་ཅད་མེས་ ཚིག་གོ་དེས་སྨྲས་པ། གྲོང་བའི་མི་གང་དག་ཟོང་ཐོགས་ཏེ་ཡུལ་གཞན་དུ་དོང་བ་དག་གར་དོང། ལེགས་འོངས་ཀྱིས་སྨྲས་པ། ཁ་ཅིག་ནི། རྒྱ་མཚོ་ཆེན་པོ་གྲུ་བོ་ཆེ་ཞིག་པར་གྱུར། ཁ་ཅིག་ནི་ ཟོང་ཟོང་མ་ཡིན་པར་གྱུར། ཁ་ཅིག་ནི། དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར། ཁ་ཅིག་ནི། དེ་ཉིད་དུ་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །དེས་སྨྲས་པ། ཉེ་དུ་དག་གར་དོང། ལེགས་ འོངས་ཀྱིས་སྨྲས་པ། ཁ་ཅིག་ནི། དུས་ལ་བབ། ཁ་ཅིག་ནི། བྲོས་ཁ་ཅིག་ནི། དེ་ཉིད་དུ་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །དེས་སྨྲས་པ། བྲན་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ ཤས་འཚོ་བ་དག་གར་དོང། ལེགས་འོངས་ཀྱིས་སྨྲས་པ། ཁ་ཅིག་ནི་དུས་ལ་བབ། ཁ་ཅིག་ནི། བྲོས། ཁ་ཅིག་ནི། དེ་ཉིད་ན་འཁོད་དེ་ཆིག་ཀྱང་མི་སྟེར་རོ། །ཁྱིམ་བདག་དེས་དེ་ [31A]༄༅། །མཐོང་ནས་མཆི་མས་བརྣངས་ཏེ་འདུག་ནས་དེས་སྨྲས་པ་བུ། ཁོ་བོ་དང་ལྷན་ཅིག་མཉན་ཡོད་དུ་འདོང་ངོ། །ལེགས་འོངས་ཀྱིས་སྨྲས་པ། ཕ། བདག་དེར་སོང་ན། ཅིར་ འགྱུར། དེས་སྨྲས་པ། བུ། དེ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདུག་པ་དེའི་བུས་ཁྱོད་ཀྱི་སྲིང་མོ་ཆུང་མར་བླངས་པས། ཁྱོད་དེར་སོང་ན་སྲིང་མོ་དེ་ཁྱོད་ལ་མཁོ་བ་སྟོབ་པར་འགྱུར་རོ། །ལེགས་ འོངས་ཀྱིས་སྨྲས་པ། ཕ། འགྲོའོ། །ཁྱིམ་བདག་དེས་ལེགས་འོངས་ལ་ཀརཤ་པ་ཎ་གཉིས་བྱིན་ཏེ་སྨྲས་པ། བུ། ཁོ་བོ་ཟོང་བསྒྱུར་གྱི་བར་དུ་ཁྱོད་རེ་ཞིག་འདི་གཉིས་ཟ་ཞིང་སྡོད་ཅིག་ལེགས་ འོངས་ཀྱིས་ཀརཤ་པ་ཎ་དེ་གཉིས་གོས་ཀྱི་གྲྭར་ཕུར་ཏེ་བཞག་པ་དང། དེས་ལས་ཀྱི་རྣམ་པར་སྨིན་པས་དེ་གཉིས་ཀྱང་བརྗེད་པར་གྱུར་ཏོ། །ཁྱིམ་བདག་དེས་ཟོང་བསྒྱུར་ཏེ་རིན་བླངས་ནས་ལེགས་ འོངས་ཁྲིད་དེ་འཕགས་པ་དང། ལེགས་འོངས་ཀྱང་དེ་དང་ལྷན་ཅིག་འཕགས་སོ། །ཇི་ཙམ་ན་དོན་མཐུན་དེ་དག་འཐབ་པར་བརྩམས་ཤིང་གླང་དག་ཀྱང་འཐབ་པར་བརྩམས་ནས་དེ་དག་གིས་ སྨྲས་པ། ཤེས་ལྡན་དག། བདག་ཅག་སྔན་ཆད་གཅིག་གིས་གཅིག་མཐོང་ན་སྙིང་དུ་སྡུག་ན། དེང་བདག་ཅག་གཅིག་གིས་གཅིག་མཐོང་ན་འཐབ་པར་རྩོམ་ཞིང། གླང་དག་ཀྱང་གཅིག་གིས་ གཅིག་མཐོང་ན། འཐབ་པར་རྩོམ་པ་ལས་ན། མ་ལ་འདིར་ཉེས་འོངས་དེ་མ་འོངས་སམ་ཞེས་བལྟས་པ་དང། ཇི་ཙམ་ན་དེ་དག་གིས་ལེགས་འོངས་དེར་འོངས་པ་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ [31B]འདིའི་ལེ་ལན་གྱིས་བདག་ཅག་འཐབ་པར་བརྩམས་ཤིང། གླང་དག་ཀྱང་འཐབ་པར་རྩོམ་མོ། །ཞེས་དེ་དག་གིས་དེ་བསྐྲད་པར་བརྩམས་པ་དང། ཁྱིམ་ བདག་དེས་སྨྲས་པ། ཤེས་ལྡན་དག་འདི་ནི་ཁོ་བོའི་ཆུང་པོ་གྲོགས་ཀྱི་བུ་ཡིན་གྱི། མ་བསྐྲད་ཅིག་དེ་དག་གིས་སྨྲས་པ། ཁྱིམ་བདག་།ཁྱོད་ནི་དོན་མཐུན་ལ་དབང་བ་ཡིན་མོད་ཀྱི། བདག་ཅག་འདི་དང་ལྷན་ཅིག་འགྲོ་མི་ཕོད་དེ་ གལ་ཏེ་འདི་འགྲོ་ན། བདག་ཅག་མི་འགྲོའོ། །ཁྱིམ་བདག་དེས་ལེགས་འོངས་ལ་སྨྲས་པ། བུ། ཁྱོད་ཕྱི་བཞིན་འབྲང་ཞིང་ཤོག་ཅིག་དང། ཁོ་བོས་ཁྱོད་ཀྱི་ཕྱིར་ཟན་གཞག་པར་བྱའོ། །ལེགས་འོངས་ཕྱི་བཞིན་འབྲང་ཞིང་འོང་བ་ ན༑ ཁྱིམ་བདག་དེས་ཀྱང་དེའི་དོན་དུ་ཟན་འཇོག་པར་བྱེད་ཅིང། ཁ་ཅིག་ནི་ས་གཞི་ལ་སས་གཡོགས་ཏེ་འཇོག་པར་བྱེད། ཁ་ཅིག་ནི་ཤིང་ལྗོན་པའི་ཡལ་ག་དག་ལ་ལོ་མ་དག་གིས་གཡོགས་ཏེ་འཇོག་པར་བྱེད་དོ་།དེའི་ཟན་ གང་དག་ས་གཞི་ལ་སས་གཡོགས་ཏེ་བཞག་པ་དེ་དག་ནི་ཝ་དག་གིས་ཟོས། གང་དག་ནི་ཤིང་ལྗོན་པའི་ཡལ་ག་དག་ལ་ལོ་མ་དག་གིས་གཡོགས་ཏེ་བཞག་པ་དེ་དག་ནི་བྱ་དང་སྤྲེའུ་དག་གིས་ཟོས་ནས་ལེགས་འོངས་ཀྱིས་ཅུང་ ཟད་ནི་ཐོབ། ཕལ་ཆེར་ནི་མ་ཐོབ་ནས་དེ་ཤིན་ཏུ་ཉམ་ང་བས་འཚོ་ཞིང་འགྲོའོ། །སྲིད་པ་ཐ་མ་པའི་སེམས་ཅན་ཟག་པ་ཟད་པ་མ་ཐོབ་པར་བར་མ་དོར་རྒྱུན་ཆད་ཅིང་དུས་བྱེད་པར་འགྱུར་བ་ནི་གནས་མ་ཡིན། སྐབས་ མ་ཡིན་ཏེ། དེ་ནི་གནས་མེད་པས་ལེགས་འོངས་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་མཉན་ཡོད་ཀྱི་ཕྱི་རོལ་ཁྲོན་པའི་ཁ་ན་ངལ་བསོ་ཞིང་འདུག་གོ་ལེགས་འོངས་ཀྱི་སྲིང་མོ་ཁྱིམ་བདག་མགོན་མེད་ཟས་ [32A]༄༅། །སྦྱིན་གྱི་མནའ་མ་བྱེད་པ་དེའི་བུ་མོ་མངག་ཞུག་མ་ཆུ་བུམ་ཐོགས་ཏེ་ཁྲོན་པ་དེའི་དྲུང་དུ་ཆུ་འཆུར་སོང་བ་དང། དེས་ལེགས་འོངས་བཞིན་གཟུགས་ལས་ངོ་ཤེས་ནས། དེས་ དེ་ལ་སྨྲས་པ། ཇོ་བོ། ཁྱོད་ཆུ་སྲིན་བྱིས་པ་གསོད་ཀྱི་རི་བ་ཁྱིམ་བདག་རྟོག་ལྡན་གྱི་བུ་ལེགས་འོངས་མ་ལགས་སམ། སྲིང་མོ། ཡིན་ནོ། །ཇོ་བོ། ཁྱོད་ཀྱི་ཡབ་ཡུམ་གཉིས་གར་བཞུད། དུས་ ལ་བབ་བོ། །དེའི་ཁྱིམ་དང། བང་མཛོད་ཀྱི་རྣམ་པ་དང། ཞིང་གི་རྣམ་པ་དང། ནོར་གྱི་རྣམ་པ་དང། འབྲུའི་རྣམ་པ་དག་གར་མཆིས། ཐམས་ཅད་མེས་ཚིག་གོ་གྲོང་བའི་མི་གང་དག་ཟོང་ཐོགས་ཏེ་ ཡུལ་གཞན་དུ་མཆིས་པ་དག་གར་མཆིས། ཁ་ཅིག་ནི། རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་ཞིག་པར་གྱུར། ཁ་ཅིག་ན། ཟོང་ཟོང་མ་ཡིན་པར་གྱུར། ཁ་ཅིག་ནི། དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་ བར་གྱུར། ཁ་ཅིག་ནི། དེ་ཉིད་དུ་འཁོད་དེ་ཚིག་ཀྱང་མི་སྟེར་རོ་།ཉེ་དུ་དག་གར་མཆིས། ཁ་ཅིག་ནི། དུས་ལ་བབ། ཁ་ཅིག་ནི། བྲོས་ཁ་ཅིག་ནི། དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །བྲན་ དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དག་གར་མཆིས། ཁ་ཅིག་ནི། དུས་ལ་བབ། ཁ་ཅིག་ནི། བྲོས། ཁ་ཅིག་ནི། དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །བུ་མོ་དེས་དེ་ ཐོས་ནས་དེ་མཆི་མས་བརྣངས་ཏེ་འདུག་ནས། དེས་ལེགས་འོངས་ལ་སྨྲས་པ། ཇོ་བོ། བདག་གིས་ཁྱོད་ཀྱི་ལྕམ་མོ་ལ་སྦྲན་གྱི་བར་དུ་རེ་ཞིག་འདི་ཉིད་ན་གཞེས་ཤིག་ཅེས་སྨྲས་ཏེ། བུ་མོ་དེ་སོང་ [32B] ཇོ་མོ། ཁྱོད་ཀྱི་དྲལ་བ་བྱོན་ནོ་།དེས་སྨྲས་པ། ཟོང་ཇི་ལྟ་བུས་བྱོན། བུ་མོས་སྨྲས་པ། ཇོ་མོ་འཁར་བ་དང། རལ་རུལ་དང། སྤྲང་ཕོར་གྱིས་བྱོན་ནོ། །དེས་བུ་མོ་དེའི་ལག་ཏུ་ གོས་དག་དང། ཀརཤ་པ་ཎ་དག་བསྐུར་ནས་སྨྲས་པ། ཇོ་བོ་ལ་འདི་སྐད་ཅེས། སྔ་མ་འདི་ཙམ་ཇེ་གསོལ་ཞིང་མ་ནོབས་ཤིག་དང། སླད་ཀྱི་གལ་ཏེ་དབོན་པོ་དག་དང། དབོན་མོ་དག་དང་མཇལ་བར་ གྱུར་ན། དེ་དག་ཀརཤ་པ་ཎ་ཇི་སྙེད་ཅིག་འབུལ་བར་འགྱུར་བས་ཁྱོད་ཉེ་དུ་དག་གིས་གློ་བས་བས་པར་མི་འགྱུར་རོ། །ཞེས་གྱིས་ཤིག་།བུ་མོ་དེ་དེར་སོང་སྟེ་ལེགས་འོངས་ལ་གོས་དག་དང། ཀརཤ་ པ་ཎ་དག་ཕུལ་ནས་སྨྲས་པ། ཇོ་བོ། ལྕམ་གྱི་མཆིད་ནས་སྔ་མ་འདི་ཙམ་ཇེ་གསོལ་ཞིང་མ་ནོབས་ཤིག་དང། སླད་ཀྱི་གལ་ཏེ་དབོན་པོ་དག་དང། དབོན་མོ་དག་དང་མཇལ་བར་གྱུར་ན། དེ་དག་ཀརཤ་ པ་ཎ་ཇི་སྙེད་ཅིག་འབུལ་བར་གྱུར་པས། ཁྱོད་ཉེ་དུ་དག་གིས་གླེ་བས་བས་པར་མི་འགྱུར་རོ། །ཞེས་སྨྲས་ཏེ་སོང་ངོ། །ལེགས་འོངས་ཀྱིས་བསམ་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི། ཉེ་དུའི་ འཁོར་རྒྱ་ཆེ་བ་ཡིན་ལ། བདག་ཀྱང་སྔོན་ཉེ་དུའི་འཁོར་རྒྱ་ཆེ་བ་ཡིན་པས་དེ་དེར་སོང་ན། དེ་དག་བདག་ལ་གཏམ་འདྲི་བས་རིང་དུ་ཐོགས་པར་འགྱུར་ཞིང། དེས་བདག་ལྟོགས་ཏེ་འཆི་བར་ འགྱུར་གྱི། ཇེ་གཡར་སུས་ཟ་ཞིང་འགྲངས་ནས་དེར་སོང་སྟེ། ཉེ་དུའི་ཚོགས་དག་ལ་བདེ་བར་སོར་སོར་ཀུན་དགའ་བར་བྱའོ། །སྙམ་ནས་དེ་ཆང་མའི་ཁྱིམ་དུ་སོང་སྟེ། དེས་ཇི་ཙམ་གྱིས་ར་རོ་བར་ [33A]༄༅། །འགྱུར་བ་དེ་ཙམ་གྱིས་ཆང་གསར་པ་འཐུངས་ནས་དེ་ར་རོ་སྟེ་སྐྱེད་མོས་ཚལ་དུ་སོང་ནས་ཉལ་ལོ། །མཉན་ཡོད་ན་སྐྱེད་མོས་ཚལ་འཇོམས་པའི་མི་དག་སྐྱེད་མོས་ཚལ་ ཉུག་པར་བྱེད་ཅིང། དེ་དག་གིས་གལ་ཏེ་མི་གཉིད་ལོག་པ་མཐོང་ན་དེ་རྐང་པས་སྒུལ་བར་བྱེད་ཅིང། གལ་ཏེ་སད་ན་ནི། དེ་ལ་འདི་སྐད་ཅེས། ཀྱེ་ནང་རྗེ། ཁྱོད་ཀྱིས་མཉན་ཡོད་ན་སྐྱེད་མོས་ཚལ་ འཇོམས་པའི་མི་དག་སྐྱེད་མོས་ཚལ་ཉུག་པར་བྱེད་ཅིང། དེ་དག་མི་གཉིད་ལོག་པ་འཇོམས་པར་བྱེད་དོ། །ཞེས་མ་ཐོས་སམ། ལོངས་ལ་སོང་ཞིག་ཅེས་ཟེར་རོ། །གལ་ཏེ་མ་སད་ན་ནི། བཅོམ་སྟེ་ འདོང་བར་བྱེད་པས་སྐྱེད་མོས་ཚལ་འཇོམས་པའི་མི་དག་དེར་ལྷགས་ཏེ་ལེགས་འོངས་ཉལ་བ་མཐོང་ནས་དེ་དག་གིས་དེ་རྐང་པས་བསྒུལ་ན་མ་སད་ནས། ཇི་ཙམ་ན་དེ་དག་གིས་དེ་བཅོམ་སྟེ་ དོང་ངོ། །ཇི་ཙམ་ན་ལེགས་འོངས་སད་པ་དང། བདག་ཉིད་བཅོམ་པར་མཐོང་ནས། དེས་རལ་རུལ་དེ་དག་ཉིད་གྱོན་ཏེ་འདུག་གོ་དེའི་སྲིང་མོས་བསམ་པ། ཅིའི་ཕྱིར་བདག་གི་མིང་པོ་དེ་ཡུན་ རིང་དུ་ཐོགས་སྙམ་ནས། དེས་བུ་མོ་མངག་གཞུག་མ་མངགས་ཏེ་བལྟར་བཏང་བ་དང། དེ་དེར་སོང་སྟེ་བལྟས་ན། ཇི་ཙམ་ན་བཅོམ་པ་མཐོང་ནས། བུ་མོ་དེ་སོང་སྟེ་ཇོ་མོ་ལ་སྨྲས་པ། ཇོ་མོ་ ཇོ་བོ་བཅོམ་སྟེ་སྔོན་གྱི་ཆ་ལུགས་ཉིད་ཀྱིས་བཞུགས་སོ། །སྲིང་མོས་བསམ་པ། དེ་ནི། སེམས་ཅན་སྐལ་ཆད་ཅིག་ཡིན་པས། དེའི་ལེ་ལན་གྱིས་ཁྱིམ་བདག་རྟོག་ལྡན་གྱི་ཁྱིམ་ནོར་དུ་མ་དང་ [33B] ད་གལ་ཏེ་བདག་གིས་དེ་འདིར་བཅུག་པར་གྱུར་ན། བདག་གི་གྱོས་པོའི་ཁྱིམ་ཡང་དེའི་ལེ་ལན་གྱིས་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་བ་ གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སྙམ་ནས། དེས་དེ་ཡལ་བར་བོར་རོ། །ལེགས་འོངས་ཀྱིས་ཀྱང་ལས་ཀྱི་སྒྲིབ་པས་དེ་བརྗེད་ནས། དེ་མུ་ལྟོ་བ་དག་གི་ནང་དུ་ཞུགས་པ་དང། ཇི་ཙམ་ ན་མུ་ལྟོ་བ་དེ་དག་ཀྱང་ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ། ཕྱིར་ལྷགས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་སྔོན་ཆད་གར་ཞུགས་པ་དེར་ལག་པ་གང་བ་དང། སྤྲང་ ཕོར་གང་བར་གྱུར་ཏེ་ཕྱིར་འོང་ན། དེང་བདག་ཅག་ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་པ་འདི་ལ་རྒྱུ་ཅི་ཡོད། དེ་དག་གིས་སྨྲས་པ། བདག་ཅག་གི་ནང་དུ་སེམས་ཅན་སྐལ་ཆད་ འགའ་ཞིག་ཞུགས་པས། དེས་ན། བདག་ཅག་ལག་པ་སྟོང་པ་དང་སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་སོ། །ཡང་དེ་དག་གིས་སྨྲས་པ། བརྟག་པར་བྱའི། བདག་ཅག་ཁ་གཉིས་སུ་བཅད་དེ་འཇུག་ པར་བྱའོ། །ཞེས་དེ་དག་གིས་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་གང་དག་གི་ནང་དུ་ལེགས་འོངས་ཞུགས་པ་དེ་དག་ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་ལྷགས་སོ། །དེ་དག་གིས་ཀྱང་ཁ་ གཉིས་སུ་བཅད་དེ་ཞུགས་པ་དང། གང་དག་གི་ནང་དུ་ལེགས་འོངས་ཞུགས་པ་དེ་དག་ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་ལྷགས་སོ། །དེ་དག་གིས་ཀྱང་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་ [34A]༄༅། །ཡང་དེ་ལྟར་གྱུར་ཏོ། །དེ་དག་གིས་ཀྱང་ཡང་དང་ཡང་དུ་ཁ་གཉིས་སུ་བཅད་དེ་ཞུགས་པ་དང། དེ་ལྟ་དེ་ལྟར་གྱུར་ནས་ཇི་ཙམ་ན། ལེགས་འོངས་དང་མུ་ལྟོ་བ་གཞན་གཅིག་ཞུགས་པ་ ཡང་སོ་སོར་བྱེ་བ་དང། ལགས་འོངས་ནི། ལག་པ་སྟོང་པ་དང་སྤྲང་ཕོར་སྟོང་པར་གྱུར་ཏེ་འོངས་ལ། གཞན་ཐམས་ཅད་ལག་པ་གང་བ་དང། སྤྲང་ཕོར་གང་བར་གྱུར་ཏེ་འོངས་ནས་དེ་དག་གིས་སྨྲས་ པ། སེམས་ཅན་སྐལ་ཆད་འདི་བདག་ཅག་གི་ནང་དུ་ཞུགས་པས། དེས་ན་བདག་ཅག་ལག་པ་སྟོང་པ་དང། སྤྲང་ཕོར་སྟོང་པར་གྱུར་ཏེ་ལྷགས་སོ། །ཞེས་དེ་དག་གིས་ལེགས་འོངས་ཤིན་ཏུ་བརྡེགས་ ཏེ་སྤྲང་ཕོར་གྱིས་དེའི་ཀླད་པ་བཅོམ་ནས་ཉེས་འོངས་ཁྱོད་ཕར་སོང་ཞིག། ཅེས་སྨྲས་ཏེ་བསྐྲད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་ གདུགས་ཚོད་ལ་སྤྱན་དྲངས་ནས་དེའི་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག། ཇི་སྲིད་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱིས་གདུགས་ཚོད་མ་གསོལ་གྱི་བར་དུ་མུ་ལྟོ་བ་འགའ་ ཡང་འཇུག་ཏུ་མ་གཞུག་ཅིག། དེ་ལ་ཕྱིས་སྦྱིན་པར་བྱའོ། །དེ་ན་མུ་ལྟོ་བས་འཇུག་པར་བརྩམས་པ་ན། མི་སྒོ་བས་དེ་དག་ཕྱིར་ཟློག་པ་དང། དེ་དག་གིས་སྨྲས་པ། ཀྱེ་ནང་རྗེ། ཁོ་བོ་ཅག་གི་མིང་གིས་ ཁྱིམ་བདག་བཟང་སྦྱིན་གྱི་མིང་མགོན་མེད་ཟས་སྦྱིན་ཞེས་བྱ་བར་གྲགས་པ་ཡིན་ན། ཅིའི་ཕྱིར་ཁྱོད་ཁོ་བོ་ཅག་ཕྱིར་ཟློག་པར་བྱེད་ཡང་དེ་དག་གིས་སྨྲས་པ། ཤེས་ལྡན་དག། བདག་ཅག་གི་ནང་ [34B] ལྟོས་ཤིག་ཅེས་དེ་དག་གིས་བལྟས་པ་དང། ཇི་ཙམ་ན། དེ་དག་གིས་ལེགས་འོངས་དེར་ཞུགས་པ་མཐོང་ནས། དེ་དག་གིས་སྨྲས་པ། ཉེས་འོངས་ དེ་འདི་ཡིན་ནོ། །ཞེས་དེ་དག་གིས་ལེགས་འོངས་ཤིན་ཏུ་འདེབས་ཏེ་སྤྲང་ཕོར་གྱིས་དེའི་ཀླད་པ་བཅོམ་ནས་དེ་དག་གིས་ལག་པ་དང་རྐང་པ་དག་ནས་བཟུང་སྟེ་ཁྲིད་ནས་ཕྱག་དར་གྱི་ཕུང་པོའི་སྟེང་དུ་བཞག་ སྟེ། ཉེས་འོངས་ཁྱོད་འདིར་འདུག་ཅིག་ཅེས་སྨྲས་པ་དང། ལེགས་འོངས་ཕྱག་དར་གྱི་ཕུང་པོའི་སྟེང་ན་ངུ་ཞིང་འདུག་གོ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་ བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་གནས་ས་ག་ལ་བ་དེ་ལོགས་སུ་གཤེགས་པ་དང། བཅོམ་ ལྡན་འདས་ཀྱིས་ལེགས་འོངས་ཕྱག་དར་གྱི་ཕུང་པོའི་སྟེང་ན་ཀླད་པ་ཞོམ་ནས་ཁྲག་འཛག་ཅིང་ངུ་ཞིང་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟར་ སྲིད་པ་ཐ་མ་པའི་སེམས་ཅན་ཡང་གནས་སྐབས་འདི་ལྟ་བུར་གྱུར་པས། སྲིད་པ་དག་གིས་ངོམ་པར་བྱ་ཞིང། སྲིད་པའི་ཡོ་བྱད་དག་གིས་ཀྱང་ངོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ལེགས་འོངས་ལ་ལྷུང་བཟེད་ཀྱི་ལྷག་མ་གཞག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་གནས་ས་ག་ལ་ [35A]༄༅། །བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་ པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབ་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང། བཟའ་ བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཞིང་ཕྱག་བཅབས་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་ བླངས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། ཚེ་དང་ལྡན་པ་ཀུན་དགའ་བོས་ལེགས་འོངས་ལ་ལྷུང་བཟེད་ལྷག་མ་བཞག་པ་བརྗེད་དོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི། བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅན་ཡིན་པས། བཅོམ་ལྡན་འདས་ཀྱིས་ལེགས་འོངས་ལ་ལྷུང་བཟེད་ཀྱི་ལྷག་མ་བཞག་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་ འདས་ཀྱི་ལྷུང་བཟེད་ཀྱི་ཕམ་ཕབས་བླང་བར་བརྩམས་པ་དང། ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་བདག་ལ་ལེགས་འོངས་ལ་ལྷུང་བཟེད་ཀྱི་ལྷག་མ་ཞོག་ཅིག་ཅེས་ བཀའ་སྩལ་པ་བརྗེད་པ་དྲན་ནས་དེས་དུ་བར་བརྩམས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཅིའི་ཕྱིར་དུ་བཙུན་པ། བདག་གིས་ལེགས་འོངས་ལ་ལྷུང་ [35B] བདག་གིས་བཅོམ་ལྡན་འདས་ཀྱིས་བཀའ་བཅག་གོ་ཀུན་དགའ་བོ། ཁྱོད་ཀྱིས་ངའི་བཀའ་བཅག་པ་མ་ཡིན་གྱི། འདི་ལྟར་ལེགས་འོངས་ཉིད་ཀྱིས་ལས་ཀྱི་སྒྲིབ་ པས་ཁྱོད་ཀྱིས་དེ་ལ་ལྷུང་བཟེད་ཀྱི་ལྷག་མ་བཞག་པ་བརྗེད་པར་གྱུར་ཏོ། །ཀུན་དགའ་བོ། ཁྱོད་སོང་ལ་ལེགས་འོངས་བོས་ཤིག། དེ་སོང་སྟེ་ལེགས་འོངས། ལེགས་འོངས་ཞེས་བོས་པ་དང། དུ་ མ་དག་གིས་ཨང་ཞེས་ལན་བཏབ་ཅིང། དེ་དག་གིས་བསམ་པ། དེང་བཅོམ་ལྡན་འདས་འཇིག་རྟེན་གསུམ་གྱི་བླ་མས་གང་ལ་དགོངས་སྙམ་མོ་།ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱིར་ལོག་སྟེ་གསོལ་ བ། བཙུན་པ། བདག་གིས་ལེགས་འོངས། ལེགས་འོངས་ཞེས་བོས་ན། དུ་མ་དག་གིས་ཨང་ཞེས་ལན་བཏབ་ན། གང་མཆི་བར་བགྱི། ཀུན་དགའ་བོ་སོང་ལ་འདི་སྐད་ཅེས། ཆུ་སྲིན་བྱིས་པ་ གསོད་ཀྱི་རི་པ་ཁྱིམ་བདག་རྟོག་ལྡན་གྱི་བུ་ལེགས་འོངས་གང་ཡིན་པ་དེ། ཚུར་ཤོག་ཅེས་བོས་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོ་སོང་སྟེ་དེ་སྐད་བོས་པ་དང། ལེགས་འོངས་ཀྱིས་བདག་གི་མིང་དྲན་ནས་ དེས་ཚིགས་སུ་བཅད་པ་དག་སྨྲས་པ། ལེགས་འོངས་སྒྲ་འདི་བསྐྱུད་གྱུར་ན། །ག་ལས་འདིར་ནི་མཆིས་པར་གྱུར། །ངེས་པར་མ་ལེགས་ཟད་གྱུར་ཅིང། །ལེགས་པ་བྱུང་བར་གྱུར་ཡང་དག་གང་ དག་ཁྱོད་ལ་སྐྱབས་མཆིས་པ། །དེ་དག་མགོན་ནི་ཀུན་མཁྱེན་ལགས་།གང་དག་ཁྱོད་ཀྱི་གསུང་དགའ་དང། །འཕགས་པ་དེ་དག་ལེགས་འོངས་ལགས། །བདག་ནི་སྐལ་དང་བྲལ་བ་སྟེ། །རྩ་ལག་ [36A]༄༅། །ཀུན་གྱིས་སྤངས་གྱུར་ཅིང། །བརྩེ་གནས་དྲག་པོའི་གནས་ཐོབ་པ། །མྱ་ངན་ཟུག་རྔུས་གཟིར་བ་ལགས། །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ཁྲིད་དེ་ཞུགས་ནས་གསོལ་ པ། བཙུན་པ། ལེགས་འོངས་དེ། འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ། ཁྱོད་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཀྱི་ཕམ་ཕབས་ཟ་འམ། བཅོམ་ལྡན་འདས། འཚལ་ ལོ༑ ༑བཅོམ་ལྡན་འདས་ཀྱིས་དེ་ལ་ལྷུང་བཟེད་ཀྱི་ཕམ་ཕབས་སྩལ་བ་དང། ཇི་ཙམ་ན་དེས་ཉུང་ངུར་མཐོང་ནས་དེས་བསམ་པ། བདག་ལ་བཅོམ་ལྡན་འདས་འཇིག་རྟེན་གསུམ་གྱི་བླ་མས་བརྒྱ་ ལམ་ན་དགོངས་སུ་ཟིན་ཀྱང་ལྷུང་བཟེད་ཀྱི་ཕམ་ཕབས་ཆུང་ངུ་ཞིག་བཞག་གོ། སྙམ་མོ། །བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་བཀའ་སྩལ་པ། བུ་ལེགས་འོངས། གལ་ཏེ་ཁྱོད་ རི་རབ་ཙམ་གྱི་ཁམ་དག་དང། རྒྱ་མཚོ་ཆེན་པོ་ཙམ་གྱི་ལྟོས་ཟ་བར་བྱེད་ན་ཡང་ཇི་སྲིད་དུ་ཁྱོད་ཚིམ་པར་མ་གྱུར་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་ལྷུང་བཟེད་ཀྱི་ཕམ་ཕབས་ཟད་པར་མི་འགྱུར་རོ།། དེས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཀྱི་ཕམ་ཕབས་ཟོས་པ་དང། དེ་ཚིམ་པར་གྱུར་ནས། དེ་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ་བར་བརྩམས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ བུ་ལེགས་འོངས། ཚིམ་མམ། བཅོམ་ལྡན་འདས། ཚིམ་མོ། །ཁམ་ཐ་མ་ལོངས་ཤིག་དང། མི་སྣང་བར་འགྱུར་རོ། །དེས་དེ་བླངས་ནས་མི་སྣང་བར་གྱུར་ཏོ། །ཁྱིམ་བདག་མགོན་མེད་ཟས་ [36B] བཅོམ་ལྡན་འདས། འདི་སུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཆུ་སྲིན་བྱིས་པ་གསོད་ཀྱི་རི་བ་ཁྱིམ་བདག་རྟོག་ལྡན་གྱི་བུ་ཡིན་ནོ། །བཅོམ་ ལྡན་འདས། འོ་ན་བདག་གི་ཆུང་པོ་གྲོགས་ཀྱི་བུ་ལགས་སོ། །ཁྱིམ་བདག། དེ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཡོན་བཤད་པ་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་པ་དང། སྲིད་པ་ ཐ་མ་པའི་སེམས་ཅན་དེ། བཅོམ་ལྡན་འདས་ཀྱི་སླད་བཞིན་སླད་བཞིན་རྗེས་སུ་འབྲང་ཞིང་སོང་ནས། བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ཏེ་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་ བཤམས་པ་ཉིད་ལ་བཞུགས་པ་དང། ལེགས་འོངས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།བཅོམ་ལྡན་འདས་ཀྱིས་དེའི་ལས་སྦྱང་ བར་བྱའོ། །སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་འོངས་ལ་བཀའ་སྩལ་པ། ལེགས་འོངས། ཁྱོད་ལ་ཀརཤ་པ་ཎ་དག་ཡོད་དམ། བཅོམ་ལྡན་འདས། མ་མཆིས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བུ། གོས་ཀྱི་གྲར་ལྟོས་ཤིག་དེས་བལྟས་པ་དང། ཇི་ཙམ་ན་ཀརཤ་པ་ཎ་གཉིས་ཡོད་པར་མཐོང་ནས་དེས་གསོལ་བ། བཅོམ་ལྡན་འདས། མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ། སོང་ལ་ཀུན་དགའ་ར་བ་པ་རྒྱལ་བུ་དུམ་པའི་གན་ནས་ཨུཏྤ་ལ་སྔོན་པོ་དག་ཁྱེར་ཏེ་ཤོག་ཅིག་།དེས་བཅོམ་ལྡན་འདས་བཀའ་བཞིན་འཚལ་ཞེས་ [37A]༄༅། །བཅོམ་ལྡན་འདས་ལས་མཉན་ནས་ཀུན་དགའ་ར་བ་པ་རྒྱལ་བུ་དུམ་པ་ག་ལ་བ་དེར་སོང་བ་དང། རྒྱལ་བུ་དུམ་པས་དེ་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས་དེས་བསམ་པ་ ཉེས་འོངས་འདི་གཤེད་ནས་འདིར་འོངས་པས། བདག་ལ་གནོད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་།སྙམ་ནས་དེས་སྨྲས་པ། ཉེས་འོངས། ཀུན་དགའི་ར་ བར་མ་འཇུག་ཅིག་ལེགས་འོངས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། བདག་ནི་ཨུཏྤལ་མི་སྒྲུབ་སྟེ། །པདྨ་བདག་ལ་དགོངས་པ་མེད། །ཁོ་བོ་ཀུན་མཁྱེན་གྲགས་ལྡན་པ། །ཐུབ་པའི་དབང་ པོའི་ཕོ་ཉ་ཡིན། །དུམ་པས་ཚིགས་སུ་བཅད་པ་སྨྲས་པ། གལ་ཏེ་ཐུབ་པ་ཞི་བདག་ཉིད། །ལྷ་མི་རྣམས་ཀྱི་མཆོད་གནས་ཀྱི། །མཆོད་པའི་གནས་ཀྱིས་ཆེས་མཆོད་པའི། །ཕོ་ཉ་ལགས་ན་ཚུར་གཤེགས་ བྱོན། །དུམ་པས་སྨྲས་པ། ཁྱོད་སངས་རྒྱས་ཀྱི་ཕོ་ཉ་ཡིན་ནམ་ལེགས་འོངས་ཀྱིས་སྨྲས་པ། ཁོ་བོ་སངས་རྒྱས་ཀྱི་ཕོ་ཉ་ཡིན་ནོ་།དོན་ཅིའི་ཕྱིར་འོངས། ཨུཏྤ་ལ་དག་གི་ཕྱིར་འོངས་སོ། །སོང་ ལ་ཇི་སྙེད་འདོད་པ་དེ་སྙེད་ཁྱེར་ཏེ་སོང་ཞིག་ལེགས་འོངས་ཀྱིས་ཨུཏྤ་ལ་སྔོན་པོ་དག་གི་ཁུར་ཁྱེར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ལེགས་འོངས། དགེ་སློང་རྣམས་ལ་བྲིམས་ཤིག་ལེགས་འོངས་ཀྱིས་དགེ་སློང་རྣམས་ལ་ཨུཏྤ་ལ་སྔོན་པོ་དག་བྲིམ་པར་བརྩམས་པ་དང་དགེ་སློང་དག་མི་ལེན་ནས་བཅོམ་ལྡན་འདས་ [37B] དགེ་སློང་དག་དྲི་ཞིམ་པོ་ཐམས་ཅད་ནི་མིག་ལ་ཕན་ཞིང། འདིའི་ལས་སྦྱང་བར་ཡང་བྱའི། ལོངས་ཤིག་།དགེ་སློང་རྣམས་ཀྱིས་མེ་ཏོག་དེ་དག་བླངས་སོ། །ལེགས་འོངས་ ཀྱིས་སྔོན་ཟད་པར་སྔོན་པོའི་སྐྱེ་མཆེད་བསྐྱེད་པས་དེ་རྒན་པའི་མཐའ་ལོགས་ན་འདུག་པས། དགེ་སློང་རྣམས་ཀྱི་ལག་ན་ཨུཏྤ་ལ་སྔོན་པོ་དག་ཐོགས་པ་དེ་དག་མཐོང་ངོ། །མཐོང་ནས་ཟད་པར་སྔོན་ པོའི་སྐྱེ་མཆེད་མངོན་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་འོངས། ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང། བཅོམ་ལྡན་འདས། བདག་རབ་ཏུ་འབྱུང་ངོ། །བཅོམ་ལྡན་འདས་ཀྱིས་ དེ་རབ་ཏུ་ཕྱུང། རྫོགས་པར་བསྙེན་པར་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་གདམས་ངག་སྩལ་ཏོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ། བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་ བཏང་བར་གནས་པ་ན་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་ལ། ཚངས་པར་ སྤྱོད་པའི་མཐའ་བླ་ན་མེད་པ་དེའི་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ ལས་གཞན་མི་ཤེས་སོ། །ཞེས་གོ་བར་བྱེད་ཅིང། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་ [38A]༄༅། །སེམས་དང་ལྡན་པ། ཙནྡན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང། རིག་པ་དང། མངོན་པར་ཤེས་པ་དང། སོ་སོར་ཡང་དག་པར་རིག་པ་ཐོབ་པ། སྲིད་ པ་དང། འདེད་པའི་རྙེད་པ་དང། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང། བརྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་ གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་ནས་རྣམ་པར་གྲོལ་བའི་དགའ་བ་དང། བདེ་བ་ཉམས་སུ་མྱོང་བ་ན། དེའི་ཚེ་ཚིགས་སུ་བཅད་པ་དག་སྨྲས་པ། དབང་པོ་ དེ་ཉིད་གཟིགས་པ་ཡིས། །ཐབས་ཀྱི་ཞགས་པས་བདག་བཅིངས་ཏེ། །གླང་ཆེན་རྒས་པ་འདམ་ཕྱུང་ལྟར། །ཐུགས་རྗེས་སྡུག་བསྔལ་འདམ་ནས་ཕྱུང། །བདག་ནི་སྔོན་ཆད་ལེགས་འོངས་གྱུར། ། དེ་ཡི་འོག་ཏུ་ཉེས་འོངས་ལགས། །ད་ནི་ཐུགས་དབང་ཁྱོད་གསུང་གིས་།གསལ་བར་ལེགས་འོངས་ཉིད་དུ་གྱུར། །ཀུན་མཁྱེན་ལྕགས་འདྲ་བདག་གིས་ནི། །ཁྱོད་ཀྱི་གསུང་མཆོག་ཐོས་ གྱུར་ནས། །ད་ནི་གསེར་དང་འདྲ་བ་ཡི། །ཟག་པ་མེད་པའི་ལུས་ཀྱང་ཐོབ། །རིན་ཆེན་ལ་སོགས་ཐོབ་པ་དང། །མཐོ་རིས་ཐར་པ་འཚལ་བ་ཡིས། །རྟག་ཏུ་ཕན་པ་བཞེད་པ་ཡི། །དགེ་ བཤེས་བསྟེན་པར་བགྱི་བ་བཟང།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་རེ་ལྔ་པ། གང་གི་ཚེ་ཚེ་དང་ལྡན་པ་ལེགས་འོངས། ལེགས་པར་གསུངས་པའི་ཆོས་འདུལ་ [38B] གཞན་མུ་སྟེགས་ཅན་དང་ཤེས་ལྡན་དག་དགེ་སྦྱོང་གོའུ་ཏ་མ་ན་རེ། ངའི་བསྟན་པ་ནི་ཀུན་ཏུ་མཛེས་པ་ཡིན་ནོ། །ཞེས་ཟེར་ན། འདི་ལྟར། ཉེས་འོངས་ལ་སོགས་ པ་མུ་ལྟོ་བ་དག་ཀྱང་རབ་ཏུ་འབྱིན་པར་བྱེད་ན། དེའི་བསྟན་པ་ཇི་ལྟར་ཀུན་ཏུ་མཛེས་པ་ཡིན་ཞེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་དགོངས་ པ༑ ཉན་ཐོས་ཆེན་པོ་རི་རབ་ལྟ་བུ་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དག་སྨྲས་པ་སྐྱེད་པར་བྱེད་པས་འདིའི་ཡོན་ཏན་བསྒྲག་པར་བྱ་ན། གང་དུ་བྱ། གང་དུ་སྐྱེས་ཤིང་གང་དུ་རྡིབ་པ་དེ་ཉིད་དུ་བྱའོ། །སྙམ་ དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ངན་སྤོང་གི་བུ་དག་ཏུ་ལྗོངས་ རྒྱུར་གཤེགས་ཀྱི། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས། ཆོས་གོས་དག་ལོངས་ཤིག་ཅེས་སྒོས་ཤིག་ཚེ་དང་ ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ངན་སྤོང་གི་བུ་དག་ཏུ་ལྗོངས་ རྒྱུར་གཤེགས་ཀྱི། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཏུ་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོངས་ཤིག་ཅེས་བསྒོའོ། །དེ་ནས་བཅོམ་ [39A]༄༅། །ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ་ ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་ དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུག་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཁམས་ཀྱི་རྒྱལ་པོ་ལྟར་བློན་ པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་བསྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་ [39B] ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱིས་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་ བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གནོད་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐག་བཟང་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་ བྱིན་ལྟར་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་ འཁྲུགས་པ། ཆུ་གཏེར་ལྟར་ཏིང་དེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་ དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ་ སྟོབས་བཅུ་དང། མི་འཇིགས་པ་བཞི་དང། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་དང། རྟ་ཐུལ་དང། བཟང་ལྡན་དང། རླངས་ པ་དང། མིང་ཆེན་དང། གྲགས་པ་དང། གང་པོ་དང། དྲི་མེད་དང། བ་ལང་བདག་དང། ལག་བཟང་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་དང། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་ [40A]༄༅། །ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ངན་སྤོང་གི་བུ་དག་ཏུ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རིར་ བྱོན་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཆ་ལ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་དག་གིས། བཅོམ་ལྡན་འདས་ངན་སྤོང་གི་ བུ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། ཆུ་སྲིན་བྱིས་པ་གསོད་ཀྱི་རིར་བྱོན་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཚལ་རི་དྭགས་ཀྱི་ནགས་ན་བཞུགས་ཞེས་ཐོས་སོ། ཐོས་ནས་ ཀྱང་ཚོགས་ནས་ཚོགས་སུ། བྱིངས་ནས་བྱིངས་སུ་འདུས་ཤིང་ལྷགས་ཏེ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་ པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད་ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་ [40B] །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང། བཅོམ་ལྡན་འདས་ཀྱིས་ཆུ་སྲིན་བྱིས་ པ་གསོད་ཀྱི་རི་པའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་ མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་དོང་ངོ། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ ཟེ་དང། ཁྱིམ་བདག་རྣམས་ཀྱིས་དེ་ཉིད་ཀྱིས་མཚན་མོ་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ། གདན་བཤམས་ཤིང་ཆུར་བཞག་ནས་ བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས། བཙུན་པ། གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ ནས་བཅོམ་ལྡན་འདས་ཀྱིས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱི་མདུན་དུ་ [41A]༄༅། །བདར་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་ བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱི་བཅོམ་ལྡན་འདས་དང། དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ ནས་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབ་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ ཚིམ་པར་བྱས་ཤིང་བསྟབས་ནས། བཅོམ་ལྡན་འདས་གདུགས་ཚོད་གསོལ་ཞིང་ཕྱག་བཅབས། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་དག་བླངས་ཏེ་བཅོམ་ལྡན་འདས་ཀྱི་ སྤྱན་སྔར་ཆོས་མཉན་པའི་ཕྱིར་འཁོད་དོ། །འཁོད་ནས་བཅོམ་ལྡན་འདས་ལ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་བའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ བཅོམ་ལྡན་འདས་ཀྱིས་ཀླུ་གདུག་པ་དང། གནོད་སྦྱིན་གདུག་པ་དང་སོག་མ་མེད་དང། འབྲོག་གནས་ལ་སོགས་པ་དེ་དང་དེ་དག་ཀྱང་བཏུལ་ནས། བཙུན་པ། ཀླུ་ཨ་མྲའི་ཆུ་ངོགས་པ་འདི་ ཡུན་རིང་པོ་ནས་བདག་ཅག་འཁོན་མ་མཆིས་པ་རྣམས་ལ་འཁོན་དུ་འཛིན། མི་འགྲན་པ་རྣམས་ལ་འགྲན་དུ་ཚོལ། མི་འཁུ་བ་རྣམས་ལ་འཁུ་བར་བགྱིད་ཅིང། ལོ་ཏོག་འཁྲུངས་སོ་འཚལ་ [41B] ཀྱེ་མ་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་བརྩེ་བའི་སླད་དུ་ཀླུ་ཨ་མྲའི་ཆུ་ངོགས་པ་འདི་འདུལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ ཟེ་དང་ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་ བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་རྣམས་ལ། ཁྱེད་ཅག་ལས་གང་ཀླུ་ཨ་མྲའི་ཆུ་ངོགས་པ་འདུལ་བར་སྤྲོ་བ་དེས་ ཚུལ་ཤིང་ལོངས་ཤིག་ཅེས་བསྒོ་ལ། དགེ་འདུན་ལ་ཚུལ་ཤིང་བྲིམས་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ [42A]༄༅། །ནས་དགེ་སློང་རྣམས་ལ་ཁྱེད་ཅག་ལས་གང་ཀླུ་ཨ་མྲའི་ཆུ་ངོགས་པ་འདུལ་བར་སྤྲོ་བ་དེས། ཚུལ་ཤིང་ལོངས་ཤིག་ཅེས་བསྒོ་སྟེ། དགེ་འདུན་ལ་ཚུལ་ཤིང་བྲིམས་ པར་བརྩམས་པ་དང། བཅོམ་ལྡན་འདས་ཀྱིས་ཚུལ་ཤིང་མ་བཞེས་ནས་དགེ་སློང་གནས་བརྟན་གནས་བརྟན་དག་གིས་བསམ་པ། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཚུལ་ཤིང་མ་ བཞེས་སྙམ་དུ་བསམ་ན། ཚེ་དང་ལྡན་པ་ལེགས་འོངས་ཀྱི་ཡོན་ཏན་བསྒྲག་པར་བཞེད་པར་རིག་ནས་དེ་དག་གིས་ཀྱང་ཚུལ་ཤིང་མ་བླངས་སོ། །ཚེ་དང་ལྡན་པ་ལེགས་འོངས་ཀྱིས་བསམ་ པ༑ བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་དག་གིས་ཅིའི་སླད་དུ་ཚུལ་ཤིང་མ་བཞེས་སྙམ་དུ་བསམ་ན། བདག་གི་ཡོན་ཏན་བསྒྲག་པར་བཞེད་ནས་སྟོན་པའི་ ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་པར་བྱའོ། །སྙམ་ནས། དེས་སྟན་ཕྱེད་ལས་འཕགས་ཏེ་གླང་པོ་ཆེའི་སྣ་ལྟ་བུའི་ལག་པ་བརྐྱངས་ནས་ཚུལ་ཤིང་བླངས་སོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་པོ་དགེ་སློང་གནས་བརྟན་གང་གིས་ཚུལ་ཤིང་བླངས། བཙུན་པ། ཚེ་དང་ལྡན་པ་ལེགས་འོངས་ཀྱིས་བླངས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་ལེགས་འོངས་ལ་འདི་སྐད་ཅེས། དེ་ནི། ཀླུ་གདུག་པ་ཡིན་གྱི་ཁྱོད་ཀྱིས་ལུས་ཀྱི་དབང་པོ་བསྲུང་བར་བྱའོ། ། [42B]ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། ཚེ་དང་ལྡན་པ་ལེགས་འོངས་ལ་སྨྲས་པ། ཚེ་དང་ལྡན་པ་ལེགས་ འོངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི། ཀླུ་གདུག་པ་ཡིན་གྱི། ཁྱོད་ཀྱིས་ལུས་ཀྱི་དབང་པོ་བསྲུང་བར་བྱའོ། །ཞེས་གསུང་ངོ། །ཚེ་དང་ལྡན་པ་ལེགས་འོངས་ཀྱིས་སྨྲས་པ། བཙུན་ པ་ཀུན་དགའ་བོ། སྟོན་པའི་བཀའ་མཉན་པས་བཀའ་བཞིན་འཚལ། གཞན་དུ་ན་ཀླུ་ཨ་མྲའི་ཆུ་ངོགས་ལྟ་བུ་ཤ་སྟག་གིས་འཛམ་བུའི་གླིང་འདི་ལྟ་སྟེ། དཔེར་ན། བུ་རམ་ཤིང་གི་ཚལ་ལམ་ འདམ་བུའི་ཚལ་ལམ། འོད་མའི་ཚལ་བཞིན་དུ་གང་བར་གྱུར་ཀྱང་དེ་དག་གིས་བདག་གི་སྤུའི་རྩེ་མོ་ཙམ་ཡང་གཡོ་བར་མི་ནུས་ན། ལུས་ཀྱི་དབང་པོ་འགག་པར་ལྟ་ག་ལ་ནུས་ཏེ། འདི་ལྟར་ བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་ཀུན་ཏུ་བསྟེན་ཅིང། གོམས་པར་བྱས། ལན་མང་དུ་བྱས་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ལེགས་འོངས་དེ་ཉིད་ཀྱི་ མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཆུ་སྲིན་བྱིས་པ་གསོད་ཀྱི་རིར་བསོད་སྙོམས་ལ་ཞུགས་སོ། །ཆུ་སྲིན་བྱིས་པ་གསོད་ཀྱི་རིར་བསོད་སྙོམས་ རྒྱུས་ནས་ཀླུ་ཨ་མྲའི་ཆུ་ངོགས་པའི་གནས་ག་ལ་བ་དེར་སོང་བ་དང། ཀླུ་ཨ་མྲའི་ཆུ་ངོགས་པས་ཚེ་དང་ལྡན་པ་ལེགས་འོངས་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་ [43A]༄༅། །པ༑ དགེ་སྦྱོང་འདིས་བདག་ཤི་བར་གཏམ་ཐོས་སམ། ཅི་ན་བདག་གི་གནས་སུ་འོང། རེ་ཞིག་འདི་ནི། གློ་བུར་བ་ཡིན་གྱི། འོང་དུ་ཆུག་ཅིག་སྙམ་མོ། ། དེ་ནས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ཆུ་ཚགས་དང་ལྷུང་བཟེད་མཐའ་གཅིག་ཏུ་བཞག་སྟེ་སྣམ་སྦྱར་སྦྲུགས་ནས་རྐང་པ་གཉིས་བཀྲུས་ཤིང། ལག་པ་གཉིས་བསྙལ་ཏེ་ཚུ་བཙགས་ ནས་ལོ་མ་ལྷགས་པ་དག་བླངས་ཏེ་འདུག་ནས་ཟས་ཀྱི་བྱ་བ་བྱ་བར་བརྩམས་སོ། །དེ་ནས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ཟས་ཀྱི་བྱ་བ་བྱས་ནས་བསམ་པ། ཀླུ་གདུག་པ་ནི། འཁྲུགས་པར་མ་ བྱས་ན། འདུལ་བའི་གནས་སུ་མི་རུང་བས། འདི་ནི། ཀླུ་གདུག་པ་ཡིན་པས་འཁྲུགས་པར་བྱའོ། །སྙམ་ནས། དེ་ལྷུང་བཟེད་བཀྲུས་ཏེ་ལྷུང་བཟེད་ཀྱི་འཁྲུད་མའི་ཆུ་དེ། དེའི་རྫིང་དེར་ བླུགས་པ་དང། ཀླུ་ཨ་མྲའི་ཆུ་ངོགས་པ་དེ་འཁྲུགས་ནས་དེས་བསམ་པ། བདག་གིས་དགེ་སྦྱོང་འདི་འོང་བ་དང། ཟ་བ་ཡང་ཡལ་བར་བོར་ན། བདག་ལ་བརྙས་ཏེ་བདག་གི་ གནས་སུ་འཁྲུད་མའི་ཆུ་ལྡུགས་པར་བྱེད་པས། དགེ་སྦྱོང་འདི་ནི་ཉེ་བར་མ་ཞི་བ་ཞིག་ཡིན་ནོ། །སྙམ་ནས། དེ་ཁྲོས་ཏེ་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབྲུག་སྒྲ་ ཆེན་པོ་ཕྱུང་སྟེ། ཚེ་དང་ལྡན་པ་ལེགས་འོངས་ཀྱི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་དང། འཁོར་ལོ་དང། མདའ་བོ་ཆེ་དང། མཚོན་རྩེ་གཅིག་པ་ལ་སོགས་པ་མཚོན་ཆ་སྣ་ཚོགས་ [43B] ཚེ་དང་ལྡན་པ་ལེགས་འོངས་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་པས། མཚོན་ཆ་དེ་དག་ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ད་དང། པདྨ་དཀར་པོ་དག་ ཏུ་གྱུར་ཏེ་ཚེ་དང་ལྡན་པ་ལེགས་འོངས་ཀྱི་ལུས་ལ་འབབ་བོ། །ཀླུ་ཨ་མྲའི་ཆུ་ངོགས་པས་མེ་མདག་གི་ཆར་དབབ་པར་བརྩམས་པ་དང་ཚེ་དང་ལྡན་པ་ལེགས་འོངས་བྱམས་པའི་ ཏིང་ངེ་འཛིན་ལ་ཞུགས་པས། མེ་མདག་དེ་དག་ལྷའི་མེ་ཏོག་མནྡ་ར་བ་དག་ཏུ་གྱུར་ཏེ་ཚེ་དང་ལྡན་པ་ལེགས་འོངས་ཀྱི་ལུས་ལ་འབབ་བོ་།ཀླུ་ཨ་མྲའི་ཆུ་ངོགས་པས་ཕྱག་དར་གྱི་ཆར་ དབབ་པར་བརྩམས་པ་དང། ཚེ་དང་ལྡན་པ་ལེགས་འོངས་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་པས། ཕྱག་དར་དེ་དག་ལྷའི་ཨ་ཀ་རུའི་ཕྱེ་མ་དག་དང། ཙནྡན་གྱི་ཕྱེ་མ་དག་དང། རྒྱ་སྤོས་ཀྱི་ཕྱེ་མ་དག་ དང། ཏ་མ་ལའི་ལོ་མའི་ཕྱེ་མ་དག་ཏུ་གྱུར་ཏེ་ཚེ་དང་ལྡན་པ་ལེགས་འོངས་ཀྱི་ལུས་ལ་འབབ་པོ། །ཀླུ་ཨ་མྲའི་ཆུ་ངོགས་པས་ཁྲོ་བའི་མཐུས་ངུ་བ་བཏུལ་བ་དང། ཚེ་དང་ལྡན་པ་ལེགས་འོངས་ ཀྱིས་ཀྱང་རྫུ་འཕྲུལ་གྱི་མཐུས་ངུ་བ་བཏུལ་ཏེ། ཀླུ་ཨ་མྲའི་ཆུ་ངོགས་པས་ཁྲོ་པའི་མཐུས་མེ་སྤར་བ་དང། ཚེ་དང་ལྡན་པ་ལེགས་འོངས་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེ་ན་ ཀླུ་ཨ་མྲའི་ཆུ་ངོགས་པའི་ཁྲོ་བའི་མཐུ་དང། ཚེ་དང་ལྡན་པ་ལེགས་འོངས་ཀྱི་རྫུ་འཕྲུལ་གྱི་མཐུས་སྣང་བ་ཆེན་པོ་བྱུང་བར་གྱུར་ནས། ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ [44A]༄༅། །ཁྱིམ་བདག་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་འདི་ནི་བཅོམ་ལྡན་འདས་ཀླུ་ཨ་མྲའི་ཆུ་ངོགས་པ་གདུལ་བར་མཛད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་འཇུག་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། དགེ་ སློང་ལེགས་འོངས་འདི་མཆོག་ཡིན་ནོ། །གང་གི་ཆེ་ཀླུ་ཨ་མྲའི་ཆུ་ངོགས་པ་མཚོན་ཐམས་ཅད་ཟད་པར་གྱུར་པ་དེའི་ཚེ་ན་དེས་འབྲོས་པར་བརྩམས་པ་དང། ཚེ་དང་ལྡན་པ་ལེགས་ འོངས་ཀྱིས་ཀུན་ཏུ་མེ་མངོན་པར་སྤྲུལ་ནས། ཀླུ་ཨ་མྲའི་ཆུ་ངོགས་པས་ཚེ་དང་ལྡན་པ་ལེགས་འོངས་ཀྱི་རྐང་པའི་དྲུང་འབའ་ཞིག་ཞི་བར་མཐོང་བ་མ་གཏོགས་པར་ཐམས་ཅད་ཀུན་ཏུ་ འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཞིང། མེ་ལྕེ་གཅིག་ཏུ་གྱུར་བར་མཐོང་ནས་དེ་ཚེ་དང་ལྡན་པ་ལེགས་འོངས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ལེགས་འོངས་ལ་ འདི་སྐད་ཅེས་སྨྲས་སོ། །བཙུན་པ་ལེགས་འོངས། ཅིའི་སླད་དུ་བདག་ལ་མཐོ་འཚམ་པར་མཛད། རྒ་བའི་ཆས་ཅན། ཁོ་བོ་ཁྱོད་ལ་མཐོ་འཚམ་པ་མ་ཡིན་གྱི། ཁྱོད་ཁོ་བོ་ལ་མཐོ་ འཚམ་སྟེ། གལ་ཏེ་ཁོ་བོས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་པར་མ་གྱུར་ཏུ་ཟིན་ན། ཁྱོད་ཀྱིས་དེང་ཁོ་བོ་མིང་ལས་ལྷག་མ་མ་ལུས་པར་བྱེད་པར་འགྱུར་རོ། །དེས་སྨྲས་པ། བཙུན་ [44B] བདག་གིས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། བཞིན་བཟང། ཚུར་ཤོག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ དག་ལོངས་ཤིག་དེ་ནས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས། ཀླུ་ཨ་མྲའི་ཆུ་ངོགས་པ་ལྷུང་བཟེད་དུ་བཅུག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ། ཀླུ་ཨ་མྲའི་ཆུ་ངོགས་པ་དེ་འདི་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟང། ཁྱོད་རེ་ཞིག་ཉེས་པར་སྤྱད་པས། ད་ ལྟར་དུད་འགྲོའི་སྐྱེ་གནས་ངན་པར་སྐྱེས་ཤིང། དྲག་ཤུལ་ཅན་ལག་པ་དམར་པ། སྣུན་པ་དང། རབ་ཏུ་སྣུན་པ་ལ་ཞུགས་པ། གཞན་གྱི་སྲོག་འཕྲོག་པ། གཞན་ གྱི་སྲོག་གཅོད་དུ་འཇུག་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ་ཡིན་པས། ཁྱོད་འདི་ནས་ཤི་འཕོས་པའི་འགྲོ་བ་ནི། ཅིར་འགྱུར་སྐྱེ་བ་ནི། ཅིར་འགྱུར། ཚེ་ ཕྱི་མ་ནི། ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བདག་གིས་ཇི་ལྟར་བགྱི་བ་བཀའ་སྩལ་དུ་གསོལ། བཞིན་བཟང། ཁྱོད་ཚུར་ཤོག་ལ་ངའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ [45A]༄༅། །དང། བསླབ་པའི་གཞི་དག་ལོངས་ལ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་བའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་མི་འཇིགས་པ་བྱིན་ཅིག་བཙུན་པ་ བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལེན་ཅིང། དེང་སླན་ཆད་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང། ཁྱིམ་བདག་ རྣམས་ལ་མི་འཇིགས་པ་སྩོལ་ཏོ། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང། ཁྱིམ་བདག་རྣམས་བྱ་མོ་ལབ་མང་པོ་ཐོགས་ནས་བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ཆུ་སྲིན་བྱིས་པ་གསོད་ ཀྱི་རི་པའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཀླུ་ཨ་མྲའི་ཆུ་ངོགས་པ་བཏུལ་ཏམ། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ངས་ཀླུ་ཨ་མྲའི་ཆུ་ངོགས་པ་མ་བཏུལ་ཏེ་དགེ་སློང་ལེགས་འོངས་ཀྱིས་ཀླུ་ཨ་མྲའི་ཆུ་ངོགས་པ་བཏུལ་ཏོ་།བཙུན་པ། ལེགས་འོངས་གང་གིས། ཆུ་ སྲིན་བྱིས་པ་གསོད་ཀྱི་རི་བའི་ཁྱིམ་བདག་རྟོག་ལྡན་གྱི་བུ་ལེགས་འོངས་ཀྱིས་སོ། །དེ་ན་ཁ་ཅིག་གིས་སྨྲས་པ། བདག་ཅག་གི་བུ་ལེགས་འོངས་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། བདག་ཅག་ [45B] །ཁ་ཅིག་གིས་སྨྲས་པ། བདག་ཅག་གི་ཞང་པོ་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། བདག་ཅག་གི་ཆུང་པོ་གྲོགས་ཀྱི་བུ་ཡིན་ནོ། །ཞེས་དེ་དག་གིས་དེ་ལ་བྱ་མོ་ལབ་མང་ པོ་ཕུལ་ལོ། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་ སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས། བཙུན་པ་ལེགས་འོངས་ལ་བརྟེན་ཏེ་དགུང་བདུན་དུ་བདག་ཅག་ གི་མཆོད་པའི་དབང་དུ་བགྱིས་པའི་གདུགས་ཚོད་གསོལ་བར་ཅི་གནང་བཅོམ་ལྡན་འདས་ཀྱིས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་ གནང་ངོ། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་ བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་ང་ནས་དོང་ངོ་།ཆུ་སྲིན་བྱི་པ་གསོད་ཀྱི་རི་ལ་ཁྱིམ་བདག་རྟོག་ལྡན་གྱི་ཆུང་པོ་གྲོགས་བྲམ་ཟེ་སྦྲུལ་ཁས་སྡིགས་པ་ཞིག་འདུག་པ་དེ། ཀླུ་ཨ་མྲའི་ ཆུ་ངོགས་པའི་འཇིགས་པས་བྲོས་ཏེ་མཉན་ཡོད་དུ་སོང་བ་དེ། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་གླང་པོ་ཆེའི་ཆང་པའི་བླར་བསྐོས་ཏེ་བཞག་གོ་དེ་བྱ་བ་ཞིག་གི་ཕྱིར་ཆུ་སྲིན་བྱིས་ [46A]༄༅། །པ་གསོད་ཀྱི་རིར་ཕྱིན་པ་དང། དེས་ཇི་ལྟར་ཁྱིམ་བདག་རྟོག་ལྡན་གྱི་བུ་བཙུན་པ་ལེགས་འོངས་ཀྱིས་ཀླུ་ཨ་མྲའི་ཆུ་ངོགས་པ་བཏུལ་བ་ཐོས་སོ། །ཐོས་ནས་ཀྱང་ ཚེ་དང་ལྡན་པ་ལེགས་འོངས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ལེགས་འོངས་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་ ཚེ་དང་ལྡན་པ་ལེགས་འོངས་ལ་བྲམ་ཟེ་དེས་འདི་སྐད་ཅེས་སྨྲས་སོ་།བཙུན་པ་ལེགས་འོངས་ཀྱིས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང། བྲམ་ཟེ། ཆུ་སྲིན་བྱིས་པ་ གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཁོ་བོ་ལ་བརྟེན་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞག་བདུན་དུ་མཆོད་པའི་དབང་དུ་བྱས་པའི་གདུགས་ཚོད་ལ་སྤྱན་དྲངས་ ཀྱི༑ མི་འཚལ་ལོ། །བྲམ་ཟེས་སྨྲས་པ། གལ་ཏེ་ཁྱོད་ཀྱིས་ད་མི་གནང་ན། གང་གི་ཚེ་ཁྱོད་མཉན་ཡོད་དུ་བྱོན་པར་གྱུར་པ་དེའི་ཚེ་ན་ཁྱོད་ཀྱིས་དང་པོ་ཁོ་ནར་བདག་གི་བསོད་སྙོམས་གསོལ་ བར་མཛོད་ཅིག་ཚེ་དང་ལྡན་པ་ལེགས་འོངས་ཀྱིས། དེ་ལྟར་བྱའོ་།ཞེས་སྨྲས་ནས་དེ་ལངས་ཏེ་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རིར་ཅི་དགྱེས་པར་བཞུགས་ ནས་མཉན་ཡོད་ག་ལ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ཏེ་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན། མཉན་ཡོད་དུ་བྱོན་ནས་མཉན་ཡོད་དུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་ [46B] །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། མཉན་ཡོད་དུ་བྱོན་ནས་མཉན་ ཡོད་དུ་རྒྱལ་བྱེད་ཀྱི་ཚལ་བདག་གི་ཀུན་དགའ་ར་བ་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་མཉན་ཡོད་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་ འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད་ཡང་དག་པར་རབ་ ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད་ ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅད་མི་གསུང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་ མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་ [47A]༄༅། །བར་ཅི་གནང། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་ སྦྱིན་གྱི་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ སོང་ངོ། །བྲམ་ཟེ་སྦྲུལ་ཁས་སྡིགས་པ་དེས་བཅོམ་ལྡན་འདས་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་ཆེ་དང་ལྡན་པ་ལེགས་འོངས་ག་ལ་བ་དེ་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ལེགས་འོངས་ ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ལེགས་འོངས་བྲམ་ཟེ་དེ་ལ་ཆོས་དང་ལྡན་པའི་ གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེངས་བསྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་ གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ [47B] །དེ་ནས་བྲམ་ཟེ་དེ་སྟན་ལས་ལངས་ཏེ་ཚེ་དང་ལྡན་པ་ལེགས་འོངས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚེ་དང་ལྡན་པ་ལེགས་འོངས་ལ་འདི་སྐད་ ཅེས་སྨྲས་སོ། །བཙུན་པ་ལེགས་འོངས་ཀྱིས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང། བྲམ་ཟེ། བཅོམ་ལྡན་འདས་ལ་ཞུའོ་།དེ་ནས་བཅོམ་ལྡན་འདས་ ལ་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྲམ་ཟེ་དེ་བདག་གི་གན་དུ་མཆིས་ཏེ་བདག་སང་སྡུམ་པ་གཞན་དུ་འཚལ་མ་ལ་གཡར་འདྲེན་ན། མཆིད་ཀྱིས་ འཚལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔར་མགྲོན་དུ་བོས་པས་བདག་གིར་བྱའོ། །ཚེ་དང་ལྡན་པ་ལེགས་འོངས་ཀྱིས། བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་ སོ༑ ༑དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས་ཚེ་དང་ལྡན་པ་ལེགས་འོངས་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཚེ་དང་ ལྡན་པ་ལེགས་འོངས་ཀྱི་དྲུང་ནས་སོང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པ་སྟ་གོན་བྱེད་དུ་བཅུག་ ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ཤིང་ཆུ་ར་བཞག་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས། བཙུན་པ། གདུགས་ཚོད་གསོལ་དགོངས་འཚལ་ན་ [48A]༄༅། །བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་ བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་ གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བྲམ་ཟེ་དེས་ཀྱང་ཚེ་དང་ལྡན་པ་ལེགས་འོངས་ཀྱི་ཁ་ཟས་བསོད་པ་སྟ་གོན་བྱས་སོ། །ཚེ་དང་ལྡན་པ་ལེགས་འོངས་ཀྱང་སྔ་དྲོ་ཤམ་ ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ནས་བྲམ་ཟེ་དེའི་བཀད་ས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྟན་བཤམས་པ་ཉིད་ལ་འདུག་གོ་།དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་ལེགས་འོངས་བདེ་ བར་འདུག་པར་རིག་ནས་ཚེ་དང་ལྡན་པ་ལེགས་འོངས་ཁ་ཟས་བསོད་པས་ཚིམ་པར་བྱས་སོ། །བྲམ་ཟེ་དེས་བསམ་པ། བཙུན་པ་ལེགས་འོངས་ཀྱིས་ཁ་ཟས་བསོད་པ་ཟོས་པས་འཇུ་བར་མི་ནུས་སོ། ། སྙམ་དུ་རིག་ནས་ཚེ་དང་ལྡན་པ་ལེགས་འོངས་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ལེགས་འོངས། རྩང་ནན་གསོལ་ལམ། དེས་སྨྲས་པ། འཐུང་ངོ། །བྲམ་ཟེ་དེས་གླང་པོ་ཆེའི་ཆང་གི་ནང་དུ་ མཛུབ་མོ་བཅུག་སྟེ་སྐོམ་གྱི་ནང་དུ་ཀྲོག་ཀྲོག་དཀྲུགས་ཏེ། ཚེ་དང་ལྡན་པ་ལེགས་འོངས་ལ་ཕུལ་ལོ། །དགྲ་བཅོམ་པ་དག་ནི། མ་བསམ་པར་ཤེས་པ་དང། མཐོང་བ་མི་འཇུག་པས། ཚེ་དང་ [48B]སྟན་ལས་ལངས་ཏེ་སོང་ངོ། །དེ་མཉན་ཡོད་ཀྱི་སྲང་རེ་ལྡེས་གཡོགས་པ་ལས་ཐལ་ནས་ཉི་མའི་འོད་ཟེར་དག་གིས་ལུས་ལ་ཕོག་ པ་དང། ར་རོ་ནས་དེ་ཆང་གིས་མྱོས་པའི་ཤུགས་ཀྱིས་དེ་བརྒྱལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅན་ཡིན་པས། བཅོམ་ལྡན་འདས་ཀྱིས་དེར་ལོ་ མ་མ་ཡིན་པའི་སྤྱིལ་བུ་ཞིག་སྤྲུལ་པ་མཛད་དེ་བཀབ་བོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གེ་དགེ་འདུན་བདེ་བར་བཞུགས་པ་རིག་ནས་བཅའ་བ་དང། བཟའ་བ་ གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབ་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། བཅོམ་ ལྡན་འདས་གདུགས་ཚོད་གསོལ་ཅིང་ཕྱག་བཅབས། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། དེ་ནས་བཅོམ་ལྡན་ འདས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་ པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་ [49A]༄༅། །དགའ་བར་མཛད་ནས་ཡོན་བཤད་པ་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་ནས་ཕྱོགས་དེར་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་ པ་དེ་བརྟུལ་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།འདི་ནི། གང་གིས་ཀླུ་ཨ་མྲའི་ཆུ་ངོགས་པ་བཏུལ་བའི་དགེ་སློང་ལེགས་འོངས་ཞེས་བྱ་བ་དེ་ཡིན་ན། དགེ་སློང་དག་ཇི་སྙམ་དུ་སེམས་ དགེ་སློང་ལེགས་འོངས་འདིས་ད་ལྟར་སྦྲུལ་ཕྲུག་ཀྱང་ཐུལ་བར་ནུས་སམ། བཙུན་པ། རྔོ་མི་ཐོགས་སོ། །དགེ་སློང་དག་དེ་ལྟར་ན། ཉེས་དམིགས་འདི་དང། གཞན་དག་ཀྱང་མྱོས་པར་འགྱུར་བ་ འཐུང་བ་ལས་བྱུང་བས། དགེ་སློང་དག་ང་ལ་སྟོན་པའོ། །ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ། ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཟིང། བླུད་པར་ཡང་མི་བྱའོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་ལེགས་འོངས་སད་པར་མཛད་ནས་བཀའ་སྩལ་པ། ལེགས་འོངས། ཅིའི་ཕྱིར་འདི་ལྟར་གྱུར། བཅོམ་ལྡན་འདས་མ་བསམ་མོ། །བདེ་བར་གཤེགས་པ། མ་བསམ་ མོ༑ ༑དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་ [49B] །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འབྲུའི་ཆང་དང། བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན། ལྟུང་བྱེད་ དོ༑ ༑འབྲུའི་ཆང་ཞེས་བྱ་བ་ནི། ཆན་གྱི་བཏུང་བ་དང། ཕབས་ཀྱི་བཏུང་བའོ། །བཅོས་པའི་ཆང་ཞེས་བྱ་བ་ནི། རྩ་བའི་བཏུང་བ་དང། སྡོང་བུའི་བཏུང་བ་དང། འདབ་མའི་བཏུང་བ་དང། མེ་ཏོག་གི་བཏུང་བ་དང་ འབྲས་བུའི་བཏུང་བའོ། །དེ་གཉིས་ཀ་བསྲེས་པ་ནི། འབྲུའི་ཆང་དང། བཅོས་པའི་ཆང་ཞེས་བྱའོ། །དེ་འཐུང་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་ བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་ སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ་དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མྱོས་པར་འགྱུར་བའི་ཁ་དོག་དང་ལྡན་པ་ དང༑ སྨྱོས་པར་འགྱུར་པའི་དྲི་དང་ལྡན་པ་དང། མྱོས་པར་འགྱུར་བའི་རོ་དང་ལྡན་པ་དང། མྱོས་པར་འགྱུར་བའི་མྱང་བ་དང་ལྡན་པ་འཐུང་ན། འཐུངས་ན་མྱོས་པར་འགྱུར་ན། ལྟུང་བྱེད་དུ་འགྱུར་ལ། འཐུངས་ ན་མྱོས་པར་མི་འགྱུར་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་མྱོས་པར་འགྱུར་བའི་ཁ་དོག་དང་ལྡན་པ་དང། མྱོས་པར་འགྱུར་བའི་དྲི་དང་ལྡན་པ་དང། མྱོས་པར་འགྱུར་བའི་རོ་དང་ལྡན་པ་འཐུང་ན་འཐུངས་ [50A]༄༅། །ནས་མྱོས་པར་འགྱུར་ན། ལྟུང་བྱེད་དུ་འགྱུར་ལ། འཐུངས་ནས་མྱོས་པར་མི་འགྱུར་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་མྱོས་པར་འགྱུར་བའི་ཁ་དོག་དང་ལྡན་པ་དང། མྱོས་པར་འགྱུར་ བའི་དྲི་དང་ལྡན་པ་འཐུང་ན། འཐུངས་ནས་མྱོས་པར་འགྱུར་ན་ལྟུང་བྱེད་དུ་འགྱུར་ལ། འཐུངས་ནས་མྱོས་པར་མི་འགྱུར་ན་ཉེས་བྱས་སུ་འགྱུར་རོ། །མྱོས་པར་འགྱུར་བའི་ཁ་དོག་འབའ་ཞིག་མ་འདྲེས་པ་དང་ལྡན་པ་ འཐུང་བ་ལ་ནི་ལྟུང་བ་མེད་དོ། །དེ་ཡང་ཚྭ་ཉིད་དུ་གྱུར་བའོ་།དགེ་སློང་འབྲུའི་ཆང་འཐུང་ན་ལྟུང་བྱེད་དུ་འགྱུར་རོ། །བཅོས་པའི་ཆང་འཐུང་ན་ལྟུང་བྱེད་དུ་འགྱུར་རོ། །འབྲུའི་ཆང་དང་བཅོས་པའི་ཆང་འཐུང་ན་ ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་འབྲུའི་ཆང་གི་ནུ་རྫི་འཐུང་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་སྦང་མ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཚིགས་མ་ཟ་ན་ལྟུང་བྱེད་དུ་འགྱུར་རོ་།དགེ་སློང་ཕབས་ཀྱི་ཆང་བུ་ཟ་ན་ཉེས་ བྱས་སུ་འགྱུར་རོ། །དགེ་སློང་མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་དག་ཟ་ན་ཉེས་སུ་འགྱུར་རོ། །བསྐོལ་བ་འཐུང་བ་དང། ཁའི་ནད་ཡོད་པ་ལ་སྨན་པའི་ལུང་གིས་ཁུར་བར་བསྲེལ་བ་དང། ལུས་དག་སྐུད་པ་ ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང། མྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ ལ་ཞུས་པ། བཙུན་པ། ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་པ། ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། མུ་ལྟོ་ [50B]མིང་དུ་གྱུར། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་ པ་ཉིད་མངོན་དུ་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་ལེགས་འོངས་ཉིད་ཀྱིས་ལས་ཚོགས་རྙེད་པ་རྐྱེན་ཡོངས་སུ་སྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་ བར་འགྱུར་བ་དག་བྱས་ཤིང་བསགས་པས། ལེགས་འོངས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་ སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི་འདི་ལྟར་ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་ པ་དག་ནི་ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི་།ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་ རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་རི་བྲག་ཅིག་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་འདུག་པ་དེ་ འཁོར་དང་བཅས་ཏེ་སྐྱེད་མོས་ཚལ་གྱི་སར་བྱུང་ངོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་ [51A]༄༅། །དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ། །རང་སངས་རྒྱས་ན་བ་ཞིག་རི་བྲག་དེར་བསོད་སྙོམས་ལ་ཞུགས་ པ་དང། ཁྱིམ་བདག་དེས་རང་སངས་རྒྱས་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས། དེ་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རབ་ཏུ་བྱུང་བ་འདི་སྐྲོད་ཅིག་དེ་དག་ལས་འགའ་ཡང་ རང་སངས་རྒྱས་དེ་སྐྲོད་པར་སྤྲོ་བ་མེད་ནས། ཁྱིམ་བདག་དེས་སྤྱོས་ཏེ་སྟན་ལས་ལངས་ཏེ་རང་ཉིད་ཀྱིས་རང་སངས་རྒྱས་དེའི་གཉའ་བ་ནས་བཟུང་སྟེ་བསྐྲད་ནས་སྨྲས་པ། ཉེས་འོངས། མུ་ལྟོ་བ་རྣམས་ ཀྱི་ནང་དུ་ཞུགས་ཤིག་ཅེས་ཕུལ་བ་དང། དེ་ཕྱག་དར་གྱི་ཕུང་པོའི་ནང་དུ་བསྒྱེལ་ཏོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམ་པ། ཁྱིམ་བདག་ཉོན་མོངས་པ་འདི་ཧ་ཅང་སྨྲས་པ་དང་ཉམས་ བར་གྱུར་ན། མི་རུང་གི་འདི་ལ་ལག་ནས་དྲང་པ་སྦྱིན་ནོ། །སྙམ་ནས། དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང། གསལ་ བ་དང། ཆར་འབེབས་པ་དང། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི། རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། ཁྱིམ་བདག་དེ་ཤིང་ ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་ [51B] ཉོན་མོངས་པའི་འདམ་དུ་བྱིང་བ་བདག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། རང་སངས་རྒྱས་དེ་ཁྱིམ་བདག་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །ཁྱིམ་ བདག་དེས་དེ་ལ་མཆོད་པ་བྱས་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་ མཐུན་པར་མ་གྱུར་པར་མཆོད་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་ཞིང། འདི་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་ བྱེད་ཅིང། ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་།དེ་ལ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གང་ཡིན་པ་དེ་ནི། ལེགས་ འོངས་འདི་ཡིན་ཏེ། འདིས་རང་སངས་རྒྱས་དེ་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ནི། ད་ལྟར་ཕྱུག་ལ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་ སྐྱེས་སོ། །གནོད་པ་བྱས་པ་དང། ཉེས་འོངས་ཞེས་བརྗོད་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་བས་ནི། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གདུངས་ནས་ལས་དེ་ཉིད་ཀྱི་ ལྷག་མས་ཚེ་རབས་ལྔ་བརྒྱར་མུ་ལྟོ་པ་ཉིད་ཀྱིས་འཕྱན་པར་གྱུར་ཅིང། ཉེས་འོངས་ཞེས་བྱ་བར་གྱུར་ཏེ། ད་ལྟར་གྱི་བར་དུ་ཡང་མུ་ལྟོ་བ་རྣམས་ཀྱི་ནང་དུ་ཞུགས་ཤིང། ཉེས་འོངས་ཞེས་བྱ་བའི་མིང་དུ་ [52A]༄༅། །གྱུར་ཏོ། །བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་འདི་བས་ཆེས་ཁྱད་པར་དུ་འཕགས་ པའི་སྟོན་པ་མཉེས་པར་བྱེད་ཅིང། ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས། ངའི་བསྟན་པ་ལ་ རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཤིང། འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ ཤིང་ཐུགས་བྱུང་བར་མ་བྱས་སོ། །བཙུན་པ། ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་མེའི་ཁམས་ལ་ སྙོམས་པར་འཇུག་པ་རྣམས་ཀྱི་མཆོག་ཏུ་བསྟན། དེ་ཡང་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཆེན་པོ་བཟང་ པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་ པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་ཉེ་ [52B] །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་གང་གིས་དེ་རབ་ཏུ་བྱུང་བའི་དགེ་སློང་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་འཇུག་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ནས་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ ནས། དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན། ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་རྒུའི་ཚེ་ལོ་བརྒྱ་ཐུབ་པར་གྱུར་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང། ཇི་ [53A]༄༅། །ལྟར་མཁན་པོ་འདི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་ འཇུག་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ་ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས། ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་འཇུག་པ་ རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་ཡང་དང་ཡང་དུ་མེའི་ཁམས་ལ་སྙོམས་པར་འཇུག་པ་རྣམས་ ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི། གཅིག་ཏུ་ནག་པ་རྣམས་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་ སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་དང། འདྲེན་མ་རྣམས་ སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་སྩལ་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དེ། བདུན་ཅུ་དགུ་པ་རྫོགས་སོ།། །། བར་སྡོམ་ལ། ཞི་པ་རལ་བ་ནོར་བུ་དང། །སྨན་པ་དགེ་འདུན་ལྟོ་དང་སྐྲས། །ཟ་དང་གཉིས་གྱུར་གཏུམ་མོ་དང། །གཞོན་ནུ་ལྷུང་བཟེད་སྟོབས་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ [53B]ར་བ་ན་བཞུགས་སོ། །རི་བྲག་ཅིག་ན་བྲམ་ཟེ་ཞིག་འདུག་པ་དེས་མཉན་ཡོད་པའི་བུ་མོ་ཞིག་བག་མར་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་ དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་ཞིག་བྱུང་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །བྲམ་ཟེ་དེ་ལ་རེ་ཞིག་མཉན་ཡོད་དུ་བྱ་བ་ཞིག་བྱུང་ནས། དེས་ཤིང་རྟ་བཅས་ཏེ་འཕགས་པ་ དང། བུ་མོ་དེས་མཐོང་ནས་དེས་སྨྲས་པ། ཡབ། གར་བཞུད། བྲམ་ཟེས་སྨྲས་པ། བུ་མོ། མཉན་ཡོད་དུའོ། །བུ་མོས་སྨྲས་པ། ཡབ། བདག་ཀྱང་མཆིའོ། །བྲམ་ཟེས་སྨྲས་པ། བུ་མོ། ཁྱོད་ད་མཆོག་ཐོབ་པ་ཡིན་ པས། ཁྱོད་ཀྱི་ལག་པའམ། རྐང་པ་ལ་འགའ་ཞིག་གིས་རེག་པར་གྱུར་ན། བདག་ཅག་ལ་མི་སྙན་པར་འགྱུར་གྱི། ཁྱོད་འདི་ཉིད་ན་འདུག་ཅིག་བུ་མོ་དེས་ངུ་བར་བརྩམས་པ་དང། བྲམ་ཟེ་མོས་སྨྲས་ པ། བུ་མོ། ཅིའི་ཕྱིར་དུ། བུ་མོས་སྨྲས་པ། ཡབ་མཉན་ཡོད་དུ་བཞུད་ནས་བདག་དེར་ཁྲིད་པར་མི་བཞེད་དོ། །བྲམ་ཟེ་མོས་སྨྲས་པ། རྗེའི་སྲས། བུ་མོ་ཡང་ཁྲིད་ཅིག་དང། ཉེ་དུ་དག་མཐོང་བར་འགྱུར་རོ། ། བྲམ་ཟེས་སྨྲས་པ། བུ་མོ་ད་མཆོག་འཐོབ་པར་འགྱུར་བས། འདིའི་ལག་བའམ། རྐང་པ་ལ་འགའ་ཞིག་གིས་རེག་པར་གྱུར་ན། བདག་ཅག་ལ་མི་སྙན་པར་འགྱུར་གྱི། འདི་ཉིད་དུ་ཞོག་ཅིག་བྲམ་ ཟེ་མོས་སྨྲས་པ། རྗེའི་སྲས་དང་ཐབས་ཅིག་མཆི་ན། ལེགས་པར་སྤས་པ་དང། ལེགས་པར་སྲུང་བར་འགྱུར་རོ། །བྲམ་ཟེ་དེས་བུ་མོ་དེ་ཤིང་རྟར་བཅུག་སྟེ་འཕགས་པ་དང། བུ་མོ་དེ་ལྟད་མོའི་རང་བཞིན་ཅན་ [54A]༄༅། །ཡིན་པས། ཕ་ལ་དྲིས་པ། ཡབ། འདི་སུའི་ཀུན་དགའ་ར་བ་ལགས། འདི་སུའི་རྫིང་བུ་ལགས། འདི་སུའི་ལྷ་ཁང་ལགས། འདི་སུའི་སྐྱེད་མོས་ཚལ་ལགས། འདི་སུའི་ཁྲོན་ པ་ལགས། འདི་སུའི་གཙུག་ལག་ཁང་ལགས། བྲམ་ཟེས་སྨྲས་པ། བུ་མོ་འདི་ནི་ཤཱ་ཀྱའི་བུ་དགེ་སྤྱོད་རྣམས་ཀྱི་བསྟི་གནས་ཡིན་ནོ། །བུ་མོས་སྨྲས་པ། ཡབ། བལྟར་མཆིའོ། །བྲམ་ཟེས་སྨྲས་པ། བུ་ མོ། བསྟི་གནས་འདི་ན་རིགས་སྣ་ཚོགས་དང། རུས་སྣ་ཚོགས་ལས་རབ་ཏུ་བྱུང་བ་དག་འཁོད་པས། ཁྱོད་ཀྱི་ལག་པའམ། རྐང་པ་ལ་འགའ་ཞིག་གིས་རེག་པར་གྱུར་ན། བདག་ལ་མི་སྙན་པར་ འགྱུར་གྱི། ཚུར་ཤོག་འདོང་ངོ། །ཞེས་དེ་འཕགས་པ་དང། ཇི་ཙམ་ན་གྲོང་བར་དེ་ཉིད་ནས་བྲམ་ཟེ་དང། ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་གཙུག་ལག་ཁང་ལྟ་འདོད་པ་དག་མཉན་ཡོད་ཀྱི་ཕྱི་ རོལ་དུ་བྱུང་བ་དེ་དག་གིས། བྲམ་ཟེ་དེ་མཐོང་ནས། དེ་དག་གིས་སྨྲས་པ། སྣུམ་ཟུང་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །ཁྱོད་ཡུན་རིང་མོ་རིང་མོ་ཞིག་གིས་གར་བཞུད། བྲམ་ཟེས་སྨྲས་པ། ཁོ་ བོ་ཁྱེད་ཅག་ཉིད་བལྟར་འོངས་ན། ཁྱེད་ཅག་གར་འདོང། རྒྱལ་བྱེད་ཀྱི་ཚལ་དུ་གཙུག་ལག་ཁང་བལྟར་མཆིའོ། །སྲུ་ཅག་ཚ་མོ་འདི་ཡང་ཁྲིད་དེ་དེངས་ལ་འདི་ལ་ཡང་གཙུག་ལག་ཁང་སྟོན་ཅིག་ བུ་མོ་དེ་ཡང་དེ་དག་དང་ལྷན་ཅིག་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ། །དྲུག་སྡེ་དག་གི་ཀུན་ཏུ་སྤྱོད་པ་ནི། འདིར་བདག་ཅག་གིས་བྲམ་ཟེ་དང། ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་ [54B] རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ། །སྙམ་པས། དྲུག་སྡེ་དག་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས། ཚེ་དང་ལྡན་པ་འཆར་ ཀ་ནང་པར་སྔར་ལངས་ཏེ་སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ། རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ་དྲུག་སྡེ་དག་གིས་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ན་འཁོད་པའི་མི་རྣམས་འདི་ལྟ་སྟེ་ རིགས་ལས་སམ། རུས་ལས་སམ། རྒྱུད་ལས་སམ། མིང་ལས་སམ། གཟུགས་ལས་སམ། བཟོ་ལས་སམ། འཚོ་བ་ལས་མི་ཤེས་པའམ། མ་མཐོང་བའམ། མ་ཐོས་པའམ། མ་རིག་ པའམ། རྣམ་པར་མི་ཤེས་པ་འགའ་ཡང་མེད་པས། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དང། ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་འདི་སྐད་ ཅེས་སྨྲས་སོ། །ཆེ་གེ་མོའི་མ། ཆེ་གེ་མོའི་ཆུང་མ། ཆེ་གེ་མོའི་མནའ་མ། ཆེ་གེ་མོའི་བུ་མོ། ཆེ་གེ་མོའི་སྲིང་མོ། འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱེད་ཅག་ཅིའི་ཕྱིར་ཡུན་རིང་མོ་རིང་མོ་ནས་ཟླ་ བ་ལྟར་རྒྱུ་བར་བྱེད། དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་བཅོམ་ལྡན་འདས་ཀྱིས་མི་ཁོམ་པ་བརྒྱད་ནི། གང་ཟག་གིས་ཚངས་པར་སྤྱད་པའི་དུས་མ་ལགས་སོ། །ཞེས་ལེགས་པར་རབ་ཏུ་གསུངས་ ན། བདག་ཅག་ནི། འདི་ལྟ་སྟེ། ཁྱིམ་གྱི་འདུ་འཛི་དང་ལྡན་པས་མི་ཁོམ་པ་དགུ་པ་ལགས་སོ། །འཆར་ཀས་སྨྲས་པ། སྲིང་མོ་དག་ཁྱེད་ཀྱིས་འགའ་ཞིག་འདི་སྐད་ཅེས། དུག་ཅན་ལ་སོགས་རྒྱལ་པོ་ [55A]༄༅། །ཡིས༑ ༑བྱ་བ་དག་ནི་མ་བྱས་པར། །དེ་དག་ཉིད་དང་བྱ་བ་རྣམས། །ཞིག་པ་ཉིད་དུ་གྱུར་པ་ཡིན། །བྱ་བ་དེ་དག་ཉིད་ཀྱང་ནི། །ཡོངས་སུ་རྫོགས་པར་མ་གྱུར་པར། །འཇིག་ རྟེན་དགྲ་བོ་འཆི་བདག་དེ། །འོངས་པ་ཉིད་དུ་འགྱུར་བ་ཡིན། །ཞེས་སྨྲས་པ་མ་ཐོས་སམ། དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་དེའི་སླད་དུ་བདག་ཅག་སྐྱེད་མོས་ཚལ་དུ་མཆིས་ཏེ་རྒྱལ་བྱེད་ ཀྱི་ཚལ་དུ་འཇུག་པ་དང། གཙུག་ལག་ཁང་བལྟ་བ་དང། བཅོམ་ལྡན་འདས་དང། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་བའི་སླད་དུ་མཆིས་ལགས་སོ། །འཆར་ ཀས་སྨྲས་པ། སྲིང་མོ་དག་གལ་ཏེ་ཁྱེད་ཅག་དེའི་ཕྱིར་འོངས་ན་བཅོམ་ལྡན་འདས་ཀྱིས་ཀྱང་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བར་བྱའོ། །ཞེས་གསུངས་པས་ལེགས་སོ། །ལེགས་སོ་ སྲིང་མོ་དག་དེ་ནི། འཇལ་གྱི། འདི་ལྟར། ལྟད་མོ་ཇི་ལྟར་བལྟ་བར་དྲི་བར་བྱའོ། །སྲིང་མོ་དག་ཁྱེད་ཅག་གང་དུ་འཇུག་པར་བྱེད་བཙུན་པ་འཆར་ཀ་བདག་ཅག་ཀུན་དགའ་ར་བར་འཇུག་ཅིང་ གཙུག་ལག་ཁང་བལྟ་བར་འཚལ་ལོ། །སྲིང་མོ་དག་བཅོམ་ལྡན་འདས་ཀྱིས། མཁས་པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་དག་ལ་གོམ་འདོར་ན། ཛམྦུ་ཆུ་བོའི་གསེར་ ལྟར་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན་།ཞེས་གསུངས་པས་དེ་ཡང་ལེགས་སོ། །སྲིང་མོ་དག་ཁྱེད་ཀྱིས་གང་ཁྱེད་ཅག་གཙུག་ལག་ཁང་སྟོན་པར་བྱེད་པའི་དགེ་སློང་འགའ་ཞིག་ [55B] འཕགས་པ། ཅི་བདག་ཅག་སྒྲོན་མ་སུག་པ་ན་ཐོགས་བཞིན་དུ་ཞུགས་གཞན་དུ་ཚོལ་ལམ། བཙུན་པ་འཆར་ཀ་སྤངས་ཏེ་དགེ་སློང་གཞན་ག་ལ་ཚོལ། ཁྱོད་པས་གཞན་ཁྱད་པར་འཕགས་ པ་སུ་ཞིག་མཆིས་ཀྱི། ཁྱོད་ཉིད་ཀྱིས་བསྟན་དུ་གསོལ། དེ་ནས་ཚེ་དང་ལྡན་པ་འཆར་ཀ་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་དག་གཙུག་ལག་ཁང་བསྟན་པར་བྱ་ན་ནི། བདག་གི་དགེ་བའི་ཕྱོགས་ཡོངས་སུ་ ཉམས་པར་ཡང་འགྱུར། གལ་ཏེ་བསྟན་པར་མི་བྱ་ན་ནི། ཚིག་པའི་བསོད་སྙོམས་ཀྱང་སྟེར་བར་མི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཀྱང་མ་དད་པ་རྣམས་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་ གཞུག་པར་བྱ། གདུལ་བར་བྱ། གཟུང་བར་བྱ། རབ་ཏུ་དགོད་པར་བྱའོ། །ཞེས་གསུངས་པས། དེའི་ཕྱིར་འདི་དག་དགེ་བ་ལ་ངེས་པར་སྦྱར་བར་བྱའི། །རྣམ་པ་ཐམས་ཅད་དུ་བསྟན་པར་བྱའོ། །སྙམ་དུ་རིག་ ནས་དེས་མེ་ཏོག་དང། བདུག་སྤོས་ལ་སོགས་པ་མཆོད་པ་སྣ་ཚོགས་ཐོགས་ཏེ་པོག་ཕོར་ལག་ཏུ་བླངས་ནས་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་པར་བརྩམས་ཏེ། སྲིང་མོ་དག་འདི་ནི། བཅོམ་ལྡན་འདས་ཀྱི་ དྲི་གཙང་ཁང་སྟེ། གང་དུ་བཅོམ་ལྡན་འདས་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་གང་ནི། ཉམས་པར་གྱུར། གང་ ནི། འཕེལ་བར་གྱུར། གང་ནི། གནོད་པར་གྱུར། གང་ནི། ཉམ་ང་པར་གྱུར། གང་ནི། མི་བདེ་བར་གྱུར། གང་ནི། གནོད་པ་དང། ཉམ་ང་བ་དང། མི་བདེ་བར་གྱུར། གང་ནི། ངན་སོང་ལ་གཞོལ། གང་ [56A]༄༅། །ནི༑ ངན་སོང་ལ་འབབ། གང་ནི། ངན་སོང་ལ་བབ། གང་ནི། ངན་སོང་གི་འདམ་ནས་བསླངས་ཏེ་མཐོ་རིས་དང། ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། འདོད་པའི་ འདམ་དུ་བྱིང་བ་གང་གི་ལག་ནས་ནི། དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་གང་ནི། འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གི་སངས་རྒྱས་འབྱུང་བས་ བརྒྱན་པའི་འཇིག་རྟེན་ནི། འབྲས་བུ་དང་བཅས་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་སྐྱེས་པ་ནི། བསྐྱེད་པར་བྱ། དགེ་བའི་རྩ་བ་དག་བསྐྱེད་པ་གང་ནི། ཡོངས་སུ་སྨིན་པར་བྱ། ཡོངས་སུ་ སྨིན་པ་གང་ནི། རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང། གཟིགས་པ་འཇུག་ཅིང། འདི་ལྟར། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་ པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡི། །བཞོན་མ་གདུལ་བའི་བེའུ་ཚོལ་མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་ བེའུ་ལ་བྱམས་པའི་བ་བཞིན་ནོ། །ཞེས་བྱ་བ་འཇུག་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྟོབས་བཅུའི་སྟོབས་དང་ལྡན་པ་ [56B] ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ་བ། འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོག་པ་གང་ཡིན་པ་དེའི་ཡིན་གྱི། འདིའི་ཞབས་ལ་ཕྱག་ དག་ཚོལ་ཅིག་འདི་ནི། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱའི་གཙུག་ལག་ཁང་སྟེ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་མི་ཤེས་པའི་མུན་པ་དང། འདྲེན་པ་མེད་པ་དང། ཡོངས་སུ་འདྲེན་པ་མེད་པ་ ན། དེའི་དང་པོར་ཡེ་ཤེས་ཀྱི་མག་སྨན་གྱི་ཐུར་མས། གང་གི་ཆོས་ཀྱི་མིག་རྣམ་པར་སྦྱངས་པ། བཅོམ་ལྡན་འདས་ཀྱིས་གནས་བརྟན་རྣམས་དང། རྒྱལ་ཚབ་ལྟ་བུ་རྣམས་དང། ཡུན་རིང་པོ་ནས་རབ་ཏུ་བྱུང་ བ་རྣམས་དང། ཚངས་པར་སྤྱོད་པ་མངོན་པར་སྤྱད་པ་རྣམས་དང་སྣམ་སྦྱར་གྱི་རྒྱལ་མཚན་ཐོགས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་གང་ཡིན་པ། གང་གི་རྒྱུད་ལ་དེའི་དང་པོར་བཅོམ་ལྡན་འདས་ཀྱིས་ འཇིག་རྟེན་དུ་དགེ་སློང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་མི་ནུས་པ། ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་འགྲོ་བ་མང་པོའི་དོན་དང། སྐྱེ་བོ་མང་ པོ་ལ་ཕན་པ་དང། བདེ་བ་དང། འཇིག་རྟེན་ལ་རྗེས་སུ་ཐུགས་བརྩེ་བ་དང། ལྷ་དང་མི་རྣམས་ཀྱི་དོན་དང། ཕན་པ་དང། བདེ་བའི་ཕྱིར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བ་དེའི་ ཡིན་གྱི། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག་འདི་ནི། ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་གཙུག་ལག་ཁང་སྟེ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྨོན་པ་དོར་སྟོང་ཏུ་གཅིག་གིས་མཆོག་པ་སྤངས་ [57A]༄༅། །ཏེ་རབ་ཏུ་བྱུང་བ། དབྱིག་བྱེ་བ་ཕྲག་དྲུག་ཅུ་དང་ལྡན་པ། གསེར་ནས་བང་ཆུང་བརྒྱད་ཅུ་བདོག་པ། བྲན་གྱི་གྲོང་བཅོ་བརྒྱད་བདོག་པ། སྦྱོར་བའི་གྲོང་བཅུ་དྲུག་བདོག་པ། སེར་ སྐྱ་བཟང་མོ་ལུས་གསེར་བས་ལྷག་པ་དང་ལྡན་པ། མཆིལ་མའི་ཐལ་བ་སྨིན་པ་ལྟར་སྤངས་ཏེ་མཚན་མོའི་ཐུན་ཐ་མ་ལ་རས་སྦྱར་མའི་སྣམ་སྦྱར་རིན་ཐང་འབུམ་རི་བ་ཐོགས་ཏེ། འཇིག་རྟེན་ན་དགྲ་བཅོམ་ པ་གང་དག་བཞུགས་པ་དེ་དག་གི་ཕྱིར་རབ་ཏུ་བྱུང་བ་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་བསྐྱེད་པའི་ཕྱིར་ནགས་ན་བརྟན་པ་གང་ཡིན་པ། གང་མཐོང་ ན་སྤོས་ཀྱི་གླང་པོ་ཆེ་དག་ཀྱང་རྒྱགས་པ་དང་བྲལ་བར་འགྱུར་བ་གང་གི་བུ་མང་གི་མཆོད་རྟེན་དུ་སྟོན་པར་ཁས་བླངས་ནས་དགེ་སློང་གི་སྡོམ་པ་ཐོབ་པ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ ངའི་ཉན་ཐོས་ཀྱི་དགེ་སློང་འདོད་པ་ཆུང་བ། ཆོག་ཤེས་པ་སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་ནང་ན། མཆོག་ནི། འདི་ཡིན་ཏེ། འདི་ལྟ་སྟེ། དགེ་སློང་འོད་སྲུང་ཆེན་པོའོ། །ཞེས་གསུངས་ ཤིང། བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྔགས་པ་གང་ཡིན་པ་དེའི་ཡིན་གྱི། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག། འདི་ནི། ཚེ་དང་ལྡན་པ་ཤཱ་རིའི་བུའི་གཙུག་ལག་ཁང་སྟེ། མཆོག་ཐོབ་ པའི་བུ་གང་ཡིན་པ་གང་ལོ་བརྒྱད་གཉིས་སུ་དབང་པོའི་བརྡ་སྤྲོད་པ་བཀླགས་པ། རྒོལ་བ་ཐམས་ཅད་ཚར་གཅོད་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བཅོམ་ལྡན་འདས་ཀྱིས་ [57B] སྤོབས་པ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཐམས་ཅད་གང་གི་ཆ་བཅུ་དྲུག་པར་བཞག་ཅིང། བཅོམ་ལྡན་འདས་ཀྱིས་ དེ་བཞིན་གཤེགས་པ་མ་གཏོགས་པར། །འཇིག་རྟེན་ཀུན་གྱི་ཤེས་རབ་གང། །ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཆོག་གོ་གལ་ཏེ་ལྷ་བཅས་འཇིག་རྟེན་འདི། །ཤཱ་རིའི་བུ་དང་མཉམ་ གྱུར་པས། །དེ་བཞིན་གཤེགས་པའི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཆོག་གོ་ཞེས་གསུངས་པ་གང་ཡིན་པ་དེའི་ཡིན་གྱི། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག་འདི་ནི། ཚེ་དང་ལྡན་པ་མཽངྒལ་ གྱི་བུ་ཆེན་པོའི་གཙུག་ལག་ཁང་སྟེ། མདུན་ན་འདོན་གྱི་བུ་ཅོད་པན་མེད་པའི་རྒྱལ་སྲིད་སྤངས་ཏེ་རབ་ཏུ་བྱུང་བ་གང་ཡིན་པ། གང་གིས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་རྐང་པ་ གཡས་པའི་མཐེ་བོས་ལན་གསུམ་དུ་བསྒུལ། ཀུན་ཏུ་བསྒུལ། ཀུན་ཏུ་རབ་ཏུ་བསྒུལ་བ། གང་གི་རྫུ་འཕྲུལ་གྱིས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་ཉིན་མཚན་བདུན་གྱིས་ གཤེགས་པ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཆེན་པོ་རྣམས་དང་མཐུ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱི། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག་འདི་ནི་ ཚེ་དང་ལྡན་པ་མ་འགག་པའི་གཙུག་ལག་ཁང་སྟེ། མི་སྐལ་པ་བཟང་པོ་ལས་རབ་ཏུ་བྱུང་བ་གང་ཡིན་པ། བཅོམ་ལྡན་འདས་ཀྱི་ཡབ་ཀྱི་མཆེད་ཀྱི་སྲས། གང་གི་མིང་ཡང་དག་པར་བསྒྲགས་པས་ཚོང་ [58A]༄༅། །པ་དག་རྒྱ་མཚོ་ཆེན་པོ་ནས་བཞོན་པའི་སྣོད་ལེགས་པར་གྲུབ་ཅིང་འོང་བར་འགྱུར་བ། བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ ཡིན་གྱི། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག་འདི་ནི། ཚེ་དང་ལྡན་པ་ཀུན་དགའ་བོའི་གཙུག་ལག་ཁང་སྟེ། ཡུན་རིང་པོ་ནས་བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བ་གང་ཡིན་པ། སངས་ རྒྱས་བཅོམ་ལྡན་འདས་ཀྱི་ཞམ་རིང་ན་ཉེ་བར་སྤྱོད་པ། སྟོན་པས་ཡང་དག་པར་བསྔགས་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཡང་དག་པར་བཀུར་བ་གང་ཡིན་པ། བཅོམ་ ལྡན་འདས་ཀྱི་ཡབ་ཀྱི་མཆེད་ཀྱི་སྲས་ལས་རབ་ཏུ་བྱུང་བ། བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་དང། ཐོས་པ་འཛིན་པ་རྣམས་དང། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ གང་ཡིན་པ་དེའི་ཡིན་གྱི། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག་།འདི་ནི། ཚེ་དང་ལྡན་པ་མཛེས་དགའི་གཙུག་ལག་ཁང་སྟེ། བཅོམ་ལྡན་འདས་ཀྱི་གཅུང་པོ་སྲུའི་སྲས་ལས་རབ་ཏུ་ བྱུང་བ། གལ་ཏེ་རབ་ཏུ་མ་བྱུང་ན་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བ། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང། དབང་པོ་དག་གི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ གང་ཡིན་པ་དེའི་ཡིན་གྱི། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག་།འདི་ནི། ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱི་གཙུག་ལག་ཁང་སྟེ་བཅོམ་ལྡན་འདས་ཀྱི་སྲས་ལས་རབ་ཏུ་བྱུང་བ་ [58B] མཐུ་དང་ལྡན་པའི་རྒྱལ་པོར་འགྱུར་བ་གང་ཡིན་པ། གང་རབ་ཏུ་བྱུང་བས་རྒྱལ་པོ་མང་པོས་བཀུར་གྱི་རྒྱུད་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་དག་པར་རྒྱུད་ཆད་པ། བཅོམ་ལྡན་འདས་ ཀྱིས་བསླབ་པ་འདོད་པ་རྣམས་དང། བསླབ་པ་ལ་གུས་པ་རྣམས་དང་བསླབ་པ་ལ་ཡོ་བྱད་བསྙུངས་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱི། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ ཅིག་འདི་ནི། ཚེ་དང་ལྡན་པ་དགའ་བོའི་གཙུག་ལག་ཁང་ངོ། །འདི་ནི། ཉེ་དགའི་འོ། །འདི་ནི། འདུན་པའི་འོ། །འདི་ནི། འགྲོ་མགྱོགས་ཀྱིའོ། །འདི་ནི། ནབ་སོའི་འོ། །འདི་ནི། ཁོ་བོའི་གཙུག་ལག་ཁང་ངོ། ། ཅི༑ འདི་ཡང་བལྟ་བར་བྱེད་དམ། འཕགས་པ། ཅི་བདག་ཅག་གི་གཙུག་ལག་ཁང་ཐམས་ཅད་བལྟས་ནས། གདོད་འཕགས་པ་འཆར་ཀའི་གཙུག་ལག་ཁང་བལྟ་བར་མི་བྒྱིའམ། བདག་ཅག་གིས་ འཕགས་པ་འཆར་ཀའི་གཙུག་ལག་ཁང་འདི་དག་ཤིན་ཏུ་བལྟ་བར་བགྱིའོ། །སྲིང་མོ་དག་དེ་བཞིན་གྱིས་ཤིག་ཚེ་དང་ལྡན་པ་འཆར་ཀ་དེ་འདོད་ཆགས་སྤྱད་པ་ཡིན་པས་དེའི་གཙུག་ལག་ཁང་གི་ གཞི་མོན་སྲན་གྲེའུ་ཕྱེ་མས་བསྐུས་པ་དང། རྩིག་པ་བཀྲ་ཞིང་ཉེ་བར་བཀྲ་བ་དང། མལ་སྟན་བེའུ་ཕྲུག་གི་སྙིང་པོ་ཅན་བཤམས་པ་དང། བུམ་པ་བཏུང་བས་བཀང་བ་བཅུ་སྣོད་དང་བཅས་པ་བཞག་ པ་དང། སྐོན་པའི་ནང་ན་བཅའ་བ་སྣ་ཚོགས་ཀྱིས་གང་བ་དག་ཡོད་དོ། །ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་རང་གི་གཙུག་ལག་ཁང་དུ་འོངས་པ་རྣམས་ལ་སྨྲས་ [59A]༄༅། །པ༑ སྲིང་མོ་དག་ཅི་ཇེ་ཁྱེའུ་སུས་བྱའམ། འོན་ཏེ་བཏུང་བ་འཐུང། འཕགས་པ། ཅི་ཆུ་ཀླུང་ཟློག་ཕྱོགས་སུ་འབབ་བབ། བདག་ཅག་གིས་འཕགས་པ་ལ་གསོལ་བར་བགྱི་བ་ གང་ལགས་པ་དེ་ཉིད་འཕགས་པས་བདག་ཅག་ལ་སྩོལ་ཏམ། འདི་ལྟར་བདག་ཅག་ལ་གང་དཀོན་པ་དེ་སྩོལ་ཅིག་སྲིང་མོ་དག་ཁྱེད་ཅག་ལ་ཅི་ཞིག་དཀོན། འཕགས་པ། ཆོས་མཉན་པའོ། ། སྲིང་མོ་དག་བཅོམ་ལྡན་འདས་ཀྱིས་གནས་དྲུག་པོ་དག་འཇིག་རྟེན་དུ་བྱུང་བ་ནི། ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། དྲུག་པོ་དེ་དག་གང་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་དང། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་དང། མི་ཉིད་དང། དབུས་པའི་གནས་སུ་སྐྱེ་བ་དང་དབང་པོ་མ་ཚང་བ་མེད་པ་དང། དགེ་བའི་ཆོས་ལ་འདུན་ པའོ། །ཞེས་ལེགས་པར་གསུངས་པས། དེའི་ཕྱིར་ཁྱེད་ཅག་དགེ་བའི་ཆོས་ལ་འདུན་པ་སྐྱེས་པ་འདི་ནི། སངས་རྒྱས་འབྱུང་བ་དང་འདྲ་སྟེ། ལེགས་སོ། །ལེགས་སོ། །སྲིང་མོ་དག་འཁོད་ཅིག་དང་ ཁོ་བོ་ཁྱེད་ལ་ཆོས་བསྟན་པར་བྱའོ། །དེ་དག་གིས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་པ་དང། དེས་དེ་དག་ལ་ཆོས་བསྟན་པར་བརྩམས་སོ།། །། འདུལ་བ་རྣམ་པར་འབྱེད་པ། བམ་པོ་རེ་དྲུག་པ། བུ་མོ་དེ་ཡང་ལྟད་མོའི་རང་བཞིན་ཅན་ཡིན་པས་རི་མོ་བལྟ་ཞིང་གཞན་དུ་སོང་ངོ་།དེ་དག་གིས་ཀྱང་ཆོས་མཉན་ནས་ཚེ་དང་ལྡན་པ་འཆར་ཀའི་རྐང་ [59B]།བུ་མོ་དེས་གཞན་དག་བྱུང་བ་ཚོར་ནས་སྒོ་ཁང་དེ་ཉིད་ན་རི་མོ་བལྟ་ཞིང་འདུག་གོ་ཚེ་དང་ལྡན་པ་འཆར་ཀས་དེ་དག་བསྐྱལ་ནས་གཙུག་ལག་ཁང་དུ་ འཇུག་པར་བརྩམས་པ་དང། དེས་བུ་མོ་དེ་སྒོ་ཁང་ན་འདུག་པ་མཐོང་ནས་དེས་དེ་ལ་སྨྲས་པ། བུ་མོ་ཁྱོད་མ་སོང་ངམ། དེས་འཛུམ་ཕྱུང་བ་དང། འཆར་ཀས་དེ་ལ་འོ་བྱས་ཏེ་ཡན་ལག་དང་ཉིང་ལག་དག་མནམས་ཀུན་ ཏུ་མནམས་སོ། །བུ་མོ་དེ་ངུ་ཞིང་ཕྱིར་བྱུང་ནས་ཕའི་གན་དུ་སོང་སྟེ་སྨྲས་པ། ཡབ། བདག་དགེ་སྦྱོང་འཆར་ཀས་གཞོན་ནུ་མ་དང་བྲལ་བར་བགྱིས་སོ། །བྲམ་ཟེ་དེས་བསམ་པ། གལ་ཏེ་ད་ཅུང་ཟད་སྨྲར་ནི། བདག་ གཅིག་པུ་ཡིན་ལ། འདི་དག་ནི། མང་བས་བདག་ལ་གནོད་པ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོང་བར་འགྱུར་གྱི། གང་དུ་གྲོགས་རྙེད་པར་གྱུར་པ་ན་ར་མདའ་བཟློག་པར་བྱའོ། །སྙམ་མོ་།རྒྱལ་ བྱེད་ཀྱི་ཚལ་དང་མཉན་ཡོད་ཀྱི་བར་ན་གནས་ཀྱི་ཤིང་ལྗོན་པ་ཞིག་ཡོད་པ་དེའི་དྲུང་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་ཅིང་འདུག་ནས་བྲམ་ཟེ་དེས། དེ་དག་ལ་སྨྲས་པ། ཤེས་ལྡན་དག་ དགེ་སྦྱོང་འཆར་ཀས་ཁོ་བོའི་བུ་མོ་གཞོན་ནུ་མ་དང་བྲལ་བར་བྱས་ཀྱི། ཁྱེད་ཅག་ཁོ་བོའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི། གྲོགས་གྱིས་ཤིག་བྲམ་ཟེ་དག་ནི། ཡོངས་སུ་མི་རྟོག་པ་ཡིན་པས་དེ་དག་དབྱུག་ པ་དག་ཐོགས་ཏེ་དེར་དོང་ངོ། །ཚེ་དང་ལྡན་པ་འཆར་ཀ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེ་དག་གིས་བཟུང་ཞིང་བཀྲི་བར་བརྩམས་པ་དང། དེ་དག་གིས་དེ་བསྒུལ་བར་ཡང་མ་ནུས་སོ། །བཅོམ་ [60A]༄༅། །ལྡན་འདས་ཀྱིས་གདུལ་བའི་དུས་མཁྱེན་ནས་དེའི་སྟོབས་དབྲི་བར་མཛད་པ་དང། དེ་དག་གིས་ཚེ་དང་ལྡན་པ་འཆར་ཀ་ཕར་དྲངས། ཚུར་དྲངས་ཏེ་ཁྲིད་དོ། །ཚེ་དང་ལྡན་པ་ འཆར་ཀས་བསམ་པ། བཅོམ་ལྡན་འདས་ཀྱིས་བདག་གནོད་པ་དང། ཉམ་ང་བ་དང། མི་བདེ་བ་བྱུང་བ་ལ་མི་དགོངས་སོ། །སྙམ་པ་དེ་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་ལ་གདམས་ པའི་ཐ་མ་འདི་ཡིན་པས་ཁྲིད་ཀྱང་བླའོ། །སྙམ་དུ་དགོངས་སོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་གཉིད་ལོག་ ཅིང་འདུག་པ་སེ་གོལ་གྱི་སྒྲས་སད་པར་མཛད་ནས་བཀའ་སྩལ་པ་རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་གྱ་ཙོམ་དུ་མི་བྱ་བར་ལེགས་པར་བརྟག་པར་བྱའོ། །ཞེས་གོ་བར་མཛད་དོ། །བཅོམ་ལྡན་འདས་ ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་གཉིད་ལོག་ཅིང་འདུག་པ་ལན་གཉིས་ལན་གསུམ་དུ་སེ་གོལ་གྱི་སྒྲས་སད་པར་མཛད་ནས་བཀའ་ སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་གྱ་ཙོམ་དུ་མི་བྱ་བར་ལེགས་པར་བརྟག་པར་བྱའོ། །ཞེས་གོ་བར་མཛད་དོ། །བྲམ་ཟེ་དེ་དག་གིས་ཀྱང་ཚེ་དང་ལྡན་པ་འཆར་ཀ་རྒྱལ་པོའི་ཕོ་བྲང་གི་སྒོར་ ཁྲིད་དོ། །དེ་ན་རྒྱལ་པོའི་ཕོ་བྲང་གི་སྒོ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དག་བྲམ་ཟེ་རྣམས་ཀྱིས་དགེ་སྦྱོང་འཆར་ཀ་བཟུང་སྟེ་རྒྱལ་པོའི་སྒོར་ཁྲིད་དེ་འོངས་སོ། །ཞེས་སྒྲ་མཐོན་པོ་དང། སྒྲ་ཆེན་པོ་འབྱིན་ [60B] ༑ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་གཉིད་ལོག་པ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེས་སད་ནས་དེས་ཞོ་ཤས་འཚོ་བ་དག་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ ཕྱིར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདི་དག་སྒྲ་མཐོན་པོ་དང་སྒྲ་ཆེན་པོ་འབྱིན་པར་བྱེད། དེ་དག་གིས་སྨྲས་པ། ལྷ། བཙུན་པ་འཆར་ཀ་དང། བྲམ་ཟེའི་བུ་མོ་ཞིག་དང། བྲམ་ཟེ་ཞིག་དང། བྲམ་ཟེའི་ཁྱེའུ་ལྔ་ བརྒྱ་ཙམ་རྒྱལ་པོའི་ཕོ་བྲང་གི་ཆབ་སྒོ་ན་བླག་ཅོར་མཆི་ཞིང་མཆིས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བསམ་པ། བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས་བདག་ལ་རྒྱལ་པོ་ཆེན་པོ། ཁྱོད་ ཀྱིས་གྱ་ཙོམ་དུ་མི་བྱ་བར་ལེགས་པར་བརྟག་པར་བྱའོ། །ཞེས་བཀའ་སྩལ་ཏོ། །སྙམ་དུ་རིག་གོ་མཉན་ཡོད་ན་ཆོས་ཉིད་ཀྱིས་གང་གི་ཚེ་རྩོད་པ་ཆེན་པོ་བྱུང་བ་དེའི་ཚེ་ན་རྔ་བོ་ཆེ་རྡུང་ཞིང། དུང་སྒྲིལ་མ་ཡང་ འབུད་པར་བྱེད་པས། རྒྱལ་པོ་གསལ་རྒྱལ་གྱིས་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག་རྔ་བོ་ཆེ་ཡང་རྡུང་ཞིག་དུང་སྒྲིལ་མ་ཡང་བུས་ཤིག་དེ་དག་གིས་རྔ་བོ་ཆེ་བརྡུངས་ཤིང་དུང་སྒྲིལ་མ་ བུས་པ་དང། རྒྱལ་པོ་དང་བཅས་པའི་འཁོར་འདུས་པར་གྱུར་ཏོ་།རྒྱལ་པོས་སྨྲས་པ། བྲམ་ཟེ་དེ་དང། བཙུན་པ་འཆར་ཀ་ནང་དུ་ཐོང་ཞིག་དེ་གཉིས་ནང་དུ་འོངས་པ་དང། རྒྱལ་པོས་བྲམ་ཟེ་དེ་ ལ་སྨྲས་པ། བྲམ་ཟེ། ཁྱེད་ཅི་ཟེར། ལྷ། དགེ་སྦྱོང་འཆར་ཀས་བདག་གི་བུ་མོ་ཞིག་གཞོན་ནུ་མ་དང་བྲལ་བར་བགྱིས་སོ། །རྒྱལ་པོས་སྨྲས་པ། བཙུན་པ་འཆར་ཀ། བྲམ་ཟེ་འདི་དེ་སྐད་མཆི་ན་ [61A]༄༅། །ཁྱོད་ཅི་གསུང། ལྷ། བདག་གིས་དེ་ལ་སྡིག་པའི་ལས་མ་བགྱིས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་།འདི་ཇི་ལྟར་དཔྱད་པར་བྱ། བློན་པོ་རྣམས་ ཀྱིས་སྨྲས་པ། ལྷ། བཅོམ་ལྡན་འདས་ཀྱིས་ཁྱོད་ཉིད་སྤོབས་པ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་པས། ལྷ་ཉིད་ཀྱི་ཞལ་མཆུ་འདི་དགུམ་དུ་གསོལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་འདི་ ལ་ཇི་ལྟར་ཤེས་པས་ནི། གཟུགས་དག་མཐོང་མོད། བཙུན་མོའི་འཁོར་གྱིས་ནི། བུ་མོ་བརྟག་མོད། བུ་མོ་དེ་བཙུན་མོའི་འཁོར་གྱི་ནང་དུ་ཐོང་ལ་བརྟག་ཏུ་ཆུག་ཅིག་དེ་དག་གིས་བུ་མོ་དེ་བཙུན་མོའི་ འཁོར་གྱི་ནང་དུ་བཏང་བ་དང། བཙུན་མོ་ཕྲེང་ལྡན་མས་བུ་མོ་དེ་པང་བར་བསྙལ་ཏེ་སྨྲས་པ། བུ་མོ། བདེན་པར་སྨྲོས་ཤིག་གལ་ཏེ་ཁྱོད་བཙུན་པ་འཆར་ཀས་གཞོན་ནུ་མ་དང་བྲལ་བར་བྱས་ན་ཡང། དེ་ནི། བྲམ་ ཟེ་མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱི་ཁྱིམ་ཐབ་ཀྱི་ཐབ་རིར་འབབ་པར་འགྱུར་རོ། །འོན་ཏེ་ཁྱོད་ཕྱུག་ཆུང་མ་རྨས་པ་ཚུལ་ཁྲིམས་དང་ལྡན་པ་ཡིན་ན་ནི། དགེ་སློང་ལ་ཡང་དག་པ་མ་ ཡིན་པས་བསྐུར་ན། སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ་།བུ་མོ་དེས་སྨྲས་པ། རྗེ་མོ། བདག་དེས་གཞོན་ནུ་མ་དང་བྲལ་བར་མ་བགྱིས་ཏེ། འདི་ལྟར་དེས་འོ་བགྱིས་ཤིང། ཡན་ལག་དང་ ཉིད་ལག་དག་ཀུན་ཏུ་མནམས་སོ། །བཙུན་མོ་ཕྲེང་ལྡན་མས་སྨྲས་པ་བུ་མོ། ཁྱོད་ཀྱིས་དོན་དེ་ཙམ་ཞིག་ལ་རྒྱལ་པོ་དང་བཅས་པའི་འཁོར་ཀུན་ཏུ་དཀྲུགས་སོ། །ཅི། ཕ་དག་ཀྱང་བུ་མོ་དག་ལ་འོ་བྱེད་ཅིང། ཡན་ [61B] ཉིང་ལག་དྲག་ལ་མི་ནོམ་མམ། ཀུན་ཏུ་མི་ནོམ་མམ་དེ་ནས་བུད་མེད་རྒན་མོ་རྣམས་ཀྱིས་བུ་མོ་དེ་བརྟག་ན། ཇི་ཙམ་ན་ཕྱུག་ཆུང་མ་ཉམས་པར་འགྱུར་ནས་དེ་དག་གིས་རྒྱལ་པོ་ལ་སྨྲས་པ། ལྷ། བུ་མོ་ འདི་ཕྱུག་ཆུང་མ་ཉམས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འདི་ལ་གང་ཡུས། བློན་པོ་རྣམས་ཀྱིས་སྨྲས་པ་ལྷ། བཙུན་པ་འཆར་ཀ་ཡུས་སོ། །རྒྱལ་པོས་སྨྲས་པ། ཤེས་ ལྡན་དག་དེངས་ལ་བྲམ་ཟེ་འདི་རྒྱ་སྐེགས་ཀྱི་ཁང་པར་ཆུག་ལ་མེས་སྲེགས་ཤིག་བུ་མོ་དེ་ཡང་རྟེའུ་དམུ་རྒོད་ཀྱི་རྐང་པ་གཉིས་ལ་ཐོགས་ཤིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་ཀྱང་ལག་པ་དང། རྐང་པ་ དག་ཆོད་ཅིག་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ལྷ། གལ་ཏེ་བདག་ལ་བརྟེན་ཏེ་སེམས་ཅན་དེ་སྙེད་ཅིག་ཆབ་སྩལ་བར་གྱུར་ན་དོན་གྱིས་ལྷས་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལས་ཕྱུང་ལགས་ སོ༑ ༑རྒྱལ་པོས་སྨྲས་པ། ཤེས་ལྡན་དག་འོ་ན་དེངས་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་ཐོང་ལ། བྲམ་ཟེ་འདི་ནི། རྒྱ་སྐེགས་ཀྱི་ཁང་པར་ཆུག་ལ་མེས་སྲེགས་ཤིག་བུ་མོ་དེ་ཡང་རྟེའུ་དམུ་རྒོད་ཀྱི་རྐང་པ་ གཉིས་ལ་ཐོགས་ཤིག་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ལྷ་གལ་ཏེ་བདག་ལ་བརྟེན་ཏེ་ཐ་ན་གྲོག་མ་ཕྲ་མོ་འགའ་ཞིག་ལ་གནོད་པར་གྱུར་ན་ཡང་དོན་གྱིས་ལྷས་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ ལས་ཕྱུང་བ་ཁོ་ན་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱི་ཉན་ཐོས་འདོད་ཆགས་དང་མ་བྲལ་ན་ཡང་སོ་སོར་རྟོག་པའི་སྟོབས་ལ་ལྟོས། གལ་ཏེ་བྲམ་ཟེ་ [62A]༄༅། །དག་གིས་བཙུན་པ་འཆར་ཀ་ཐུབ་པར་གྱུར་ན་ནི། རྡོ་གཅིག་གིས་ཀྱང་གསོད་པར་འགྱུར་རོ། །ཤེས་ལྡན་དག་དེངས་ལ་ཐམས་ཅད་ཁྱེ་ཞིག་དེ་དག་བཀྱེ་ནས་འགྱེས་ རྔ་བརྡུངས་ཤིང་ཡོལ་བས་བཅད་པ་དང། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དག་སོ་སོར་གྱེས་སོ། །རྒྱལ་པོ་དང། བཙུན་མོ་ཕྲེང་ལྡན་མ་དང། ཚེ་དང་ལྡན་པ་འཆར་ཀ་གསུམ་འདུག་པ་ན། རྒྱལ་པོས་བཙུན་མོ་ ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ། བཙུན་པ་འཆར་ཀས་ཇི་ལྟར་བུའི་ཕན་ཕུན་བྱས་པས་རྒྱལ་པོ་དང་བཅས་པའི་འཁོར་ཀུན་ཏུ་དཀྲུགས་པ་ལ་ལྟོས། བཙུན་མོ་ཕྲེང་ལྡན་མས་ཚེ་དང་ལྡན་པ་ འཆར་ཀ་ལ་སྨྲས་པ། བཙུན་པ་འཆར་ཀ། ཁྱོད་པས་སླད་ཀྱིས་རབ་ཏུ་བྱུང་བ་དགེ་སློང་མ་ཨུཏྤ་ལའི་མདོག་དང། དགེ་ཚུལ་མ་སྐུལ་བྱེད་དང། དགེ་ཚུལ་མ་ཅི་རི་ཀ་དང། གཞན་ཡང་མང་པོ་གང་ ལགས་པ་དེ་དག་ཐམས་ཅད་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་ན། ཁྱོད་ཀྱིས་ནི། རྒྱལ་པོ་དང་བཅས་པའི་འཁོར་གྱི་ནང་དུ་མི་མཛེས་པ་འདི་ལྟ་བུ་བགྱིས་པར་ གྱུར་ཀྱང་ད་དུང་སྐྱོ་བ་མི་མྔའམ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཕྲེང་ལྡན་མ། ད་ཕྱིན་ཆད་འཁོར་བར་འཁོར་བ་ན་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་ཏུ་སྤྱོད་པར་མི་འགྱུར་བ་དེ་ལྟར་བྱའོ། །ཞེས་ སྨྲས་ནས་དེ་སྟན་ལས་ལངས་ཏེ་སོང་ངོ། །དེ་ངོ་ཚ་བས་བཅོམ་ལྡན་འདས་དང་འཕྲད་པར་མ་ནུས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་ [62B] །མཁན་པོ། ཇི་ལྟར་བདག་འཁོར་བར་འཁོར་བ་ན་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་ཏུ་སྤྱོད་པར་མི་འགྱུར་པ་དེ་ལྟར་བདག་ལ་ཆོས་བསྟན་དུ་གསོལ། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་ པ༑ ལྟུང་བ་ལྷག་མ་མེད་པ་བྱུང་བར་མ་གྱུར་ཏམ་སྙམ་ན། ཇི་ཙམ་ན་དེས་ལྷག་མ་ཡོད་པར་མཐོང་ནས། དེས་དེ་བཤགས་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་འཆགས་སུ་བཅུག་བསྡམ་ པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་སྡོམ་དུ་བཅུག་ནས་དེས་དེ་ལ་འདི་དང་འདི་ལྟར་ཡིད་ལ་གྱིས་ལ་བག་ཡོད་པས་སྒྲུབས་ཤིག་ཅེས་གདམས་ངག་བྱིན་ནོ། །དེ་ནས་ཚེ་དང་ལྡན་པ་འཆར་ ཀ་གཅིག་པུ་དབེན་པ། བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་བཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་ དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ། ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས། བདག་གི་སྐྱེ་བ་ཟད་ དོ༑ ༑ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་གོ་བར་བྱེད་ཅིང། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་ དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙནྡན་བཞག་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང། རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་ [63A]༄༅། །དག་པར་རིག་པ་ཐོབ་པ། སྲིད་པ་དང། འདོད་པའི་རྙེད་པ་དང། བཀུ་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་ རྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་དགྲ་བཅོམ་པ་ཉིད་ཐོབ་ཅིང་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བ་ན། འདི་སྙམ་དུ་སེམས་ཏེ། བཅོམ་ ལྡན་འདས་ནི། བདག་ལ་ཕན་པ་མཛད་པ། བདེ་བར་གཤེགས་པ་ནི་བདག་ལ་ལེགས་པར་མཛད་པ་སྟེ། འདི་ལྟར། བཅོམ་ལྡན་འདས་དེ་ནི་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་དག་སེལ་ བར་མཛད་པ། བཅོམ་ལྡན་འདས་དེ་ནི། བདག་གི་བདེ་བའི་ཆོས་མང་པོ་དག་སྒྲུབ་པར་མཛད་པ། བཅོམ་ལྡན་འདས་དེ་ནི། བདག་གི་མི་དགེ་བའི་ཆོས་རྣམ་པ་དུ་མ་དག་སེལ་བར་མཛད་པ། བཅོམ་ལྡན་ འདས་དེ་ནི། བདག་གི་དགེ་བའི་ཆོས་རྣམ་པ་དུ་མ་དག་སྒྲུབ་པར་མཛད་པ་ལགས་ན། བདག་གིས་ཅི་ཞིག་བྱས་ན། དེས་བདག་གིས་བཅོམ་ལྡན་འདས་ལ་ལན་བྱས་པ་དང། ཉེ་བར་བྱས་པ་དང། རབ་ཏུ་ བྱས་པར་འགྱུར་སྙམ་ནས། དེས་ཡང་བསམ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དཀའ་བ་མཛད་པ་བརྒྱ་སྟོང་དུ་མ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོངས་སུ་རྫོགས་པ་མཛད་ནས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི། སེམས་ཅན་ལ་ཕན་པའི་ཕྱིར་ཡིན་པས། བདག་གིས་ཀྱང་སེམས་ཅན་ལ་ཕན་པ་བྱའོ། །སྙམ་མོ།། [63B] བཅོམ་ལྡན་འདས་ཀྱིས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་འགའ་ཡོད་དམ་སྙམ་ན། དེས་ཇི་ཙམ་ན་མེད་པར་མཐོང་ངོ། །སུ་ལ་ལྟོས་སྙམ་ན། བདག་ཉིད་ལ་ལྟོས་པར་ མཐོང་ནས། ལེགས་ཀྱི། བདག་གིས་སྟོན་པའི་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་པར་བྱའོ། །སྙམ་མོ། །གང་འདུལ་བའི་དུས་ཡིན་སྙམ་ན་མཉན་ཡོད་ན་བྲམ་ཟེ་ཞི་བ་ལ་དད་པ། ཞི་བ་ལ་བསྙེན་བཀུར་ བྱེད་པ་ཞིག་འདུག་ནས་ཚེ་དང་ལྡན་པ་འཆར་ཀས་བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ནོ། །སྙམ་ནས་དེ་དེའི་གན་དུ་སོང་བ་དང་བྲམ་ཟེ་དེས་ཀྱང་ཞི་བ་ལ་བསྙེན་བཀུར་བྱས་ནས། ཀྱེ་བྲམ་ཟེ་བྲམ་ ཟེ་ཞེས་བྲམ་ཟེ་ཚོལ་བར་བྱེད་དོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོ་བྲམ་ཟེ་ཡིན་ནོ། །དེས་སྨྲས་པ། བྲམ་ཟེ་ནི། ཐོར་ཚུགས་ཅན་གྱི་ཁྱོད་ནི། དགེ་སྦྱོང་མགོ་རེག་ཡིན་ནོ། །ཚེ་དང་ལྡན་པ་འཆར་ ཀས་སྨྲས་པ། འདི་ལྟར། ཁོ་བོ་བྲམ་ཟེ་ཡིན་ཞིང། ཁོ་བོའི་སྟོན་པ་ཡང་བྲམ་ཟེའི་མཆོག་ཡིན་ན། ཁྱོད་ནི། ཞི་བ་འདི་ལ་མངོན་པར་དད་དམ། དེས་སྨྲས་པ། མངོན་པར་དད་དོ། །ཚེ་དང་ལྡན་པ་འཆར་ ཀས་སྨྲས་པ། ཀྭའི་ཞི་བ་སྨྲོས་ཤིག་ཇི་ལྟར་ཁོ་བོ་བྲམ་ཟེ་ཡིན་ཞིང་ཁོ་བོའི་སྟོན་པ་ཡང་བྲམ་ཟེའི་མཆོག་ཡིན་ནམ། ཞི་བས་སྨྲས་པ། འཕགས་པ་འཆར་ཀ། དེ་དེ་བཞིན་ཏེ། ཁྱོད་ནི། བྲམ་ཟེ་ལགས་ཤིང། ཁྱོད་ ཀྱི་སྟོན་པ་ཡང་བྲམ་ཟེའི་མཆོག་ལགས་སོ། །བྲམ་ཟེ་དེས་བསམ་པ་བདག་གིས་ཡུན་རིང་པོ་ནས་ཞི་བ་ལ་བསྙེན་བཀུར་བྱས་ན། འདིས་ལན་འགའ་རྨི་ལམ་དུ་ཡང་མ་བསྟན་ན། བཙུན་པ་འཆར་ཀས་ [64A]༄༅། །སྨྲས་པ་ལ་ཚིག་སྨྲ་བར་བྱེད་པས། ཀྱེ་མ་བཙུན་པ་འཆར་ཀ་ནི། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ཡིན་ནོ། །སྙམ་ནས་དེས་སྨྲས་པ། བཙུན་པ་འཆར་ཀ། །ཅིའི་སླད་དུ་བྱོན། ཁྱོད་ ཉིད་འདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག་ཚེ་དང་ལྡན་པ་འཆར་ཀ་དེ་ཉིད་དུ་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང། བྲམ་ཟེ་དེ་ ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆེས་མཉན་པའི་ཕྱིར་འདུག་ནས་ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་འདི་ ལྟར༑ བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས་བྱམས་ པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང་ཐར་ [64B] ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང་མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བས་ པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ་བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ ནི༑ མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས། ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང། གནས་མལ་དང། སྙུང་བའི་རྐྱེན་དང་ སྨན་གྱི་ཡོ་བྱད་དག་བཞེས་བར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་ བྱ་དགོས་སོ། །ཞེས་སྨྲས་ཏེ། དང་དུ་མ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་དང་པོ་གཉིས་ཀ་ནས་བཏུལ་ཅིང་བཞག་གོ་ཚེ་དང་ལྡན་པ་འཆར་ཀས་བསམ་ པ། གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞི་བ་ལ་དད་པ། ཞི་བ་ལ་བསྙེན་བཀུར་བྱེད་པ་ཞིག་འདུག་ནས་ཚེ་དང་ལྡན་པ་འཆར་ཀས་བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ནོ་།སྙམ་ [65A]༄༅། །ནས། དེ་དེའི་གན་དུ་སོང་བ་དང། བྲམ་ཟེ་དེས་ཀྱང་ཞི་བ་ལ་བསྙེན་བཀུར་བྱས་ནས། ཀྱེ་བྲམ་ཟེ་བྲམ་ཟེ་ཞེས་བྲམ་ཟེ་ཚོལ་བར་བྱེད་དོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོ་བྲམ་ ཟེ་ཡིན་ནོ། །དེས་སྨྲས་པ། མགོ་རེག་འདི་ལྟ་བུ་བྲམ་ཟེ་ག་ལ་ཡིན་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བྲམ་ཟེ་ཇི་ལྟ་བུ་ཡིན། དེས་སྨྲས་པ། བྲམ་ཟེ་ནི། རལ་པ་ཅན་ཡིན་ནོ། །ཚེ་དང་ལྡན་པ་འཆར་ཀས་རལ་ པ་ཅན་དུ་སྤྲུལ་པ་དང། ཇི་ཙམ་ན། བྲམ་ཟེ་དེ་ངོ་མཚར་སྐྱེས་ནས། དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཉིད་འདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག་ཚེ་དང་ལྡན་པ་འཆར་ཀ་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང། བྲམ་ཟེ་དེ་ཆུང་མ་དང་བཅས་པ། ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་ མཉན་པའི་ཕྱིར་འདུག་ནས་ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ཉལ་བ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་བས་ སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་ བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ [65B] མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས་བྱམས་པ་ དང། མཛའ་བཤེས་དང། རྩ་ལག་དག་གིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང་མི་རྣམས་ཀྱི་ནང་དུ་ནི། བཞག་།འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་ པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ་བཙུན་པ་འཆར་ཀ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་ པ༑ བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ ཆད་ནས་ཇི་སྲིད་འཚོ་བའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང། གནས་མལ་དང་ སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ [66A]༄༅། །ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ། །ཞེས་སྨྲས་ཏེ། དང་དུ་མ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་གཉིས་པ་གཉི་ག་ ནས་བཏུལ་ཅིང་བཞག་གོ་ཚེ་དང་ལྡན་པ་འཆར་ཀས་བསམ་པ། གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་སེར་སྣ་ཅན་ཞིག་འདུག་པ་དེའི་ཆུང་མ་ནོར་བུ་ལ་དགའ་ནས། ཚེ་ དང་ལྡན་པ་འཆར་ཀས་བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ནོ་།སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་ནོར་བུ་མཁན་གྱི་ཆ་ལུགས་སུ་བྱས་ཏེ་དེའི་ཁྱིམ་དུ་སོང་ནས་ནོར་བུ་སུ་ཉོ། །ནོར་ བུ་སུ་ཉོ། །ཞེས་བྱས་པ་དང། བྲམ་ཟེ་མོ་དེས་ཐོས་ནས་དེས་སྨྲས་པ། ནོར་བུ་དག་རིན་ཇི་ཙམ་དུ་འཚོང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ནོར་བུ་འདི་དག་རིན་ཆེ་མོད་ཀྱི། འོན་ཀྱང་རིན་ ཆུང་ངུའི་ཕྱིར་སྦྱིན་ནོ། །ཞེས་ཚེ་དང་ལྡན་པ་འཆར་ཀས་ནོར་བུ་མཁན་གྱི་ཆ་ལུགས་མི་སྣང་བར་བྱས་ཏེ་རང་གི་ཆ་ལུགས་ཀྱིས་འདུག་པ་དང། བྲམ་ཟེ་དེ་ངོ་མཚར་སྐྱེས་ནས་དེས་སྨྲས་པ། བཙུན་ པ་འཆར་ཀ་ཅིའི་སླད་དུ་འདིར་བྱོན། ཁྱོད་ཉིད་འདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག་ཚེ་དང་ལྡན་པ་འཆར་ཀས་དེར་ འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས་ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ [66B] ཁམས་དང། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར། བྲམ་ཟེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས་དགེ་ སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི་ བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི་ བཞག་འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ ནི། ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ་།བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་ [67A]༄༅། །དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་ པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་ སྨྲས་པ། རབ་ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པར་བྱ་དགོས་སོ། །ཞེས་སྨྲས་ཏེ། དང་དུ་མ་བླངས་སོ། །དེ་ནས་ཚེ་དང་ལྡན་ པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེ་ཁྱིམ་གསུམ་པ་གཉི་ག་ནས་བཏུལ་ཅིང་བཞག་གོ་ཚེ་དང་ལྡན་པ་འཆར་ཀས་བསམ་པ། གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ནད་པ་ཞིག་འདུག་ པ་དེ། སྨན་པ་དག་གིས་སྨན་ཁ་བ་དང། ཚ་བ་དང། བསྐ་བ་དག་གིས་ཡིད་བྱུང་ནས། དེས་སྒོ་བ་ལ་ཁྱོད་ཀྱིས་སྨན་པ་འགའ་ཡང་ནང་དུ་མ་གཏང་ཞིག་ཅེས་བསྒོས་ནས། ཚེ་དང་ལྡན་པ་འཆར་ཀས་ བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ནོ། །སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་སྨན་པའི་ཆ་ལུགས་སུ་བྱས་ཏེ་བྲམ་ཟེ་དེའི་ཁྱིམ་སྒོར་སྨན་པ་འོངས་སོ། །ཞེས་བྱས་ཏེ་བསྡད་པ་དང། སྒོ་བས་ སྨྲས་པ། ཁོ་བོ་ལ་བྲམ་ཟེས། ཁྱོད་ཀྱིས་སྨན་པ་འགའ་ཡང་ནང་དུ་མ་གཏང་ཞིག་ཅེས་སྒོ་བ་ཁོ་བོ་དེ་ཉིད་ཀྱི་ཕྱིར་བཞག་གོ་།ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁྱོད་སོང་ལ་བྲམ་ཟེ་ལ་སྨན་པ་ [67B] དེ་ན་རེ། སྨན་པ་ང་སྨན་མི་སྦྱིན། བྱ་དགའ་ཡང་མི་སློང་བར་གསང་སྔགས་དག་གིས་སོས་པར་བྱའོ། །ཞེས་ཟེར་རོ་།ཞེས་གྱིས་ཤིག་སྒོ་བ་སོང་སྟེ་བྲམ་ཟེ་དེ་ལ་དེ་སྐད་རྒྱས་པར་བརྗོད་པ་དང། དེས་ སྨྲས་པ། ནང་དུ་ཐོང་ཞིག་ཚེ་དང་ལྡན་པ་འཆར་ཀ་ནང་དུ་ཞུགས་ནས་དེས་གསང་སྔགས་དག་གིས་དེ་སོས་པར་བྱས་ནས་ཚེ་དང་ལྡན་པ་འཆར་ཀས་སྨན་པའི་ཆ་ལུགས་མི་སྣང་བར་བྱས་ཏེ་རང་གི་ཆ་ལུགས་ ཀྱིས་འདུག་པ་དང། བྲམ་ཟེ་དེ་དོ་མཚར་སྐྱེས་ནས་དེས་སྨྲས་པ་བཙུན་པ་འཆར་ཀ་ཅིའི་སླད་དུ་འདིར་བྱོན། ཁྱོད་ཉིད་འདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ ཞལ་ཟས་ཀྱི་བྱ་བ་མཛོད་ཅིག་ཚེ་དང་ལྡན་པ་འཆར་ཀ་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས་ཚེ་དང་ ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་ རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ་།དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་བཤེས་ གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ [68A]༄༅། །ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་ བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་ འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་ མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ ཏེ༑ བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་དུ་གཟུང་དུ་གསོལ་དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང་གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་ དག་བཞེས་པར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་ [68B] །ཞེས་སྨྲས་ཏེ། དང་དུ་མ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་བཞི་པ་གཉི་ག་ནས་བཏུལ་ཅིང་བཞག་གོ་ཚེ་དང་ལྡན་པ་འཆར་ཀས་བསམ་པ་གང་ འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། སེར་སྣ་ཅན། མིག་ཕྲ་བ། བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ་ ཡོ་བྱད་ཀུན་ཏུ་འཛིན་པ་ཞིག་འདུག་པ་དེ། སྒོ་དྲུང་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་འཇུག་ནས་ཚེ་དང་ལྡན་པ་འཆར་ཀས་བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ ནོ༑ ༑སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་འདུལ་བ་ལ་ལྟོས་པས་ཡང་དང་ཡང་དུ་དེར་བསོད་སྙོམས་ལ་བཞུགས་ནས། དེས་དེར་ལན་འགའ་ཡང་བསོད་སྙོམས་མ་ཐོབ་ནས། དེ་དེ་ནས་ཕྱིར་བྱུང་ བ་བྲམ་ཟེ་དེས་མཐོང་ནས། དེས་སྨྲས་པ། ཀྱེ་དགེ་སྦྱོང། ཁྱེད་ཡང་དང་ཡང་དུ་དེར་འཇུག་ན། རྙེད་པ་ཅུང་ཟད་ཡོད་དམ། ཚེ་དང་ལྡན་པ་འཆར་ཀས་དེའི་དད་པའི་ནོར་ལས་བསམ་སྟེ་སྨྲས་པ་བྲམ་ཟེ་ ཁྱོད་ཉིད་ལ་ཡང་མེད་ན། ཅི་ཞིག་སྦྱིན་པར་བྱེད། བྲམ་ཟེ་དེས་སྤྱོས་ཏེ་སྨྲས་པ། དགེ་སྦྱོང་ཁྱོད་ཁྱིམ་མི་དང་བཅས་པ་ཐམས་ཅད་ལ་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་འཆར་ཀས་ཐབས་ཡིན་ནོ། ། ཞེས་སྨྲས་ཏེ་སོང་ངོ། །དེ་ན་བྲམ་ཟེའི་ཁྱེའུ་དགེ་སློང་གི་རྒྱུས་ཤེས་པ་ཞིག་གིས་བྲམ་ཟེ་དེ་ལ་སྨྲས་པ། མཁན་པོས། དེ་དག་གིས་ཐབས་ཡིན་ནོ། །ཞེས་བགྱིས་པ་དེའི་དོན་ཅི་ལགས་མཁྱེན་ཏམ་ [69A]༄༅། །དེས་སྨྲས་པ། མི་ཤེས་སོ། །སྐོལ་གྱིས་དང་དུ་བླང་ངོ་།ཞེས་སྨྲས་པ་གང་ལགས་པ་དེའི་དོན་ནི། དེ་དག་གིས་ཐབས་ཡིན་ནོ་།ཞེས་སྨྲས་པ་དེ་ལགས་སོ། །དེས་ཡང་ སྨྲས་པ། མཁན་པོས། དེ་དག་གི་ཁྱིམ་མི་དང་བཅས་པ་ཐམས་ཅད་ཅེས་བགྱི་བ་དེའི་དོན་ཅི་ལགས་མཁྱེན་ཏམ། དེས་སྨྲས་པ། མི་ཤེས་སོ། །དེ་དག་གི་ཁྱིམ་མི་དང་བཅས་པ་ཐམས་ཅད་ཅེས་བགྱི་བ་ ནི༑ རྒྱལ་རིགས་དགེ་སྦྱོང་གཽ་ཏ་མ་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་དང་བཅས་པ་ལགས་ཏེ། དེ་ལྟར་ན། མཁན་པོས་དོན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་པར་གྱུར་ཏོ། ། བྲམ་ཟེ་དེས་སྨྲས་པ། ཁོ་བོས་བྲམ་ཟེ་རིག་བྱེད་གསུམ་པ་དང་ལྡན་པ་དག་མ་མཐོང་ངམ། ཅི་ན། གང་གི་ཕྱིར་དགེ་སྦྱོང་མགོ་རེག་དག་ལ་སྦྱིན་པར་བྱེད། དེས་སྨྲས་པ། དགེ་སྦྱོང་དེས་དེང་མཁན་ པོའི་མཚན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་མཁན་པོའི་སྡུམ་པར་སྤྱན་འདྲེན་པར་བགྱིད་དོ། །བྲམ་ཟེས་སྨྲས་པ་ཅིའི་ཕྱིར་དེ་དེ་ལྟར་བྱེད། དེས་སྨྲས་པ། མཁན་ པོ༑ གལ་ཏེ་བདག་ལ་ཐུགས་མི་ཆེས་ན། བྲམ་ཟེའི་ཁྱེའུ་ཞིག་རྟོག་ཏུ་གཏང་དུ་གསོལ། དེས་བྲམ་ཟེའི་ཁྱེའུ་ཞིག་རྟོག་ཏུ་བཏང་བ་དང། ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀས་སངས་རྒྱས་ལ་ སོགས་པ་དགེ་སློང་གི་དགེ་འདུན་ཚོགས་པ་ན། རྒན་པའི་མཐའ་ལོགས་སུ་འདུག་སྟེ། བྲམ་ཟེ་ཆེ་གེ་མོ་ཞིག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་ [69B] །ཞེས་བྲམ་ཟེ་དེའི་མིང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་སྤྱན་དྲངས་བ་དེས་ཐོས་སོ་།བྲམ་ཟེའི་ཁྱེའུ་དེས་དེ་ཐོས་ནས་ཕྱིར་འོངས་ཏེ་བྲམ་ཟེ་དེ་ལ་སྨྲས་པ་ མཁན་པོ། དེ་བཞིན་ཏེ། བཙུན་པ་འཆར་ཀས་མཁན་པོའི་མཚན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་མཁན་པོའི་སྡུམ་པར་སྤྱན་དྲངས་ཀྱི། ཞལ་ཟས་སྟ་གོན་བགྱིད་དུ་སྩོལ་ ཅིག་དེས་སྨྲས་པ། ཁོ་བོས་བྲམ་ཟེའི་རིག་བྱེད་གསུམ་དང་ལྡན་པ་དག་མ་མཐོང་ངམ། ཅི་ན། གང་གི་ཕྱིར་དགེ་སྦྱོང་མགོ་རེག་དག་ལ་སྦྱིན་པར་བྱེད། དེ་དག་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ ཁྱིམ་དུ་ཟ་བར་འགྱུར་གྲང། ཇི་ཙམ་ན་དེ་ནང་པར་ལངས་པ་དང་དགེ་སློང་ཆུའི་གཙང་སྦྱོར་དག་བྲམ་ཟེ་དེའི་ཁྱིམ་དུ་ལྷགས་ཏེ་སྨྲས་པ། བྲམ་ཟེ། ཆུ་གང་དུ་གཞག་པར་བྱ། བྲམ་ཟེ་དེས་སྨྲས་པ། ཁྱིམ་བདག་མགོན་ མེད་ཟས་སྦྱིན་གྱི་སྡུམ་པར་རོ། །དེ་བཞིན་དུ་བཤོས་ཀྱི་གཙང་སྦྱོར་དག་ལྷགས་ཏེ་སྨྲས་པ། བྲམ་ཟེ། ཞལ་ཟས་གང་དུ་བརྟག་པར་བྱ། བྲམ་ཟེ་དེས་སྨྲས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྡུམ་པར་ རོ༑ ༑བཅོམ་ལྡན་འདས་ཀྱི་གང་གི་ངོར་མགྲོན་དུ་བོས་བ་དེས་དུས་སྔར་འགྲོ་བར་བྱ་ཞིང། མ་ཟིན་པ་དག་ཟིན་པར་བྱའོ། །ཞེས་བཀའ་སྩལ་པས། ཚེ་དང་ལྡན་པ་འཆར་ཀ་ནང་པར་སྔར་ལངས་ཏེ་འཕགས་ པ་དང། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལམ་ཀར་དེ་མཐོང་ནས་སྨྲས་པ། བཙུན་པ་འཆར་ཀ་གར་བཞུད། དེས་སྨྲས་པ། བྲམ་ཟེ་ཞིག་གིས་བདག་ལ་བརྟེན་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ [70A]༄༅། །འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པས་དེར་འགྲོའོ། །ཁྱིམ་བདག་གིས་སྨྲས་པ། བྲམ་ཟེ་དེ་ནི། མ་དད་པ་ལགས་ཀྱི། སངས་རྒྱས་ལ་སོགས་པ་དགེ་སློང་གི་ དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་བཅད་པར་གྱུར་ན་མི་རུང་གི་།བདག་ཀྱང་མཆིའོ། །དེ་གཉིས་དེར་དོང་བ་དང། ཇི་ཙམ་ན་བྲམ་ཟེ་དེ་སྙིང་ལས་ཆུང་ངུར་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ གྱིས་དེ་ལ་སྨྲས་པ། བྲམ་ཟེ། ཁྱོད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ན། ཅིའི་ཕྱིར་སྙིང་ལས་ཆུང་ངུར་འདུག་ཞལ་ཟས་སྟ་གོན་ བྱེད་ན། ཅི་ཉེས། བྲམ་ཟེ་དེས་སྨྲས་པ། ཁོ་བོ་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་དག་མ་མཐོང་ངམ། ཅི་ན། དགེ་སྦྱོང་མགོ་རེག་དག་ལ་སྦྱིན་པར་བྱེད། ཁྱོད་བདག་གི་ཁྱིམ་དུ་ཟན་བྱིན་ཅིག་ཁྱིམ་ བདག་གིས་སྨྲས་པ། བྲམ་ཟེ་ཁོ་བོ་ལ་འབྱོར་པ་མེད་སྙམ་མམ། ཁོ་བོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་དང། ན་བཟའ་དང། གནས་མལ་དང་ སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་གིས་བསྙེན་བཀུར་བྱེད་པར་ཡང་སྤྲོ་མོད་ཀྱི། འོན་ཀྱང་ཁོ་བོ་ཁྱོད་ལ་ཕན་གདགས་པའི་ཕྱིར་སྨྲའི། ཁྱོད་སྙིང་ལས་ཆུང་ངུར་མ་འདུག་པར་ཞལ་ཟས་སྟ་གོན་ གྱིས་ཤིག་འདི་ལྟར། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་དང། བཙུན་མོ་ཕྲེང་ལྡན་མ་དང། རྒྱལ་རིགས་དབྱར་ཚུལ་མ་དང། བླ་མཁྱེན་ [70B] རྙིང་པ་དང། ཁོ་བོ་དང། གཞན་ཡང་བྲམ་ཟེ་དང། ཁྱིམ་བདག་རྒྱ་ཆེ་རྒུ་དག་གིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་ཡིན་པས། གལ་ཏེ་ཁྱོད་ལ་བརྟེན་ནས་སངས་ རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་བཅད་པར་གྱུར་ན། ཁྱོད་ལ་རྒྱལ་པོ་གདོན་མི་ཟ་བར་གནོད་པ་བྱེད་པར་འགྱུར་ཞིང། ཁྱོད་ཕྱག་སྦལ་དུ་བཅུག་པས་འཆི་དགོས་པར་འགྱུར་པ་གང་ ཡིན་པ་དེ་ལྟ་བུའི་གནས་ཀྱང་ཡོད་པར་འགྱུར་རོ། །བྲམ་ཟེ་དེ་སྐྲག་སྟེ་བསམ་པ། དེ་ལྟར་འགྱུར་རོ། །སྙམ་ནས་སྨྲས་པ། ཁྱིམ་བདག་།བདག་གིས་ཞལ་ཟས་སྟ་གོན་མ་བྱས་ན། ད་ཇི་ལྟར་བྱ། ཁྱིམ་བདག་ གིས་སྨྲས་པ། བྲམ་ཟེ། མཉན་ཡོད་ན་གང་ཉོ་བས་མི་རྙེད་པའི་རྫས་དེ་ལྟ་བུ་མེད་ཀྱི། ཀརཤ་པ་ཎ་འོན་ཅིག་དང། ཁོ་བོས་ཞལ་ཟས་སྟ་གོན་བྱའོ། །བྲམ་ཟེས་སྨྲས་པ། ཁྱིམ་བདག་ཀརཤ་པ་ཎ་ཇི་སྙེད་དག་གིས་སངས་ རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་གདུགས་ཚོད་འབྱོར་པར་འགྱུར། ཁྱིམ་བདག་གིས་སྨྲས་པ། ཀརཤ་པ་ཎ་ལྔ་བརྒྱས་སོ་།བྲམ་ཟེ་དེས་ཁྱིམ་བདག་ལ་ཀརཤ་པ་ཎ་ལྔ་བརྒྱ་ཕུལ་ནས་ཁྱིམ་བདག་ མགོན་མེད་ཟས་སྦྱིན་གྱིས་དེ་དག་གི་སྟེང་དུ་ཀརཤ་པ་ཎ་གཞན་དག་གིས་ཀྱང་བསྣན་ཏེ་ཞལ་ཟས་སྟ་གོན་བྱས་སོ། །བྲམ་ཟེ་དེས་སྨྲས་པ། ཁྱིམ་བདག་བདག་ལ་སྩང་སྡེར་དག་ཀྱང་མི་བདོག་གོ་ཁྱིམ་བདག་ མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བྲམ་ཟེ། ཁྱོད་སྩང་སྡེར་དག་གིས་མ་འཚེར་བར་སྙིང་ལས་ཆུང་ངུར་འདུག་ཅིག་དང། དེ་དག་དྲང་སྲོང་གི་སྣོད་དང་བཅས་ཏེ་གཤེགས་པར་འགྱུར་རོ། །དེ་ནས་སངས་རྒྱས་ [71A]༄༅། །ལ་སོགས་པ་དགེ་སློང་གི་དགེ་འདུན་གཤེགས་ཏེ་བཞུགས་ནས་དགེ་སློང་རྣམས་ཀྱིས་ལྷུང་བཟེད་དག་བྱི་དོར་བྱས་པ་བྲམ་ཟེ་དེས་མཐོང་ནས་དེས་བསམ་པ། རེ་ཞིག་སྣོད་དག་ ཀྱང་བདག་གིས་བྱི་དོར་བྱ་མི་དགོས་སོ། །སྙམ་ནས་དེ་མངོན་པར་དད་པར་གྱུར་ཏེ། ཚེ་དང་ལྡན་པ་འཆར་ཀ་ལ་སྨྲས་པ། བཙུན་པ་འཆར་ཀ། ཁྱོད་བདག་གིས་དགེ་བའི་བཤེས་གཉེན་ལགས་ཀྱི། ཁྱོད་ ཀྱིས་ཀྱང་བྲིམ་པ་མཛོད་ལ་སླད་ཀྱིས་བཤོས་གསོལ་ཅིག་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ནས་བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གདན་ལས་ བཞེངས་ཏེ་གཤེགས་སོ། །དེ་ནས་བྲམ་ཟེ་དེས་སྨྲས་པ། བཙུན་པ་འཆར་ཀ་ད་ཁྱོད་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག་དེ་འདུག་པ་དང་བྲམ་ཟེ་དེ་ཟས་བྲིམས་ཏེ་དེས་ཟས་ཀྱི་བྱ་བ་བྱས་པ་ དང༑ བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས་ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་ བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་ [71B] བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་ དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་ གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་དག་ནི། ཕྱེ་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་ བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། བཙུན་ པ༑ བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང་ཆོས་དང། དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་ དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ་།བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་ དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་ [72A]༄༅། །པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་།ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་ལྔ་པ་ གཉི་ཀ་ནས་བཏུལ་ཅིང་བཞག་གོ་ཚེ་དང་ལྡན་པ་འཆར་ཀས་བསམ་པ། གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་ཆུང་མ་གཟུགས་བཟང་བ། བལྟ་ ན་སྡུག་པ། མཛེས་པ་ཡིན་པས། དེ་དེ་ལ་ཤིན་ཏུ་ལྷག་པར་ཆགས་པས་ཁྱིམ་དུ་འགའ་ཡང་འཇུག་ཏུ་མི་སྟེར་ནས་ཚེ་དང་ལྡན་པ་འཆར་ཀས་བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ནོ། །སྙམ་ ནས༑ དེ་བྲམ་ཟེ་དེའི་ཁྱིམ་དུ་སོང་བ་དང། ཇི་ཙམ་ན་བྲམ་ཟེ་དེ། གཅིན་གཅི་ཞིང་འདུག་པས་ཚེ་དང་ལྡན་པ་འཆར་ཀ་མཐོང་ནས་སྨྲས་པ། དགེ་སྦྱོང་མ་འཇུག་པར་སྡོད་ཅིག་ཚེ་དང་ལྡན་པ་འཆར་ ཀས་འདི་ལྟར་བྲམ་ཟེའི་གཅིན་གྱི་རྒྱུན་མི་འཆད་པ་དེ་ལྟར་བྱིན་གྱིས་བརླབས་ནས། ཚེ་དང་ལྡན་པ་འཆར་ཀ་ནང་དུ་ཞུགས་ཏེ་བྲམ་ཟེ་དེའི་ཆུང་མ་དེ་ཡང་འདི་ལྟར་དེའི་ལྟོ་ན་ནང་གྲོལ་གང་དག་ ཡོད་པ་དེ་དག་ཐམས་ཅད་ཕྱི་རོལ་ནས་སྣང་བ་དེ་ལྟར་བྱིན་གྱིས་བརླབས་ནས། ཚེ་དང་ལྡན་པ་འཆར་ཀ་ཕྱིར་བྱུང་བ་དང། བྲམ་ཟེ་དེས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་ཀྱིས་བདག་གི་མཆིས་བྲང་ གཟིགས་སམ། དེས་སྨྲས་པ། མཐོང་ངོ། །ཅི་འདྲ། ཁྱོད་ཀྱིས་ཇི་ལྟར་མཐོང་བར་གྱུར་པ་དེ་འདྲའོ། །དེ་ཞུགས་ཏེ་བལྟས་ན། དེ་ལྟར་མི་སྡུག་པར་མཐོང་ནས་དེས་དེ་ལ་སྨྲས་པ། བྲམ་ཟེ་མོ་ [72B] དེས་སྨྲས་པ། ཅུང་ཟད་ཀྱང་མ་སྨྲས་ཏེ། འདི་ལྟར། དེས་བདག་སྤྱོས་ཏེ་དམོད་མོ་བགྱིས་ཀྱི། བཞུད་ལ་དེ་ལ་བཟོད་པ་གསོལ་ཅིག་དེ་སོང་སྟེ་སྨྲས་ པ༑ བཙུན་པ་འཆར་ཀ་བདག་གི་མཆིས་བྲང་ལ་བཟོད་པ་མཛད་དུ་གསོལ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཟོད་པར་བྱའོ། །དེས་དེ་སྔོན་ཇི་ལྟ་བ་བཞིན་དུ་གྱུར་པ་དང། བྲམ་ཟེ་དེ་དད་པར་གྱུར་ ནས་དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཉིད་འདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ཅིག་ཚེ་དང་ལྡན་པ་འཆར་ ཀ་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་ རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་ བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་ [73A]༄༅། །དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་ མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ་ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི་བཞག་འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་ བདག་ནི། བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་པ་ཐག་པ་ནས་ རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀ་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ ཅི་གནང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ། །ཞེས་སྨྲས་ཏེ་ [73B] །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་དྲུག་པ་གཉི་ག་ནས་བཏུལ་ཅིང་བཞག་གོ་ཚེ་དང་ལྡན་པ་འཆར་ཀས་བསམ་པ། གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་ཆུང་མ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་ཏེ། བྲམ་ཟེ་དེས་མེ་ཏོག་དང། ཡམ་སྲེག་ཤིང་གི་ཕྱིར་ཕྱི་རོལ་ཏུ་བྱུང་བ་དང། ཚེ་དང་ལྡན་པ་འཆར་ཀས་ བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ནོ། །སྙམ་ནས། དེ་བྲམ་ཟེའི་ཁྱིམ་དུ་སོང་བ་དང། དེའི་ཆུང་མ་དེས་ཚེ་དང་ལྡན་པ་འཆར་ཀ་སྒོ་ཁང་དུ་མཐོང་ནས་དེའི་ནང་དུ་ཞུགས་པ་དང། ཚེ་དང་ལྡན་ པ་འཆར་ཀ་ཡང་ཁྱིམ་གྱི་ནང་དུ་ཞུགས་སོ། །དེ་གནས་ཁང་དུ་ཞུགས་པ་དང། ཚེ་དང་ལྡན་པ་འཆར་ཀ་ཡང་དེའི་ཕྱི་བཞིན་གནས་ཁང་དུ་བཞུགས་སོ། །དེ་གནས་ཁང་ནས་ཕྱིར་བྱུང་སྟེ་སྐས་ལས་ ཁང་སྟེང་དུ་འཛེག་པར་བརྩམས་པ་དང། ཚེ་དང་ལྡན་པ་འཆར་ཀས་ཀྱང་དེའི་ཕྱི་བཞིན་སྐས་ལས་ཁང་སྟེང་དུ་འཛེག་པར་བརྩམས་སོ། །དེས་སྐས་ཕུལ་བ་དང། ཚེ་དང་ལྡན་པ་འཆར་ཀ་ས་ལ་བསྒྱེལ་ ནས་དེ་འགོག་པ་ལ་སྙོམས་པར་ཞུགས་པ་དང། དེས་བསམ་པ། མ་ཤིའམ་སྙམ་ནས་དེ་བབས་ཏེ་བསླང་བར་བརྩམས་ནས། འགུལ་བར་ཡང་མ་ནུས་སོ། །བྲམ་ཟེ་འོངས་ནས་དྲིས་པ། འདི་ཅི་ཡིན་ བྲམ་ཟེ་མོས་རྒྱས་པར་བརྗོད་པ་དང། དེས་སྨྲས་པ། ཁྱོད་ཀྱི་འདི་དེ་ལྟར་ཕུལ་བ་ནི། མ་ལེགས་པ་བྱས་ཏེ། འདི་ནི། བྲམ་ཟེ་མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ། རྒྱལ་པོ་གསལ་རྒྱལ་གྱི་ཆུང་པོ་ [74A]༄༅། །གྲོགས། བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་ཡིན་ཏེ། འདི་དག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤངས་པ་ཐོབ་པས། བདག་ཅག་རྒྱལ་པོས་ཕྱག་སྦལ་དུ་བཅུག་པས་འཆི་ བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་།བྲམ་ཟེ་མོས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་གཏུགས་ཏེ། འཕགས་པ། ཁྱོད་ཀྱིས་མི་མཁྱེན་པ་དང། མ་གཟིགས་པ་ དང༑ མ་རིག་པ་དང། རྣམ་པར་མི་མཁྱེན་པ་ཅི་ཡང་མ་མཆིས་ཀྱི་བཟོད་པ་གསོལ་ཞེས་བཟོད་པ་གསོལ་པ་དང། ཚེ་དང་ལྡན་པ་འཆར་ཀ་ལངས་ཏེ་སྨྲས་པ། བཟོད་པར་བྱའོ། །བྲམ་ཟེ་དེ་ངོ་ མཚར་སྐྱེས་ནས་དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཉིད་འདུལ་བའི་དོན་དུའོ། །བཙུན་པ་འཆར་ཀ་དེའི་སླད་དུ་འདི་ཉིད་དུ་བཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛོད་ ཅིག་ཚེ་དང་ལྡན་པ་འཆར་ཀས་དེར་འདུག་སྟེ་ཟས་ཀྱི་བྱ་བ་བྱས་པ་དང། བྲམ་ཟེ་དེ་ཆུང་མ་དང་བཅས་པ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་ནས་ཚེ་དང་ལྡན་པ་འཆར་ ཀས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་ རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ་།དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་ [74B]ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ ཀྱིས་ཀྱང་མ་བགྱིས། སྔོན་གྱིས་ཕ་མེས་དག་གིས་ཀྱང་མ་བགྱིས་དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་ དང༑ མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་ དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ་།བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་ པ༑ བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླད་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་ བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་ [75A]༄༅། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ། །ཞེས་ སྨྲས་ཏེ། དང་དུ་མ་བླངས་སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་བདུན་པ་གཉི་ག་ནས་བཏུལ་ཅིང་བཞག་གོ་ཚེ་དང་ལྡན་པ་འཆར་ཀས་བསམ་པ། གང་འདུལ་བའི་ དུས་ཡིན་སྙམ་ན། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་ཆུང་མ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་ཏེ། བྲམ་ཟེ་དེ་མེ་ཏོག་དང་ཡམ་སྲེག་ཤིང་གི་ཕྱིར་ཕྱི་རོལ་ཏུ་བྱུང་བ་དང་ཚེ་ དང་ལྡན་པ་འཆར་ཀས་བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ནོ་།སྙམ་ནས། དེ་བྲམ་ཟེ་དེའི་ཁྱིམ་དུ་སོང་བ་དང། བྲམ་ཟེ་མོ་དེ་གཟུགས་ཀྱི་རྒྱགས་པ་དང། ལང་ཚོའི་རྒྱགས་པ་དང། རིགས་ཀྱི་ རྒྱགས་པ་དང། དབང་ཕྱུག་གི་རྒྱགས་པས་རྒྱགས་ནས་ཚིག་ཀྱང་མི་སྟེར་རོ། །ཚེ་དང་ལྡན་པ་འཆར་ཀས་དེའི་སྔོན་གྱི་ལས་ཟད་པ་ལས་བསམ་ནས་ཚིགས་སུ་བཅད་པ་སྨྲས་པ། སྲིང་མོ་རྙིང་པ་ཟད་ བྱེད་ཅིང། །གསར་པ་ཅུང་ཟད་སྐྱེད་མི་བྱེད། །བག་མེད་བརྒྱན་པ་མཐོང་ནས་ནི། །མཆི་མས་བརྣངས་པའི་བཞིན་གྱིས་དུ། །ཞེས་སྨྲས་ཏེ་སོང་ངོ། །བྲམ་ཟེ་མོ་དེ་འདིས་བདག་སྤྱོས་སོ། །ཞེས་གཤེ་ ཞིང་དེ་གོས་དྲི་མ་ཅན་གྱོན་ཏེ། ཁྲི་ཞིག་པའི་སྟེང་དུ་ཉལ་ཏེ་འདུག་གོ་བྲམ་ཟེ་དེ་འོངས་པ་དང་དེས་དེ་མཐོང་ནས་སྨྲས་པ་བྲམ་ཟེ་མོ་འདི་ཅི་ཉེས། བྲམ་ཟེ་མོས་བཤེས་ཏེ་སྨྲས་པ། གལ་ཏེ་ཁྱོད་ལ་ [75B] བགོ་བ་སྦྱིན་པའི་འབྱོར་བ་མེད་ན། ཁྱོད་ལ་ཁྱིམ་མི་མོ་བླངས་པས་ཅི་བྱ། དགེ་སྦྱོང་འཆར་ཀ་གང་ཡིན་པ་དེས་ཁོ་མོ་སྤྱོས་སོ། །བྲམ་ཟེས་ སྨྲས་པ། བཟང་མོ། དེ་ནི། བྲམ་ཟེ་མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ་ཡིན་གྱི། དེ་ལ་བཟོད་པར་གྱིས་ཤིག་བྲམ་ཟེ་མོས་སྨྲས་པ་གལ་ཏེ་དེ་གསོན་ན། ཁོ་མོ་མི་གསོན་ནོ། །བྲམ་ཟེས་སྨྲས་པ་ བཟང་མོ། འདི་ནི། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་ཡིན་ཏེ། དེ་དག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤངས་པ་ཐོབ་པས་གལ་ཏེ་ བདག་གིས་དེ་ལ་སྡུག་བསྔལ་ཅུང་ཟད་བསྐྱེད་པར་གྱུར་ན། བདག་ཅག་རྒྱལ་པོས་ཕྱག་སྦལ་དུ་བཅུག་པས་འཆི་བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱི། བཟོད་པར་གྱིས་ཤིག་བྲམ་ ཟེ་མོས་སྨྲས་པ། བྲམ་ཟེ། མང་དུ་སྨྲས་ཏེ་ཅི་རུང། གལ་ཏེ་དེ་གསོན་ན། ཁོ་མོ་མི་གསོན་ནོ། །འདོད་པ་བསྟེན་པས་ནི། སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས། བྲམ་ཟེ་དེ་རལ་གྲི་མཆན་དུ་བཅུག་སྟེ་འཕགས་པ་དང་ ཚེ་དང་ལྡན་པ་འཆར་ཀས་ཐག་རིང་པོ་ཁོ་ནས་དེ་སེམས་ཇི་ལྟ་བུས་འོང་སྙམ་ན། ཇི་ཙམ་ན་གསོད་པའི་སེམས་ཀྱིས་འོང་བར་མཐོང་ནས། ཚེ་དང་ལྡན་པ་འཆར་ཀས་ལོ་མ་མ་ཡིན་པའི་སྤྱིལ་བུ་མངོན་པར་སྤྲུལ་ནས་ དེར་ཞུགས་ཏེ་འདུག་གོ་བྲམ་ཟེ་དེས་སྨྲས་པ། བཙུན་པ་འཆར་ཀ་སྒོ་ཕྱེ་ཞིག་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁྱོད་སྐྱེས་བཟང་པོས་འོངས་པར་གྱུར་ན། ཁོ་བོས་ཅིའི་ཕྱིར་སྒོ་མི་དབྱེ། རལ་གྲི་འོར་ཅིག་ [76A]༄༅། །བྲམ་ཟེས་བསམ་པ། བགགས་ཏེ་གསད་དོ། །སྙམ་ནས་དེས་རལ་གྲི་བོར་རོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྡིག་པའི་སེམས་དེ་ཡང་འོར་ཅིག་བྲམ་ཟེ་དེས་བསམ་པ། འདི་ ནི། བདག་ཉིད་ཆེན་པོ་ཞིག་སྟེ། བདག་གི་སེམས་ཀྱང་ཤེས་སོ་།སྙམ་ནས་དེ་མངོན་པར་དད་པར་གྱུར་པ་དང། ཚེ་དང་ལྡན་པ་འཆར་ཀས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེའི་ཕྱིར་བསྡུས་ནས་དེ་བཞིན་དུ་ འདུག་གོ་བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་པ་དང། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་ དང། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་ བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ་བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀ་བདག་ལ་གང་མཛད་པ་འདི་ལྟ་ བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་ བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས་རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ་ [76B] ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བགྱིས་ཐོག་མ་མ་མཆིས་ པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་ནི། བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དད་པས་སྐྱབས་སུ་མཆིའོ། །དེ་ནས་བྲམ་ཟེ་དེས་སྨྲས་པ། བཙུན་པ། འཆར་ཀ་ཁྱོད་བདག་གི་སྡུམ་པར་བྱོན་ཏམ། སོན་ཏོ། །བཙུན་པ་འཆར་ཀས་བདག་ གི་བྲམ་ཟེ་མོ་ལ་ཇི་སྐད་བཀའ་སྩལ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོ་དེ་ལ་འདི་སྐད་ཅེས། སྲིང་མོ་རྙིང་པ་ཟད་བྱེད་ཅིང། །གསར་པ་ཅུང་ཟད་སྐྱེད་མི་བྱེད། །བག་མེད་བརྒྱན་པ་མཐོང་ནས་ནི། ། མཆི་མས་བརྣངས་པའི་བཞིན་གྱིས་དུ། །ཞེས་སྨྲས་སོ། །བཙུན་པ་ཚིགས་སུ་བཅད་པ་དེའི་དོན་ཅི་ལགས། བྲམ་ཟེ་སྔོན་བྱུང་བ། འདས་པའི་དུས་ན། རི་བྲག་ཅིག་ཏུ་དུས་སྟོན་བྱུང་ནས་དེ་ན་ཁྱིམ་བདག་ གི་ཆུང་མ་རབ་ཏུ་མང་པོ་དག་རང་གི་རྒྱན་དག་གིས་བརྒྱན་ཏེ་སྐྱེད་མོས་ཚལ་གྱི་སར་དོང་བ་དེ་དག་གྲོང་སྤྲང་མོ་ཞིག་གིས་མཐོང་ནས་དེ་བདག་ཉིད་རྒུད་པའི་མྱ་ངན་བྱེད་དོ། །སངས་རྒྱས་རྣམས་འབྱུང་བ་མེད་ [77A]༄༅། །པའི་ཚེ་རང་སངས་རྒྱས་དམན་པ་དང། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་ འཇིག་རྟེན་དུ་བྱུང་ངོ། །རང་སངས་རྒྱས་ཤིག་དེ་ལ་ཕན་གདགས་པའི་ཕྱིར་ཕྱོགས་དེར་སོང་བ་དང། དེའི་ལུས་མཛེས་པ་དང། སེམས་མཛེས་པ་གྲོང་སྤྲང་མོ་དེས་མཐོང་ནས། དེས་སྤྲང་ཟན་ཅུང་ཟད་ཅིག་ རྙེད་པ་དང། དེས་བསམ་པ། བདག་གིས་སྦྱིན་གནས་འདི་ལྟ་བུ་ལ་མཆོད་པ་མ་བྱས་པས། དེས་ན་གནས་སྐབས་འདི་ལྟ་བུར་གྱུར་གོར་མ་ཆག་གི། གལ་ཏེ་བཅོམ་ལྡན་འདས་འདི་བདག་ལས་བསོད་སྙོམས་ ཅུང་ཟད་ལེན་པར་འགྱུར་ན། བདག་གིས་འདི་ལ་དབུལ་བར་བྱའོ། །སྙམ་མོ། །རང་སངས་རྒྱས་དེས་དེ་ལ་སྙིང་བརྩེ་བའི་ཕྱིར་ལྷུང་བཟེད་བཟེད་པ་དང། དེས་དེ་ལ་ཕུལ་ལོ། །རང་སངས་རྒྱས་དེ་དེ་ལ་སྙིང་ བརྩེ་བས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང། གསལ་བ་དང་ཆར་འབེབས་པ་དང། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་ སོ། །སོ་སོའི་སྐྱེ་བོ་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས་དེས་སྨོན་ལམ་འདི་སྐད་ ཅེས། བདག་ལས་འདིའི་རྣམ་པར་སྨིན་པས་ནམ་ཡང་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་བཏབ་བོ། །བྲམ་ཟེ། དེའི་ཚེ་དེའི་དུས་ན། གྲོང་སྤྲང་མོ་གང་ཡིན་པ་དེ་ནི། ཁྱོད་ཀྱི་ཆུང་མ་དེ་ཡིན་ཏེ། དེས་རང་ [77B]ད་ལྟར་འདི་ལྟ་བུར་སྐྱེས་ཏེ་ཁོ་བོས་དེའི་ལས་ཀྱི་རྣམ་པར་སྨིན་པ་དེ་ཟད་པ་ལས་བསམ་ནས་དེ་སྐད་ཅེས། སྲིང་མོ་རྙིང་པ་ཟད་བྱེད་ཅིང།། གསར་པ་ཅུང་ཟད་སྐྱེད་མི་བྱེད། །བག་མེད་བརྒྱན་པ་མཐོང་ནས་ནི་།མཆི་མས་བརྣངས་པའི་བཞིན་གྱིས་ངུ། །ཞེས་སྨྲས་སོ། །བཙུན་པ་འཆར་ཀས་དོན་གྱིས་ན་བདག་གི་མཆིས་བྲང་ལ་བསྐུལ་བ་མཛད་དོ། ། བཙུན་པ་འཆར་ཀ་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས། བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀས་ཅང་ མི་སྨྲ་བས་དང་དུ་བླངས་པར་རིག་ནས་སོང་ངོ། །བྲམ་ཟེ་མོ་དེ་ཡང་འགྱོད་པ་སྐྱེས་ཏེ་བདག་གིས་བྲམ་ཟེ་འཆར་ཀ་སོད་ཅིག་ཅེས་མངག་པ་ནི། མ་ལེགས་པ་བྱས་ཏེ། བྲམ་ཟེ་དེས་བཙུན་པ་འཆར་ཀ་བསད་པར་ མ་གྱུར་ཏམ་སྙམ་མོ། །བྲམ་ཟེ་དེས་འོངས་པ་དང་ཆུང་མས་སྨྲས་པ། རྗེའི་སྲས། ཁྱོད་ཀྱིས་བཙུན་པ་འཆར་ཀ་མ་བཀྲོངས་སམ། བྲམ་ཟེས་སྨྲས་པ། དེ་ནི། བདག་ཉིད་ཆེན་པོ་ཡིན་པས་སུ་ཞིག་གིས་བཀྲོངས་ པར་ནུས། ཆུང་མས་སྨྲས་པ། འོ་ན་ཁྱོད་ཀྱིས་སྤྱན་མ་དྲངས་སམ། བྲམ་ཟེས་སྨྲས་པ། ཁོ་བོས་སང་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱི། ཞལ་ཟས་སྟ་གོན་གྱིས་ཤིག་བྲམ་ཟེ་མོ་དེས་ཞལ་ཟས་ གྲང་ཆ་གང་དག་ཡིན་པ་དེ་དག་ནི། དེ་ཉིད་ཀྱིས་ཉིན་མོ་སྟ་གོན་བྱས། དྲོད་བག་གང་དག་ཡིན་པ་དེ་དག་ནི། ཕྱི་དེ་ཉིན་པར་སྟ་གོན་བྱས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས་ [78A]༄༅། །ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་བྲམ་ཟེ་དེའི་ཁྱིམ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་སྟན་བཤམས་པ་ཉིད་ལ་འདུག་གོ་།དེ་ནས་བྲམ་ཟེ་དེ་ཆུང་མ་དང་བཅས་པས་ཚེ་དང་ལྡན་པ་ འཆར་ཀ་བདེ་བར་འདུག་པར་རིག་ནས། བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབ་པར་བྱེད། རྣམ་གྲངས་དུ་མར་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་ གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། ཚེ་དང་ལྡན་པ་འཆར་ཀས་ཟན་ཟོས་ཤིང་ལག་པ་བསྙལ། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ ཆོས་མཉན་པའི་ཕྱིར་འདུག་པ་དང། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་མོ་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་མོ་དེ་སྟན་དེ་ཉིད་ལ་འདུག་བཞིན་ དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གི་ དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས་དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་ [78B] བསྐམས། རུས་པའི་རི་དག་ལས་ནི། བསྒྲལ་ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ ཕྱུང། ལྷ་དང་མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ ཞུགས་པའི་འབྲས་བུ་ནི། ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ་བཙུན་པ། བདག་ནི། བཅོམ་ལྡན་འདས་དང། ཆོས་དང། དགེ་ སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་ བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང། གནས་མལ་དང་སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་ འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་པ་ལ་ཕན་པ་བྱ་དགོས་སོ། །ཞེས་སྨྲས་ཏེ། དང་དུ་མ་བླངས་སོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེ་ཁྱིམ་བརྒྱད་པ་གཉི་ག་ནས་བཏུལ་ཅིང་བཞག་གོ་ ཚེ་དང་ལྡན་པ་འཆར་ཀས་བསམ་པ། གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡང་ས་ཤིང་རྒྱ་ཆེ་བ། སེར་སྣ་ཅན། མིག་ཕྲ་བ། བྱ་རོག་ལ་ཡང་ [79A]༄༅། །གཏོར་མ་མི་སྟེར་བ། ཡོ་བྱད་ཀུན་ཏུ་འཛིན་པ་ཞིག་འདུག་པ་དེས། རི་བྲག་ཅིག་ཏུ་ཞིང་བླས་ཀྱི་མཐའ་རྨོར་བཅུག་ནས། དེས་བང་བ་དག་རྒྱས་བཏབ་སྟེ་ཆུང་མ་ལ་ལྟོ་རྒྱགས་ཙམ་བྱིན་ནས་རི་ བྲག་དེར་སོང་སྟེ་རང་གི་ཞལ་ལྟ་བྱས་ནས་ཞིང་བླས་ཀྱི་མཐའ་དག་བྱེད་དུ་འཇུག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམ་པ། བྲམ་ཟེ་དེ་འདུལ་བའི་དུས་ཡིན་ནོ། །སྙམ་ནས་དེས་བསོད་སྙོམས་རྒྱུས་ཏེ་བྲམ་ཟེ་དེའི་ཁྱིམ་དུ་ སོང་ནས་དེས་སྨྲས་པ། བྲམ་ཟེ་མོ། ལྷུང་བཟེད་ཀྱི་ཆུ་བསླང་ངོ་།དེས་དེ་ལ་འབྲས་ཆན་ཕུལ་བ་དང། ཕྲུ་བ་དེ་དེ་བཞིན་དུ་གང་བར་འདུག་གོ་བྲམ་ཟེ་མོས་སྨྲས་པ། འཕགས་པ། བདག་གི་ཁྱིམ་ཐབ་སེར་སྣ་ཅན། མིག་ ཕྲ་བ། བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ། ཡོ་བྱད་ཀུན་དུ་འཛིན་པ་ལགས་ཀྱི། སླན་ཆད་མ་བྱོན་ཅིག་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཐབས་ཡིན་གྱི། སང་ཁོ་བོ་བདག་ཉིད་དང་གཉིས་འོང་ངོ། །ཚེ་དང་ལྡན་པ་ འཆར་ཀ་ཕྱི་དེ་ཉིན་པར་བདག་ཉིད་དང་གཉིས་དེར་སོང་བ་དང་དེས་དེ་ལ་དེ་བཞིན་དུ་འབྲས་ཆན་ཕུལ་ལོ། །དེ་བཞིན་དུ་བདག་ཉིད་དང་དྲུག་ཅུའི་བར་དུ་ཉིན་རེར་ལན་རེ་སོང་སྟེ་བྲམ་ཟེའི་ཁྱིམ་དེར་བསོད་སྙོམས་ ཟོས་པ་དང། དགོས་ཀྱི་སྡུམ་ཚེས་དག་ཤེས་ལྡན་དག་ལྟོས་ཤིག་།བྲམ་ཟེ་དེས་ལག་པ་བཅལ་བ་བརྒྱ་དག་གིས་ལོངས་སྤྱོད་དག་བསྒྲུབས་ན། དེ་དག་བྲམ་ཟེ་མོ་དེས། ཤཱཀྱའི་བུའི་དགེ་སྦྱོང་དག་དང་ལྷན་ཅིག་ ཟ་བར་བྱེད་དོ། །ཞེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད་ཁ་ཟེར་བར་བྱེད་དོ། །བྲམ་ཟེའི་ཁྱེའུ་ཞིག་བྱ་བ་འགའ་ཞིག་ལ་མཉན་ཡོད་ནས་རི་བྲག་དེར་སོང་བ་དང། བྲམ་ཟེ་དེས་བྲམ་ཟེའི་ཁྱེའུ་དེ་ཐག་ [79B]དྲིས་པ། བྲམ་ཟེའི་ཁྱེའུ། ཁྱོད་ག་ལས་འདིར་འོངས། དེས་སྨྲས་པ་མཉན་ཡོད་ནས་སོ། །ཁྱོད་ཀྱིས་ཁོ་བོའི་ཁྱིམ་གྱི་གཏམ་ཐོས་སམ་ཐོས་ཏེ། མཉན་ཡོད་ན་ཁྱིམ་བདག་ མགོན་མེད་ཟས་སྦྱིན་གྱི་ཁྱིམ་ནི། ཤཱཀྱའི་བུའི་དགེ་སྦྱོང་དག་གི་ཁྱིམ་དང་པོ་ལགས་སོ། །མཁན་པོའི་ཁྱིམ་ནི། ཤཱཀྱའི་བུའི་དགེ་སྦྱོང་དག་གི་ཁྱིམ་གཉིས་པ་ལགས་ཏེ། ཤཱཀྱའི་བུའི་དགེ་སྦྱོང་དྲུག་ཅུ་ཉིན་རེར་ལན་རེ་ མཆིས་ཏེ་བསོད་སྙོམས་འཚལ་ལོ། །བྲམ་ཟེ་དེས་བསམ་པ། འདིས་ཁོ་བོ་སེར་སྣ་ཅན་ལ་མཐོ་འཚམ་པར་བྱེད་ཀྱི། གཞན་ལ་ཡང་དྲི་བར་བྱའོ། །སྙམ་ནས། དེ་ལམ་གར་སོང་སྟེ་བསྡད་པ་དང། ཇི་ཙམ་ན་བྲམ་ཟེའི་ཁྱེའུ་ གཞན་ཞིག་བྱ་བ་འགའ་ཞིག་ལ་མཉན་ཡོད་ནས་རི་བྲག་དེར་སོང་བ་དེ། བྲམ་ཟེ་དེས་བྲམ་ཟེའི་ཁྱེའུ་ད་ཐག་རིང་པོ་ཁོ་ན་ནས་མཐོང་ནས། དེས་བྲམ་ཟེའི་ཁྱེའུ་དེ་ལ་དྲིས་པ། བྲམ་ཟེའི་ཁྱེའུ་ཁྱོད་ག་ལས་ འདིར་འོངས། དེས་སྨྲས་པ། མཉན་ཡོད་ནས་སོ། །ཁྱོད་ཀྱིས་ཁོ་བོའི་ཁྱིམ་གྱི་གཏམ་ཐོས་སམ། ཐོས་ཏེ། མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་ནི། ཤཱཀྱའི་བུའི་དགེ་སྦྱོང་དག་གི་ཁྱིམ་ དང་པོ་ལགས་སོ། །མཁན་པོའི་ཁྱིམ་ནི། ཤཱཀྱའི་བུའི་དགེ་སྦྱོང་དག་གི་ཁྱིམ་གཉིས་པ་ལགས་ཏེ། ཤཱཀྱའི་བུའི་དགེ་སྦྱོང་དྲུག་ཅུ་ཉིན་རེར་ལན་རེ་མཆིས་ཏེ་བསོད་སྙོམས་འཚལ་ལོ། །བྲམ་ཟེ་དེས་ བསམ་པ། དེ་དང་འདི་མཐུན་པས་དེ་ལྟར་གྱུར་གྱི། བྲམ་ཟེ་མོ་དེས་ལོངས་སྤྱོད་དག་ཟོས་པར་གྱུར་ན་མི་རུང་གི། འགྲོའོ། །སྙམ་མོ་།དེ་ནས་བྲམ་ཟེ་དེ་ཕྱིར་འོངས་ཏེ་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་མོ་ [80A]༄༅། །ངན་པ། ཁོ་བོས་ལག་པས་གཞལ་བ་བརྒྱ་དག་གིས་ལོངས་སྤྱོད་དག་བསྒྲུབས་ན། ཁྱོད་དེ་དག་ཤཱཀྱའི་བུའི་དགེ་སྦྱོང་དག་དང་ལྷན་ཅིག་ཟ་བར་བྱེད་དམ། ཁྱོད་ཀྱིས་བྲམ་ ཟེ་རིག་བྱེད་གསུམ་དང་ལྡན་པ་དག་མ་མཐོང་ངམ། ཅི་ན། དགེ་སྦྱོང་མགོ་རེག་དེ་དག་ལ་སྦྱིན་པར་བྱེད་ཅེས་དེས་དེ་བརྡེག་པར་བརྩམས་པ་དང། དེས་སྨྲས་པ། བྲམ་ཟེ། ཁྱོད་ཀྱིས་ཁོ་མོ་ལ་གཏད་ པའི་བང་བ་དག་ཁོ་མོས་རྒྱ་ཉམས་པར་བྱས་སམ་ཅི། ཇེ་སོ་སོར་རྟོགས་ཤིག་བྲམ་ཟེ་དེས་བང་བ་དག་སོ་སོར་བརྟགས་པ་དང་ཇི་ཙམ་ན་དེ་བཞིན་དུ་རྒྱ་མ་ཉམས་པར་འདུག་པ་དག་མཐོང་ ནས་དེས་ཆུང་མ་ལ་སྨྲས་པ། ཁྱོད་ཀྱི་ཟས་དེ་སྙེད་ག་ལས་རྙེད། དེས་སྨྲས་པ། བདག་གི་ཕྲུ་བ་འདིར་འབྲས་ཆན་དང། སྲན་ཚོད་བཙོས་ན། འབྲས་ཆན་དེས། དགེ་སྦྱོང་དྲུག་ཅུ་དང་བདག་ཀྱང་འགྲངས་ པར་གྱུར་ཏོ། །བྲམ་ཟེ་དེས་སྨྲས་པ། ཅིའི་ཕྱིར་དེ་ལྟར་དུ་གྱུར་དེས་སྨྲས་པ། བདག་གིས་ཁྱོད་ཀྱི་མངོན་སུམ་དུ་འགྱུར་བར་བྱའོ་།ཞེས་དེས་ཕྱི་དེ་ཉིན་པར་ཚེ་དང་ལྡན་པ་འཆར་ཀ་བདག་ཉིད་དང་དྲུག་ ཅུ་དེར་འོངས་པ་ལ་དེ་བཞིན་དུ་བསོད་སྙོམས་ཕུལ་ནས་དེས་སྨྲས་པ་བྲམ་ཟེ། ཁྱོད་ཀྱིས་མཐོང་ངམ། བྲམ་ཟེ་དེ་མངོན་པར་དད་པར་གྱུར་ནས། དེས་སྨྲས་པ། བཙུན་པ་འཆར་ཀས་སང་བདག་གི་སྡུམ་ པར་གདུགས་ཚོད་གསོལ་བར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བྲམ་ཟེ། ཅི། འདི་འདྲ་བས་སམ། འོན་ཏེ་ཟས་ཡང་དག་པས་མགྲོན་དུ་འབོད། བཤོས་ཡང་དག་པས་སྤྱན་འདྲེན་ [80B] །ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་ཏེ་སོང་ངོ། །དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས། དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་ བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བྲམ་ཟེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ ནས་སྟན་བཤམས་པ་ཉིད་ལ་འདུག་གོ་དེ་ནས་བྲམ་ཟེ་དེ་ཚེ་དང་ལྡན་པ་འཆར་ཀ་བདེ་བར་འདུག་པར་རིག་ནས། བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད་ སྟོབ་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། ཚེ་དང་ལྡན་པ་འཆར་ཀ་ཟན་ཟོས་ཤིང་ལག་པ་བསྙལ། ལྷུང་བཟེད་ བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་གོ་ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང་ རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེ་བཅོམ་སྟེ་རྒྱུན་དུ་ཞུགས་པའི་ འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ [81A]༄༅། །ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས་བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་ རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་ པའི་འབྲས་བུ་ནི། ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང་ དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང་གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ [81B] གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ། །ཞེས་སྨྲས་ཏེ། དང་དུ་མ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ ཟེ་ཁྱིམ་དགུ་པ་གཉི་ནས་བཏུལ་ཅིང་བཞག་གོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་རེ་བདུན་པ། །ཚེ་དང་ལྡན་པ་འཆར་ཀས་བསམ་པ་གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ ཟེ་ཞིག་འདུག་པ་དེས། རིགས་མཉམ་པ་ལ་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་ཞིག་བྱུང་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་ གྱུར་ཏོ། །དེའི་ཆུང་མ་དེ་གཏུམ་པ། བརླང་པ། རྩུབ་པ། རྒྱ་བ་གཤེ་བ། སྤྱོ་བ་ཞིག་ཡིན་པས་རྟག་ཏུ་ངོས་ཀྱི་སྡུམ་ཚེས་དག་དང་ལྷན་ཅིག་འཐབ་ཀྲོལ་བྱེད་ནས་དེའི་མིང་གཏུམ་མོ། གཏུམ་མོ། ཞེས་བྱ་བར་གྱུར་ ཏོ༑ ༑དུས་གཞན་ཞིག་ན་མཉན་ཡོད་དུ་དུས་སྟོན་བྱུང་ནས་བྲམ་ཟེ་དེས་བུ་ལ་སྨྲས་པ། བུ། ཁྱོད་ཀྱི་མ་འདི་གཏུམ་པས་གཞན་དག་དང་ལྷན་ཅིག་འཐབ་ཀྲོལ་བྱེད་པས་བདག་ཅག་ཁྲི་མོན་དུ་བཅུག་པས་འཆི་བར་ བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱི། རེ་ཞིག་དུས་སྟོན་ཐལ་གྱི་བར་དུ་རི་བྲག་གཞན་ཞིག་ཏུ་འདོང་ཞིང་འཁོད་ལ། དེའི་འོག་ཏུ་ཕྱིར་འོང་བར་བྱའོ། །ཁྱོད་སོང་ལ་མ་ལ་དྲིས་ཤིག་ བུ་དེས་མ་ལ་སྨྲས་པ། ཡུམ། བདག་བགྱི་བ་ཅུང་ཞིག་གི་སླད་དུ་རི་བྲག་ག་གེ་མོ་ཞིག་ཏུ་མཆིའོ། །གཏུམ་མོས་སྨྲས་པ། གང་དུ་ཁོ་མོའི་དང་པོའི་གོས་སོང་བ་དེར་སོང་ཞིག་བྲམ་ཟེས་ཀྱང་སྨྲས་པ་ [82A]༄༅། །ཁོ་བོ་ཡང་འགྲོའོ། །གཏུམ་མོས་སྨྲས་པ། གང་ནས་ཀྱང་མི་འོང་བ་དེར་སོང་ཞིག་དེ་གཉིས་དོང་བ་དང། གཏུམ་མོས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། འཁུར་སླང་ཚུགས་ ཤིག་དང། ཇེ་སྣོག་ཟན་བྱའོ། །དེས་འཁུར་སླང་བཙུགས་ཏེ་འཁུར་བ་དག་བྱ་བར་བརྩམས་པ་དང། ཚེ་དང་ལྡན་པ་འཆར་ཀས་བསམ་པ་གཏུམ་མོ་ད་འདུལ་བའི་དུས་ཡིན་ནོ། །སྙམ་ནས། དེ་སྔ་དྲོ་ ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན། གཏུམ་མོའི་ཁྱིམ་དུ་འཇུག་པར་བརྩམས་པ་དང་ དེ་འཇུག་པ་གཏུམ་མོས་མཐོང་ནས། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། དགེ་སློང་འདི་སྐྲོད་ཅིག་དེས་བསྐྲད་པ་དང། ཚེ་དང་ལྡན་པ་འཆར་ཀ་ཚེ་དང་པོར་ནང་དུ་ཞུགས་ཤིང། བུ་མོ་ མངག་གཞུག་མ་ཕྱིས་ཞུགས་སོ། །དེ་གཏུམ་མོས་ཡང་མཐོང་ནས། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། ཁྱོད་ཀྱིས་དགེ་སྦྱོང་འདི་མ་བསྐྲད་དམ། དེས་སྨྲས་པ། བསྐྲད་དོ། །འོ་ན་འདི་ག་ ལས་ཞུགས། ཡང་སྐྲོད་ལ་སྒོ་ཆོད་ཅིག་དེས་དེ་བསྐྲད་དེ་སྒོ་བཅད་ནས་ཞུགས་པ་དང། ཚེ་དང་ལྡན་པ་འཆར་ཀ་ཆེས་དང་པོར་ཞུགས་སོ། །དེ་གཏུམ་མོས་ཡང་མཐོང་ནས། དེས་བུ་མོ་མངག་གཞུག་མ་ ལ་སྨྲས་པ། བུ་མོ། ཁྱོད་ཀྱིས་དགེ་སྦྱོང་འདི་བསྐྲད་དེ་སྒོ་མ་བཅད་དམ། བཅད་དོ། །འོ་ན་འདི་ག་ནས་ཞུགས། དེ་ནས་གཏུམ་མོས་སྨྲས་པ། དགེ་སྦྱོང་ཅི་སློང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ་འཁུར་ [82B] །གཏུམ་མོས་སྨྲས་པ། ཁྱོད་བུ་ཐུ་བོར་གྱུར་ཏེ་འོངས་ན་ཁྱོད་ལ་འཁུར་བ་ཅིའི་ཕྱིར་མི་སྦྱིན། ཚེ་དང་ལྡན་པ་འཆར་ཀས་བུ་ཐུ་བོར་སྤྲུལ་ཏེ་འོངས་པ་དང། གཏུམ་མོས་སྨྲས་པ། གལ་ཏེ་ལག་པ་དང། རྐང་པ་ དག་སེར་པོར་བྱས་ཀྱང་ཁྱོད་ལ་འཁུར་བ་མི་སྦྱིན་ནོ། །ཚེ་དང་ལྡན་པ་འཆར་ཀས་ལག་པ་དང། རྐང་པ་དག་སེར་པོར་སྤྲུལ་པ་དང། གཏུམ་མོས་སྨྲས་པ། གལ་ཏེ་མིག་གཉིས་ཁམ་ཕོར་ལྟ་བུར་བལྟ་ན་ཡང་ ཁྱོད་ལ་འཁུར་བ་མི་སྦྱིན་ནོ། །ཚེ་དང་ལྡན་པ་འཆར་ཀས་མིག་གཉིས་ཁམ་ཕོར་ལྟ་བུར་སྤྲུལ་པ་དང། གཏུམ་མོས་སྨྲས་པ། གལ་ཏེ་ནམ་མཁའ་ལ་དྲིལ་བུ་བཞིན་དུ་ཁྲལ་ལ་འཁྲོལ་ཞིང་འདུག་ན་ཡང་ཁྱོད་ ལ་འཁུར་བ་མི་སྦྱིན་ནོ། །ཚེ་དང་ལྡན་པ་འཆར་ཀས་ནམ་མཁའ་ལ་དྲིལ་བུ་བཞིན་དུ་ཁྲལ་ལ་འཁྲོལ་ཞིང་འདུག་པ་དང། གཏུམ་མོས་སྨྲས་པ། གལ་ཏེ་ཁྱོད་ཕྱེད་ཕྱེད་དུ་དུམ་བུ་གཉིས་སུ་གས་ཀྱང་ཁྱོད་ལ་ འཁུར་བ་མི་སྦྱིན་ནོ། །ཚེ་དང་ལྡན་པ་འཆར་ཀས་བདག་ཉིད་ཕྱེད་ཕྱེད་དུ་དུམ་བུ་གཉིས་སུ་གས་པར་སྤྲུལ་ཏེ་ས་ལ་བསྒྱེལ་བ་དང་བུ་མོ་མངག་གཞུག་མས་སྨྲས་པ། ཇོ་མོ། ཁྱེད་ཀྱིས་གདུང་བར་བགྱིད་པ་མང་པོ་ དད་བསྒྲུབས་པ་དེ་དག་གི་ནང་དུ་འདི་ནི། ཆེས་གདུང་བར་བགྱིད་པ་ལགས་ཏེ། དགེ་སློང་འདི་ནི། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་ལགས་པས། བདག་ནི། ཤིན་ཏུ་ཐག་ རིང་པོར་མཆིས་ཀྱང་བྲན་མོ་ཉིད་དུ་བས་ཀྱི། ཇོ་མོས་ནི། གསེར་གྱི་ཆུ་བུམ་གྱིས་རྒྱལ་པོའི་ཕོ་བྲང་དུ་ཆབ་བཅུ་འཚམ་པར་འགྱུར་རོ་།གཏུམ་མོ་སྐྲག་སྟེ་བསམ་པ། དེ་ལྟར་འགྱུར་རོ། །སྙམ་ནས་དེས་སྨྲས་པ་ [83A]༄༅། །བུ་མོ། དོང་རྐོས་ཤིག་དང་སྦའོ། །ཞེས་དེས་དོང་བཀོས་སྟེ་སྦ་བར་བརྩམས་པ་དང། ཚེ་དང་ལྡན་པ་འཆར་ཀ་འགོག་པ་ལ་སྙོམས་ཞུགས་ནས་དེས་བསྒུལ་བར་ཡང་མ་ ནུས་སོ། །དེ་ནས་གཏུམ་མོས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། འཕགས་པ། ཁྱོད་ཀྱིས་མི་མཁྱེན་པ་དང། མི་གཟིགས་པ་དང། མ་རིག་པ་དང། རྣམ་པར་མི་མཁྱེན་པ་ ཅི་ཡང་མ་མཆིས་ཀྱི། བདག་ལ་བཟོད་པ་མཛོད་ཅིག་དང། ཁྱོད་ལ་འཁུར་བ་གསོལ་ལོ། །ཚེ་དང་ལྡན་པ་འཆར་ཀ་ལངས་ཏེ་ཆ་ལུགས་ཐ་མལ་བསྟན་པ་དང། གཏུམ་མོས་བསམ་པ། འདི་ལ་འཁུར་བ་སྦྱིན་ནོ། ། ཞེས་ཁས་བླངས་ན། འཁུར་བ་འདི་དག་ནི། ཧ་ཅང་ཆེ་ཆེས་བས་ཕངས་ཀྱི། འདིའི་ཕྱིར་འཁུར་བ་ཆུང་ངུ་གཞན་ཞིག་བྱའོ་།སྙམ་ནས། དེས་འཁུར་བ་ཆུང་ངུ་ཞིག་སྲེག་པར་བརྩམས་པ་དང་འཁུར་བ་དེས་ འཁུར་སླང་ཐམས་ཅད་ཡོག་པར་གྱུར་ནས་གཏུམ་མོས་བསམ་པ། བདག་གི་ཁུར་བ་འདི། མི་སྦྱིན་པར་འཁུར་བ་སྔ་མ་ལས་གཅིག་སྦྱིན་ནོ་།སྙམ་ནས་དེས་འཁུར་བ་གཅིག་དྲང་བར་བརྩམས་པ་དང་ ཇི་ཙམ་ན་ཁུར་བ་ཐམས་ཅད་འོངས་ནས་གཏུམ་མོས་སྨྲས་པ། ཅི་འཕགས་པ་འཁུར་བ་ཐམས་ཅད་བཞེད་དམ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། འདོད་དོ། །གཏུམ་མོས་སྨྲས་པ། བཞེས་སུ་གསོལ་ ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྲིང་མོ་དང། གལ་ཏེ་ཡོངས་སུ་གཏང་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་དེང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ [83B] དེར་དོང་ལ་རང་གི་ལག་ནས་བྲིམས་ཤིག་།གཏུམ་མོས་སྨྲས་པ། འཕགས་པ། བདག་གཏུམ་མོ། ཞེས་ཐམས་ཅད་དུ་རིག་པས། བདག་དེར་འཇུག་ཏུ་ག་ལ་ཆུད། ཚེ་དང་ལྡན་པ་འཆར་ ཀས་སྨྲས་པ། སྲིང་མོ། ཁོ་བོས་ཁྱོད་འཇུག་ཏུ་གཞུག་གོ་དེ་ནས་གཏུམ་མོས་འཁུར་བ་དེ་དག་ཐོགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་འཇུག་པར་བརྩམས་པ་དང། སྒོ་བས་སྨྲས་པ། གཏུམ་ མོ། དོན་ཅིའི་ཕྱིར་འདིར་འོངས། མ་འཇུག་ཅིག་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཞིན་བཟང། འཇུག་ཏུ་ཆུག་ཅིག་སྒོ་བས་གཏུམ་མོ་ནང་དུ་བཏང་བ་དང། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་ དགེ་འདུན་མང་པོ་མཐོང་ནས་འཁུར་བ་དེ་དག་གཏུབ་པར་བརྩམས་པ་དང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། མ་གཏུབ་པར་རངས་པར་བྲིམས་ཤིག་གཏུམ་མོས་སྨྲས་པ། ཁྱེད་པར་མི་འགྱུར་རོ། །ཚེ་དང་ ལྡན་པ་འཆར་ཀས་སྨྲས་པ། བྲིམས་ཤིག་དང་ཁྱེད་པར་འགྱུར་རོ་།ཞེས་དེས་འདི་ལྟར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་ཁྱེད་པའི་ཕྱིན་ལྷག་ཀྱང་བྱུང་བ་དེ་ལྟར་བྱིན་གྱིས་བརླབས་ སོ། །གཏུམ་མོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་འཁུར་བས་ཁྱེད་པར་བྲིམས་ཏེ་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་ སོ༑ ༑གཏུམ་མོས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་བདག་གི་དགེ་བའི་བཤེས་གཉེན་ལགས་ཀྱི་ཚུར་གཤེགས། བདག་གི་སྡུམ་པར་བཞུད་ལ་ཁྱོད་ཀྱི་དེར་གདུག་ཚོད་གསོལ་ཅིག་ཚེ་དང་ལྡན་པ་ [84A]༄༅། །འཆར་ཀ་གཏུམ་མོའི་ཁྱིམ་དུ་སོང་བ་དང། གཏུམ་མོས་ཚེ་དང་ལྡན་པ་འཆར་ཀ་ལ་ཟན་བྱིན་ནས་གཏུམ་མོ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་པ་ དང། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། གཏུམ་མོས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་ རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་ འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས་རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས་ རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ་མཐོ་རིས་དང། ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་ རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ [84B] ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་ འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་མར་གཟུང་དུ་གསོལ་།དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་ ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་འཇུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་གཏུམ་ མོས་རང་གི་ཁྱིམ་ཕྱག་དེར་ལེགས་པར་བྱས། ཆག་ཆག་ལེགས་པར་བཏབ། བྱུག་པས་ལེགས་པར་བྱུགས་ཏེ་མེ་ཏོག་དག་དགྲམ་པར་བྱས་ནས་སྤྱོད་ལམ་ཞི་བས་འདུག་གོ་བྲམ་ཟེ་དེ་ཡང་དུས་སྟོན་ཐལ་ནས་ ཕྱིར་འོངས་ཏེ་སྐྱེད་མོས་ཚལ་དུ་བསྡད་ནས་དེས་བུ་ལ་སྨྲས་པ་བུ། ཁྱོད་སོང་ལ་ཁྱོད་ཀྱི་མ་ཁྲི་མོན་གང་དུ་བཅུག་ཅིང་འདུག་པ་ལྟོས་ཤིག་དང། དབྱུང་བར་བྱའོ། །བུ་དེ་ཁྱིམ་དུ་སོང་བ་དང་གཏུམ་མོས་ཐག་རིང་པོ་ཁོ་ན་ ནས་བུ་མཐོང་ནས་དེས་སྨྲས་པ། བུ། འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཚུར་ཤོག་ངལ་སོས་ཤིག་ཁྱོད་ཀྱི་ཕ་དེ་འོངས་སམ་བུས་སྨྲས་པ། མཆིས་ཏེ། སྐྱེད་མོས་ཚལ་ན་སྡོད་ཅིང་མཆིས་སོ། །བུ་དེ་ཟན་ཟོས་ ནས་པའི་གན་དུ་སོང་བ་དག་ཕས་དྲིས་པ། བུ། ཁྱིམ་བྡེའམ། བུས་སྨྲས་པ། ཡབ། ཡུམ་གྱི་སྤྱོད་ལམ་དེ་ལྟ་བུ་ནི། སྔོན་ལན་འགའ་ཡང་མཐོང་སྟེ། འདི་ལྟར་སྤྱོད་ལམ་ཞི་བས་མཆིས་སོ། །བྲམ་ཟེ་དེ་ཁྱིམ་དུ་ཞུགས་པ་དང་ [85A]༄༅། །གཏུམ་མོས་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེས་སྨྲས་པ། རྗེའི་སྲས། བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །བཞུགས་སུ་གསོལ། དེ་འདུག་ནས་བསམ་པ། བྱེ་བྲག་འདི་ ལྟ་བུ་ནི། སྔོན་མ་བྱུང་ན། ཅི་ལས་གྱུར་སྙམ་ནས་དེས་ཚིགས་སུ་བཅད་པ་སྨྲས་པ། འདི་ལྟར་སྔོན་དང་མི་འདྲ་བར། །ལོག་པ་ཉིད་དུ་ཁྱོད་སྣང་ན། །ཁྱོད་ནི་སྨྱོ་བྱེད་ལྡན་གྱུར་ཏམ། །འོན་ཏེ་མྱོས་པར་གྱུར་ ཏམ་ཅི། །གཏུམ་མོས་ཚིགས་སུ་བཅད་པ་སྨྲས་པ། ཇོ་བོ་བདག་ནི་སྨྱོས་པ་མིན། མྱོས་པར་གྱུར་པའང་མ་ལགས་ཏེ། །བདག་གིས་སངས་རྒྱས་བསྟན་པ་ལ། །འཕགས་པའི་བདེན་པ་མཐོང་བར་བགྱིས། ། རྗེའི་སྲས། བདག་ལ་འཕགས་པ་འཆར་ཀས་འདི་ལྟར། བདག་སླན་ཆད་འཁོར་བ་ན་འཁོར་བའི་ཚེ་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་ཏུ་སྤྱོད་པར་མི་འགྱུར་བ་དེ་ལྟར་ཆོས་བསྟན་པ་མཛད་དོ། །བྲམ་ཟེ་དེ་དེ་ངོ་ མཚར་སྐྱེས་ཏེ་བསམ་པ། བདག་གིས་བརྡེག་པ་དང། བཅིང་བ་དང་སྨད་པས་ཐུལ་བར་མ་ནུས་པ་གང་ཡིན་པ་དེ། བཙུན་པ་འཆར་ཀས་ཆོས་བསྟན་པས་བཏུལ་བས། གང་གི་ཕྱིར་ཆོས་བསྟན་ པས་འདི་བཏུལ་བ་ནི། འཕགས་པ་འཆར་ཀས་བདག་ལ་ཕན་པ་མང་དུ་མཛད་དོ། །འཕགས་པ་འཆར་ཀས་བདག་ལ་ལེགས་པ་མང་དུ་མཛད་ཀྱི་བདག་སོང་ལ་འཕགས་པ་འཆར་ཀ་སང་ཁྱིམ་ གཞན་དུ་གདུགས་ཚོད་ལ་སྤྱན་དྲང་ངོ། །སྙམ་ནས་ཚེ་དང་ལྡན་པ་འཆར་ཀས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་ [85B]ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེངས་བསྟོད་པར་བྱེད་ ཡང་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་ མཛད་ནས་ཅང་མི་སྨྲའོ། །དེ་ནས་བྲམ་ཟེ་དེ་སྟན་ལས་ལངས་ཏེ་ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ་།བཙུན་པ་འཆར་ཀས་ སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ་།དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀས་ཅང་མི་སྨྲ་བས་དང་དུ་བླངས་ པར་རིག་ནས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ། །དེ་ནས་བྲམ་ཟེ་དེས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་སོ་།ཚེ་དང་ ལྡན་པ་འཆར་ཀ་ཡང་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བྲམ་ཟེ་དེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྟན་བཤམས་པ་ཉིད་ལ་འདུག་གོ་དེ་ནས་བྲམ་ཟེ་དེས་ཚེ་དང་ ལྡན་པ་འཆར་ཀ་བདེ་བར་འདུག་པར་རིག་ནས་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབ་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་ [86A]༄༅། །པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས་ཚེ་དང་ལྡན་པ་འཆར་ཀ་ཟན་ཟོས་ཤིང་ལག་པ་བསྙལ། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་གོ་།ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང། བག་ལ་ཉལ་དང་ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་དེས་སྟན་དེ་ ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་ པ༑ བཙུན་པ། བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས་ རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་ དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་།འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་ [86B]ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ།། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་ནི་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་དུ་གཟུང་དུ་གསོལ་ དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང། ན་བཟའ་དང། སྙུང་བའི་རྐྱེན་དང་ སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས་བྲམ་ཟེ་གཞན་དག་ལ་ཡང་ཕན་ པར་བྱ་དགོས་སོ། །ཞེས་སྨྲས་ཏེ། དང་དུ་མ་བླངས་སོ། །བྲམ་ཟེ་དེས་སྨྲས་པ། གལ་ཏེ་བཙུན་པ་འཆར་ཀས་དང་དུ་མི་བཞེས་ན། བདག་གིས་དྲང་སྲོང་གི་གདན་བཤམས་པར་བགྱི་ཡི། བཙུན་པ་འཆར་ཀ་ གཤེགས་ཏེ་ལོངས་སྤྱོད་པར་གསོལ། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་ ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་བཅུ་ [87A]༄༅། །པ་གཉི་ག་ནས་བཏུལ་ཅིང་བཞག་གོ་ཚེ་དང་ལྡན་པ་འཆར་ཀས་བསམ་པ། གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་གཞོན་ནུ་ཁྱེའུ་ལྔ་བརྒྱ་ཙམ་ཆུང་མ་ དང་བཅས་པ་དག་བཅའ་བ་དང། བཟའ་བ་དང། དྲི་དང། ཕྲེང་བ་རྒྱུ་མང་པོ་ཐོགས་ཏེ་རྩེ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ་དང། ཚེ་དང་ལྡན་པ་འཆར་ཀས་བསམ་པ། འདི་དག་འདུལ་བའི་དུས་ ཡིན་ནོ། །སྙམ་ནས་དེ་དེ་དག་གི་གན་དུ་སོང་བ་དང། དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་བྲམ་ཟེ་མདུན་ན་འདོན་གྱི་བུ་ཡིན་ན། ཅིའི་ཕྱིར་ཤཱཀྱའི་བུའི་དགེ་སྦྱོང་བ་འདི་དག་ཐམས་ཅད་ཟ་བ་དག་ གི་ནང་དུ་རབ་ཏུ་བྱུང། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར། དེ་དག་གི་ཕྲེང་བ་གང་དག་ཡིན་པ་དེ་དག་ནི། ཀུན་དོང་གི་ཕྲེང་བར་གྱུར། འཁུར་བ་གང་དག་ཡིན་པ་དེ་དག་ནི། བ་ལང་གི་ཀོ་བར་གྱུར། ཤ་ གང་དག་ཡིན་པ་དེ་དག་ནི། བ་ལང་གི་ཤར་གྱུར། བཏུང་བ་གང་དག་ཡིན་པ་དེ་དག་ནི། ཆང་དུ་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་ནས་ཚེ་དང་ལྡན་པ་འཆར་ཀས་དེ་དག་ལ་ལྷུང་བཟེད་བསྟན་ཏེ་སྨྲས་ པ༑ ཤེས་ལྡན་དག་ལྟོས་ཤིག་ཁོ་བོའི་ལྷུང་བཟེད་ན་ཀུན་དོང་དང། བ་ལང་གི་རྐོ་བ་དང། བ་ལང་གི་ཤ་དང། ཆང་ཡོད་སྙམ་མམ། ཅི། ཁྱེད་ཅག་ནི། མགོ་ལ་ཡང་ཀུན་དོང་གི་ཕྲེང་བ་ཐོགས། ཟས་ སུ་ཡང་བ་ལང་གི་ཀོ་བ་དང། བ་ལང་གི་ཤ་ཟ། བཏུང་བར་ཡང་ཆང་འཐུང་བས། ཁྱེད་ཅག་ཐམས་ཅད་ཟ་བ་ཡིན་པས། དེ་དག་གིས་གཅིག་ལ་གཅིག་བལྟས་ནས་ཇི་ཙམ་ན། བདག་ཅག་ཐམས་ཅད་ཀྱི་ [87B] འཁུར་བ་ཐམས་ཅད་བ་ལང་གི་ཀོ་བར་གྱུར་པ་དང། ཤ་ཐམས་ཅད་བ་ལང་གི་ཤར་གྱུར་པ་དང། བཏུང་བ་ཐམས་ཅད་ཆང་དུ་གྱུར་པར་མཐོང་ནས་དེ་དག་གིས་སྨྲས་ པ༑ འཕགས་པ་འཆར་ཀ་ཁྱོད་ཀྱིས་བདག་ཅག་ལ་དམོད་པ་བོར་གྱི་བདག་ཅག་ལ་བཟོད་པ་མཛད་དུ་གསོལ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཟོད་པར་བྱའོ། །དེ་ནས་དེ་དག་སྔ་མཁོ་བཞིན་དུ་ གྱུར་པ་དང། དེ་དག་ངོ་མཚར་སྐྱེས་ནས་དེ་དག་གིས་སྨྲས་པ་བཅུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱེད་ཅག་ཉིད་གདུལ་བའི་དོན་དུ་འོངས་ཀྱི། འཁོད་ཅིག་དང་ཆོས་བསྟན་པར་བྱའོ། །དེ་དག་ཚེ་དང་ལྡན་པ་ འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འཁོད་པ་དང། ཚེ་དང་ལྡན་པ་འཆར་ཀས་དེ་དག་ཆུང་མ་དང་བཅས་པའི་བསམ་པ་དང་བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་ བྲམ་ཟེ་དེ་དག་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་ བསྟན་ཏོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ། བདག་ཅག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས་བཙུན་པ་འཆར་ཀས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་ བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས་ [88A]༄༅། །བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས་རུས་པའི་རི་དག་ལས་ནི། བསྒྲལ། ངན་ སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི་རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་ འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ་ བཙུན་པ། བདག་ཅག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ཅག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་ཅག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་ གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ ཇི་སྲིད་འཚོའི་བར་དུ་བདག་ཅག་གི་བསོད་སྙོམས་དང། ན་བཟའ་དང་གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ ཏུ་བྱུང་བ་ནི། གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ། །ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །བྲམ་ཟེ་དེ་དག་གིས་སྨྲས་པ་ [88B] བདག་ཅག་གིས་དྲང་སྲོང་གི་གདན་བཤམས་པ་བགྱིའོ། །བཙུན་པ་འཆར་ཀ་གཤེགས་ཏེ་ལོངས་སྤྱོད་པར་གསོལ། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་དག་ ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད་ཡང་ དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་ལྔ་བརྒྱ་ལྷག་ཙམ་གཉི་ག་ནས་བཏུལ་ཅིང་བཞག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་ དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་ནང་ན་མཆོག་ནི། འདི་ལྟ་སྟེ། དགེ་སློང་འཆར་ཀ་ནག་པོ་འདི་ཡིན་ནོ། །ཚེ་དང་ལྡན་པ་འཆར་ ཀས་བསམ་པ། གང་འདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞིག་གསང་སྔགས་དག་གིས་མི་མ་ཡིན་པ་དབང་དུ་བྱས་ནས་ཤིང་རྟ་བཅས་ཏེ་འདྲེན་དུ་འཇུག་པར་བྱེད་ནས་ཚེ་དང་ལྡན་པ་འཆར་ ཀས་བསམ་པ། བྲམ་ཟེ་དེ་གདུལ་བའི་དུས་ཡིན་ནོ། །སྙམ་ནས། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་གདུལ་བའི་ཕྱིར་འཕགས་པ་དང། ཇི་ཙམ་ན་བྲམ་ཟེ་དེ་གསང་སྔགས་དག་གིས་མི་མ་ཡིན་པ་དབང་དུ་བྱས་ ནས་ཤིང་རྟ་བཅས་ཏེ་འདྲེན་དུ་བཅུག་ནས་མཉན་ཡོད་ཀྱི་ཕྱི་རོལ་དུ་སོང་བ་ན། བྲམ་ཟེ་དེ་ཤིང་རྟ་ལས་བབས་ནས་གཅིན་གཅི་བར་བསམ་པ་དང། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར། བྲམ་ཟེ་དེའི་གཅིན་རྒྱུན་མི་ [89A]༄༅། །འཆད་པ་དེ་ལྟར་བྱིན་གྱིས་བརླབས་ནས་ཚེ་དང་ལྡན་པ་འཆར་ཀས་གསང་སྔགས་ཀྱི་ཕུར་བུ་བྱུང་བ་དང། མི་མ་ཡིན་པ་དེ་བྲོས་ཏེ་སོང་ངོ། །ཇི་ཙམ་ན་བྲམ་ཟེ་དེ་ལངས་པ་དང་ མི་མ་ཡིན་པ་དེ་བྲོས་པར་མཐོང་ནས་དེས་སྨྲས་པ། སུས་ཁོ་བོའི་མི་མ་ཡིན་པའི་ཕུར་བུ་ཕྱུང། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ་ཁོ་བོས་སོ། །ཅིའི་ཕྱིར་ཁྱོད་བྲམ་ཟེར་གྱུར་ནས་མི་མ་ཡིན་པར་ སྤྱོད་དམ། དེས་སྨྲས་པ། སུ་ཞིག་བདག་གི་བསྙེན་བཀུར་བྱེད་པར་འགྱུར། ཚེ་དང་ལྡན་པ་འཆར་ཀས་དེ་ལ་ལྷུང་བཟེད་བསྟན་ནས་སྨྲས་པ། འདི་ཁྱོད་ཀྱི་བསྙེན་བཀུར་བྱེད་པར་འགྱུར་རོ། །དེས་ སྨྲས་པ། འདིས་ཅི་འགྲུབ་པར་འགྱུར། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། གང་སེམས་པ་དང། གང་འདོད་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །ཇི་ཙམ་ན་བྲམ་ཟེ་དེ་གང་སེམས་པ་དང་ གང་འདོད་པ་དེ་དག་ཐམས་ཅད་ལྷུང་བཟེད་དེ་ལས་གྲུབ་པར་གྱུར་པ་དང། བྲམ་ཟེ་དེ་ངོ་མཚར་སྐྱེས་ཏེ། དེས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་འདི་ལྟར་འགྱུར། ཚེ་དང་ལྡན་པ་འཆར་ཀས་ སྨྲས་པ། ཁོ་བོས་ལྷུང་བཟེད་ཀྱི་རིག་པ་ཤེས་སོ། །དེས་སྨྲས་པ་བཙུན་པ་འཆར་ཀ། ལྷུང་བཟེད་ཀྱི་རིག་པ་དེ་བདག་ལ་སྩོལ་ཅིག་།ཚེ་དང་ལྡན་པ་འཆར་ཀས་ཚིགས་སུ་བཅད་པ་སྨྲས་པ། རིག་ པ་སུ་ལའང་སྦྱིན་མི་བྱ། །རིག་དང་བཅས་ཏེ་འཆི་བར་བྱ། །རིག་པ་རིག་དང་གུས་པ་དང། །ནོར་གྱི་ཕྱིར་ནི་སྦྱིན་པར་བྱ། །བྲམ་ཟེས་སྨྲས་པ། བདག་ཁྱོད་ལ་གུས་པར་བགྱིད་དོ། །ཚེ་དང་ལྡན་པ་འཆར་ [89B] ཁོ་བོ་ཁྱིམ་པ་ལས་བསྙེན་བཀུར་བདག་གིར་མི་བྱེད་ཀྱི། ཁོ་བོ་ནི། རབ་ཏུ་བྱུང་བ་ལས་བསྙེན་བཀུར་བདག་གིར་བྱེད་དོ། །དེས་སྨྲས་པ། བདག་རབ་ཏུ་བྱུང་ངོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་ པ། རབ་ཏུ་ཕྱུང་ཞིག་ཅེས་དེས་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་ཏེ་གདམས་ངག་བྱིན་ནོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ། བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་བཏང་བར་ གནས་སོ། །གཅིག་པུ་དབེན་པ། བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་བཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེའི་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། ། ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་གོ་བར་བྱེད་ཅིང། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ་ནམ་ མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙནྡན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང། རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང། སྲིད་ པ་དང། འདོད་པའི་རྙེད་པ་དང། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང། རྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། ། [90A]༄༅། །ཚེ་དང་ལྡན་པ་འཆར་ཀས་བསམ་པ། གང་གདུལ་བའི་དུས་ཡིན་སྙམ་ན། ཡུལ་མིའི་གྱད་ཅིག་གིས་ཡུལ་དག་ཏུ་གྱད་རྣམས་བརྡབས་ནས་མཉན་ཡོད་དུ་འོངས་ནས་མཉན་ ཡོད་ན་སྒོ་ཁར་རྐང་པ་བརྐྱང་སྟེ་འདུག་ཅིང། དེ་གང་ལ་འོང་བ་དེ་ལ་འདི་སྐད་ཅེས། ཡང་ན་ནི། ཁོ་བོ་ལ་སྟོབས་རྒོལ་ཅིག་ཡང་ན་ནི། ཁོ་བོའི་རླིག་བར་དུ་སོང་ཞིག་ཅེས་ཟེར་རོ། །དེ་ན་སྐྱེ་བོ་ཕལ་པོ་ཆེའི་ ཚོགས་འདུ་བ་དག་ལས། འགའ་ཡང་དེ་ལ་སྟོབས་ཀྱང་མི་རྒོལ། དེའི་རླིག་པར་དུ་ཡང་མི་འགྲོའོ། །ཚེ་དང་ལྡན་པ་འཆར་ཀས་བསམ་པ་གྱད་དེ་གདུལ་བའི་དུས་ཡིན་ནོ། །སྙམ་ནས། ཚེ་དང་ལྡན་པ་འཆར་ ཀས་ཕྱོགས་དེར་སོང་སྟེ་སྨྲས་པ། འདི་སུ་ཞིག་ཡིན། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྨྲས་པ། གྱད་འདིའི་མཆིད་ནས་འདི་སྐད་ཅེས་ཡང་ན་ནི། ཁོ་བོ་ལ་སྟོབས་རྒོལ་ཅིག་ཡང་ན་ནི། ཁོ་བོའི་རླིག་བར་དུ་ སོང་ཞིག་ཅེས་མཆིའོ། །ཚེ་དང་ལྡན་པ་འཆར་ཀས་དེ་ལ་སྨྲས་པ། ཅི། ཇེ་ཁོ་བོ་དང་ལྷན་ཅིག་སྟོབས་བྱའམ། འོན་ཏེ་ཁོ་བོས་བརྡབས་པའི་གྱད་གསུམ་པོ་གང་དག་ཡིན་པ་དེ་དག་དང་ལྷན་ཅིག་སྟོབས་ འགྱེད། དེས་སྨྲས་པ། ཁྱོད་ཀྱིས་བརྡབས་པའི་གྱད་གསུམ་པོ་གང་དག་ཡིན་པ་དེ་དག་དང་ལྷན་ཅིག་སྟོབས་བྱའོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོས་འདོད་ཆགས་ཀྱི་གྱད་བརྡབས། ཞེ་སྡང་ གི་གྱད་བརྡབས། གཏི་མུག་གི་གྱད་བརྡབས་ཀྱི། ཁྱེད་དེ་དག་དང་ལྷན་ཅིག་སྟོབས་ཁྱེ་ཞིག་ཅེས་ཚེ་དང་ལྡན་པ་འཆར་ཀས་དེ་བཏུལ་ནས་དེས་རབ་ཏུ་ཕྱུང། རྫོགས་པར་བསྙེན་པར་བྱས་ཏེ་གདམས་ [90B] །དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་བཏང་བར་གནས་སོ་།གཅིག་པུ་དབེན་པ། བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་ བཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་པ་ཚངས་པར་སྤྱོད་ པའི་མཐའ་བླ་ན་མེད་པ་དེ། ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ་།ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་ སོ༑ ༑ཞེས་གོ་བར་བྱེད་ཅིང། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙནྡན་ བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང། རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང། འདོད་པའི་རྙེད་པ་དང། བཀུ་སྟི་ལ་རྒྱབ་ཀྱིས་ཕྱོགས་ པ༑ དབང་པོ་དང། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་བྱ་བ་དང། རྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །གཏུམ་མོ་དེས་བུའི་ཆུང་མ་བླངས་ནས་དུས་གཞན་ཞིག་ན་གཏུམ་ མོ་ཡང་དུས་ལ་བབ། དེའི་ཁྱིམ་ཐབ་ཀྱང་དུས་ལ་བབ་བོ། །གཏུམ་མོའི་བུ་དེ་ཁ་ཏོན་གྱི་ཞོར་ལ་ཡུལ་གཞན་དུ་སོང་ངོ། །གཏུམ་མོའི་མནའ་མ་དེ་གོས་དང། ཟས་བཟའ་ཞིང་ཞིམ་པ་ལ་ལོངས་སྤྱོད་སྤྱོད་པ་ [91A]༄༅། །ཉོན་མོངས་པ་དག་གིས་གདུངས་པར་གྱུར་ནས། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། སོང་ལ་སྐྱེས་པ་ལུས་བརྟན་པ་མཁྲང་བ། དམ་པ་འགའ་ཅི་སྣང་ཚོལ་ ཅིག་དང། དེ་དང་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ། །བུ་མོ་མངག་གཞུག་མས་སྨྲས་པ། ཇོ་མོ། ཁྱོད་ཀྱི་གྱོས་པོ་དང། སྒྱུག་མོ་གཉིས་ནི། བདེན་པ་མཐོང་བ་ལགས་ན། ཁྱོད་དྲང་སྲོང་གི་ཁྱིམ་ འདི་ལྟ་བུར་བྱོན་ན། ཉེས་པར་སྤྱོད་པ་དེ་ལྟ་བུ་ཇི་ལྟར་བགྱིར་རུང། དྲང་སྲོང་གི་ཁྱིམ་གྱི་མི་སྙན་པ་སྐྱེད་པར་མཛད་དམ་ཅི། དེས་སྨྲས་པ། ཀྭའི། ཁྱོད་བསམ་པ་དེས་ཅི་བྱ། ཇེ་སོང་ལ་ཁྲིད་དེ་ ཤོག་ཅིག་གལ་ཏེ་ཁྲིད་དེ་མ་འོངས་ན། ཁྱོད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །བུ་མོས་བསམ་པ། བུ་ཟན་མའི་བུ་མོ་འདིས་དྲང་སྲོང་གི་ཁྱིམ་རྩོག་གིས་དགང་བར་ཆད་དེ། བདག་ལ་དཀའ་ བ་མེད་ཀྱི། དགུག་གོ་སྙམ་ནས་དེ་སྲང་དུ་སོང་བ་དང། དེས་དེ་ན་ཆོམ་རྐུན་པའི་དམག་དཔོན་ལུས་བརྟན་པ། མཁྲང་བ། དམ་པ་ཞིག་མཐོང་ནས་དེས་དེ་ལ་སྨྲས་པ། ཀྱེ་བཙུན་པོ། ཁྱོད་ཁོ་མོའི་ ཇོ་མོ་དང་ལྷན་ཅིག་དགའ་མགུར་སྤྱོད་ཕོད་དམ། དེས་སྨྲས་པ། ཕོད་དོ། །དེས་ནི། ཁྲིད་དེ་ཇོ་མོ་དང་སྤྲད་ནས་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ། །ཚེ་དང་ལྡན་པ་འཆར་ཀ་དེར་དུས་དང་དུས་ སུ་འགྲོ་བས་དེ་མཐོང་ནས་ཚེ་དང་ལྡན་པ་འཆར་ཀས་བསམ་པ། བུད་མེད་ཀྱི་ཡུལ་འདི་ནི། འདོད་ཆགས་སྤྱད་པ་ཞིག་ཡིན་ནོ། །སྙམ་ནས་དེས་དེ་ལ་འདོད་ཆགས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་དོ། ། [91B] འཕགས་པ་འཆར་ཀ་ནི། གཞན་གྱི་སེམས་ཤེས་པ་ལ་མཁས་པ་ཡིན་པས། དེས་བདག་འཕྲིགས་ཀྱི། གལ་ཏེ་དེ་མ་བསད་ན་བདག་གི་ཁྱིམ་ཐབ་ལ་བྱས་ཤིང། དེ་བདག་ལ་གནོད་པ་ བྱེད་པར་འགྱུར་དུ་འོང་གི། བདག་གིས་དེ་གསད་དོ། །སྙམ་ནས་དེས་ཆོམ་རྐུན་པའི་དམག་དཔོན་ལ་སྨྲས་པ། འཕགས་པ་འཆར་ཀ་ནི་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ཡིན་པས། དེས་བདག་ ཅག་འཕྲིགས་ཀྱི། གལ་ཏེ་དེ་མ་བསད་ན། བདག་གི་ཁྱིམ་ཐབ་ལ་བྱས་ཤིང། དེ་བདག་ཅག་ལ་གནོད་པ་བྱེད་པར་འགྱུར་དུ་འོང་གི་ཁྱོད་ཀྱིས་དེ་སོད་ཅིག་ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། ཁོ་ བོ་དེ་མི་གསོད་དེ། དེ་ནི། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་ཡིན་གྱི་ཁོ་བོས་དེ་བསད་པར་གྱུར་ན། ཁོ་བོ་རྒྱལ་པོས་རྒྱ་སྐྱེགས་ཀྱི་ཁང་པར་ བཅུག་སྟེ་བསྲེགས་པས་འཆི་བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེས་སྨྲས་པ། གལ་ཏེ་ཁྱོད་དེ་གསོད་ན། དེ་ལྟ་ན་ལེགས། གལ་ཏེ་མི་གསོད་ན། ཁྱོད་ཕྱིན་ཆད་ཁོ་མོའི་ ཁྱིམ་དུ་འཇུག་པར་མི་བྱའོ། །འདོད་པ་བསྟེན་པ་དག་གིས་ནི། སྡིག་པའི་ཆོས་མི་བྱ་བ་ཅི་ཡང་མེད་པས། ཆོམ་རྐུན་པའི་དམག་དཔོན་དེས་སྨྲས་པ། གལ་ཏེ་དེ་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ ཡིན་ན། ཁོ་བོས་ཇི་ལྟར་གསད་པར་བྱ། དེས་སྨྲས་པ། ཐབས་ཀྱི་རྣམ་པ་ཞིག་བྱའོ། །ཞེས་དེས་དུས་མ་ཡིན་པར་ཚེ་དང་ལྡན་པ་འཆར་ཀའི་གན་དུ་མངག་པ་བཏང་སྟེ། བཙུན་པ་འཆར་ཀ། བདག་བྲོ་འཚལ་ [92A]༄༅། །བར་གྱུར་ན། ཁྱོད་ཀྱིས་བདག་ལ་གཟིགས་པར་ཅི་གནང་ཞེས་སྤྲིང་ངོ། །དགྲ་བཅོམ་པ་དག་ནི། མ་བསམ་པར་ཤེས་པ་དང་མཐོང་བ་མི་འཇུག་པས་ཚེ་དང་ལྡན་པ་འཆར་ ཀ་ཡང་དུས་མ་ཡིན་པར་ཞུགས་ཏེ། དེ་ལ་ཆོས་བསྟན་པར་བྱས་ནས་དེ་ཕྱིར་འབྱུང་བར་བརྩམས་པ་དང། དེས་སྨྲས་པ། འཕགས་པ། བདག་ཁྱོད་མཐོང་ན། གློ་བ་ཐག་པ་ནས་ཡུད་ཙམ་ཞིག་བཞུགས་སུ་ གསོལ་ཞེས་དེས་ཚེ་དང་ལྡན་པ་འཆར་ཀ་ཇི་སྲིད་ཀྱིས་ཤིན་ཏུ་ནམ་སྲོས་པར་གྱུར་པ་དེ་སྲིད་དུ་བཟུང་ནས། ཆོམ་རྐུན་པའི་དམག་དཔོན་ཡང་རལ་གྲི་ཤུབས་ནས་ཕྱུང་སྟེ་སྒོ་ན་སྡོད་དོ། །དེ་ནས་ཚེ་དང་ ལྡན་པ་འཆར་ཀ་ཕྱིར་ཕྱུང་བ་དང། ཆོམ་རྐུན་པའི་དམག་དཔོན་སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་དེས། ཚེ་དང་ལྡན་པ་འཆར་ཀའི་མགོ་དྲུང་པ་ནས་བཅད་དེ་ས་ལ་བསྒྱེལ་ ཏོ༑ ༑དེ་འཕགས་པ་གསོད་ཅིང་འདུག་པ་བུད་མེད་རྒན་མོ་ཞིག་གིས་མཐོང་ནས། དེས་སྨྲས་པ། གཟུ་ལུམས་བྱེད་པ་འདི་སུ་ཡིན། ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། སུ་ལ་ཡང་མ་ཟེར་ཅིག། ཁོ་ བོས་ཁྱོད་ཀྱང་འདིའི་གནས་སྐབས་ལྟ་བུར་བྱས་པར་གྱུར་ཏ་རེ། དེ་སྐྲག་ནས་འཕྲལ་དུ་སྨྲ་མ་ཕོད་དོ། །བདག་ཉིད་ཆེན་པོ་འདིའི་རྗེས་གཅོད་པ་འགའ་ཞིག་ཕྱིས་འོང་གྲང་སྙམ་ནས། དེ་ཉིད་ན་ཅང་མི་སྨྲ་ བར་འདུག་གོ་སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་འཆར་ཀའི་ལུས་དེ་ཕྱག་དར་གྱི་ཕུང་པོ་ཞིག་ཏུ་སྦས་ཏེ་བཞག་གོ་དེའི་ཉིན་མོ་གསོ་སྦྱོང་གི་ [92B] འགའ་ཞིག་གིས་བཙུན་པ་འཆར་ཀའི་འདུན་པ་བླངས་སམ། བཙུན་པ་འཆར་ཀ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་ སྩལ་པ། དགེ་སློང་དག་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་བསད་ཀྱི། ཆོས་གོས་དག་ལོངས་ཤིག་དང། དེའི་ལུས་ལ་མཆོད་པར་བྱའོ། །བཅོམ་ལྡན་འདས་འཕགས་པ་དང། ཇི་ཙམ་ན་མཉན་ ཡོད་ཀྱི་སྒོ་ཆོད་ནས་བཅོམ་ལྡན་འདས་ཀྱིས་གསེར་གྱི་འོད་ལྟ་བུའི་འོད་གཏོང་བ་མཛད་པ་དང། དེས་མཉན་ཡོད་ཐམས་ཅད་གསེར་གཙོ་མའི་འོད་ལྟ་བུས་སྣང་བར་གྱུར་ཏོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་ གསལ་རྒྱལ་གྱིས་བསམ་པ། ཅིའི་ཕྱིར་མཉན་ཡོད་ཐམས་ཅད་གསེར་བཙོ་མའི་འོད་ལྟ་བུས་སྣང་བར་གྱུར་སྙམ་ནས་དེས་ཡང་བསམ་པ། བཅོམ་ལྡན་འདས་གཤེགས་པར་བཞེད་གོར་མ་ཆག་སྙམ་ནས་དེ་ བཙུན་མོའི་འཁོར་དང་བཅས་པས་མཉན་ཡོད་ཀྱི་ལྡེ་མིག་ཁྱེར་ཏེ་སྒོ་ཕྱེ་བ་དང། བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བསམ་པ། ཅིའི་ཕྱིར་བཅོམ་ ལྡན་འདས་དུས་མ་ཡིན་པར་མཉན་ཡོད་དུ་གཤེགས་སྙམ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བསྙེན་པར་དཀའ་བ་དང། བཟོད་པར་དཀའ་བ་ཡིན་པས་དེས་སངས་རྒྱས་བཅོམ་ལྡན་འདས་ལ་ ཞུ་བར་མ་ནུས་སོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་གཤེགས་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་སླད་བཞིན་ [93A]༄༅། །སླད་བཞིན་དུ་རྗེས་སུ་འབྲང་ཞིང་སོང་བ་དང། ཇི་ཙམ་ན། ཕྱག་དར་གྱི་ཕུང་པོའི་ཕྱོགས་དེར་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་ སློང་དག་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ། འདིར་སྦས་ཀྱི། ཕྱུང་ཞིག་དེ་ཕྱུང་བ་དང། དེ་ན་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་བརྟེན་ནས་འཕགས་པའི་བདེན་པ་དག་མཐོང་བ་དེ་དག་ གིས་གསོལ་པ། འདི་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་ཅག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང་བཅོམ་ལྡན་འདས་ཀྱིས་མ་གནང་ངོ། །ཀོ་ས་ ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་གསོལ་པ། འདི་བདག་གི་ཆུང་པོ་གྲོགས་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང། བཅོམ་ལྡན་འདས་ཀྱིས་ མ་གནང་ངོ། །བཙུན་མོ་ཕྲེང་ལྡན་མས་གསོལ་པ། འདི་བདག་གི་སློབ་དཔོན་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང། བཅོམ་ལྡན་འདས་ཀྱིས་ གནང་ངོ། །དེ་ནས་བཙུན་མོ་ཕྲེང་ལྡན་མས་ཚེ་དང་ལྡན་པ་འཆར་ཀའི་ལུས་དེ། ས་དཀར་གྱིས་དྲིལ་ཕྱི་བྱེད་དུ་བཅུག་ནས་སྤོས་ཆུས་འཁྲུར་བཅུག་སྟེ། རས་ཁ་དོག་སྣ་ཚོགས་དག་གི་ཁྱོགས་སྤྱིལ་བརྒྱན་ ནས་དེར་བཅུག་སྟེ་བཞག་གོ་དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་གཤེགས་ནས་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དེའི་ཕྱི་བཞིན་དུ་རྗེས་སུ་འབྲང་ [93B] ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་བཞག་ནས་བཙུན་མོ་ཕྲེང་ལྡན་མས། སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་པོར་བཅེར་ཏེ་བསྲེགས་ནས་ཕུང་པོ་དེ། འོ་མས་ཞི་བར་བྱས་ཏེ་རུས་པ་དེ་དག་གསེར་ གྱི་བུམ་པར་བཅུག་ནས་ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་སྟེ། གདུགས་དང། རྒྱལ་མཚན་དང། བ་དན་དག་བསྒྲེང་ཞིང། དྲི་དང། ཕྲེང་བ་རྒྱུ་དང། བདུག་སྤོས་དང་ཕྱེ་མ་ དང༑ སིལ་སྙན་དག་གིས་མཆོད་པ་བྱས། རྐང་པ་གཉིས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གཤེགས་སོ་།དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་བྱོན་ནས་དགེ་ སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ་།བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་དགེ་སློང་དག། ཉེས་དམིགས་འདི་དང། གཞན་དག་ ཀྱང་དགེ་སློང་དུས་མ་ཡིན་པར་གྲོང་དུ་འཇུག་པ་ལས་གྱུར་པས། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་ བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ན། ལྟུང་བྱེད་དོ། ། ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བར་མཛད་དོ། །དགེ་སློང་ནད་ངན་ཅན་དག་འཁོད་པ་དག་གིས་ཡུན་རིང་དུ་འཇུག་པར་མི་ནུས་པ་ན་དགེ་སློང་ [94A]༄༅། །ནད་གཡོག་དག་གིས་ཀྱང་ནད་པ་དག་གིས་བྱ་བ་ཉམས་པར་བྱེད། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འདུག་པ་ལ་ སྨྲ་བར་བྱའོ། །ཞེས་བཀའ་སྩལ་ནས་དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང། ཆོས་གོས་བཞག་ནས་ཇི་ཙམ་ན་དེར་མེ་ཤོར་ནས་དགེ་སློང་དེས་དེར་འགྲོ་བར་བརྩམས་ཏེ། དེ་ལམ་གྱི་ ཕྱེད་དུ་སོན་པ་དང། བདག་གིས་དགེ་སློང་འདུག་པ་ལ་མ་སྨྲས་སོ་།སྙམ་པའི་དྲན་པ་སྐྱེས་ནས་དེ་ཕྱིར་ལོག་སྟེ་ཇི་སྲིད་དུ་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང། ཆོས་ གོས་ཚིག་ནས་དེ་དེར་སོང་བ་དང། ཁྱིམ་བདག་གིས་སྨྲས་པ། འཕགས་པ། ཁྱོད་ཅིའི་སླད་དུ་འཕྱིས་ཏེ་བྱོན། དེས་ན་ཁྱོད་ཀྱི་ལྷུང་བཟེད་དང། ཆོས་གོས་ཚིག་གི་གལ་ཏེ་ཁྱོད་མྱུར་དུ་བྱོན་པར་ གྱུར་ན། ཁྱོད་ཀྱི་ལྷུང་བཟེད་དང། ཆོས་གོས་ཚིག་པར་མི་འགྱུར་རོ། །ཞེས་ཟེར་ཞིང། དགེ་སྦྱོང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང། བསླབ་པ་ལ་གུས་པ་དང། བསླབ་པ་ལ་ཡོ་བྱད་བསྙུངས་ [94B]པ་དང། དེའི་ཤས་ཆེ་བ་དང། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ དེ་ལྟ་བས་ན། སྔ་མ་ནི། བཅས་པ་ཡིན་ལ། འདི་ནི། གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ ཅིང་དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། ཆོས་འདི་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དུས་མ་ཡིན་པར་ཞེས་བྱ་ བ་ནི༑ དུས་མ་ཡིན་པ་གཉིས་སུ་སྟེ། སྐྱ་རེངས་མ་ཤར་བ་དང་ཕྱེད་ཡོལ་བར་རོ། །གྲོང་དུ་ཞེས་བྱ་བ་ནི། གང་ན་སྲང་དང་བཞི་མདོ་དང། སུམ་མདོ་དག་ཡོད་པར་རོ། །འཇུག་ཅིང་ཞེས་བྱ་བ་ནི་ འགྲོ་ཞིང་ངོ། །དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི། དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དུས་མ་ཡིན་པ་ལ་དུས་མ་ [95A]༄༅། །ཡིན་པར་འདུ་ཤེས་པས་གྲོང་དུ་འཇུག་ན། ལྟུང་བྱེད་དུ་འགྱུར་རོ། །དུས་མ་ཡིན་པ་ལ་ཡིད་གཉིས་ཟ་བས་གྲོང་དུ་འཇུག་ན་ལྟུང་བྱེད་དུ་ འགྱུར་རོ། །དུས་ལ་དུས་མ་ཡིན་པར་འདུ་ཤེས་པས་གྲོང་དུ་འཇུག་ན་ཉེས་བྱས་སུ་འགྱུར་རོ། །དུས་ལ་ཡིད་གཉིས་ཟ་བས་གྲོང་དུ་འཇུག་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་ སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བཙུན་མོ་ཕྲེང་ལྡན་མས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷས་དགེ་སློང་ རྣམས་ལ་ནི་གཞོན་ནུའི་ཡོངས་སུ་སྤངས་པ་སྩལ། དགེ་སློང་མ་རྣམས་ལ་ནི་བཙུན་མོའི་འཁོར་གྱི་ཡོངས་སུ་སྤངས་པ་རྩལ་ཅིང་འཕགས་པ་འཆར་ཀ། ལྷའི་ནི་ཆུང་པོ་གྲོགས་ ལགས། བདག་གི་ནི་སློབ་དཔོན་ལགས་ཏེ། དགེ་སློང་རབ་ཏུ་གྲགས་པ་དེ་ལྟ་བུ་ཡང་བཙན་མཐོང་དུ་བཀུམ་ན། དགེ་སློང་རབ་ཏུ་མ་གྲགས་པ་གཞན་དག་ལྷ་ལ་བཀའ་མཆིད་ ཀྱང་སུ་རྨེད་པར་འགྱུར། ལྷས་འཕགས་པ་འཆར་ཀ་དེ་སུས་འགུམ་དུ་སྩལ་པ་དང། སུས་བཀུམ་པ་བཀས་རྨ་བར་ཅི་གནང། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་ ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག། དེངས་ལ་འཕགས་པ་འཆར་ཀ་སུས་གསོད་དུ་བཅུག་པ་དང། སུས་བསད་པ་དེ་དག་རྨོས་ཤིག་དེ་དག་རྨེད་ཅིང་ཕྱོགས་ [95B] དེ་དག་གིས་དེ་ན་བུད་མེད་རྒན་མོ་དེ་མཐོང་ཞིང། དེས་ནི་དེ་དག་མ་མཐོང་བ་ན། བུད་མེད་རྒན་མོ་དེས་བྱུང་རྒྱལ་དུ་སྨྲས་པ། ཕྱོགས་འདིར་ཁྱིམ་པ་དད་པར་བྱེད་པ་རྣམས་ ཀྱི་མཆོག་དེ་སྦས་པ་ནི་དེ་དང་དེ་དག་གིས་བསད་དོ། །དེ་དག་གིས་དེ་ཐོས་ནས་སྨྲས་པ། རྒན་མོ་ཅི་ཟེར། རྒན་མོ་དེས་སྨྲས་པ། ཅང་མི་ཟེར་རོ། །དེ་དག་གིས་དེ་བཟུང་སྟེ་བསྡིགས་ནས་དེ་ སུས་བསད་སྨྲོས་ཤིག་ཅེས་བྱས་པ་དང། དེས་སྨྲས་པ། བྲམ་ཟེའི་བུ་མོ་འདིས་གསོད་དུ་བཅུག་གོ་ཆོམ་རྐུན་པའི་དམག་དཔོན་འདིས་བསད་དོ་།དེ་དག་གིས་ཀྱང་བསྡིགས་ ཏེ༑ ཅི་དེ་གཉིས་ཁོ་ནར་ཟད་དམ་ཞེས་རྨས་པ་དང། དེས་སྨྲས་པ་གཞན་ཡང་གཡོན་ཅན་ལྔ་བརྒྱ་ཡོད་དོ། །རྒྱལ་པོའི་མི་དེ་དག་གིས་བྲམ་ཟེའི་བུ་མོ་དེ་དང། ཆོམ་རྐུན་པའི་དམག་ དཔོན་དེ་དང། གཡོན་ཅན་ལྔ་བརྒྱ་པོ་དེ་དག་བཟུང་སྟེ་རྒྱལ་པོ་ལ་ཕུལ་ནས་སྨྲས་པ། ལྷ། འཕགས་པ་འཆར་ཀ་ནི་བྲམ་ཟེའི་བུ་མོ་འདིས་འགུམ་དུ་སྩལ་ཏེ། ཆོམ་རྐུན་པའི་དམག་དཔོན་ འདིས་བཀུམ་མོ། །གཡོན་ཅན་ལྔ་བརྒྱ་པོ་འདི་དག་གི་དམག་དཔོན་ནི་འདི་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེངས་ལ་བྲམ་ཟེའི་བུ་མོ་འདི་ནི་རྟེའུ་དམུ་རྒོད་ཀྱི་རྐང་པ་གཉིས་ལ་ ཐོགས་ཤིག་ཆོམ་རྐུན་པའི་དམག་དཔོན་འདི་ནི་རྒྱ་སྐྱེགས་ཀྱི་ཁང་པར་ཆུག་ལ་སྲེགས་ཤིག། གཡོན་ཅན་ལྔ་བརྒྱ་པོ་འདི་དག་ནི་ལག་པ་དང། རྐང་པ་དག་ཆོད་ཅིག་དེ་དག་གིས་བྲམ་ [96A]༄༅། །ཟེའི་བུ་མོ་དེ་ནི། རྟེའུ་དམུ་རྒོད་ཀྱི་རྐང་པ་གཉིས་ལ་བཏགས་སོ། །ཆོམ་རྐུན་པའི་དམག་དཔོན་དེ་ནི། རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ། བསྲེགས་སོ། །གཡོན་ཅན་ ལྔ་བརྒྱ་པོ་དེ་དག་ནི། ལག་པ་དང། རྐང་པ་དག་བཅད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཚེ་དང་ ལྡན་པ་འཆར་ཀས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྡང་བ་མ་མཆིས་པ་དང། གནོད་པ་མ་བགྱིས་བཞིན་དུ་དེ་གཉིས་ཀྱིས་དགུམ་པར་གྱུར་ཅིང། དེ་གཉིས་ཀྱང་བཀུམ་པར་གྱུར་ གཡོན་ཅན་ལྔ་བརྒྱ་པོ་དག་ཀྱང་ལག་པ་དང། རྐང་པ་དག་བཀུམ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་ པ༑ འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་ མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར་རླུང་གི་ ཁམས་ལ་མི་འགྱུར་གྱི། འདི་ལྟར། ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ་ [96B] །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ། འདས་པའི་དུས་ན་ ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་བྱེད་དུ་བཅུག་པའི་ཚེ། ཉམ་ང་བ་དང་བཅས་པའི་དུས་བྱུང་བ་ན་མུ་སྟེགས་ཅན་དག་གིས་ལོ་བཅུ་གཉིས་སུ་ཐན་པ་འབྱུང་ངོ། །ཞེས་ལུང་ བསྟན་ནས་རྒྱལ་པོ་ཚངས་བྱིན་གྱིས་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ་གང་ལ་ལོ་བཅུ་གཉིས་ཀྱི་ཟན་ཡོད་པ་དེ་ནི། འདུག་ཅིག་གང་ལ་མེད་པ་དེ་ནི། སོང་ཞིག་ཅེས་བསྒོའོ། །དེའི་མདུན་ན་འདོན་དེ་ བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་པ་དེ་ལ་བྲམ་ཟེའི་ཁྱེའུ་དག་གིས་སྨྲས་པ། མཁན་པོ། བདག་ཅག་ལ་ལོ་བཅུ་གཉིས་ཀྱི་འཚལ་མ་མ་མཆིས་ཀྱི། བདག་ཅག་མཆིའོ་།དེས་ སྨྲས་པ། བུ་དག་འཁོད་ཅིག་དང། ཁོ་བོས་ཁྱོད་ལ་མཁོ་བ་བསྟབ་པར་བྱའོ། །རྒྱལ་པོ་ཚངས་བྱིན་གྱི་རྨི་ལམ་ན་བདག་གི་རྒྱུ་མ་དག་གིས་གྲོང་ཁྱེར་ཐམས་ཅད་དཀྲིས་པར་མཐོང་ངོ། །མཐོང་ནས་ ཀྱང་དེ་གཞི་འདིས་བདག་རྒྱལ་སྲིད་ལས་ཉམས་པའམ། ཚེའི་བར་ཆད་འབྱུང་བའམ། གཅིག་ཏུ་མི་འགྱུར་གྲང་སྙམ་དུ་འཇིགས་པ་སྐྱེས་པར་གྱུར་ནས། དེས་རྨི་ལམ་དེ་མདུན་ན་འདོན་དེ་ལ་བཟླས་ པ་དང། མདུན་ན་འདོན་དེས་བསམ་པ། ལྷས་རྨི་ལམ་བཟང་བ་ཞིག་གཟིགས་མོད་ཀྱི། འོན་ཀྱང་བྲམ་ཟེའི་ཁྱེའུ་དག་གི་རྙེད་པའི་བར་ཆད་དུ་གྱུར་ན། མི་རུང་གི་ངན་པར་བསྙད་པར་བྱའོ། །སྙམ་ [97A]༄༅། །ནས་དེས་རྒྱལ་པོ་ལ་སྨྲས་པ། ལྷ། རྨི་ལམ་ངན་པ་ཞིག་གཟིགས་པས་གཞི་འདིས་ལྷ་རྒྱལ་སྲིད་ལས་ཉམས་པའམ། སྐུ་ཚེའི་བར་ཆད་འབྱུང་བའམ། གཅིག་ ཏུ་འགྱུར་རོ། །རྒྱལ་པོས་སྨྲས་པ། འདི་ལ་ཅི་ཞིག་བྱ། དེས་སྨྲས་པ། ལྷ། བ་ལང་གི་མཆོད་སྦྱིན་སྩལ་བར་བགྱིའོ། །རྒྱལ་པོས་སྨྲས་པ། དེ་ལྟར་བྱའོ། །དེས་བ་ལང་སྟོང་ཕྲག་དུ་ མ་དག་བསྲེགས་པ་དང། རྒྱལ་པོ་ཕྱིར་བྱུང་ནས་རྒྱལ་པོས་བ་ལང་དེ་དག་མཐོང་བ་དང། བ་ལང་དེ་དག་བ་ལང་གི་འབུ་སྒྲ་ཆེན་པོ་བྱུང། རྒྱལ་པོས་དེ་དག་མཐོང་ཞིང་ཐོས་ནས་དེ་སྙིང་རྗེ་ སྐྱེས་ཏེ། དེས་མདུན་ན་འདོན་ལ་སྨྲས་པ། འདི་དག་ཐམས་ཅད་གསད་པར་བྱའམ། མདུན་ན་འདོན་གྱིས་བསམ་པ། རྒྱལ་པོ། འདི་དག་ཐམས་ཅད་གསད་པར་མི་འདོད་དོ། །སྙམ་ནས་ དེས་སྨྲས་པ། ལྷ། ཐམས་ཅད་འགུམ་པར་མི་བགྱིའོ། །དེའི་ཚེ་རྔ་བྲན་ཞིག་རྔ་བྲན་མོ་ཞིག་ལ་རྒྱབ་རྒལ་བྱེད་ནས་མདུན་ན་འདོན་གྱིས་སྨྲས་པ། ལྷ། རྔ་བྲན་དང། རྔ་བྲན་མོ་འདི་གཉིས་ དགུམ་པར་བགྱིའོ། །བྲམ་ཟེའི་ཁྱེའུ་དེ་དག་གིས་ཀྱང་ལག་པ་བརྐྱང་སྟེ་འདི་གཉིས་ལགས་སོ། །ཞེས་བསྟན་ནས། དེ་གཉིས་བཤས་པ་ན་སེམས་པ་གཡོས་པ། བདག་ཅག་གཉིས་སྡང་བ་མེད་པ་ དང༑ གནོད་པ་མ་བྱས་བཞིན་དུ་བསད་པ་གང་ཡིན་པ་དེ་ཐམས་ཅད་ནི། མདུན་ན་འདོན་འདི་དང། བྲམ་ཟེའི་བུ་ལྔ་བརྒྱ་པོ་འདི་དག་གི་ལེ་ལན་ཡིན་གྱི། བདག་ཅག་གཉིས་གང་དུ་གང་དུ་སྐྱེས་པ་ [97B] སྡང་བ་མེད་པ་དང། གནོད་པ་མ་བྱས་བཞིན་དུ་གསོད་པ་དང། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་འདི་དག་ཀྱང་ལག་པ་དང། རྐང་པ་དག་གཅོད་དུ་འཇུག་པར་ གྱུར་ཅིག་སྙམ་དུ་དམ་བཅས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་སྦྱིན་གང་ཡིན་པ་དེ་ནི། ད་ལྟར་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་ བྱིན་གྱི་བཙུན་མོ་གང་ཡིན་པ་དེ་ནི། ད་ལྟར་བཙུན་མོ་ཕྲེང་ལྡན་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་མདུན་ན་འདོན་གང་ཡིན་པ་དེ་ནི་ད་ལྟར་དགེ་སློང་འཆར་ཀ་ཡིན་ནོ། །དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ ལྔ་བརྒྱ་པོ་གང་དག་ཡིན་པ་དེ་དག་ནི། ད་ལྟར་གཡོན་ཅན་ལྔ་བརྒྱ་པོ་འདི་དག་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྔ་བྲན་གང་ཡིན་པ་དེ་ནི། ད་ལྟར་ཆོམ་རྐུན་པའི་དམག་དཔོན་ཡིན་ནོ། །དེའི་ཚེ་དེའི་དུས་ན་ རྔ་བྲན་མོ་གང་ཡིན་པ་དེ་ནི། ད་ལྟར་བྲམ་ཟེའི་བུ་མོ་ཡིན་ཏེ་མདུན་ན་འདོན་དེ་དང། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དག་གིས་རྔ་བྲན་དང། རྔ་བྲན་མོ་དེ་གཉིས་སྡང་བ་མེད་པ་དང། གནོད་པ་མ་བྱས་བཞིན་དུ་ གསོད་དུ་བཅུག་པའི་ལས་དེའི་རྣམ་པར་སྨིན་པས། ད་ལྟར་ཡང་ཆོམ་རྐུན་པའི་དམག་དཔོན་འདི་དང། བྲམ་ཟེའི་བུ་མོ་འདི་གཉིས་ཀྱིས་འཆར་ཀ་དང། གཡོན་ཅན་ལྔ་བརྒྱ་པོ་དག་སྡང་བ་མེད་པ་དང་ གནོད་པ་མ་བྱས་བཞིན་དུ་གསོད་དུ་བཅུག་གོ་བཙུན་པ། ཚེ་དང་ལྡན་པ་འཆར་ཀས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་པ། ནོར་མང་བ། ལོངས་ [98A]༄༅། །སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས། ལས་ཅི་ཞིག་བགྱིས་ན། དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བགྱིས། ལས་ཅི་ཞིག་བགྱིས་ན། དེས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་མཚོན་གྱིས་ཡོངས་སུ་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ ཀྱི་བུ་འཆར་ཀ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། འཆར་ཀ་ཉིད་ཀྱི་ལས་ བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང་ སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་ སློང་དག་སྔོན་བྱུང་བ། འདས་པའི་དུས་ན་སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ་ [98B]འཇིག་རྟེན་དུ་བྱུང་ངོ། །ཇི་ཙམ་ན་རི་བྲག་ཅིག་ན་རྔོན་པ་ཞིག་འདུག་སྟེ། རི་བྲག་དེ་དང་ཧ་ཅང་མི་རིང་བ་ཞིག་ན་རི་དྭགས་དང་བྱ་མང་པོ་དག་ གི་རྟེན་དུ་གྱུར་པ། མཚེའུ་ཞིག་ཡོད་པ་དེར་རྔོན་པ་དེ་ཉི་མ་རེ་རེ་ཞིང་རི་དྭགས་དང། བྱ་མང་པོ་དག་དྲུངས་དབྱུང་བའི་ཕྱིར་དང། ཉམས་པར་བྱ་བའི་ཕྱིར་དང། ཚུལ་མ་ཡིན་པས་སྡུག་བསྔལ་བར་ བྱ་བའི་ཕྱིར་རྔོན་སྤྱད་དང། རྙི་དང། རྙོང་མང་པོ་དག་འཛུགས་པར་བྱེད་དོ། །དེའི་རྔོན་སྤྱད་དང། རྙི་དང། རྙོང་དེ་དག་ཀྱང་དོན་ཡོད་པ་ཡིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་རང་སངས་རྒྱས་ཤིག་ལྗོངས་ རྒྱུ་ཞིང་སོང་བ་ན་རི་བྲག་དེར་ཕྱིན་ནས་ལྷའི་གནས་ཤིག་ཏུ་མཚན་མོ་གནས་པར་ཁས་བླངས་ནས་དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རི་བྲག་དེར་བསོད་སྙོམས་ལ་ཞུགས་ སོ༑ ༑དེར་བསོད་སྙོམས་རྒྱུས་ནས་བསམ་པ། ལྷའི་གནས་འདི་ཉིན་མོ་རྒྱུན་ལུགས་མང་བ་ཡིན་གྱི། རི་བྲག་གི་ཕྱི་རོལ་གྱི་གནས་ཞི་བ་ཞིག་ཏུ་བསོད་སྙོམས་བཟའོ། །སྙམ་ནས། དེ་རི་བྲག་ནས་བྱུང་ སྟེ༑ འདི་ནི། ཞི་བའོ། །འདི་ནི། ཞི་བའོ། །ཞེས་མཚེའུ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་སྟེ་རྐང་པ་གཉིས་བཀྲུས་ནས་ལག་པ་གཉིས་བསྙལ་ཏེ་ཚུ་བཙགས་ ནས་ལོ་མ་ལྷགས་པ་དག་བླངས་ཏེ་འདུག་ནས་ཟས་ཀྱི་བྱ་བ་བྱས་ཏེ་ལག་པ་གཉིས་བསྙལ་ནས་ཁ་བཀྲུས་ཏེ་ལྷུང་བཟེད་དང་ཆུ་ཚགས་གནས་ཇི་ལྟ་བ་བཞིན་དུ་བཞག་ནས་རྐང་པ་གཉིས་བཀྲུས་ཏེ་ཤིང་ [99A]༄༅། །དྲུང་ཞིག་ཏུ་བརྟེན་ནས་བྲང་འགྲོའི་རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བར་འདུག་པ་དང། དེའི་ཉིན་མོ་མིའི་དྲིས་རི་དྭགས་གཅིག་ ཀྱང་མ་ཟིན་ཏོ། །དེ་ནས་རྔོན་པ་དེ་ནང་པར་སྔར་ལངས་ཏེ་མཚེའུ་དེ་ག་ལ་བ་དེར་སོང་ནས་དེས་རྔོན་སྤྱད་དང། རྙི་དང་རྙོང་དེ་དག་བྱུལ་བར་བརྩམས་པ་དང། རི་དྭགས་གཅིག་ཀྱང་མ་མཐོང་ནས་དེ་ འདི་སྙམ་དུ་སེམས་ཏེ། བདག་གི་རྔོན་སྤྱད་དང། རྙི་དང། རྙོང་འདི་དག་དོན་ཡོད་པ་ཡིན་ན། གང་གི་ཕྱིར་དེར་རི་དྭགས་གཅིག་ཀྱང་མ་ཟིན་པ་འདིའི་རྒྱུ་གང་ཡིན་སྙམ་ནས། དེས་མཚེའུ་དེའི་ཐན་ ཀོར་བྱུལ་བར་བརྩམས་པ་དང། མིའི་རྗེས་མཐོང་ནས་དེ་རྗེས་དེའི་ཕྱི་བཞིན་དུ་སོང་བ་དང། རང་སངས་རྒྱས་སྤྱོད་ལམ་ཞི་བས་འདུག་པ་དེ་མཐོང་ནས་དེས་བསམ་པ། རབ་ཏུ་བྱུང་བ་སེམས་ ཞི་བ་འདི་དག་གནས་འདི་ལྟ་བུ་དག་ཏུ་མངོན་པར་དགའ་བར་བྱེད་པས། གལ་ཏེ་བདག་གིས་འདིའི་སྲོག་གཅད་པར་མ་བྱས་ན། འདི་དག་གིས་ངེས་པར་བདག་གི་འཚོ་བ་གཅོད་པར་བྱེད་ཀྱི་ རྣམ་པ་ཐམས་ཅད་དུ་འདི་གསད་པར་བྱའོ། །སྙམ་ནས་སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་དེས། མདའ་དུག་ཅན་གྱིས་གཞུ་རྔའི་དབྱིབས་འདྲ་བར་རྣ་དྲུང་དུ་ཐུག་ པར་བཀང་སྟེ་རང་སངས་རྒྱས་དེའི་གནད་དུ་བསྣུན་ཏོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམ་པ། རྔོན་པ་ཉོན་མོངས་པ་འདི་ཧ་ཅང་རྨས་པ་དང། ཉམས་པར་གྱུར་ན་མི་རུང་གི་ད་འདི་ [99B] །སྙམ་ནས། དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང། གསལ་བ་དང། ཆར་འབེབས་པ་དང། གློག་འབྱིན་ པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི། རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། རྔོན་པ་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ ཀྱི་དྲུང་དུ་འགྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ་ རང་སངས་རྒྱས་དེ་རྔོན་པ་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་ནས་རྔོན་པ་དེས་ཟུག་རྔུ་མེད་པར་བྱས་ཏེ་རྨ་ལྷན་གྱིས་གླན་ནས་སྨྲས་པ་འཕགས་པ་སྡུམ་པར་གཤེགས་ སུ་གསོལ། གལ་ཏེ་འདིར་གསེར་གྱི་ལྷན་པས་གླན་པར་མཛད་ན། དེ་ཡང་བདག་གིས་སྦྱར་བར་བགྱིའོ། །རང་སངས་རྒྱས་ཀྱིས་བསམ་པ། བདག་གི་རྣག་གི་ལུས་འདིས་ཐོབ་པར་བྱ་བ་གང་ཡིན་པ་ཐོབ་ ཟིན་པས། དེའི་ཕྱིར་ད་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་བྱའོ། །སྙམ་ནས། དེ་རྔོན་པ་དེ་ཉིད་ཀྱི་མདུན་དུ་ཡང་ནམ་མཁའི་དཀྱིལ་དུ་འཕགས་ཏེ། ཆོ་འཕྲུལ་ རྣམ་པ་སྣ་ཚོགས་དག་རྣམ་པར་བསྟན་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་སོ་།རྔོན་པ་དེ། ནོར་དང་ལྡན་པ་ཡིན་པས་དེས་སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་ [100A]༄༅། །པོར་བཅེར་ཏེ་བསྲེགས་ནས་ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ། རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས། ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་ བཅུག་སྟེ། གདུགས་དང། རྒྱལ་མཚན་དང། བ་དན་དག་བསྒྲེང་ཞིང་དྲི་དང། ཕྲེང་བ་རྒྱུ་དང། བདུག་སྤོས་དང། ཕྱེ་མ་དང། སིལ་སྙན་དག་གིས་མཆོད་པ་བྱས་ནས་རྐང་པ་གཉིས་ལ་ཕྱག་ འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་མཆོད་པར་བྱས་པ་གང་ཡིན་པའི་ དགེ་བའི་རྩ་བ་འདིས། བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེས་གདབ་བོ། །དགེ་སློང་དག་།དེ་ལ་དེའི་ཚེ་དེའི་དུས་ན་རྔོན་པ་གང་ཡིན་པ་དེ་ནི། འཆར་ཀ་འདི་ཡིན་ ཏེ༑ དེས་རང་སངས་རྒྱས་ཀྱི་གནད་དུ་མདའ་དུག་ཅན་གྱི་བསྣུན་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གདུངས་ནས་ལས་དེ་ ཉིད་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་མཚེའུ་འགྲམ་དེ་ཉིད་དུ་རི་དྭགས་སུ་སྐྱེས་ཤིང་མཚོན་གྱིས་དུས་ལ་བབ་སྟེ། ད་ལྟར་གྱི་བར་དུ་ཡང་དགྲ་བཅོམ་པ་ཐོབ་ཀྱང་དེ་མཚོན་གྱིས་ཡོངས་སུ་མྱ་ངན་ ལས་འདས་སོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེས་ནི། ད་ལྟར་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་སོ། །བཙུན་པ། ཚེ་དང་ལྡན་པ་འཆར་ཀས་ [100B] ལས་དེའི་རྣམ་པར་སྨིན་པས་འདིའི་དུས་ལ་བབ་པའི་ལུས་ཕྱག་དར་གྱི་ཕུང་པོར་སྦས་པ་དང། འདིས་སྟོན་པ་མཉེས་པར་བགྱིས་ཤིང་ཐུགས་བྱུང་བར་མ་བགྱིས་པ་དང། འདི་དུས་ལ་བབ་ པའི་ལུས་ལ་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པས་ལུས་ཀྱི་མཆོད་པ་བགྱིས་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཐོབ་པར་གྱུར། དགེ་སློང་དག་འཆར་ཀ་ ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། འཆར་ཀ་ཉིད་ཀྱིས་ལས་བྱས་ཤིང་ བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པ་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར། འདི་ལྟར། ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་ འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ། འདས་པའི་དུས་ན་སངས་ རྒྱས་རྣམས་འབྱུང་བ་མེད་པའི་ཚེ། རང་སངས་རྒྱས་དམན་པ་དང། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་ [101A]༄༅། །པ་དག་འཇིག་རྟེན་དུ་བྱུང་ངོ། །གངས་ཀྱི་སུལ་ཞིག་ན་རང་སངས་རྒྱས་ལྔ་བརྒྱ་གནས་ཏེ། དེ་ན་རང་སངས་རྒྱས་གཅིག་ཅིག་ན་བར་གྱུར་ནས་གཞན་དག་གིས་དེ་ལ་སྨྲས་པ་ ཁྱོད་བཞུད་ལ་སྨན་པ་ལ་སྨོས་ཏེ་ཆོ་ག་མཛོད་ཅིག་དེ་རི་བྲག་གཞན་ཞིག་ཏུ་སོང་ནས་མཚན་མོ་རྫ་མཁན་གྱི་ར་བ་ཞིག་ཏུ་གནས་པར་ཁས་བླངས་པ་དང། དེ་མཚན་མོ་ན་བར་གྱུར་ནས་དུས་ལ་བབ་ བོ༑ ༑རྫ་མཁན་དེས་དེ་མཐོང་ནས་དེས་བསམ་པ། རབ་ཏུ་བྱུང་བ་འདི། རྫ་མ་སོ་བཏང་བ་དང། མ་བཏང་བ་དག་གི་ནང་དུ་དུས་ལ་བབ་པས། འཇིག་རྟེན་ནི། གཙང་སྦྲ་འདོད་པ་ཡིན་པས་གལ་ཏེ་སྐྱེ་ བོ་དག་གིས་ཚོར་བར་གྱུར་ན། འགའ་ཡང་སྣོད་ཉོ་བར་མི་འགྱུར་རོ་།སྙམ་ནས། དེས་རང་སངས་རྒྱས་དེའི་ལུས་དེ་ཕྱག་དར་གྱི་ཕུང་པོ་ཞིག་ཏུ་སྦས་ཏེ་བཞག་གོ་རང་སངས་རྒྱས་གཞན་དག་གིས་བསམ་ པ༑ བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པར་དེ་གར་སོང་སྙམ་ནས་བལྟས་པ་དང། ཇི་ཙམ་ན་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ནས་དེ་དག་གིས་དེ་ཉིད་ནས་སྤོས་ཀྱི་ཤིང་དག་སྟེང་ གི་ནམ་མཁའ་ལས་ཁྱེར་ཏེ་འོངས་ནས་རྫ་མཁན་གྱི་ར་བར་བབས་པ་དང། རྫ་མཁན་གྱིས་དེ་དག་མཐོང་ནས་དེས་སྨྲས་པ། འཕགས་པ་དག་གར་གཤེགས། དེ་དག་གིས་སྨྲས་པ། ཚངས་ པ་མཚུངས་པར་སྤྱོད་པ་ལ་མཆོད་པ་བྱེད་དུའོ། །རྫ་མཁན་གྱིས་སྨྲས་པ། འདིས་ཀྱང་ཁྱེད་ཀྱི་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་བམ། དེ་དག་གིས་སྨྲས་པ། ཐོབ་བོ། །རྫ་མཁན་གྱིས་སྨྲས་པ་ [101B] ད་བཀུར་སྟི་བགྱི་བའི་བར་དུ་ཡུད་ཙམ་ཞིག་བ་ཞེས་སུ་གསོལ། དེ་སོང་སྟེ་རྒྱལ་པོ་ལ་སྨྲས་པ། ལྷ། བདག་གི་ར་བར་རབ་ཏུ་བྱུང་བ་བརྟུལ་ཞུགས་ གྲུབ་པ་ཞིག་དུས་ལ་བབ་ཀྱི། ལྷས་དེ་ལ་བཀུར་སྟི་མཛད་དུ་གསོལ་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་ཕྱིར་བྱུང་ནས་དེས་རང་སངས་རྒྱས་ཀྱི་ལུས་དེ་སྤོས་ཀྱི་ཤིང་ཐམས་ཅད་ཀྱི་ཕུང་པོར་ བཅེར་ཏེ་བསྲེགས་ནས་ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ་རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས་ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་སྟེ་གདུགས་དང། རྒྱལ་མཚན་དང། བ་ དན་བསྒྲེང་ཞིང། དྲི་དང། ཕྲེང་བ་རྒྱུ་དང། བདུག་སྤོས་དང་ཕྱེ་མ་དང། སིལ་སྙན་དག་གིས་མཆོད་པར་བྱས་སོ། །རྫ་མཁན་དེས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས་ བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས། བདག་འདི་ བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་བྱེད་པར་མི་འགྱུར་བ་དང། བདག་དུས་ལ་བབ་པའི་ལུས་ལ་ཡང་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་ རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་མཆོད་པ་མཛད་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་རྫ་མཁན་གང་ཡིན་པ་དེ་ནི། ད་ལྟར་དགེ་སློང་འཆར་ཀ་འདི་ [102A]༄༅། །ཡིན་ཏེ། འདིས་དེའི་ཚེ་རང་སངས་རྒྱས་དེ་དུས་ལ་བབ་པའི་ལུས་ཕྱག་དར་གྱི་ཕུང་པོར་སྦས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ད་ལྟར་འདི་དུས་ལ་བབ་པའི་ལུས་ ཕྱག་དར་གྱི་ཕུང་པོར་སྦས་སོ། །འདིས་དེའི་ཚེ་རང་སངས་རྒྱས་ཀྱི་ལུས་དེ་ལ་མཆོད་པ་བྱས་ཏེ་སྨོན་ལམ་དེ་སྐད་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི། ད་ལྟར་འདིས་རང་སངས་རྒྱས་བྱེ་བ་ཕྲག་ འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང། ཐུགས་བྱུང་བར་མ་བྱས་ཏེ། འདི་དུས་ལ་བབ་པའི་ལུས་ལ་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང། རྒྱལ་ པོ་བཙུན་མོའི་འཁོར་དང་བཅས་པས་ལུས་ཀྱི་མཆོད་པ་བྱས་པར་གྱུར་ཏོ། །བཙུན་པ། ཚེ་དང་ལྡན་པ་འཆར་ཀས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་ཁྱིམ་ པ་དད་པར་བགྱིད་པ་རྣམས་ཀྱི་མཆོག་ཏུ་བསྟན། དེ་ནི། སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཆེན་པོ་བཟང་པོ་ འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་ པ༑ སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ [102B] །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་གང་གིས་དེ་རབ་ཏུ་ཕྱུང་བའི་དགེ་སློང་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན། ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་སྨོན་ ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་ སྤྱད་ཀྱང་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་རྒུའི་ཚེ་ལོ་བརྒྱ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་ འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང། ཇི་ལྟར་མཁན་ [103A]༄༅། །པོ་འདི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་ བསྟན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱ་སེངྒེ། ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བཏབ་ པར་བརྩམས་པས། སྨོན་ལམ་དེའི་དབང་གིས་དེ་ལྟར་དེ་བཞིན་གཤེགས་པས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན། ལས་གཅིག་ཏུ་ནག་པ་ རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན་ལ་ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་ མ་ཡིན་ནོ། །དགེ་སློང་དག། དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་དང། འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ ཀྱིས་དེ་ལྟར་བསླབ་པར་བྱའོ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དེ། བརྒྱད་ཅུ་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ་བམ་པོ་རེ་བརྒྱད་པ། སྡོམ་ལ། ཟས་ བཅས་སྐྱ་རེངས་ད་གདོད་དང། །ཁབ་རལ་དང་ནི་ཁྲི་རྐང་དང་།བདལ་དང་འདིང་དང་གཡན་པ་དང། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་ [103B]བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེའི་ཁྱིམ་དུ་ཉེ་དགའ་དུས་དང་དུས་སུ་འགྲོ་ཞིང། དེས་དེ་སྐྱབས་སུ་འགྲོ་བ་དང་བསླབ་ པའི་གཞི་དག་ལ་བཞག་གོ་དུས་གཞན་ཞིག་ན་དེས་དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གི་བསྔགས་བ་རྒྱ་ཆེར་བརྗོད་པ་དང། དེས་སྨྲས་པ། འཕགས་པ། བདག་གིས་ཀྱང་ རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཅུང་ཟད་བགྱིའོ་།ཉེ་དགས་སྨྲས་པ། ལེགས་ཀྱི། དེ་བཞིན་གྱིས་ཤིག་ཅི་ཞིག་བྱེད་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ ཚོད་གསོལ་ལོ། །ཁྱིམ་བདག་ཁྱོད་ཀྱིས་སེམས་རྒྱ་ཆེན་པོ་བསྐྱེད་ཀྱི། གདུགས་ཚོད་གསོལ་ཅིག་འཕགས་པ། ཁྱོད་ཀྱིས་བདག་གི་མིང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ འདུན་སང་བདག་གི་སྡུམ་པར་གདུགས་ཚོད་ལ་སྤྱན་དྲངས་པའི་རིགས་སོ། །དེས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་ཉེ་དགས་ཁྱིམ་བདག་དེ་ལ། ཨ་རོག་གྱ་ཞེས་བྱས་ཏེ་སོང་ནས་དེ་གཙུག་ལག་ཁང་ དུ་སོང་སྟེ། དེས་ཁྱིམ་བདག་དེའི་མིང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་ ཁྱིམ་བདག་དེ་མ་དད་པ་ཡིན་ན། ཁྱོད་ཀྱིས་ཇི་ལྟར་རྗེས་སུ་འཇུག་པར་བྱས། ཉེ་དགས་སྨྲས་པ། ཚེ་དང་ལྡན་པ་དག་ཉེ་དགའ་ལ་དེ་ཙམ་ཡང་མི་གནས་སམ། རྗེས་སུ་འཇུག་པར་བྱས་པ་འབའ་ཞིག་ཏུ་ [104A]༄༅། །མ་ཟད་ཀྱི། སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལ་ཡང་བཞག་གོ་དགེ་སློང་རྣམས་ཀྱིས་སྨྲས་པ། ལེགས་པར་བྱས་ཀྱི། འདོང་ལ་བཟའ་བར་བྱའོ། །ཆོས་ ཉིད་ཀྱིས་ན། གང་གི་ངོར་དགེ་སློང་གི་དགེ་འདུན་སྤྱན་དྲངས་པ་དེ་དུས་སྔར་འགྲོ་བ་ཡིན་པས། ཚེ་དང་ལྡན་པ་ཉེ་དགའ་དུས་དེར་སོང་ནས་དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁོ་བོ་ཁྱིམ་དུ་ འགྲོ་བའི་ཁྱིམ་དག་ལྟ་བའི་བར་དུ་ཁྱོད་རེ་ཞིག་ཞལ་ཟས་སྟ་གོན་གྱིས་ཤིག་ཁོ་བོས་མ་འོངས་ཀྱི་བར་དུ་ཡང་ཁྱོད་ཀྱི་རེ་ཞིག་བྲིམ་པར་མི་བྱའོ། །ཞེས་སྨྲས་ཏེ་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་རྣམས་ལ་ཁྱིམ་བདག་དེ་རྒྱུས་མི་ཤེས་པ་ཡིན་པས། དེས་སྤྱན་འདྲེན་གཏོང་བར་མི་བྱེད་ཀྱི། དུས་སྔར་ཤིག་ཅིག་ དང། འདོང་ངོ། །ཞེས་སྒོག་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་བསྒོ་བ་དང། དགེ་སློང་རྣམས་ ཆས་ཏེ་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ནས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་སྒོ་དྲུང་ ན་གཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་ཁྱིམ་བདག་དེ་ལ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྒོ་དྲུང་ན་ [104B] ཅི་བདེར་གྱིས་ཤིག་ཅེས་སྒོས་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ནང་དུ་སོང་སྟེ། ཁྱིམ་བདག་དེ་ལ་ཁྱིམ་ བདག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྒོ་དྲུང་ན་གཞེས་ཀྱི། ཅི་བདེར་གྱིས་ཤིག་ཁྱིམ་བདག་གིས་སྨྲས་པ། འཕགས་པ་བདག་གིས་ཁྱེད་ཅག་གི་ཅི་བདེ་ཅི་ལགས་ནི། མི་འཚལ་ གྱི༑ འདི་ལྟར་ཁྱེད་ཅག་ཁོ་ནའི་སླད་དུ་གདན་དག་བཤམས་ཀྱི་བཞུགས་སུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཁྱིམ་བདག་དེའི་མཆིད་ནས་ བདག་གིས་ཁྱེད་ཅག་གི་ཅི་བདེ་ཅི་ལགས་ནི། མ་འཚལ་གྱི། འདི་ལྟར་ཁྱེད་ཅག་ཁོ་ནའི་སླད་དུ་གདན་བཤམས་ཀྱི། བཞུགས་སུ་གསོལ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ དེ་སྐད་ཟེར་ན། ཁྱེད་ཅག་ཁོ་ནའི་ཕྱིར་སྟན་དག་བཤམས་པས་ཅི་བདེ་བྱས་པར་བརྗོད་པར་བྱ་སྟེ། འདུག་པར་བྱ་ཞིང། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ བཞུགས་པ་དང། ཇི་ཙམ་ན་གདུགས་ཚོད་ལ་བབ་ཏུ་ཉེ་བས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་ཁྱིམ་བདག་ལ་གདུགས་ཚོད་བབ་ ཏུ་ཉེའི། ཞལ་ཟས་བྲིམས་ཤིག་ཟས་འདིས་ཁྱོད་ལ་ཅི་ཞིག་བྱ་ཞེས་གྱིས་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཁྱིམ་ [105A]༄༅། །བདག་ལ་བསྒོ་བ་དང། དེས་སྨྲས་པ། འཕགས་པ་ཉེ་དགའ་མཆིས་སམ། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཁྱིམ་བདག་མ་འོངས་སོ། །དེས་སྨྲས་པ། འཕགས་ པ༑ དེ་མཆིའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། ཁྱིམ་བདག་དེའི་མཆིད་ནས་ཉེ་དགའ་མཆིས་སམ་ ཞེས་མཆི་ནས། བདག་གིས་མ་མཆིས་སོ། །ཞེས་བགྱིས་པ་དང། དེའི་མཆིད་ནས་དེ་མཆིའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་ཡུད་ཙམ་ཞིག་གཞེས་ ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་ཁྱིམ་བདག་ལ་གདུགས་ཚོད་ལ་བབ་ཀྱི། ཞལ་ཟས་བྲིམས་ཤིག་ཟས་རུལ་བར་གྱུར་པ་འདིས་ཁྱོད་ལ་ཅི་ཞིག་བྱ་ ཞེས་གྱིས་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཁྱིམ་བདག་ལ་བསྒོ་བ་དང། དེས་སྨྲས་པ། འཕགས་པ་ཉེ་དགའ་ མཆིས་སམ། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཁྱིམ་བདག་མ་འོངས་སོ། །དེས་སྨྲས་པ། འཕགས་པ། དེ་མཆིའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། བཅོམ་ལྡན་འདས་ ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས། ཁྱིམ་བདག་དེའི་མཆིད་ནས་ཉེ་དགའ་མཆིས་སམ་ཞེས་མཆི་ནས། བདག་གིས་མ་མཆིས་སོ། །ཞེས་བགྱིས་པ་དང། དེ་མཆིད་ [105B]མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་ཁྱིམ་བདག་ལ་ཉེ་དགའ་འོངས་པར་མ་གྱུར་ན། ཟན་སྦྱིན་པར་ མི་བྱེད་དམ་ཞེས་གྱིས་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཁྱིམ་བདག་ལ་དེ་སྐད་སྨྲས་པ་དང། དེས་སྨྲས་པ། འཕགས་ པ༑ མི་གསོལ་ལོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། མི་གསོལ་ལོ། །ཞེས་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་ སྩལ་པ། གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །བདག་དབང་ཐམས་ཅད་བདེ་བ་ཡིན། །ཐུན་མོང་དག་གིས་གནོད་བྱེད་དེ། །འབྲེལ་པ་ཤིན་ཏུ་འདའ་བར་དཀའ། །ཇི་ཙམ་ན་གདུགས་ཚོད་ཀྱི་མཐའ་ ལ་བབ་པ་ན། ཉེ་དགའ་འོངས་ནས་དེས་སྨྲས་པ། ཁྱིམ་བདག་མི་འབྲིམ་པར་ཅིས་སྡོད། དེས་སྨྲས་པ། འཕགས་པ། ཁྱོད་ཀྱི་ཞལ་ནས་ཁོ་བོ་མ་འོངས་ཀྱི་བར་དུ་རེ་ཞིག་བྲིམ་པར་མི་བྱའོ། །ཞེས་ བྱུང་ལ། ད་འདི་སྐད་ཅེས་གསུང་ངམ། ཉེ་དགའ་ཤགས་མེད་ནས་ཅང་མི་སྨྲ་བར་འདུག་གོ་དེ་ནས་ཁྱིམ་བདག་དེས་བྲིམ་པར་བརྩམས་པ་དང། ཇི་ཙམ་ན་གདུགས་ཚོད་ཡོལ་ནས་དགེ་སློང་ཁ་ཅིག་ གིས་ནི། ཟན་ཐོབ་ནས་ཟན་བཅད་པ་བྱས། ཁ་ཅིག་གིས་ནི། ཟན་མ་ཐོབ་པ་ཁོ་ནར་ཟན་བཅད་པ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གཤེགས་སོ། །ཉེ་དགའ་ངོ་ཚ་བར་གྱུར་པའི་ [106A]༄༅། །སྙིང་གིས་དེ་ཉིད་དུ་འདུག་གོ་དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་པ་རྒན་པའི་མཐའ་ལོགས་སུ་འདུག་སྟེ། དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ཞིང་སྨྲས་པ། བཙུན་པ་ཉེ་ དགའ་མ་མཆིས་སམ། འགའ་ཞིག་གིས་དེའི་མདུན་པ་བླངས་སམ། དགེ་སློང་རྣམས་ཀྱིས་སྨྲས་པ། དེ་མ་འོངས་ཏེ། སུས་ཀྱང་དེའི་འདུན་པ་ཡང་མ་བླངས་སོ། །དགེ་སློང་གཞན་དག་གིས་ སྨྲས་པ། ཚེ་དང་ལྡན་པ་དག་ཉེ་དགས་བདག་ཅག་སྔ་དྲོ། ཟང་ཟིང་གི་ཕྱེད་ལ་མཐོ་བཙམས་ལ། ད་ནི། ཆོས་ཀྱི་ཕྱེད་ལ་མཐོ་འཚམ་པར་བྱེད་དོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་ དག་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་བར་བྱེད་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་ པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པ་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་ པ། ཉེ་དགའ། ཁྱོད་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང། ཕྱི་དྲོ་ཁྱིམ་བདག་ཏུ་རྒྱུ་བར་བྱེད་པ་བདེན་ནམ་བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་ [106B] རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་ རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ན། ལྟུང་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བར་ མཛད་དོ། །དགེ་སློང་ནད་ངན་ཅན་དག་འཁོད་པ་དག་གིས་ཡུན་རིང་དུ་འདུག་མི་ནུས་ནས། དགེ་སློང་ནད་གཡོག་རྣམས་ཀྱིས་ནད་པའི་བྱ་བ་ཉམས་པར་བྱེད་ཅིང། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པ་འདུག་པ་ལ་བསྒོ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་པ་འདུག་པ་ལ་བསྒོ་བར་བྱའོ། །ཞེས་བཀའ་ སྩལ་ནས་དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང། ཆོས་གོས་བཞག་ནས། ཇི་ཙམ་ན་དེར་མེ་ཤོར་ནས་དགེ་སློང་དེས་དེར་འགྲོ་བར་བརྩམས་ཏེ། དེ་ལམ་གྱི་ཕྱེད་དུ་སོན་པ་དང། བདག་ [107A]༄༅། །གི་ཁྱིམ་པ་འདུག་པ་ལམ་བསྒོས་སོ། །སྙམ་པའི་དྲན་པ་སྐྱེས་ནས་དེ་ཕྱིར་ལོག་སྟེ་ཇི་སྲིད་དུ་ཁྱིམ་པ་འདུག་པ་ལ་སྒོ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང་ཆོས་ གོས་ཚིག་ནས་དེ་དེར་སོང་བ་དང། ཁྱིམ་བདག་གིས་སྨྲས་པ། འཕགས་པ། ཁྱོད་ཅིའི་སླད་དུ་འཕྱིས་ཏེ་བྱོན། ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་གི་གལ་ཏེ་ཁྱོད་མྱུར་དུ་བྱོན་པར་ གྱུར་ན། ཁྱོད་ཀྱི་ལྷུང་བཟེད་དང། ཆོས་གོས་ཚིག་པར་མི་འགྱུར་རོ། །ཞེས་ཟེར་ཞིང། དགེ་སློང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང། བསླབ་པ་ལ་གུས་པ་དང་ བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང། དེའི་ཤས་ཆེ་བ་དང། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་ སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། སྔ་མ་ནི། བཅས་པ་ཡིན་ལ། འདི་ནི། གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་ པར་བྱ་སྟེ། ཡང་དགེ་སློང་གང། ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་མི་སྒོ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། [107B] ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟས་དང་བཅས་པའི་ཞེས་བྱ་བ་ནི། མགྲོན་དུ་བོས་པ་དང་བཅས་པའིོ། །ཁྱིམ་ཞེས་བྱ་བ་ནི། བྲམ་ ཟེ་དང། ཁྱིམ་བདག་གི་ཁྱིམ་དུའོ། །མགྲོན་དུ་བོས་ནས་ཞེས་བྱ་བ་ནི། བསོད་སྙོམས་ཀྱི་ཕྱིར་རོ། །སྔ་དྲོ་ཞེས་བྱ་བ་ནི། སྔ་དྲོ་ཉིད་དེ། ཁྱིམ་གཉིས་ལས་ལྷག་པར་རྒྱུ་ནའོ། །ཕྱི་དྲོ་ཞེས་བྱ་བ་ནི། ཕྱི་དྲོ་ ཉིད་དེ། ཁྱིམ་གསུམ་ལས་ལྷག་པར་རྒྱུ་ནའོ། །ཁྱིམ་དག་ཏུ་ཞེས་བྱ་བ་ནི། བྲམ་ཟེ་དང། ཁྱིམ་བདག་དག་གི་ཁྱིམ་དག་ཏུའོ། །རྒྱུ་ཞིང་ཞེས་བྱ་བ་ནི། འགྲོ་ཞིང་ངོ། །ཁྱིམ་པ་འདུག་པ་ལ་མི་སྒོ་ན་ ཞེས་བྱ་བ་ནི། དེ་ན་ཁྱིམ་པ་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི། དེ་འདྲ་བའི་རྐྱེན་བཞག་སྟེའོ་།ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་ དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་དགེ་སློང་ཇི་ཙམ་ཅུང་ཟད་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་ དྲོ་ཁྱིམ་གཉིས་ལས་ལྷག་པར་རྒྱུ་ཞིང། ཕྱི་དྲོ་ཡང་ཁྱིམ་གསུམ་ལས་ལྷག་པར་རྒྱུ་ན། ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ། །དེའི་ངོར་མགྲོན་དུ་བོས་པ་མ་ཡིན་ན། ལྟུང་བ་མེད་དོ། །ལས་དང་པོ་པ་དང། སྨྱོས་ [108A]༄༅། །པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གྲོང་རྒྱུ་བའི་ལྟུང་བྱེད་དེ། བརྒྱད་ཅུ་རྩ་གཅིག་པ་རྫོགས་སོ།། །། སྒོ་གཏན་གྱི་བསླབ་པའི་གཞིའི་བར་སྡོམ་ལ། དགའ་བོ་ཉེ་དགའ་ཞག་བདུན་དང། །བཟང་སྦྱིན་སྡུམ་བྱེད་ཚུལ་ཁྲིམས་དང། །ནག་པོའི་ཚིགས་བཅད་འཆར་ཀ་དང། །བཅུ་དང་བསླབ་བཞིའི་རིམ་ པ་དང། །གྲོང་ཁྱེར་གཉིས་དང་གཡུལ་གཞི་དང། །ལྷ་མོ་འཁར་ཕོར་འཕྱང་བ་དང། །སྔོ་སངས་རྒྱལ་སྲིད་བོག་ཀ་ན། །མ་ལ་འཁར་བ་བྱིན་པ་དང། །ལྷམ་གྱི་དབང་ཕྱུག་མཉན་ཡོད་དང་།སྔོན་གྱི་ ཚུལ་དང་ནོར་བཟང་དང། །དྲང་སྲོང་རྣམས་དང་གཙུག་ལག་ཁང། །མགུ་བྱེད་དང་ནི་གཟུང་བྱེད་དང། །སྟོང་ཐུབ་དང་ནི་འབྲོག་གནས་དང། །ལག་བརྒྱུད་དང་ནི་སྔོ་བསངས་ཅན། །མི་གདུང་རྣམས་ སུ་སྐྱེས་པ་དང། །དཔའ་ཆེན་དང་ནི་སྒུར་མཆོག་དང། །དཔེ་མེད་མ་དང་ལྕགས་མགར་དང། །སིངྒ་ལ་དང་ཤར་པ་དང། །སྙན་སྨྲ་དང་ནི་ཚིག་པ་དང། །སྒུར་དང་ཐོས་པ་འཛིན་པ་དང། །དྲན་མེ་དང་ ནི་བྲམ་ཟེ་མོ། །མགུ་བྱེད་དཔལ་ལྡན་གྱུར་པ་དང། །ཤཱ་རིའི་བུ་ནི་བཞུགས་པ་དག་སྒོ་གཏན་ཡང་དག་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་ སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགོན་པ་དང། ཤིང་དྲུང་དང། ཁྱིམ་གྱིས་སྟོང་པ་དང། རི་སུལ་དང། རི་ [108B] རྩྭ་སྤྱིལ་དང། བླ་གབ་མེད་པ་དང། ངུར་ཁྲོད་དང། ནགས་ཁྲོད་དང། རི་དྲུང་དང། བས་མཐའི་གནས་མལ་འདི་དག་ཏུ་བསམ་གཏན་གྱིས་ཤིག་དགེ་སློང་དག་བག་ཡོད་པར་བསྒྲུབས་ལ་ ཕྱིས་འགྱོད་པར་མི་འགྱུར་བར་གྱིས་ཤིག་འདི་ནི། ངའི་གདམས་ངག་དང། རྗེས་སུ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་རྣམས་དགོན་ པ་དང། ཤིང་དྲུང་དང། ཁྱིམ་གྱིས་སྟོང་པ་དང། རི་སུལ་དང་རི་ཕུག་དང། རྩྭ་སྤྱིལ་དང། བླ་གབ་མེད་པ་དང། དུར་ཁྲོད་དང། ནགས་ཁྲོད་དང། རི་དྲུང་དང། བས་མཐའི་གནས་མལ་དག་ཏུ་ཞུགས་ ཏེ༑ ཁ་ཅིག་ནི། རི་རབ་ཀྱི་བང་རིམ་ན་བསམ་གཏན་བྱེད། ཁ་ཅིག་ནི། གསེར་གྱི་རི་བདུན་པོ་དག་ལ། ཁ་ཅིག་ནི། མཚོ་ཆེན་པོ་མ་དྲོས་པ་ན། ཁ་ཅིག་ནི། རྫིང་བུ་དལ་གྱིས་འབབ་ན། ཁ་ཅིག་ནི། རྣལ་འབྱོར་ པའི་སྐྱེ་བོ་དང་རྗེས་སུ་མཐུན་པའི་གྲོང་དང། གྲོང་རྡལ་དང་ཡུལ་དང། ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་གི་ཕྱོགས་དེ་དང་དེ་དག་ན་བསམ་གཏན་བྱེད་དོ། །རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་ནི་ ཆུའི་ནང་དུ་ནུབ། དཔག་ཚད་བརྒྱད་ཁྲི་ནི། ཆུ་ལས་མངོན་པར་འཕགས་ཏེ། དེ་ལ་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །རིའི་རྒྱལ་པོ་རི་རབ་ཀྱི་ངོས་རེ་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད་དོ། །དེ་དག་ ལ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ། །རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་བཞི་ལས་བྱས་པ། གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ་ཡིན་ཏེ། དེར་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་ [109A]༄༅། །གཉིས་སྐྱེས་ནས་དེ་གཉིས་ཀྱི་ལུས་ཀྱིས་དེ་ལན་གསུམ་དཀྲིས་ཏེ་འཁོད་ཅིང་བསྐལ་པར་གནས་པས་ས་འཛིན་པ། འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟང་གིས་ དབྱུང་པར་མི་ནུས་པ་ཡིན་ནོ། །དེ་གཉིས་འདི་སྙམ་དུ་སེམས་ཏེ། བདག་ཅག་གཉིས་ཀྱི་བསོད་ནམས་ཀྱིས་གནས་འདི་བྱུང་ངོ། །སྙམ་ནས་དེ་གཉིས་སེར་སྣས་ཀུན་ནས་དཀྲིས་པས་ཉིན་མོ་ལན་ གསུམ་མི་མཐུན་པའི་རླུང་གཏོང་སྟེ། དེས་རི་རབ་ཀྱི་བང་རིམ་ལ་གནས་པའི་རི་དྭགས་དང། བྱ་མང་པོ་དག་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །དེ་ན་དགེ་སློང་གང་དག་རི་རབ་ཀྱི་ བང་རིམ་ན་བསམ་གཏན་བྱེད་པ་དེ་དག་ཀྱང་མི་མཐུན་པའི་རླུང་དེས་སྐྱ་བོ་སེང་སེང་པོར་གྱུར་ཅིང། རིད་པ་དང། ཉམ་ཆུང་བ་དང། རྐེ་བ་དང། ལུས་མ་ཐོབ་པར་གྱུར་ནས་དེ་དག་ དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་ལྷགས་པ་དང། དགེ་སློང་རྣམས་ཀྱིས་དེ་དག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱེད་ཅག་ག་ལས་འདིར་འོངས། ཁྱེད་ཅག་དབྱར་གང་དུ་གནས་པར་ཁས་བླངས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་རི་རབ་ ཀྱི་བང་རིམ་ནས་འདིར་འོངས་སོ། །བདག་ཅག་རི་རབ་ཀྱི་བང་རིམ་དུ་དབྱར་གནས་པར་ཁས་བླངས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ་ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་སྐྱ་བོ་སེང་སེང་པོར་ [109B] རིད་པ་དང། ཉམ་ཆུང་བ་དང། རྐེ་པ་དང་ལུས་མ་ཐོབ་པར་གྱུར། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་།རི་རབ་ཀྱི་བང་རིམ་དུ་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་སྐྱེས་ ནས་དེ་གཉིས་ཀྱི་ལུས་ཀྱིས་དེ་ལན་གསུམ་དཀྲིས་ཏེ་འཁོད་ཅིང་བསྐལ་བར་གནས་པས་ས་འཛིན་པ། འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟང་གིས་དབྱུང་བར་མི་ནུས་པ་ཡིན་ནོ། །དེ་གཉིས་འདི་སྙམ་དུ་སེམས་ ཏེ། བདག་ཅག་གཉིས་ཀྱི་བསོད་ནམས་ཀྱིས་གནས་འདི་བྱུང་ངོ། །སྙམ་ནས་དེ་གཉིས་སེར་སྣས་ཀུན་ནས་དཀྲིས་པས་ཉིན་མོ་ལན་གསུམ་མི་མཐུན་པའི་རླུང་གཏོང་སྟེ། དེས་རི་རབ་ཀྱི་བང་རིམ་ལ་གནས་ པའི་རི་དྭགས་དང། བྱ་མང་པོ་དག་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །བདག་ཅག་ཀྱང་མི་མཐུན་པའི་རླུང་དེས་སྐྱ་བོ་སེང་སེང་པོར་གྱུར་ཅིང། རིད་པ་དང། ཉམ་ཆུང་བ་དང། རྐེ་པ་དང་ལུས་མ་ ཐོབ་པར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་དེ་གཉིས་འདུལ་བར་མི་ནུས་སམ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་རེ་ཞིག་དེ་གཉིས་བདག་ཅག་གིས་ གདུལ་བ་མ་ཡིན་ནོ། །འོ་ན་སུས་གདུལ་བ་ཡིན། ཉན་ཐོས་ཆེན་པོས་གདུལ་བ་ཡིན་ནོ། །ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དགོངས་པ། དེ་གཉིས་གང་གིས་གདུལ་བ་ཡིན་སྙམ་ན། དགེ་སློང་མོའུ་འགལ་གྱི་བུ་ཆེན་པོས་གདུལ་བ་ཡིན་པར་གཟིགས་ཤིང་མཁྱེན་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་ [110A]༄༅། །པ། མོའུ་འགལ་གྱི་བུ། རི་རབ་ཀྱི་བང་རིམ་ན་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་བོ་གཉིས་ལ་སོམས་ཤིག་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། བཙུན་པ་ བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་སེམས་མཉམ་པར་བཞག་ན། མཉན་ཡོད་ནས་མི་སྣང་བར་གྱུར་ཅིང་ རི་རབ་ཀྱི་བང་རིམ་དུ་སོན་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ན་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་གཉིས་ལོག་པར་གྱུར་ནས་དེས་སེ་གོལ་གྱིས་ སད་པར་བྱ་བར་བརྩམས་ན། དེ་གཉིས་མ་སད་དོ། །དེས་དེ་གཉིས་ཀྱི་སྟེང་དུ་བཅག་པར་བརྩམས་ན། དེ་ལྟ་ན་ཡང་དེ་གཉིས་མ་སད་དོ་།དེས་དེ་གཉིས་ཀྱི་ལྟོར་ཞུགས་ཏེ། སྤྲིན་ཆེན་པོ་བཞིན་ དུ་འབྲུག་བསྒྲག་པར་བརྩམས་ན། དེ་ལྟ་ན་ཡང་དེ་གཉིས་མ་སད་དོ། །དེས་ཀླུ་ཆེན་པོའི་ལུས་ཀྱིས་རིའི་རྒྱལ་པོ་རི་རབ་ལ་ལན་བདུན་དཀྲིས་ཏེ་སྟེང་དུ་གདེངས་ཀ་ཆེན་པོ་བྱས་ཏེ་འདུག་པ་དང། དེ་ གཉིས་ཁུར་ལྕི་བས་མནན་པས་སད་དེ་ཇི་ཙམ་ན་ཀླུ་ཆེན་པོ་ཞིག་གིས་བདག་ཅག་གཉིས་མནན་པར་མཐོང་ནས་དེ་གཉིས་ཀྱིས་བསམ་པ། ཀླུ་རྫུ་འཕྲུལ་ཆེན་པོ་ཞིག་བྱུང་སྟེ་བདག་ཅག་ གཉིས་གནས་འདི་ནས་ཉམས་པར་གྱུར་གྱི། བྲོས་ཏེ་འདོང་ངོ། །སྙམ་དུ་རིག་ནས་སྐྲག་སྟེ་བྲམ་ཟེའི་ཁྱེའུ་ཁ་དོག་ཏུ་བདག་ཉིད་མངོན་པར་སྤྲུལ་ནས་འབྲོས་པར་བརྩམས་སོ། །དེ་ནས་ཚེ་དང་ [110B]བྱ་བ་དེ་ཕྱིར་བསྡུས་ནས་དེ་གཉིས་ཀྱི་མདུན་དུ་འདུག་སྟེ་སྨྲས་པ་ཀླུའི་དབང་པོ་གཉིས་གར་འདོང། དེ་གཉིས་ཀྱིས་སྨྲས་པ། ཀླུ་རྫུ་ འཕྲུལ་ཆེན་པོ་ཞིག་བྱུང་སྟེ། བདག་ཅག་གཉིས་གནས་འདི་ནས་ཉམས་པར་གྱུར་གྱི། འབྲོས་སུ་འགྲོའོ། །དེས་སྨྲས་པ། ཚུར་ཤོག་ཀླུ་དེ་ཅི་འདྲ་བ་བལྟའོ། །དེ་གཉིས་དེ་དང་ལྷན་ཅིག་ ཕྱིར་ལོག་པ་དང། ཇི་ཙམ་ན་མི་སྣང་ནས་དེ་གཉིས་ཀྱིས་སྨྲས་པ། འཕགས་པས་བདག་ཅག་གཉིས་ལ་ཀུ་རེ་མ་བགྱིས་སམ། དེས་སྨྲས་པ། དེ་ཡིན་ནོ། །འོ་ན། བདག་ཅག་གཉིས་ཀྱིས་ནོངས་ པ་ཅི་བགྱིས། རྒ་བའི་ཆོས་ཅན། ཁྱེད་གཉིས་ཀྱིས་སངས་རྒྱས་ཀྱི་ཕོ་ཉ་འོངས་པ་ལ་མ་བསམ་མོ། །འཕགས་པ། ཁྱོད་སངས་རྒྱས་ཀྱི་ཕོ་ཉ་ལགས་སམ། སངས་རྒྱས་ཀྱི་ཕོ་ཉ་ཡིན་ནོ། །འཕགས་པ་ གལ་ཏེ་ཁྱོད་སངས་རྒྱས་ཀྱི་ཕོ་ཉ་ལགས་ན། བདག་ཅག་གཉིས་ཀྱིས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། ཚུར་ཤོག་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ཁོ་ནར་འདོང་ངོ། །འཕགས་པ། མ་ནོངས་ཏེ་ དེ་བཞིན་བགྱིའི། །བཞུད་དོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་ འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ་ [111A]༄༅། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་བདག་ལ་བཀའ་སྩལ་པའི་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་དེ་གཉིས་ནི། འདི་ལགས་སོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་དབང་པོ། ཁྱེད་གཉིས་སྔོན་གྱི་ཉེས་པར་སྤྱད་པས་ཀླུའི་སྐྱེ་གནས་ངན་པར་སྐྱེས་ཤིང། ཁྱེད་གཉིས་ ད་ལྟར་དྲག་ཤུལ་ཅན། ལག་པ་ཁྲག་གིས་གོས་པ། ཉམས་པ་དང་རབ་ཏུ་ཉམས་པ་ལ་ཞེན་པ། གཞན་གྱི་སྲོག་འཕྲོག་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་དེ། འདི་ནས་ཤི་ འཕོས་ན། ཁྱེད་གཉིས་ཀྱི་འགྲོ་བ་ནི། ཅིར་འགྱུར། སྐྱེ་བ་ནི། ཅིར་འགྱུར། ཚེ་ཕྱི་མ་ནི། ཅིར་འགྱུར། དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས། བདག་ཅག་གཉིས་ཀྱིས་ཅི་ཞིག་བགྱི་ བ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་དབང་པོ་གཉིས་ཚུར་ཤོག་ངའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལོངས་ལ། རི་རབ་ཀྱི་བང་རིམ་ ལ་གནས་པའི་རི་དྭགས་དང། བྱ་རྣམས་ལ་མི་འཇིགས་པ་བྱིན་ཅིག་དེ་གཉིས་ཀྱིས་གསོལ་པ། བཙུན་པ། བདག་ཅག་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་མཆི་བ་དང། བསླབ་ པའི་གཞི་དག་ལེན་ཅིང། རི་རབ་ཀྱི་བང་རིམ་ལ་གནས་པའི་རི་དྭགས་དང། བྱ་རྣམས་ལ་མི་འཇིགས་བ་སྩོལ་ཏོ། །དེ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང། བསླབ་ [111B]མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་ པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་ཀྱིས་ལས་ཅི་བགྱིས་ན། དེའི་རྣམ་པར་སྨིན་པས་ཀླུའི་ནང་དུ་སྐྱེས། ལས་ཅི་བགྱིས་ན་ དེས་རིན་པོ་ཆེ་སྣ་བཞི་ལས་བགྱིས་པའི་གནས་མངོན་པར་གྲུབ་ཅིང་ལྷའི་བདུད་རྩིའི་ཟས་དང། སྦྲང་རྩིའི་ཆང་གི་བཏུང་བ་དང་རེ་རེ་ལ་ཡང་འཁོར་ཉིས་སྟོང་ལྔ་བརྒྱ་དང་ལྡན་པར་གྱུར། ལས་ ཅི་བགྱིས་ན། དེས་ན་བསྐལ་པར་གནས་པས་ས་འཛིན་པ། འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟང་གིས་དབྱུང་བར་རྔོ་མི་ཐོགས་པར་གྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ འདི་གཉིས་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། འདི་གཉིས་ཀྱིས་ལས་ བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར། ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང་ [112A]༄༅། །སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས་།རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་ དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་ཉི་ཁྲིས་བསྐོར་ཅིང་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་སོ་།དེའི་ཚེ་ན་ གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བས། རྒྱལ་སྲིད་འབྱོར་བ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་མོ་དང། འཐབ་པ་དང། ཕྱི་དགྲ་དང་ ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང། མུ་གེ་དང་བྲལ་བ་སཱ་ལུ་དང། བུ་རམ་ཤིང་གི་ཕྲེང་བ་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་ པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ་རྒྱལ་པོ་ཀྲི་ཀྲི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་ [112B] སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་ཉི་ཁྲིས་བསྐོར་ཅིང་གྲོང་ཁྱེར་ ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང། རྒྱལ་པོའི་མཐུ་ཆེན་པོས་ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ། རྒྱལ་པོ་ཀྲི་ཀྲིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་ བརྒྱད་ཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་ཀུན་ཏུ་འགྲོ་བ་ལྟར་བཟང་བ་མཐོང་ངོ། །མཐོང་མ་ ཐག་ཏུ་རྒྱལ་པོ་ཀྲི་ཀྲི། བཅོམ་ལྡན་འདས་འོད་སྲུང་ལ་ཤིན་ཏུ་དད་པ་སྐྱེས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲི་ཀྲིའི་བསམ་པ་དང། བག་ལ་ཉལ་དང་ ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ན། རྒྱལ་པོ་ཀྲི་ཀྲིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་ [113A]༄༅། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་ བདེན་པ་མཐོང་ནས་བཙུན་པ། བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས་དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་ བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི། ཕྱེ། སེམས་ ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་གོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་ སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་ [113B] །འགྲོ་བར་ལྷ་མིན་མི་དང་ལྷས་མཆོད་པ་།སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བ་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས་།ཞེས་སྨྲས་ཏེ་སྟན་ ལས་ལངས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སོང་ངོ། །གང་གི་ཚེ་རྒྱལ་པོ་ཀྲི་ཀྲིས་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བདེན་པ་དག་མཐོང་བ་དེའི་ཚེ་ན། དེ་དོན་གྱི་གནས་སུ་འདུག་སྟེ་བློན་པོ་དང། གྲོང་ཁྱེར་བ་དང། ཡུལ་མི་རྣམས་ལ་སྨྲས་པ། ཀྭའི་བློན་པོ་དང་གྲོང་ཁྱེར་བ་དང་ ཡུལ་མི་དག་ཉོན་ཅིག་ངས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བདེན་པ་དག་མཐོང་བས། ད་ངས་ཆོས་དང། ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་ མི་ནུས་ཀྱི། དེའི་ཕྱིར་ཁྱོད་ཀྱིས་གཞོན་ནུ་ལེགས་སྐྱེས་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོར་ཞོག་ཅིག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ། །དེ་ལ་བློན་པོའི་མཆོག་དགའ་བོ་དང། ཉེ་དགའ་ཞེས་བྱ་བ་གཉིས་ཤིག་ཡོད་པ་དེ་གཉིས་ཀྱིས་དེའི་ རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷས་མཚན་མ་ཙམ་འབའ་ཞིག་མཛོད་ཅིག་དང། བདག་ཅག་གཉིས་ཀྱིས་ཆོས་ཀྱིས་ལྷའི་རྒྱལ་སྲིད་བགྱིད་དུ་སྩལ་ཏོ། །རྒྱལ་པོས་སྨྲས་པ། གལ་ [114A]༄༅། །ཏེ་དེ་ལྟ་ན། བྱེད་དུ་ཆུག་ཅིག་དེ་གཉིས་ཀྱིས་ཇི་སྲིད་པ་དེ་སྲིད་དུ་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་བཅུག་ནས་ཡང་ཆོས་དང། ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་གཞུག་ པར་བརྩམས་པ་དང། དེ་གཉིས་ཀྱི་ཉེ་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ་དེ་དག་དེ་གཉིས་ཀྱི་གན་དུ་འོངས་ཏེ་སྨྲས་པ། ཚེ་དང་ལྡན་པ་གཉིས། ཆོས་ཀྱིས་ རྒྱལ་སྲིད་བྱེད་དུ་ཆུག་ཅིག་ཆོས་དང། ཆོས་མ་ཡིན་པས་བྱེད་དུ་མ་གཞུག་ཅིག་སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག་དེ་གཉིས་ཀྱིས་དེ་དག་ལས་ཐོས་ནས་ཇི་སྲིད་པ་དེ་ སྲིད་དུ་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་ནས་ཡང་ཆོས་དང། ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་གཞུག་པར་བརྩམས་པ་དང། དེ་དག་ཡང་དེ་གཉིས་ཀྱི་གན་དུ་འོང་སྟེ་སྨྲས་པ། ཚེ་དང་ལྡན་པ་ གཉིས། ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་ཆུག་ཅིག་ཆོས་དང། ཆོས་མ་ཡིན་པས་བྱེད་དུ་མ་གཞུག་ཅིག་སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག་དེ་གཉིས་ཀྱིས་སྨྲས་པ། འཕགས་ པ་དག་བདག་ཅག་བློན་པོ་དག་ནི། རྒྱལ་སྲིད་བགྱིད་དུ་སྩོལ་བ་གསང་ཚིག་མཐུན་པས་འཚོ་བ་ལགས་པས། གཅིག་ཏུ་ཆོས་ཀྱི་རྒྱལ་སྲིད་བགྱིད་དུ་སྩོལ་བའི་རྔོ་མི་ཐོགས་ཏེ། ངེས་པ་ཁོ་ ནར་ཁྱེད་པར་ཅན་མ་ལགས་པ་དག་ནི། ཆར་གཅད་པར་བགྱི་ཞིང་ཁྱད་པར་ཅན་དག་ནི། ཡོངས་སུ་བསྐྱང་བར་བགྱི་འཚལ་ལོ། །དེ་དག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན། ཡོ་བྱད་ཐམས་ཅད་ཕུན་ [114B] ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལ། དགེ་སློང་རྣམས་ལ་ནི། གཞོན་ནུའི་ཡོངས་སུ་ སྤངས་པ་བྱིན་ཅིག་དགེ་སློང་མ་རྣམས་ལ་ནི། བཙུན་མོའི་འཁོར་གྱི་ཡོངས་སུ་སྤངས་པ་བྱིན་ཅིག་དང། དེས་ཁྱེད་གཉིས་ལ་ཡུན་རིང་པོའི་དོན་དང། ཕན་པ་དང། བདེ་བར་འགྱུར་རོ། །དེ་གཉིས་ ཀྱིས་སྨྲས་པ། འཕགས་པ་དག་མ་ནོངས་ཀྱི། དེ་བཞིན་བགྱིའོ་།ཞེས་དེ་གཉིས་ཀྱིས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་བྱེད་དུ་བཅུག་སྟེ། ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཞིང། དགེ་སློང་རྣམས་ལ་ནི། གཞོན་ནུའི་ཡོངས་སུ་སྤངས་པ་བྱིན་དགེ་སློང་མ་རྣམས་ལ་ནི། བཙུན་མོའི་འཁོར་གྱི་ཡོངས་སུ་ སྤངས་པ་བྱིན་ནོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཀྲི་ཀྲིའི་བློན་པོའི་མཆོག་དགའ་བོ་དང། ཉེ་དགའ་ཞེས་བྱ་བ་དེ་གཉིས་ནི། ད་ལྟར་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་འདི་གཉིས་ ཡིན་ཏེ། དེ་གཉིས་ཀྱིས་ཆོས་དང། ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་པ་གང་ཡིན་པ་དེས་ནི། ཀླུ་རྣམས་ཀྱི་ནང་དུ་སྐྱེས་སོ་།ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་ བྱེད་དུ་བཅུག་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་བ་གང་ཡིན་པ་དེས་ནི། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་གནས་མངོན་པར་གྲུབ་ཅིང་ [115A]༄༅། །ལྷའི་བདུད་རྩིས་ཟས་དང། སྦྲང་རྩིའི་ཆང་གི་བཏུང་བ་དང། རེ་རེ་ལ་ཡང་འཁོར་ཉིས་སྟོང་ལྔ་བརྒྱ་དང་ལྡན་པར་གྱུར་ཏོ། །དགེ་སློང་རྣམས་ལ་གཞོན་ནུའི་ཡོངས་ སུ་སྤངས་པ་བྱིན་པ་དང། དགེ་སློང་མ་རྣམས་ལ་བཙུན་མོའི་འཁོར་གྱི་ཡོངས་སུ་སྤངས་པ་བྱིན་པ་གང་ཡིན་པ་དེས་ནི། བསྐལ་པར་གནས་པས་ས་འཛིན་པ། འདབ་ཆགས་ཀྱི་རྒྱལ་ པོ་འདབ་བཟང་གིས་དབྱུང་བར་མི་ནུས་པར་གྱུར་ཏོ། །དགེ་སློང་དག་།དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་ནག་པ་ཡིན་ལ། ལས་གཅིག་ ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན་ལ། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ་།དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ ཏུ་ནག་པ་རྣམས་དང། འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ ཀྱིས་ཀླུའི་རྒྱལ་པོ་དགའ་པོ་དང། ཉེ་དགའ་གཉིས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལ་བཀོད་པ་དེའི་ཚེ་ན། དེ་གཉིས་ཚེས་བརྒྱད་དང། ཚེས་བཅུ་བཞི་དང། ཚེས་བཅོ་ ལྔ་ལ་རི་རབ་ཀྱི་བང་རིམ་དུ་འོངས་ནས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་དོ། །དེ་གཉིས་གང་གི་ཚེ་མཚན་མོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་དེའི་ཚེ་ན་ནི། གཞལ་མེད་ [115B] གང་གི་ཚེ་ཉིན་མོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་དེའི་ཚེ་ན་ནི་ཁྱིམ་བདག་གི་ཆ་ལུགས་ཀྱིས་བསྙེན་བཀུར་བྱེད་དོ། །དུས་གཞན་ ཞིག་ན་དེ་གཉིས་ཉིན་མོ་ཁྱིམ་བདག་གི་ཆ་ལུགས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ། །ཇི་ཙམ་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་སོང་ངོ། ། རྒྱལ་རིགས་ནི། མངོན་པའི་ང་རྒྱལ་ཅན་ཡིན་པས། རྒྱལ་པོ་དེ་གང་གི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བ་དེའི་ཚེ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ན་འགའ་ཞིག་བདག་ལ་ མངོན་དུ་ལྡང་བར་མི་འགྱུར་བ་མེད་གྲང་སྙམ་ནས་མི་དག་པའི་མཐའ་ཅན་གཏོང་བར་བྱེད་པ་ཡིན་པས། དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསར་རྒྱལ་གྱིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་བསྡད་དེ་མི་ དག་པའི་མཐའ་ཅན་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་སོང་ལ། བཅོམ་ལྡན་འདས་ལ་སུ་དག་བསྙེན་བཀུར་བྱེད་པ་ལྟོས་ཤིག་མི་དག་པའི་མཐའ་ཅན་དེས། ལྷ། བཀའ་བཞིན་འཚལ་ཞེས་ཀོ་ས་ ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང། ཇི་ཙམ་ན་ཁྱིམ་བདག་གཉིས་ཤིག་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་མཐོང་ངོ། །མཐོང་ནས་ ཀྱང་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གོ་ས་ལར་བྱུང་བའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ། ཁྱིམ་བདག་གཉིས་ཤིག་བཅོམ་ལྡན་འདས་ལ་བསྙེན་ [116A]༄༅། །བཀུར་བགྱིད་དེ། དེ་གཉིས་ལྷའི་ཡུལ་ན་གནས་པ་དག་ལགས་གོར་མ་བཀུམ་མོ། །རྒྱལ་པོས་བསམ་པ། ཁྱིམ་བདག་དེ་གཉིས་བདག་གི་ཡུལ་ན་གནས་པ་ ཡིན་པས། དེ་གཉིས་ཀྱིས་བདག་མཐོང་ན། མངོན་དུ་ལྡང་བར་འགྱུར་གྲང་སྙམ་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ། །ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་ཀྱིས་ཀོ་ས་ ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ། །མཐོང་ནས་ཀྱང་དེ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཅི་ལགས། རེ་ཞིག་དམ་པའི་ཆོས་ ལ་བསྙེན་བཀུར་བྒྱིའམ། འོན་ཏེ་རྒྱལ་པོ་ལ་བསྙེན་བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་དབང་པོ་གཉིས། རེ་ཞིག་དམ་པའི་ཆོས་ལ་བསྙེན་བཀུར་གྱིས་ཤིག་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དམ་པའི་ཆོས་ལ་གུས་པར་མཛད་དེ། དགྲ་བཅོམ་པ་དག་ཀྱང་ཆོས་བླ་མར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་ དག་བཀའ་སྩལ་པ། སངས་རྒྱས་གང་དག་འདས་པ་དང། །སངས་རྒྱས་གང་དག་མ་བྱོན་དང། །སངས་རྒྱས་མྱ་ངན་སེལ་མཛད་པ་།ད་ལྟར་མང་པོ་གང་བཞུགས་དག་ཐམས་ཅད་དམ་པའི་ ཆོས་ལ་ནི། །གུས་པར་གནས་གྱུར་གནས་འགྱུར་ཞིང། །དེ་བཞིན་གུས་པར་གནས་མཛད་དེ། །དེ་ནི་སངས་རྒྱས་ཆོས་ཉིད་ཡིན། །དེ་ཕྱིར་བདག་ལ་ལེགས་འདོད་ཅིང། །བདག་ཉིད་ཆེན་པོ་མངོན་ [116B] །སངས་རྒྱས་བསྟན་པ་དྲན་བྱེད་ན། །འདི་ལ་དམ་ཆོས་གུས་པར་བྱ། །དེ་གཉིས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་མངོན་དུ་ལྡང་བ་མ་བྱས་པ་དང། རྒྱལ་པོ་ཁྲོས་ཏེ་ བསམ་པ། ཁྱིམ་བདག་འདི་གཉིས་བདག་གི་ཡུལ་ན་གནས་པ་དག་ཡིན་ན་བདག་ལ་མངོན་དུ་ལྡང་བ་མི་བྱེད་དོ། །སྙམ་ནས་དེ་ཁྲོས་པས་ཀུན་ནས་དཀྲིས་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་བཅོམ་ལྡན་འདས་ཀྱིས་འདི་ཁྲོ་བས་ཀུན་ནས་དཀྲིས་སོ། །སྙམ་ནས་བཀའ་མཆིད་གཞན་དག་མཛད་པར་བརྩམས་ཏེ་ཆོས་སྟོན་ པར་མི་མཛད་པ་དང། དེས་གསོལ་བ། བཅོམ་ལྡན་འདས། ཆོས་བསྟན་དུ་གསོལ། །བདེ་བར་གཤེགས་པ། ཆོས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ ཚིགས་སུ་བཅད་པ་དག་བཀའ་སྩལ་པ། རབ་ཏུ་དང་སེམས་མེད་པ་དང་།ཞེ་སྡང་ཅན་དང་འཁྲུགས་པ་ཡིས། །ཡང་དག་རྫོགས་སངས་བསྟན་པ་ཡི། །དམ་ཆོས་ཀུན་ཤེས་བྱ་མི་ནུས། །གང་ གིས་ཉེས་རྩོམ་བཏུལ་བྱས་ཤིང། །རབ་དང་མེད་པའི་སེམས་བསལ་ཏེ་།ཀུན་ནས་མནར་སེམས་འདི་སྤོང་བ། །དེས་ནི་ལེགས་གསུངས་ཤེས་པར་འགྱུར། །རྒྱལ་པོ་རྒྱ་ཆེར་དེ་གཉིས་ལ་ཁྲོས་ཏེ་ བསམ་པ། འདི་གཉིས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ཡང་རྒྱུན་བཀུམ་མོ། །སྙམ་དུ་རིག་ནས་སྡོད་ཅིག་ཅེས་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ [117A]༄༅། །ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་སོང་ངོ། །གང་གི་ཚེ་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་ཉིན་མོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་དེའི་ཚེ་ན། དེ་ གཉིས་ཀྱི་ཞོ་ཤས་འཚོ་བ་དག་གིས་རི་རབ་ཀྱི་བང་རིམ་ནས་མཉན་ཡོད་ཀྱི་བར་གྱི་ལམ་ཇི་སྲིད་པའི་ལམ་གྱི་ངོས་གཉིས་སུ་རྩིག་པ་དངར་ཏེ་འཁོད་པར་བྱེད་དོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་ གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གང་གི་ཚེ་ཁྱིམ་བདག་འདི་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་བྱུང་བར་གྱུར་པ་དེའི་ཚེ་ན་འདི་གཉིས་ཀྱི་མགོ་དྲུང་ནས་ ཆོད་ལ་ས་ལ་སྒྱེལ་བར་གྱིས་ཤིག་ཚིག་དེ་སྐད་ཅེས་སྨྲས་པ་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་ཀྱི་ཞོ་ཤས་འཚོ་བ་དག་གིས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འཁྲུགས་ནས་ཀོ་ས་ལར་ བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་དང། འཁོར་ལོ་དང། མངའ་བོ་ཆེ་དང། མཚོན་རྩེ་གཅིག་པ་ལ་སོགས་པའི་མཚོན་དག་འཕང་བར་བརྩམས་སོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ། ཀོ་ས་ ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་དང། མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་ལ་སོམས་ཤིག་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། བཙུན་པ། བཀའ་བཞིན་ [117B]ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལ་སྙོམས་པར་ཞུགས་པའི་བྱེ་བྲག་གིས་རྡོ་རྗེ་རྩེ་གཅིག་པ་དང། འཁོར་ལོ་དང། མདའ་ པོ་ཆེ་དང། མཚོན་རྩེ་གཅིག་པ་ལ་སོགས་པའི་མཚོན་དེ་དག་ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ཏ་དང། པདྨ་དཀར་པོ་དང། མན་དཱ་ར་བ་དག་ཏུ་གྱུར་ཏེ་ཀོ་ས་ལར་བྱུང་བའི་རྒྱལ་པོ་ གསལ་རྒྱལ་གྱི་སྟེང་དུ་འབབ་པར་བརྩམས་སོ། །དེ་ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ཏ་དང། པདྨ་དཀར་པོ་དང། མན་དཱ་ར་བ་དག་གིས་གང་བཞིན་དུ་ཁྱིམ་དུ་ཞུགས་ནས་དེས་བཙུན་མོའི་ འཁོར་དང། གཞོན་ནུ་དང། བློན་པོ་དང། ཁྲོམ་གྱི་རུ་སྣ་དང་གྲོང་རྡལ་གྱི་མི་དང། ཡུལ་མི་དང། བྲམ་ཟེ་དག་ལ་སྨྲས་པ་ཤེས་ལྡན་དག་ང་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་ཚུན་ཆད་ནས་ ལྷའི་མེ་ཏོག་ཨུཏྤ་ལ་དང། ཀུ་མུ་ཏ་དང། པདྨ་དཀར་པོ་དང་མན་དཱ་ར་བ་དག་གིས་གང་བཞིན་དུ་ཁྱིམ་དུ་ཞུགས་པ་འདི་ཅི་ཡིན་སུའི་མཐུ་ཡིན། དེ་ན་གང་དག་སྙན་པ་དང། འཇམ་པར་སྨྲ་བ་ ལ་མཁས་པ་དེ་དག་གིས་སྨྲས་པ། ལྷ། གཞན་སུ་ཞིག་གིས་འདི་འཚལ་བར་འགྱུར། འདི་གཞན་སུ་ཞིག་གི་མཐུ་ལགས། འདི་ལྟར། ལྷ་ཉིད་ཆོས་ཀྱི་རྒྱལ་སྲིད་བགྱིད་དུ་སྩོལ་བས། འདི་ལྷ་ ཉིད་ཀྱི་མཐུ་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་བདེན་ཏེ། ང་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་འཇུག་པས་འདི་གོར་མ་ཆག་པར་ངའི་མཐུ་ཡིན་ནོ། །བཙུན་མོའི་འཁོར་གྱིས་སྨྲས་པ་ [118A]༄༅། །བདག་ཅག་ལྷ་ལས་གཞན་པའི་སྐྱེས་པའི་གན་དུ་མི་མཆི་ཞིང། བདག་པོ་ལས་མི་འཕྱོ་བས། འདི་ནི། བདག་ཅག་གི་མཐུ་ལགས་སོ། །གཞོན་ནུ་རྣམས་ཀྱིས་སྨྲས་ པ༑ བདག་ཅག་ཡབ་ཡུམ་ལ་གུས་ཤིང་སྲི་ཞུ་ཆེ་བས། འདི་ནི། བདག་ཅག་གི་མཐུ་ལགས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། བདག་ཅག་ཆོས་ཀྱིས་ལྷའི་རྒྱལ་སྲིད་བགྱིད་དུ་སྩོལ་བས། འདི་ ནི༑ བདག་ཅག་གི་མཐུ་ལགས་སོ། །ཁྲོམ་གྱི་རུ་སྣ་དག་གིས་སྨྲས་པ་བདག་ཅག་ལྷའི་བཀའ་ཆོས་དང་ལྡན་པ་སྒྲུབ་པར་བགྱིད་པས། འདི་ནི། བདག་ཅག་གི་མཐུ་ལགས་སོ། །གྲོང་རྡལ་གྱི་མི་ དང། ཡུལ་མི་དག་གིས་སྨྲས་པ། བདག་ཅག་ལྷ་ལ་ཆོས་དང་ལྡན་པར་དཔྱ་འབུལ་བས། འདི་ནི། བདག་གི་མཐུ་ལགས་སོ། །རྒྱལ་པོས་བསམ་པ་འདི་དག་སོ་སོ་ནས་བདག་གི་མཐུའོ།། བདག་གི་མཐུའོ། །ཞེས་ཟེར་ན། སུའི་མཐུ་ཡིན་པ་མི་ཤེས་ཀྱི། འདི་ལྟར། སངས་རྒྱས་བཅོམ་ལྡན་འདས་འདི། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་ ལ་བླ་ན་མེད་པའི་མངའ་བརྙེས་པ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ལ་ཞུར་འགྲོའོ། །སྙམ་དུ་རིག་ནས་ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ཏ་དང། པདྨ་དཀར་པོ་དང། མན་དཱ་ར་བ་དེ་ དག་གིས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ [118B]བཅོམ་ལྡན་འདས་ལ་རྒྱས་བར་གསོལ་པ་དང། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་ནི། ཁྱོད་ཀྱི་མྠུའང་མ་ ཡིན། བཙུན་མོའི་འཁོར་གྱིའང་མ་ཡིན། གཞོན་ནུ་རྣམས་ཀྱིའང་མ་ཡིན། བློན་པོ་རྣམས་ཀྱིའང་མ་ཡིན། །ཁྲོམ་གྱི་རུ་སྣའི་ཡང་མ་ཡིན། གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མི་རྣམས་ཀྱིའང་མ་ཡིན་བྲམ་ ཟེ་རྣམས་ཀྱིའང་མ་ཡིན་ཏེ། འདི་ལྟར། དེ་ནི། དགེ་སློང་མོའུ་འགལ་གྱི་བུ་ཆེན་པོའི་མཐུ་ཡིན་ཏེ། གལ་ཏེ་དགེ་སློང་མོའུ་འགལ་གྱི་བུ་ཆེན་པོས་ཁྱོད་བཙུན་མོའི་འཁོར་དང། གཞོན་ནུ་དང། བློན་པོ་དང་ གྲོང་རྡལ་གྱི་མི་དང་བཅས་པ་ལ་མ་བསམ་དུ་ཟིན་ན། དེང་ཉིད་དུ་མཉན་ཡོད་སྤྱོད་ཡུལ་དུ་མི་འགྱུར་བ་ཞིག་ན། དེ་ནི། དགེ་སློང་མོའུ་འགལ་གྱི་བུ་དེས་ཁྱོད་བཙུན་མོའི་འཁོར་དང། གཞོན་ནུ་དང། བློན་ པོ་དང། གྲོང་རྡལ་གྱི་མི་དང། ཡུལ་མི་དང་བཅས་པ་ལ་བསམ་པའི་མཐུ་ཡིན་གྱི། དེ་ལ་སེམས་མངོན་པར་དད་པར་གྱིས་ཤིག་རྒྱལ་པོས་གསོལ་བ། བཅོམ་ལྡན་འདས། དེ་ལྟར་དེ་དགེ་སློང་ མོའུ་འགལ་གྱི་བུའི་མཐུ་ལགས་ཤིང། བཅོམ་ལྡན་འདས་ཀྱིའང་མ་ལགས། ཉན་ཐོས་ཆེན་པོ་གཞན་དག་གིའང་མ་ལགས་པར་ཇི་ལྟར་འཚལ་བར་བགྱི། རྒྱལ་པོ་ཆེན་པོ། དེ་ནི། ངའི་མྠུའང་མ་ཡིན་ ཉན་ཐོས་ཆེན་པོ་གཞན་དག་གིའང་མ་ཡིན་ཏེ། འདི་ལྟར། དེ་ནི་དགེ་སློང་མོའུ་འགལ་གྱི་བུའི་མཐུ་ཡིན་ནོ། །གལ་ཏེ་ཁྱོད་སོམ་ཉི་དང། ཡིད་གཉིས་ཟ་ན། ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང་ [119A]༄༅། །ཀུ་མུ་ཏ་དང། པདྨ་དཀར་པོ་དང། མན་དཱ་ར་བ་འདི་དག་ས་ལ་བོར་ཅིག་དེས་དེ་དག་ས་ལ་བོར་བ་དང། རྡོ་རྗེ་རྩེ་གཅིག་པ་དང། འཁོར་ལོ་དང། མདའ་བོ་ཆེ་ དང། མཚོན་རྩེ་གཅིག་པ་ལ་སོགས་པའི་མཚོན་ཤ་སྟག་ཏུ་འགྱུར་ཏོ་།དེས་དེ་དག་མཐོང་ནས་ཉམ་ང་བར་གྱུར་ཏེ་གསོལ་པ། བཅོམ་ལྡན་འདས། འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་ལ་རབ་ཏུ་སྡང་བའི་སེམས་བསྐྱེད་པས། དེ་ལས་འདི་བྱུང་ངོ། །རྒྱལ་པོས་གསོལ་པ། བཙུན་པ། བདག་ གིས་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་མཐོང་བར་ཡང་མི་དྲན་ན། རབ་ཏུ་སྡང་བའི་སེམས་བསྐྱེད་པར་ལྟ་ག་ལ་འགྱུར་རྒྱལ་པོ་ཆེན་པོ། ངས་ཁྱོད་ལ་དྲན་པར་བྱའོ། །བཙུན་པ་ བཅོམ་ལྡན་འདས་ཀྱིས་དྲན་པར་མཛད་དུ་གསོལ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ངའི་མདུན་དུ་ཁྱིམ་བདག་གཉིས་ཤིག་ཆོས་ཉན་པ་གང་ཡིན་པ་དེ་གཉིས་ཀྱིས་ཁྱོད་ལ་མངོན་དུ་ལྡང་བ་ མ་བྱས་པ་དེ་དྲན་ནམ། བཅོམ་ལྡན་འདས། དེ་དྲན་ནོ། །རྒྱལ་པོ་ཆེན་པོ། ཁྱིམ་བདག་དེ་གཉིས་ནི། ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་གཉིས་ཡིན་ནོ། །དེས་གསོལ་བ། བཅོམ་ལྡན་འདས། དེ་གཉིས་ འཁྲུགས་པར་མ་གྱུར་ཏམ། རྒྱལ་པོ་ཆེན་པོ། དེ་གཉིས་འཁྲུགས་པར་མ་གྱུར་ཏེ། དེ་གཉིས་ཀྱི་ཞོ་ཤས་འཚོ་བ་དག་འཁྲུགས་པར་གྱུར་ཏོ། །བཅོམ་ལྡན་འདས། བདག་གིས་དེ་གཉིས་ལ་ཇི་ལྟར་བསྒྲུབ་པར་བགྱི་ [119B] །བཟོད་པར་གསོལ་བར་བྱའོ། །བཅོམ་ལྡན་འདས། དེ་གཉིས་ནི། རི་རབ་ཀྱི་བང་རིམ་ན་མཆིས་ལ། བདག་ནི། འདི་ན་མཆིས་ན། བདག་གིས་ཇི་ལྟར་དེ་གཉིས་ལ་བཟོད་པར་གསོལ་བར་བགྱི་བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་གཉིས་ཚེས་བརྒྱད་དང། ཚེས་བཅུ་བཞི་དང། ཚེས་བཅོ་ལྔ་ལ་ངའི་རྐང་པ་གཉིས་ལ་ཕྱག་འཚལ་དུ་འདིར་འོང་གི་ཁྱོད་ཀྱང་ཚེས་བརྒྱད་དང། ཚེས་བཅུ་བཞི་ དང། ཚེས་བཅོ་ལྔ་ལ་འདིར་ཤོག་ཅིག་དང། ངས་ཁྱོད་ལ་དེ་གཉིས་བསྟན་པར་བྱའི། ཁྱོད་ཀྱིས་བཟོད་པར་གསོལ་ཅིག་དེས་གསོལ་པ། བཙུན་པ། ཅི་ལགས། བདག་གིས་དེ་གཉིས་ཀྱི་རྐང་པ་གཉིས་ལ་གཏུགས་ པར་བྒྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་གཉིས་ཀྱི་རྐང་པ་གཉིས་ལ་གཏུགས་པར་མི་བྱ་སྟེ་འདི་ལྟར། མི་མ་རབས་དག་གིས་རྐང་པ་ལ་ཕྱག་འཚལ་བ་གང་ཡིན་པ་དེ་ ནི༑ མི་གཙོ་བོ་དག་གིས་ལག་པ་ནས་བཟུང་བ་ཡིན་གྱི། ཁྱོད་ཀྱིས་ལག་པ་གཡས་པ་རྐྱོངས་ལ་ཀླུའི་དབང་པོ་གཉིས་བཟོད་པ་མཛོད་ཅིག་།ཅེས་བཟོད་པ་གསོལ་ཅིག་དང། དེ་གཉིས་བཟོད་པར་འགྱུར་རོ། །དེས་ གསོལ་བ། བཙུན་པ། མ་ནོངས་ཏེ། དེ་བཞིན་དུ་བགྱིའོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ། །ཇི་ཙམ་དུས་གཞན་ཞིག་ན་ཀླུའི་རྒྱལ་པོ་དགའ་བོ་ དང། ཉེ་དགའ་གཉིས་རི་རབ་ཀྱི་བང་རིམ་དུ་འོངས་ནས་བདག་ཉིད་ཁྱིམ་བདག་གི་ཆ་ལུགས་སུ་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ [120A]༄༅། །ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་ འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་བརྡ་མཛད་དོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ་ བླ་གོས་ཕྲག་པ་གཅིག་ཏུ་བྱས་ལག་པ་གཡས་པ་བརྐྱངས་ཏེ་སྨྲས་པ། ཀླུའི་དབང་པོ་གཉིས། བཟོད་པར་མཛོད་ཅིག་དེ་གཉིས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ། །བཟོད་པར་བགྱིའོ། །དེ་ནས་ཀོ་ས་ལར་ བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ལ་བཟོད་པར་གསོལ་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བདག་གིས་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་མཆོད་པའི་སླད་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་བདག་གི་སྡུམ་པར་དགུང་བདུན་གྱི་བར་ དུ་གདུགས་ཚོད་གསོལ་བར་ཅི་གནང། བཅོམ་ལྡན་འདས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་།དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ངས་འཕགས་པ་མོའུ་ [120B]ཐོས་ཀྱི་དགེ་འདུན་དང་བཅས་པ་ཞག་བདུན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱི། ཁྱེད་ཀྱིས་གྲོང་ཁྱེར་མཛེས་པར་གྱིས་ལ་གདུགས་ཚོད་སྟ་གོན་ གྱིས་ཤིག་རྒྱལ་པོ་རྣམས་ནི། ཚིག་གིས་འགྲུབ་པ་ཡིན་ལ། ལྷ་རྣམས་ནི། སེམས་ཀྱིས་འགྲུབ་པ་ཡིན། རྣལ་འབྱོར་པ་རྣམས་ནི། སེམས་བསྐྱེད་པ་ཙམ་གྱིས་ཐམས་ཅད་འགྲུབ་པ་ཡིན་པས། བློན་ པོ་རྣམས་ཀྱིས། ལྷ། བཀའ་བཞིན་འཚལ་ཞེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས་རྒྱལ་བྱེད་ཀྱི་ཚལ་དང། མཉན་ཡོད་ཀྱི་བར་གྱི་ལམ་ཇི་སྲིད་པ་དག་མཆོག་ཏུ་མཛེས་པར་བྱས་ ཤིང། མཉན་ཡོད་ཀྱང་རྡོ་བ་དང། གསེག་མ་དང། གྱོ་མོ་མེད་པར་རྣམ་པར་གནས་པར་བྱས་ཏེ། ཙནྡན་གྱི་ཆུས་ཆག་ཆག་བཏབ་ཅིང་བདུག་སྤོས་དྲི་ཞིམ་པོའི་སྣོད་ཉེ་བར་བཞག་སྟེ་དར་གྱི་ཆུན་པོའི་ཚོགས་ དཔྱངས་ཤིང། རྒྱལ་མཚན་དང། བ་དན་བསྒྲེངས་ཏེ་མེ་ཏོག་སྣ་ཚོགས་བཀྲམ་ཞིང་ལྷ་རྣམས་ཀྱི་ལྷའི་མདུན་ས་ཆོས་བཟང་ལྟར་ཉམས་དགའ་བར་བྱས་སོ། །ཞལ་ཟས་ཀྱང་ཁ་དོག་དང། དྲི་དང་རོ་ཕུན་ སུམ་ཚོགས་པ་དང་ལྡན་པ། སྐྱུ་རུམ་སྣ་ཚོགས་དང་བཅས་པ། སྤྱན་གཟིགས་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་བཤམས་ནས་འབྱོར་པ་དེ་ལྟ་བུ་འདིས་ཉི་མ་རེ་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་ དགེ་འདུན་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་གསོལ་ཏོ། །དེས་ན་མཚན་མོའི་འཁུར་བ་ཚོད་པ་དག་ཏུ་མེ་ཤོར་ནས་དེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེ་ཡན་ལག་མཆོག་དང་ལྡན་པ་མང་པོ་ [121A]༄༅། །དག་ཚིག་པར་གྱུར་ཏོ། །དེ་ནས་གདུགས་ཚོད་ཞག་བདུན་ཐལ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་མཉན་ཡོད་དུ་དྲིལ་སྒྲོག་པར་བྱེད་དུ་བཅུག་ནས་ མཉན་ཡོད་དུ་སུས་ཀྱང་མཚན་མོ་མེ་སྦར་བར་མི་བྱའོ། །གང་མེ་སྦར་བར་བྱེད་ན། དེ་ཀརཤ་པ་ཎ་དྲུག་ཅུའི་ཆད་པས་གཅད་པར་བྱ་བའམ། ཕྱག་སྦལ་དུ་བཅུག་སྟེ་འཆི་བར་བྱ་དགོས་སོ། །ཞེས་བསྒོའོ།། དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་བཟང་སྦྱིན་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་ གྱིས་འགྲན་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་བཅོམ་ ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་ བཟང་སྦྱིན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་ བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་ [121B] །དེ་ནས་ཁྱིམ་བདག་བཟང་སྦྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བཟང་སྦྱིན་ལ་ཅང་ མི་གསུང་བས་གནང་ངོ། །དེ་ནས་ཁྱིམ་བདག་བཟང་སྦྱིན་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ ཀྱི་སྤྱན་སྔ་ནས་སོང་ངོ། །དེ་ནས་ཁྱིམ་བདག་བཟང་སྦྱིན་གྱིས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པ་སྟ་གོན་བྱས་ཏེ་ནང་པར་སྔར་ལངས་ནས་གདན་དག་བཤམས་ཏེ་ཆུ་ར་བཞག་ནས་ བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་བཟང་སྦྱིན་གྱི་ཁྱིམ་ག་ལ་བ་དེར་གཤེགས་ ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་བཟང་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་བཟའ་ [122A]༄༅། །བ་དང། བཅའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབ་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ ནས་ཚིམ་པར་བྱས་ཤིང་བསྟབས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་ཕྱག་བཅབས། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་ འདས་ཀྱི་སྤྱན་སྔར་འདུག་གོ་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་འདི་ལྟར། ཁྱིམ་བདག་བཟང་སྦྱིན་ཆུང་མ་དང་བཅས་པས་སྟན་ དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་ པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པར་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ། བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་ བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་དག་ནི། བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་ [122B] ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་གོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི་།ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་ གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ་བར་གྱུར། །འགྲོ་བར་ལྷ་ མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བའོ་།སྲིད་པ་སྟོང་དུ་མཐོང་བར་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཛད་ནས་ གཤེགས་སོ། །ཁྱིམ་བདག་བཟང་སྦྱིན་ཆུང་མ་དང་བཅས་པས་གང་གི་ཉིན་མོ་བདེན་པ་མཐོང་བར་བྱས་པ་དེའི་ཉིན་མོ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །ཁྱིམ་བདག་བཟང་སྦྱིན་གྱིས་ཀྱང་ བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བཟང་སྦྱིན་ཆུང་མ་དང་བཅས་པ་ལ་གང་ཐོས་ནས་དེ་གཉིས་ཀྱིས་ ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང། རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་པར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །གང་གི་ཉིན་མོ་ཁྱིམ་བདག་བཟང་སྦྱིན་ཆུང་མ་དང་བཅས་པས་ཕྱིར་མི་འོང་ [123A]༄༅། །བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང། རྫུ་འཕྲུལ་མངོན་པར་བསྒྲུབས་པ་དེའི་ཉིན་མོ་དེའི་ཆུང་མ་ལ་བུ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ གསལ་བ། གསེར་གྱི་ཁ་དོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ་ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཛང་བ། སྣའི་གཟེངས་མཐོ་བ་ཞིག་བྱུང་ངོ། །དེའི་ཉེ་དུ་དག་འདུས་ ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་ ཁྱེའུ་འདིའི་མིང་ཕ་མ་གཉིས་ཀྱི་ཉི་མ་གང་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང། རྫུ་འཕྲུལ་མངོན་པར་བསྒྲུབས་པར་གྱུར་པའི་ཉི་མ་དེ་ལ་བཙས་པས། དེའི་ཕྱིར་ཁྱེའུ་མིང་རྫུ་ འཕྲུལ་ལེན་ཅེས་བྱའོ། །ཞེས་དེའི་མིང་རྫུ་འཕྲུལ་ལེན་ཅེས་བྱ་བར་བཏགས་སོ། །ཁྱེའུ་རྫུ་འཕྲུལ་ལེན་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང། ནུ་མ་སྣུན་པའི་མ་མ་གཉིས་དང། དྲི་མ་འཕྱི་ བའི་མ་མ་གཉིས་དང། རྩེད་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དེ་དག་གིས་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུ་དང། གཞན་ཡང་ཡོ་བྱད་ ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང། རྫིང་ན་གནས་པ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ་།དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང། གྲངས་དང། རྩིས་དང་ [123B] དབྱུང་བ་དང། གཞུག་པ་དང། གཞག་པ་ལ་ཉེ་བར་ཞུགས་ནས་དེ་ཡི་གེའི་མཐར་ཕྱིན་ཅིང། འབྱེད་པ་དང་ཀློག་པ་དང། མཁས་པ་དང། སྤྱོད་པ་གསལ་བ་དང། བརྟག་པ་བརྒྱད་ པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང། གཞི་བརྟག་པ་དང། གོས་བརྟག་པ་དང། ཤིང་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང། བུད་མེད་བརྟག་པ་དང། སྐྱེས་པ་བརྟག་པ་ ལ་མཁས་པར་གྱུར་ཏོ། །དེ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་འཁོར་གྱི་དྲུང་དུ་སོང་བ་དང། དེའི་བཙུན་མོའི་འཁོར་གྱིས་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ནས་དེ་ལ་མེ་ ཏོག་གི་ཕྲེང་བ་འཕངས་སོ། །འཇིག་རྟེན་ནི། མཛའ་བཤེས་དང་དགྲ་བོ་དང། ཐ་མལ་པ་ཡིན་པས། ཇི་ཙམ་ན་གཞན་དག་གིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ། གཞོན་ ནུ་རྫུ་འཕྲུལ་ལེན་ནི། ལྷའི་བཙུན་མོའི་འཁོར་དོན་དུ་གཉེར་རོ་།རྒྱལ་པོ་དག་ནི། མི་རྟོག་པར་བྱེད་པས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ངས་ཁྱིམ་བདག་གི་བུ་གཞོན་ནུ་རྫུ་འཕྲུལ་ ལེན་ཡོངས་སུ་བཏང་ངོ། །བློན་པོ་རྣམས་ཀྱིས་དེ་ཀཱ་ར་བའི་རའི་མེ་ཏོག་གི་ཕྲེང་བས་མགུལ་པ་བཅིངས་ཏེ་གོས་སྔོན་པོ་གྱོན་པའི་མི་དག་བཀྲི་ནས་གྲོང་ཁྱེར་གྱི་དབུས་ནས་ཕྱིར་ཕྱུང་སྟེ་གསད་སར་ཕྱིན་ ནས་གསོད་དུ་བཅུག་གོ་མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་དང་ཡུལ་ཐ་དད་པ་ནས་ལྷགས་པའི་མི་དག་གིས་རྒྱལ་པོ་སྡིག་པ་ཅན་འདི་ནི། མ་བརྟགས་པར་བྱེད་པ་ངན་པ་ཡིན་ཏེ། དེས་ཁྱིམ་བདག་ [124A]༄༅། །གི་བུ་གཞོན་ནུ་རྫུ་འཕྲུལ་ལེན་འཁོན་མེད་པ། འགྲན་མི་ཚོལ་བ། མི་འཁུ་བ་བསོད་དོ། །ཞེས་བརྗོད་དོ། །དེ་བཞིན་དུ་བཙུན་མོའི་འཁོར་དང། གཞོན་ནུ་དང། བློན་པོ་རྣམས་ ཀྱིས་ཀྱང་ངན་པ་དེས། ཁྱིམ་བདག་གི་བུ་གཞོན་ནུ་རྫུ་འཕྲུལ་ལེན་འཁོན་མེད་པ། འགྲན་མི་ཚོལ་བ། མི་འཁུ་བ་བསད་པ་ནི། ལེགས་པ་མ་བྱས་སོ། །ཤིན་ཏུ་མ་བྱས་སོ། །ཞེས་བརྗོད་དོ། །ཁྱིམ་ བདག་བཟང་སྦྱིན་གྱིས་བསམ་པ། བདག་གིས་བདོག་ཅིང་བདག་དབང་བ་སུ་ལ་ཡང་ཡོངས་སུ་མ་བཏང་བ་གང་ཡིན་པ་དེ་ཐམས་ཅད་ནི་གཞོན་ནུ་རྫུ་འཕྲུལ་ལེན་ལ་ལྟོས་པ་ཡིན་ན། དེ་ནི། སྔོན་ གྱི་ལས་ཀྱི་ཉེས་པས་རྒྱལ་པོས་མ་བརྟགས་པ་ལྔ་པ་ཉིད་དུ་བསྒྲུབས་པས་ད་སུའི་ཕྱིར་བཅང་བར་བྱ་སྟེ། དམན་པ་དང། མགོན་མེད་པ་དང། བཀྲེན་པ་དང། སྡུག་འཕོངས་པ་དག་ལ་ ཡོངས་སུ་གཏང་བར་བྱའོ། །སྙམ་ནས་དེས་ཀརཤ་པ་ཎ་གཅིག་ཟོང་གི་རྒྱུར་བཞག་ནས་ནོར་གྱི་རྣམ་པ་གཞན་ཐམས་ཅད་དམན་པ་དང་མགོན་མེད་པ་དང། བཀྲེན་པ་དང། སྡུག་འཕོངས་པ་དག་ ལ་ཡོངས་སུ་བཏང་ངོ། །དེས་ཀརཤ་པ་ཎ་གཅིག་པོ་དེས་ཟོང་ཉོས་ཤིང་བཙོངས་པས། དེས་ཀརཤ་པ་ཎ་བཞི་རྙེད་ནས་དེས་ཀརཤ་པ་ཎ་གཅིག་གིས་ནི། བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་སྤོས་ཀྱི་ བྱུག་པས་བྱུགས་སོ། །གཉིས་པས་ནི། གཡོག་འཁོར་གྱི་ཟན་སྦྱར་ཏོ་།གསུམ་པས་ནི། དགེ་འདུན་གྱི་ཕྱིར་དགེ་སློང་ལ་ཆོས་སྟོན་བྱིན་ནོ་།བཞི་པ་ནི། ཟོང་གི་རྒྱུར་བཞག་གོ་དེའི་ཁྱིམ་ན་ [124B]སྦྱིན་པར་བྱེད། མཆོག་ཏུ་ངན་པ་དག་ཀྱང་སྦྱིན་པར་བྱེད་པས་དེའི་མིང་ངན་པ་བཟང་སྦྱིན་ཞེས་བྱ་བར་གྱུར་ཏོ། །དེ་བཅོམ་ལྡན་འདས་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ངན་པ་བཟང་སྦྱིན་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཇི་ལྟར་ཁྱོད་ཀྱི་ཁྱིམ་ན་སྦྱིན་པ་དག་སྦྱིན་ནམ། བསོད་ནམས་དག་བྱེད་དམ། བཙུན་པ། དེ་བཞིན་ཏེ། བདག་གི་སྡུམ་པ་ན་སྦྱིན་པ་དག་ཀྱང་སྩོལ་ཅིང་ བསོད་ནམས་དག་ཀྱང་བགྱིད་ན། དེ་དག་ནི། ངན་པ་དག་དང། མཆོག་ཏུ་ངན་པ་དག་ལགས་སོ། །ཁྱིམ་བདག་སྦྱིན་པ་ངན་པའམ། བཟང་པོ་སྦྱིན་ཡང་རུང་སྟེ། དེ་གཉིས་ཀ་ལོངས་སྤྱོད་ཀྱི་རྣམ་ པར་སྨིན་པ་ཅན་ཡིན་ནོ། །ཁྱིམ་བདག་སྦྱིན་པ་ངན་པའམ། བཟང་པོ་སྦྱིན་ཡང་རུང་སྟེ། དེ་ཡང་དད་པས་མ་ཡིན། གུས་པས་མ་ཡིན་རང་གི་ལག་ནས་མ་ཡིན། དུས་སུ་མ་ཡིན། གནོད་པ་ མེད་པ་མ་ཡིན། གང་གི་ཚེ་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་དེའི་ཚེ་ན། དེའི་སེམས་ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར། ཟས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་ འཇུག་པར་མི་འགྱུར། གོས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར། གནས་མལ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར། བཞོན་པའི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་ [125A]༄༅། །འཇུག་པར་མི་འགྱུར། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་རྒྱ་ཆེན་པོ་དག་ལ་འཇུག་པར་མི་འགྱུར་ཏེ། ཁྱིམ་བདག་སྦྱིན་པ་དེ་ལྟ་བུ་སྦྱིན་པའི་འབྲས་ བུ་རྣམ་པར་སྨིན་པ་ནི། དེ་ལྟ་བུར་འདོད་པར་བྱའོ། །ཁྱིམ་བདག་།སྦྱིན་པར་ངན་པའམ། བཟང་པོ་སྦྱིན་ཡང་རུང་སྟེ། དེ་ཡང་དད་པས་ཡིན། གུས་པས་ཡིན། རང་གི་ལག་ནས་ཡིན། དུས་སུ་ ཡིན། གནོད་པ་མེད་པ་ཡིན། གང་གི་ཚེ་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་དེའི་ཚེ་ན། དེའི་སེམས་ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར། ཟས་ཀྱི་ལོངས་སྤྱོད་ རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར། གོས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར། གནས་མལ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར། བཞོན་པའི་ལོངས་སྤྱོད་རྒྱ་ ཆེན་པོ་དག་ལ་འཇུག་པར་འགྱུར། གཟུགས་དང། སྒྲ་དང། དྲི་དང་རོ་དང། རེག་བྱ་རྒྱ་ཆེན་པོ་དག་ལ་འཇུག་པར་འགྱུར་ཏེ། ཁྱིམ་བདག་སྦྱིན་པ་དེ་ལྟ་བུ་བྱིན་པའི་འབྲས་བུ་རྣམ་པར་སྨིན་ པ་ནི། དེ་ལྟ་བུར་འདོད་པར་བྱའོ།། །།འདུལ་བ་རྣམ་པར་འབྱེད་པ་བམ་པོ་རེ་དགུ་པ། ཁྱིམ་བདག་སྔོན་བྱུང་བ་བྲམ་ཟེ་དུས་དཔོག་ཅེས་བྱ་བ། ཤིང་སཱ་ལ་ཆེན་པོ་ལྟ་ བུ་ཞིག་བྱུང་བར་གྱུར་ཏེ། དེས་བྲམ་ཟེ་རྣམས་ལ་སྦྱིན་པ་འདི་ལྟ་བུ་འདི་བྱིན་ཏེ། གླང་པོ་ཆེ་གསེར་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས་པ། གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་དྲ་ [125B]པར་བྱིན་ནོ་རྟ་གསེར་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས་པ། གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་དྲ་བས་གཡོགས་པ་བརྒྱད་ ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །ཤིང་རྟ་རྣམ་བཞི་གསེར་ལས་བྱས་པ་དང། དངུལ་ལས་བྱས་པ་དང། བཻ་ཌཱུརྱ་ལས་བྱས་པ་དང། ཤེལ་ལས་བྱས་པ་དག། སེངྒེའི་པགས་པས་གཡོགས་ པ་དང། སྟག་ལྤགས་ཀྱིས་གཡོགས་པ་དང། གུང་ལྤགས་ཀྱིས་གཡོགས་པ། ཨར་མོ་ནིག་གིས་བཀབ་པ། རྣམ་པར་རྒྱལ་བྱེད་ཡིད་དུ་འོང་བ་དང་ལྡན་པའི་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ ལ་སྦྱིན་པར་བྱིན་ནོ། །ཁང་པ་བརྩེགས་པ་རྣམ་བཞི་གསེར་ལས་བྱས་པ་དང། དངུལ་ལས་བྱས་པ་དང། བཻ་ཌཱུརྱ་ལས་བྱས་པ་དང། ཤེལ་ལས་བྱས་པའི་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་ བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །ཁྲི་རྣམ་བཞི་གསེར་ལས་བྱས་པ་དང། དངུལ་ལས་བྱས་པ་དང། བཻ་ཌཱུརྱ་ལས་བྱས་པ་དང་ཤེལ་ལས་བྱས་པ་ཤུར་བུས་བླས་པ། སྟན་སྦྱར་མ་བཏིང་བ། སྟན་ ནང་ཚངས་ཅན་བཏིང་བ། སྟན་ཁྲ་བོ་བཏིང་བ། སྟན་ཆེན་པོ་བཏིང་བ། སྟན་བཟང་པོ་བཏིང་བ། སུ་མཚན་གྱི་གོས་ཀྱིས་སྟེང་གཡོགས་བཏིང་བ། སྟེང་ནས་བགོ་བའི་གོས་དང་བཅས་པ། གཉིས་སུ་ རྒྱབ་རྟེན་དམར་པོ་བཞག་པའི་ཁྲི་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །གསེར་གྱི་སྣོད་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །དངུལ་གྱི་སྣོད་བརྒྱད་ཁྲི་བཞི་སྟོང་ [126A]༄༅། །བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །གསེར་གྱི་སྣོད་དངུལ་ཕྱེས་གང་བ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །དངུལ་གྱི་སྣོད་གསེར་ཕྱེས་གང་བ་ བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །རས་ཟུང་རྣམ་བཞི། ཀ་ཤི་ཀའི་རས་ཕྲན་དང། ཟར་མའི་རས་ཕྲན་དང། དུ་གུ་ལའི་རས་ཕྲན་དང། ཀོ་ཏཾ་པའི་རས་ཕྲན་ཟུང་བརྒྱད་ ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །བ་གསེར་གྱི་རྭ་ཅན། རྨིག་པ་དངུལ་ལས་བྱས་པ། བེའུ་མཐུན་པ་དང་བཅས་པ་འཁར་བའི་ཟེ་བ་ཅན། རས་བཅོས་བུ་ཕྲུགས་ཀྱིས་གཡོགས་ པ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །བུ་མོ་གསེར་གྱི་དཔུང་རྒྱན་ཅན། མགུལ་རྒྱན་དང་བཅས་པ། རྒྱན་བཟང་པོས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་ སྦྱིན་པར་བྱིན་ནོ། །ཟས་དང། སྐོམ་དང། བཅའ་བ་དང། བཟའ་བ་དང། ལྡག་པ་དང། བཞིབ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་ནོ། །ཁྱིམ་བདག་ བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་ གང་ཡིན་པ་དེ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་ [126B]པ་དང། གང་གིས་སོ་སོའི་སྐྱེ་བོ་འཛམ་བུའི་ཚལ་དུ་འོངས་པ་གཅིག་ལ་ཟན་བྱིན་པ་གང་ཡིན་པ་དེ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་ བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བ་རྒྱ་ལ་ཟན་བྱིན་ པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་ཟན་བྱིན་པ་གང་ཡིན་པ་དེ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་ པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་ པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་གཅིག་ལ་ཟན་བྱིན་པ་གང་ཡིན་པ་དེ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ་།བྲམ་ ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་ གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་ [127A]༄༅། །བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་ཟན་བྱིན་པ་གང་ཡིན་པ་དེ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་བྱིན་པ་དང་གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་ པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་ དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་གཅིག་ལ་ཟན་བྱིན་པ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་ བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་པ་དང་གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ [127B] སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་ པ་དང། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བ་གཅིག་ལ་ཟན་བྱིན་པ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་ འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ [128A]༄༅། །ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཞུགས་པ་ གཅིག་ལ་ཟན་བྱིན་པ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་གང་གིས་ ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་ གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་ བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པ་གཅིག་ལ་ཟན་བྱིན་པ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ།། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ [128B] གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང་གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་ གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བའི་འབྲས་ བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་ པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང་གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་ པ་དང། གང་གིས་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་ [129A]༄༅། །བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པའི་འབྲས་ བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་དང། གང་གིས་ ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ་།བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་ དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་ དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་ པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང་གང་ གིས་ཕྱིར་མི་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པ་བརྒྱ་ལ་ཟན་བྱིན་པ་ [129B] གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་དང། གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་དང། གང་གིས་གཙུག་ལག་ཁང་ དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང། ཁྲིའུ་དང། སྟན་ནང་ཚངས་ཅན་དང། ལ་བ་དང། སྔས་དང། གོར་བུ་དག་ཕུལ་བ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་ གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བའི་འབྲས་ བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་དང། གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ [130A]༄༅། །ཁང་རྩིག་ཏུ་བཅུག་པ་དང། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང། ཁྲིའུ་དང། སྟན་ནང་ཚངས་ཅན་དང། ལ་བ་དང། སྔས་དང་ གོར་བུ་དག་ཕུལ་བ་དང། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གཏམ་གྱི་རྐྱེན་རིས་དང་མཐུན་པའི་མཆོད་སྦྱིན་ཕུལ་བ་དང། གང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང། ཆོས་ལ་སྐྱབས་སུ་འགྲོ་བ་ དང། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལེན་པ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་ རྣམས་ལ་སྦྱིན་པ་དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་ དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་ བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་ བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང་གང་གིས་དགྲ་བཅོམ་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱོགས་ [130B]དང། གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་དང། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་ དང། ཁྲིའུ་དང། སྟན་དང། སྟན་ནང་ཚངས་ཅན་དང། ལ་བ་དང། སྔས་དང། གོར་བུ་དག་ཕུལ་བ་དང། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་དང་མཐུན་པའི་མཆོད་སྦྱིན་ཕུལ་བ་ དང། གང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང། ཆོས་ལ་སྐྱབས་སུ་འགྲོ་བ་དང། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལེན་པ་དང། གང་གིས་སེམས་ཅན་སྲོག་ཆགས་འབྱུང་པོ་ ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །ཁྱིམ་བདག། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་ དེ་ལྟ་བུ་དེ་བྱིན་པ་དང། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་ པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང་གང་གིས་ལན་ གཅིག་ཕྱིར་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱིར་མི་འོང་བ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ [131A]༄༅། །དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་དགྲ་བཅོམ་པ་བརྒྱ་ལ་ཟན་བྱིན་པ་དང། གང་གིས་ཕྱོགས་ བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་ཕུལ་བ་དང་གང་གིས་ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་ཅིག་རྩིག་ཏུ་བཅུག་པ་དང། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་ མལ་འདི་ལྟ་སྟེ། ཁྲི་དང། ཁྲིའུ་དང། སྟན་དང། སྟན་ནང་ཚངས་ཅན་དང། ལ་བ་དང། སྔས་དང། ཁྲིའུ་དག་ཕུལ་བ་དང་གང་གིས་གཙུག་ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་དང་ མཐུན་པའི་མཆོད་སྦྱིན་ཕུལ་བ་དང། གང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང། ཆོས་ལ་སྐྱབས་སུ་འགྲོ་བ་དང། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལེན་པ་དང་ གང་གིས་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པ་དང། གང་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་པ་དང། ཟད་པར་རྗེས་སུ་ལྟ། འདོད་ ཆགས་དང་བྲལ་བར་རྗེས་སུ་ལྟ། འགོག་པར་རྗེས་སུ་ལྟ། སྤོང་བར་རྗེས་སུ་ལྟ་ཞིང་གནས་པ་གང་ཡིན་པ་ནི། སྦྱིན་པ་དེ་བས་སྦྱིན་པ་འདི་ཆེས་འབྲས་བུ་ཆེའོ། །ཁྱིམ་བདག་དེ་ལྟ་བས་ན། ཁྱོད་ ཀྱིས་འདི་ལྟར་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་རྗེས་སུ་ལྟ་ཞིང་གནས་པར་བྱ་བ་དང། ཟད་པར་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ། འགོག་པར་རྗེས་སུ་ལྟ། སྤོང་བར་རྗེས་སུ་ [131B] ཁྱིམ་བདག་།ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་ཁྱིམ་བདག་ངན་པ་བཟང་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་ བསྟོད་པ་དང། རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །དེ་དུས་གཞན་ཞིག་ན་རང་གི་ཁྱིམ་ན་མཚན་མོ་ མར་མེ་སྦར་ཏེ་སངས་རྒྱས་ཀྱི་བཀའ་ཀློག་པ་ན། རྒྱལ་པོའི་ཞོ་ཤས་འཚོ་བ་གྲོང་ཁྱེར་ཉུལ་བ་དག་གིས་སྒོ་གཏན་གྱི་བུ་གུ་ནས་དེ་མཐོང་ནས་དེ་དག་གིས་དེ་ལ་སྨྲས་པ། ཁྱིམ་བདག་རྒྱལ་པོས་ དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ་མཉན་ཡོད་དུ་སུས་ཀྱང་མཚན་མོ་མེ་སྦར་བར་མི་བྱའོ། །གང་སྦར་བར་བྱེད་པ་དེ་ཀརཤ་པ་ཎ་དྲུག་ཅུའི་ཆད་པས་གཅད་པར་བྱ་བའམ། ཕྱག་སྦལ་དུ་བཅུག་སྟེ་འཆི་བར་ བྱའོ། །ཞེས་བཀའ་བཏགས་ན། ཁྱོད་ཀྱིས་ཅིའི་ཕྱིར་མཚན་མོ་མེ་སྦར། དེས་སྨྲས་པ། ཤེས་ལྡན་དག་འདི་ནི། མེ་མ་ཡིན་ཏེ། མར་མེ་ཡིན་ནོ། །ཁྱིམ་བདག་ཅི། འདིས་མེའི་བྱ་བ་བྱེད་ མི་ནུས་སམ། ཡང་ན་ནི། ཀརཤ་པ་ཎ་དྲུག་ཅུ་ཕུལ་ཅིག་ཡང་ན་ནི། ཕྱག་སྦལ་དུ་འདུག་ཅིག་ཤེལ་ལྡན་དག་ཁོ་བོ་ལ་ཀརཤ་པ་ཎ་དྲུག་ཅུའི་འབྱོར་པ་ག་ལ་ཡོད། ཕྱག་སྦལ་དུ་འདུག་གོ་ཀོ་ ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཕྱག་སྦལ་ནི། རིམ་པ་གསུམ་ཡོད་དེ། མི་གཙོ་བོ་གང་དག་ཡིན་པ་དེ་དག་ནི། སྟེང་རིམ་དུ་འཇོག་པར་བྱེད། མི་བར་མ་གང་དག་ཡིན་པ་དེ་དག་ནི་ [132A]༄༅། །བར་དུ་འཇོག་པར་བྱེད། མི་ངན་པ་གང་དག་ཡིན་པ་དེ་དག་ནི། གཏིང་དུ་འཇོག་པར་བྱེད་པས། དེ་མི་གཙོ་བོ་ཡིན་པའི་ཕྱིར་དེ་དག་གིས་སྟེང་རིམ་དུ་བཞག་ གོ་དེ་ནས་རྒྱལ་པོ་ཆེན་པོ་བཞི་མཚན་མོའི་ཐུན་དང་པོ་ལ་ཁྱིམ་བདག་ངན་པ་བཟང་སྦྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་ངན་པ་བཟང་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་ བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་ན་ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་དེས་སྨྲས་པ། ཉེ་དབང་དག་།ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ ཏེ། འདི་ལྟར། རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ་ཅིའི་ཕྱིར་ཀརཤ་པ་ཎ་དྲུག་ཅུའི་ཕྱིར་ཏེ། ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས། དེའི་ཕྱིར་ཕྱག་སྦལ་ན་འདུག་གོ་ ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་ཚིག་རྗོད་ཅིག་ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང། གསེར་གྱིས་དགང་བར་བྱ། ཉེ་དབང་དག་ཁྱོད་སྙིང་ལས་ཆུང་ངུར་གྱིས་ ཤིག་དང། བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་འདོད་ན་འདུག་ཅིག་དང། ཁྱེད་ལ་ཆོས་བསྟན་པར་བྱའོ། །དེ་དག་ཆོས་མཉན་པའི་ཕྱིར་དེའི་མདུན་ དུ་འདུག་པ་ན། དེ་དག་གི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དང་ [132B] །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་མཚན་མོའི་ཐུན་དང་པོ་ལ་ཕྱག་སྦལ་ན་མེའི་ཕུང་པོ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་ སྲེག་པ་དག་མཐོང་ངོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་མཚན་མོའི་གུང་ཐུན་ལ། ཁྱིམ་བདག་ངན་པ་བཟང་སྦྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་ངན་པ་བཟང་སྦྱིན་ལ་འདི་སྐད་ཅེས་ སྨྲས་སོ། །ཁྱིམ་བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་ན། ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་དེས་སྨྲས་པ། ཀོའུ་ཤི་ཀ། ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་ མ་ཡིན་ཏེ། འདི་ལྟར། རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ་ཅིའི་ཕྱིར་ཀརཤ་པ་ཎ་དྲུག་ཅུའི་ཕྱིར་ཏེ། ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས། དེའི་ཕྱིར་ཕྱག་སྦལ་ན་འདུག་ གོ་ཁྱིམ་བདག་དེའི་ཕྱིར་སེམས་བསྐྱེད་ལ་ཚིག་རྗོད་ཅིག་ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང། གསེར་གྱིས་དགང་བར་བྱ། ཀོའུ་ཤི་ཀ། ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག་ དང། བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་འདོད་ན་འདུག་ཅིག་དང། ཁྱོད་ལ་ཆོས་བསྟན་པར་བྱའོ། །དེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་པ་ན། དེའི་ ལུས་འདི་འདྲ་སྟེ། འདི་ལྟ་སྟེ། དཔེར་ན། མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་ [133A]༄༅། །ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་འདྲའོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་ རྒྱལ་གྱིས་མཚན་མོའི་གུང་ཐུན་ལ་ཕྱག་སྦལ་ན་མེའི་ཕུང་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་ ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ་ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་མཐོང་ངོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་མཚན་མོའི་ཐུན་ཐ་ མ་ལ་ཁྱིམ་བདག་ངན་པ་བཟང་སྦྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཁྱིམ་བདག་ངན་པ་བཟང་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ་།ཁྱིམ་བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ ཡིན་ན། ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་དེས་སྨྲས་པ། ཚངས་པ། ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར། རྒྱལ་པོ་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་ བཅུག་གོ་ཅིའི་ཕྱིར། ཀརཤ་པ་ཎ་དྲུག་ཅུའི་ཕྱིར་ཏེ། ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་ན་འདུག་གོ་།ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་ཚིག་རྗོད་ཅིག་ཁྱོད་ཀྱི་ཁྱིམ་ མམ། ཆུའི་གནས་གང་དག་དབྱིག་དང། གསེར་གྱིས་དགང་བར་བྱ་ཚངས་པ། ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག་དང། བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ [133B] ཁྱོད་ལ་ཆོས་བསྟན་པར་བྱའོ་།དེས་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་པ་ན་དེའི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ། དཔེར་ན། མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ་ རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་ མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་བས་ཀྱང་ཆེས་འཕགས་པ་དང་ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ་ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་འདྲའོ། ། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་མཚན་མོའི་ཐུན་ཐ་མ་ལ་ཕྱག་སྦལ་ན་མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ་རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་ སྲེག་པ་དག་པས་ཆེས་འཕགས་པ་དང། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་བས་ཀྱང་ཆེས་འཕགས་པ་དང་ ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ་ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་མཐོང་ངོ། །མཐོང་ནས་ཀྱང་ཕྱག་སྦལ་སྲུང་བའི་མི་མངག་པས་བཀུག་ སྟེ་སྨྲས་པ། ཀྭའི་ནང་རྗེ། དས་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ་མཉན་ཡོད་དུ་སུས་ཀྱང་མཚན་མོ་མེ་སྦར་བར་མི་བྱའོ། །ཞེས་བསྒོ་ན། ང་ཉིད་ཀྱི་ཕྱག་སྦལ་ན་མདང་མཚན་མོ་ཐོ་ཐག་མེའི་ [134A]༄༅། །ཕུང་པོ་ཆེན་པོ་སྦར་བ་དེ་ཅིའི་ཕྱིར། དེས་སྨྲས་པ་ལྷ། སུས་ཀྱང་མཚན་མོ་ཕྱག་སྦལ་དུ་ཞུགས་མ་སྦར་ཏེ། ལྷས་དེར་ཅི་ཞིག་གཟིགས་མ་འཚལ་ཏོ། །རྒྱལ་ པོས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེངས་ལ་ཅི། བདེན་ནམ་རྫུན་པ་ཕྱག་སྦལ་རྟོགས་ཤིག་དེ་དག་དོང་སྟེ་ཕྱག་སྦལ་བརྟགས་ན། ཐལ་བ་ཡང་མི་སྣང་ནས་དེ་དག་ ཕྱིར་ལོག་སྟེ་རྒྱལ་པོ་ལ་སྨྲས་པ། ལྷ། བདག་ཅག་གིས་ཕྱག་སྦལ་བརྟགས་ན། ཐལ་བ་ཡང་མི་གདའོ། །རྒྱལ་པོས་ཕྱག་སྦལ་ན་སྲུང་བའི་མི་ལ་སྨྲས་པ། ཀྭའི་ནང་རྗེ། དེ་ན་མི་གཙོ་བོ་གང་ འདུག་ལྷ། ཁྱིམ་བདག་ངན་པ་བཟང་སྦྱིན་མཆིས་སོ། །དེ་བོས་ཤིག་།དེས་ལྷ། བཀའ་བཞིན་འཚལ་ཞེས་དེ་བོས་པ་དང། རྒྱལ་པོས་དེ་ལ་སྨྲས་པ། ཁྱིམ་བདག་ངས་དྲིལ་སྒྲོག་པར་བྱེད་ དུ་བཅུག་སྟེ། སུས་ཀྱང་མཉན་ཡོད་དུ་མཚན་མོ་མེ་སྦར་བར་མི་བྱའོ། །ཞེས་བསྒོ་ན། ཁྱོད་ཀྱིས་ཅིའི་ཕྱིར་ཕྱག་སྦལ་དུ་མཚན་ཐོག་ཐག་མེ་སྦར། དེས་སྨྲས་པ། ལྷ། བདག་གིས་ཡུད་ཙམ་ ཡང་ཞུགས་མ་བལྟམ་ན། མཚན་ཐོག་ཐག་ལྟ་ཅི་སྨོས། ཁྱིམ་བདག་།ང་ཉིད་ཀྱིས་མཚན་མོའི་ཐུན་དང་པོ་ལ་མེའི་ཕུང་པོ་ཆེན་པོ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་དང། མཚན་མོའི་གུང་ཐུན་ལ་མེའི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་ [134B] ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དང། མཚན་མོའི་ཐུན་ཐ་མ་ལ་མེའི་ཕུང་ པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཀྱང་ཆེས་འཕགས་པ་དང། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ་ རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཀྱང་ཆེས་འཕགས་པ་དང། ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་ འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་མཐོང་བཞིན་དུ། ཁྱོད་ན་རེ་དེ་སྐད་ཅེས། བདག་གིས་ཡུད་ཙམ་ཡང་མེ་མ་སྦར་ན། མཚན་ཐོག་ཐག་ལྟ་ཅི་སྨོས་ཞེས་ཟེར་ན། དེ་ཅི་ཡིན། ལྷ། དེ་ནི་ མད་དེ། བདག་གིས་ནི། མཚན་མོ་ཞུགས་མ་སྦར་མོད་ཀྱི། འདི་ལྟར་མདང་མཚན་མོའི་ཐུན་དང་པོ་ལ་རྒྱལ་པོ་ཆེན་པོ་བཞི་བདག་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས་བདག་ལ་འདི་སྐད་ཅེས་ ཁྱིམ་བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་ནོ་ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་ཅེས་མཆིས་ནས། བདག་གིས་དེ་དག་ལ་འདི་སྐད་ཅེས། ཉེ་དབང་དག་ཁོ་བོ་རང་ དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར། རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་ན་བཅུག་གོ་ཞེས་བགྱིས་པ་དང། དེ་དག་བདག་ལ་འདི་སྐད་ཅེས། ཅིའི་ཕྱིར་ཞེས་མཆི་ [135A]༄༅། །ནས་བདག་གིས་དེ་དག་ལ་འདི་སྐད་ཅེས། ཀརཤ་པ་ཎ་དྲུག་ཅུའི་ཕྱིར་ཏེ། ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་ན་འདུག་གོ་ཞེས་བགྱིས་ན་ དེ་དག་བདག་ལ་འདི་སྐད་ཅེས། ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་ཚིག་རྗོད་ཅིག་ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང། གསེར་གྱིས་དགང་བར་བྱ་ཞེས་མཆི་ ནས། བདག་གིས་དེ་དག་ལ་འདི་སྐད་ཅེས། ཉེ་དབང་དག་སྙིང་ལས་ཆུང་ངུར་གྱིས་ཤིག་བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་འདོད་ན། འདུག་ ཅིག་དང། ཁྱོད་ལ་ཆོས་བསྟན་པར་བྱའོ། །ཞེས་བགྱིས་པ་དང། དེ་དག་ཆོས་མཉན་པའི་སླད་དུ་བདག་གི་མདུན་དུ་མཆིས་པ་ན། དེ་དག་གི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ། དཔེར་བགྱི་ན་ ཞུགས་ཀྱི་ཕུང་པོ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་འདྲའོ། །དེ་ནས་མཚན་མོའི་གུང་ཐུན་ལ་ལྷའི་དབང་པོ་བརྒྱ་བྱིན་བདག་ག་ལ་བ་དེར་ མཆིས་ཏེ་ཕྱིན་ནས་བདག་ལ་འདི་སྐད་ཅེས། ཁྱིམ་བདག་ཁྱོད་ཕྱག་སྦལ་ན་འདུག་པ་ཚུལ་དང་མཐུན་པ་མ་ཡིན་ནོ། ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་ཅེས་མཆི་ནས་བདག་གིས་དེ་ལ་འདི་སྐད་ ཅེས། ཀོའུ་ཤི་ཀ། ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར། རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ་ཞེས་བགྱིས་པ་དང། དེ་བདག་ལ་འདི་སྐད་ཅེས་ [135B]ཀརཤ་པ་ཎ་དྲུག་ཅུའི་ཕྱིར་ཏེ། ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་དུ་བཅུག་གོ་ཞེས་བགྱིས་ན། དེ་དག་བདག་ལ་འདི་ སྐད་ཅེས། ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་བསྐྱེད་ལ་ཚིག་རྗོད་ཅིག་དང། ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང་གསེར་གྱིས་དགང་བར་བྱ་ཞེས་མཆི་ན། བདག་གིས་དེ་ལ་འདི་སྐད་ ཅེས། ཀོའུ་ཤི་ཀ་ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག་དང་བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། གལ་ཏེ་འདོད་ན། འདུག་ཅིག་དང། ཁྱོད་ལ་ཆོས་བསྟན་པར་བྱའོ། ། ཞེས་བགྱིས་པ་དང། དེ་ཆོས་མཉན་པའི་སླད་དུ་བདག་གི་མདུན་དུ་མཆིས་པ་ན། དེའི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ། དཔེར་བགྱི་ན་ཞུགས་ཀྱི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ་ ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང། ཆེས་གྱ་ནོམ་པའི་ཞུགས་ཀྱི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ ཏུ་གྱུར་ཅིང་སྲེག་པ་དག་འདྲའོ། །དེ་ནས་མཚན་མོའི་ཐུན་ཐ་མ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་བདག་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས་བདག་ལ་འདི་སྐད་ཅེས། ཁྱིམ་བདག། ཁྱོད་ཕྱག་སྦལ་ན་འདུག་ པ་ཚུལ་དང་མཐུན་པ་མ་ཡིན་ན། ཅིའི་ཕྱིར་ཁྱོད་ཕྱག་སྦལ་ན་འདུག་ཅེས་མཆི་ནས་བདག་གིས་དེ་ལ་འདི་སྐད་ཅེས། ཚངས་པ། ཁོ་བོ་རང་དབང་གིས་ཕྱག་སྦལ་ན་འདུག་པ་མ་ཡིན་ཏེ། འདི་ལྟར་ [136A]༄༅། །རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་ཕྱག་སྦལ་དུ་བཅུག་གོ་ཞེས་བགྱིས་པ་དང། དེ་བདག་ལ་འདི་སྐད་ཅེས། ཅིའི་ཕྱིར་ཞེས་མཆི་ནས་བདག་གིས་དེ་ལ་འདི་ སྐད་ཅེས། ཀརཤ་པ་ཎ་དྲུག་ཅུའི་ཕྱིར་ཏེ། ཁོ་བོ་ལ་དེ་དག་གི་འབྱོར་པ་མེད་པས་དེའི་ཕྱིར་ཕྱག་སྦལ་ན་འདུག་གོ་ཞེས་བགྱིས་ན་དེ་བདག་ལ་འདི་སྐད་ཅེས། ཁྱིམ་བདག་དེའི་ཕྱིར་ཁྱོད་སེམས་ བསྐྱེད་ལ་ཚིག་རྗོད་ཅིག་ཁྱོད་ཀྱི་ཁྱིམ་མམ། ཆུའི་གནས་གང་དག་དབྱིག་དང། གསེར་གྱིས་དགང་བར་བྱ་ཞེས་མཆི་ནས་བདག་གིས་དེ་ལ་འདི་སྐད་ཅེས། ཚངས་པ། ཁྱོད་སྙིང་ལས་ཆུང་ ངུར་གྱིས་ཤིག་དང། བདག་ལ་རྒྱལ་པོ་དད་པས་དད་པའི་དབང་དུ་བྱ་བ་བྱེད་པར་འགྱུར་རོ། །གལ་ཏེ་འདོད་ན། འདུག་ཅིག་དང། ཁྱོད་ལ་ཆོས་བསྟན་པར་བྱའོ། །ཞེས་བགྱིས་པ་དང། དེ་ ཆོས་མཉན་པའི་སླད་དུ་བདག་གི་མདུན་དུ་མཆིས་པ་ན། དེའི་ལུས་འདི་འདྲ་སྟེ། འདི་ལྟ་སྟེ། དཔེར་བགྱི་ན། ཞུགས་ཀྱི་ཕུང་པོ་ཆེན་པོ་སྔ་མ་བཞི་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་ བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་དག་པས་ཆེས་འཕགས་པ་དང་ཆེས་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ་ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་ པ་བས་ཀྱང་ཆེས་འཕགས་པ་དང། ཆེས་གྱ་ནོམ་པའི་ཞུགས་ཀྱི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པ་འདྲའོ། །རྒྱལ་པོས་སྨྲས་པ་ [136B]གལ་ཏེ་དེ་ལྟར་ན། ངས་ཀྱང་ཁྱོད་ལ་དམ་པ་སྦྱིན་གྱི། ཅི་འདོད་པ་སྨྲོས་ཤིག་དེས་སྨྲས་པ། ལྷ། གལ་ཏེ་ཁྱོད་བདག་ལ་ཐུགས་དད་ན། བདག་དགུང་ལ་ཞུགས་མར་གྱི་འོད་ལ་ སངས་རྒྱས་ཀྱི་བཀའ་ཀློག་པར་འཚལ་ལོ། །རྒྱལ་པོས་སྨྲས་པ་ཁྱིམ་བདག་ཁྱོད་འབའ་ཞིག་ལ་གནང་བར་མ་ཟད་ཀྱི། འདི་ལྟར་ཁྱོད་ཉིད་ལ་བརྟེན་ནས་གཞན་གང་དག་མཚན་མོ་མེ་མར་གྱི་ འོད་ལ་སངས་རྒྱས་ཀྱི་བཀའ་ཀློག་པར་འདོད་པ་ཐམས་ཅད་ལ་ཡང་གནང་ངོ། །དེ་ནས་ཁྱིམ་བདག་ངན་པ་བཟང་སྦྱིན་རྒྱལ་པོས་བཏང་བས་དགའ་མགུར་རབ་ཏུ་དགའ་སྟེ། རྒྱལ་པོའི་དྲུང་ནས་ སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ ཡང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་དུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ། །རྒྱལ་རིགས་ནི། མངོན་པའི་ང་རྒྱལ་ཅན་ཡིན་པས། དེས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་བསྡད་དེ་ མི་དག་པའི་མཐའ་ཅན་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ། སོང་ལ་བཅོམ་ལྡན་འདས་ལ་སུ་དག་བསྙེན་བཀུར་བྱེད་པ་ལྟོས་ཤིག་མི་དག་པའི་མཐའ་ཅན་དེས། ལྷ། བཀའ་བཞིན་འཚལ་ཞེས་ཀོ་ས་ ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང། ཇི་ཙམ་ན་ཁྱིམ་བདག་ངན་པ་བཟང་སྦྱིན་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་མཐོང་ངོ། ། [137A]༄༅། །མཐོང་ནས་ཀྱང་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ། ཁྱིམ་ བདག་ངན་པ་བཟང་སྦྱིན་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་ཅིང་མཆིས་སོ། །རྒྱལ་པོས་བསམ་པ། ཁྱིམ་བདག་དེ་བདག་གི་ཡུལ་ན་གནས་པ་ཡིན་པས་དེས་བདག་མཐོང་ན་ མངོན་དུ་ལྡང་བར་འགྱུར་གྲང་སྙམ་ནས་དེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ། །ཁྱིམ་བདག་ངན་པ་བཟང་སྦྱིན་གྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཐག་རིང་པོ་ཁོ་ན་ ནས་མཐོང་ངོ། །མཐོང་ནས་ཀྱང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཅི་ལགས། རེ་ཞིག་དམ་པའི་ཆོས་ལ་བསྙེན་བཀུར་བྒྱིའམ། འོན་ཏེ་རྒྱལ་པོ་ལ་བསྙེན་ བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རེ་ཞིག་དམ་པའི་ཆོས་ལ་བསྙེན་བཀུར་གྱིས་ཤིག། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དམ་པའི་ཆོས་ལ་གུས་པ་མཛད་ དེ༑ དགྲ་བཅོམ་པ་དག་ཀྱང་ཆོས་བླ་མར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། སངས་རྒྱས་གང་དག་འདས་པ་དང། །སངས་ རྒྱས་གང་དག་མ་བྱོན་དང། །སངས་རྒྱས་མྱ་ངན་སེལ་མཛད་པ་།ད་ལྟར་མང་པོ་གང་བཞུགས་དག་ཐམས་ཅད་དམ་པའི་ཆོས་ལ་ནི་།གུས་པར་གནས་གྱུར་ནས་འགྱུར་ཞིང། །དེ་བཞིན་ [137B] །དེ་ནི་སངས་རྒྱས་ཆོས་ཉིད་ཡིན་།དེ་ཕྱིར་བདག་ལ་ལེགས་འདོད་ཅིང། །བདག་ཉིད་ཆེན་པོ་མངོན་འདོད་པས། །སངས་རྒྱས་བསྟན་པ་དྲན་བྱེད་ན། །འདི་ལ་དམ་ཆོས་ གུས་པར་བྱ། །ཁྱིམ་བདག་ངན་པ་བཟང་སྦྱིན་གྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་མངོན་དུ་ལྡང་བ་མ་བྱས་པ་དང་རྒྱལ་པོ་ཁྲོས་ཏེ་བསམ་པ། ཁྱིམ་བདག་འདི་བདག་གི་ཡུལ་ ན་གནས་པ་ཡིན་ན། བདག་ལ་མངོན་དུ་ལྡང་བ་མི་བྱེད་དོ། །སྙམ་ནས། དེ་ཁྲོ་བས་ཀུན་ནས་དཀྲིས་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་ གོ་བཅོམ་ལྡན་འདས་ཀྱིས་འདི་ཁྲོ་བས་ཀུན་ནས་དཀྲིས་སོ། །སྙམ་དུ་མཁྱེན་ནས་བཀའ་མཆིད་གཞན་དག་མཛད་པར་བརྩམས་ཏེ་ཆོས་སྟོན་པར་མི་མཛད་པ་དང། དེས་གསོལ་པ། བཅོམ་ལྡན་ འདས། ཆོས་བསྟན་དུ་གསོལ། བདེ་བར་གཤེགས་པ། ཆོས་བསྟན་དུ་གསོལ་དེ་སྐད་ཅས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། རབ་ཏུ་དང་ སེམས་མེད་པ་དང། །ཞེ་སྡང་ཅན་དང་འཁྲུགས་པ་ཡིས། །ཡང་དག་རྫོགས་སངས་བསྟན་པ་ཡི། །དམ་ཆོས་ཀུན་ཤེས་བྱ་མི་ནུས། །གང་གིས་ཉེས་རྩོམ་བཏུལ་བྱས་ཤིང། །རབ་དང་མེད་པའི་སེམས་ བསལ་ཏེ། །ཀུན་ནས་མནར་སེམས་འདིར་སྤོང་བ། །དེས་ནི་ལེགས་གསུངས་ཤེས་པར་འགྱུར། །རྒྱལ་པོས་བསམ་པ། ཁྱིམ་བདག་འདི་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ཡང་ [138A]༄༅། །རྒྱུན་བཀུམ་མོ། །སྙམ་ནས་དེ་ལ་རྒྱ་ཆེར་ཁྲོ་བའི་སེམས་སྐྱེས་ཏེ་སྡོད་ཅིག་ཅེས་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་ འདས་ཀྱི་སྤྱན་སྔ་ནས་སོང་ངོ། །ད་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གང་གི་ཚེ་ཁྱིམ་བདག་ངན་པ་བཟང་སྦྱིན་བཅོམ་ལྡན་འདས་ ཀྱི་སྤྱན་སྔ་ནས་ཕྱིར་བྱུང་བ་དེའི་ཚེ་དེ་ལ་ཁྱོད་ངའི་ཡུལ་ནམ་འདུག་ཅིག་ཅེས་སྒོས་ཤིག་དེ་ནས་ལྷ་གང་ཁྱིམ་བདག་ངན་པ་བཟང་སྦྱིན་ལ་མངོན་པར་དད་པ་དེས། སྲོག་ཆགས་ཏྲེ་མ་བུ་ཀ་དང། ཏྲ་ ལ་ཏ་ཀ་མང་པོ་དག་བཏང་ནས་དེ་དག་གིས་རྒྱལ་པོ་དེ་ཀུན་ནས་བསྐོར་ཏེ་ཟིན་པ་ན། དེ་ཉམ་ང་བས་རང་གི་ཁྱིམ་དུ་ཕྱིན་ཅིང་དེར་བཙུན་མོའི་འཁོར་དང། གཞོན་ནུ་དང། བློན་པོ་དང། ཁྲོམ་གྱི་ རུ་སྣ་དང། གླང་པོ་ཆེ་དང། རྟ་དག་ཀྱང་ཀུན་ནས་བསྐོར་ཅིང་ཟིན་པར་གྱུར། མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་ཀུན་ནས་བསྐོར་ཟིན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ སྐྲག་སྟེ་མྱུར་བ་མྱུར་བར་གླང་པོ་ཆེ་ལ་ཞོན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་ མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། རེ་ཞིག་དེའི་ཚེ་ཡང་ཀླུའི་རྒྱལ་པོ་དགའ་བོ་དང་ [138B] ད་སུ་ཞིག་འཁྲུགས་ལགས། རྒྱལ་པོ་ཆེན་པོ། ཇི་ལྟར་གྱུར། བཅོམ་ལྡན་འདས། བདག་སྲོག་ཆགས་ཏྲ་མ་བུ་ཀ་དང། ཏྲེ་ལ་ཏ་ཀ་དག་གིས་ཀུན་ ནས་བསྐོར་ཅིང་ཟིན་པར་གྱུར། མཆིས་བྲང་གི་འཁོར་དང། གཞོན་ནུ་དང། བློན་པོ་དང། ཁྲོམ་གྱི་རུ་སྣ་དང། གླང་པོ་ཆེ་དང། རྟ་དག་ཀྱང་ཀུན་ནས་བསྐོར་ཅིང་ཟིན་པར་གྱུར། མཉན་ཡོད་ན་ གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་ཀུན་ནས་བསྐོར་ཅིང་ཟིན་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་ཁྱིམ་བདག་ངན་པ་བཟང་སྦྱིན་ལ་རབ་ཏུ་སྡང་བའི་སེམས་བསྐྱེད་དོ། །བཅོམ་ལྡན་ འདས། ཅི་ལགས། ཁྱིམ་བདག་དེ་འཁྲུགས་པར་གྱུར་ཏམ། རྒྱལ་པོ་ཆེན་པོ། དེ་ནི། ཕྱིར་མི་འོང་བ་ཡིན་པས་འཁྲུག་པ་སྐྱེད་པར་མི་བྱེད་དེ། འདི་ལྟར། ལྷ་གང་དེ་ལ་མངོན་པར་དད་པ་དེ་འཁྲུགས་ པར་གྱུར་ཏོ། །བཅོམ་ལྡན་འདས། བདག་གིས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་དེ་ལ་བཟོད་པར་གསོལ་བར་བྱའོ་།བཅོམ་ལྡན་འདས། ཅི་ལགས། བདག་གིས་དེའི་ རྐང་པ་གཉིས་ལ་གཏུགས་པར་བྒྱིའམ། རྒྱལ་པོ་ཆེན་པོ། རྐང་པ་གཉིས་ལ་གཏུགས་པར་མི་བྱ་སྟེ། འདི་ལྟར། མི་མ་རབས་དག་གིས་རྐང་པ་ལ་ཕྱག་འཚལ་བ་གང་ཡིན་པ་དེ་ནི། མི་གཙོ་བོ་ དག་གིས་ལག་པ་ནས་གཟུང་བ་ཡིན་གྱི། ཁྱོད་ཀྱིས་ལག་པ་གཡས་པ་རྐྱོངས་ལ། ཁྱིམ་བདག་བཟོད་པར་གྱིས་ཤིག་ཅེས་བཟོད་པ་གསོལ་ཅིག་དང། དེས་བཟོད་པར་འགྱུར་རོ། །དེ་ནས་ཀོ་ས་ལར་ [139A]༄༅། །བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་པ་དང། རྗེས་སུ་ཡི་རང་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །མཉན་ཡོད་ན་ཁྱིམ་བདག་སྡུམ་བྱེད་དང། ཚུལ་ཁྲིམས་ཚོང་དཔོན་ཞེས་བྱ་བ་གཉིས་ཤིག་ཡོད་དེ། དེ་ན་ གཏམས་པ་སྲུང་བ་རྣམས་ལ་ནི། སྡུམ་བྱེད་དྲང་པོ་ཡིན། གཅིག་པུས་ཆེ་བཞི་འབྱེད་པ་རྣམས་ལ་ནི། ཚུལ་ཁྲིམས་ཚོང་དཔོན་དྲང་པོ་ཡིན་ལ། དེ་ཡང་ངོ་ཚ་དང་ལྡན་པས་བཤང་བའི་སར་ ཐག་རིང་དུ་འགྲོ་བ་ཡིན་ནོ། །མཉན་ཡོད་ན་སྟོན་ཟླ་ཐ་ཆུང་གི་གཡོ་ཅན་ཞེས་བྱ་བ་ཆོམ་རྐུན་པ་དག་འཁོད་པ་དེ་དག་གི་ཀུན་ཏུ་སྤྱོད་པ་ནི། དགག་དབྱེ་བྱས་མ་ཐག་ཏུ་འདུས་ནས་ཤེས་ལྡན་དག་ བདག་ཅག་གི་ལས་ཅི་ཞིག་བྱས་ན། དེས་བཙལ་མི་དགོས་པར་ལོ་སྐོར་དུ་ལོངས་སྤྱོད་ཅིང། བདེ་བར་འཁོད་པར་འགྱུར་ཞེས་ཕན་ཚུན་གྲོས་བྱེད་དོ། །དེ་དག་ལས་གཅིག་གིས་སྨྲས་པ། ཤེས་ ལྡན་དག་ཁྱིམ་བདག་སྡུམ་བྱེད་འདི། གཏམས་པ་འཛིན་པ་ཡིན་པས་འདི་ལ་བརྒལ་ཞིང་བརྟག་པར་བྱའོ། །གཞན་དག་གིས་སྨྲས་པ། མ་ཉེས་ཀྱི། དེ་བཞིན་བྱ་སྟེ། འདི་ལྟར། ཁྱིམ་ བདག་ཚུལ་ཁྲིམས་ཚོང་དཔོན་འདི་གཅིག་པུས་ཆེ་བཞི་འབྱེད་པ་རྣམས་ལ་དྲང་བ་ཡིན་ལ། དེ་ཡང་ངོ་ཚ་དང་ལྡན་པས་བཤང་བའི་སར་ཐག་རིང་དུ་འགྲོ་བས། དེ་བཟུང་སྟེ་བསྡིགས་ན། དེས་ [139B] །ཞེས་དེ་དག་གིས་དེའི་བྱ་ར་བྱས་ཏེ་བཤང་བའི་སར་སོང་བ་བཟུང་ནས་བསྡིགས་ཏེ་སྨྲས་པ་ཁྱིམ་བདག། ཁྱོད་གསོན་ནམ། འཆི། དེས་སྨྲས་པ། ཤེས་ལྡན་ དག། ཁྱེད་ཀྱིས་ཇི་ལྟར་བསམ་པའོ། །དེ་དག་གིས་སྨྲས་པ། ཁྱིམ་བདག། གལ་ཏེ་དེ་ལྟ་ན། ཁོ་བོ་ཅག་ཁྱིམ་བདག་སྡུམ་བྱེད་ལ་ནོར་བྲྒྱའམ། སྟོང་གིས་རྒོལ་ཞིང་རྟོག་གི་ཁྱོད་ཀྱིས་ ཆེ་བཞི་ཕྱེ་ཞིག་དེས་སྨྲས་པ། ཤེས་ལྡན་དག་ཅི། ཡང་དག་པས་སམ། ཡང་དག་པ་མ་ཡིན་པས། ཁྱིམ་བདག། ཡང་དག་པ་མ་ཡིན་པས་སོ། །ཤེས་ལྡན་དག་ཁོ་བོ་ཡང་དག་ པ་མ་ཡིན་པས་ཆེ་བཞི་མི་འབྱེད་དེ། ཁོ་བོས་ཚེ་གཅིག་གི་སྡུག་བསྔལ་ལས་ཐར་པར་བྱ་བའི་དོན་དུ་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་མི་ནུས་སོ། །དེ་དག་གིས་སྨྲས་པ། ཁྱིམ་བདག་ གལ་ཏེ་རེ་ཞིག་ཆེ་བཞི་འབྱེད་ན། དེ་ལྟ་ན་ལེགས། གལ་ཏེ་མི་འབྱེད་ན། ཁོ་བོ་ཅག་གིས་ཁྱོད་མགོ་དྲུངས་ནས་བཅད་དེ་ས་ལ་བསྒྱེལ་བར་བྱའོ། །དེས་ཚིགས་སུ་བཅད་པ་སྨྲས་པ། ཁོ་བོ་ ཆོས་ལ་གནས་ན་མྱུར་དུ་ཤི་ཡང་བླ། །ཆོས་ལ་རྒྱབ་ཀྱིས་ཕྱོགས་ན་གསོན་པར་མ་གྱུར་ཅིག་ཆོས་ལ་གནས་པ་སུམ་ཅུ་ལྷ་ཡི་བདེ་བ་སྤྱོད། །ཆོས་ལས་ཉམས་པ་མི་བཟད་འཇིགས་པའི་ ངན་སོང་ལྟུང། །དེ་ནས་སྟོན་ཟླ་ཐ་ཆུང་གི་གཡོན་ཅན་དེ་དག་གིས་ཁྱིམ་བདག་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཁྱིམ་བདག། བདག་ཅག་ལ་མི་འཇིགས་པ་སྩོལ་ཅིག་དེས་སྨྲས་ [140A]༄༅། །པ༑ སྦྱིན་ནོ། །སྟོན་ཟླ་ཐ་ཆུང་གི་གཡོན་ཅན་དེ་དག་གིས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་གདོང་ངོ། །མཉན་ཡོད་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ གྱི་ནུ་བོ་རྒྱལ་བུ་ནག་པོ་ཞེས་བྱ་བ། གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། དད་པ་དང་ལྡན་ཞིང་བཟང་ལ་དག་བའི་བསམ་པ་ཅན། སངས་རྒྱས་ལ་སྐྱབས་སུ་སོང་ ཆོས་ལ་སྐྱབས་སུ་སོང། དགེ་འདུན་ལ་སྐྱབས་སུ་སོང་བ་ཞིག་འདུག་པ་དེ། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་ཉེ་བར་གནས་པའི་གན་དུ་བདུད་ཀྱི་རིས་ཀྱི་ལྷ་མོ་ཞིག་འོངས་ ཏེ་རིགས་པས་བསྐྱེད་པ་མ་ཡིན་པས་མགྲོན་དུ་གཉེར་བ་ན། དེས་དེ་དང་དུ་མ་བླངས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་ངན་པ་བཟང་སྦྱིན་དང། ཁྱིམ་བདག་སྡུམ་བྱེད་ དང༑ ཁྱིམ་བདག་ཚུལ་ཁྲིམས་ཚོང་དཔོན་དང། རྒྱལ་བུ་ནག་པོ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཉིས་ལ་མགོ་བོས་ཕྱག་ འཚལ་སྟེ་མཐའ་གཅིག་ཏུ་འཁོད་དོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་རྒྱལ་པོའི་འབྱོར་པ་ཆེན་པོ་དང། རྒྱལ་པོའི་མཐུ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལར་བྱུང་བའི་ [140B] །རྒྱལ་པོ་ཆེན་པོ། ཁྱིམ་བདག་ངན་པ་བཟང་སྦྱིན་ནི། འདི་ཡིན་ནོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ ཏེ་ལག་པ་གཡས་པ་བརྐྱངས་ནས་སྨྲས་པ། ཁྱིམ་བདག་བཟོད་པར་མཛོད་ཅིག་ཁྱིམ་བདག་གིས་སྨྲས་པ། ལྷ། བཟོད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་ཀོ་ས་ལར་བྱུང་ བའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ལགས་ན་བདག་གིས་བདག་གི་ཡུལ་ན་གནས་པའི་འབངས་ ལ་བཟོད་པར་གསོལ་བ་གང་ལགས་པ་དེ། ངོ་མཚར་མི་ཆེའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། རྗེ་དཔོན་གྱིས་བཟོད་པ་གསོལ་བ་ངོ་མཚར་ཆེའོ། །དེ་ནས་བཅོམ་ ལྡན་འདས་ལ་ཁྱིམ་བདག་ངན་པ་བཟང་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལ་ཀརཤ་པ་ཎ་གཅིག་མཆིས་པ་དེས། བདག་གིས་ཟོང་འཇལ་ཅིང་བཙོངས་ནས་དེ་ལས་ ཀརཤ་པ་ཎ་བཞི་གྲུབ་ཅིང། དེ་དག་ལས་གཅིག་གིས་ནི། བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་དུ་སྤོས་ཀྱི་བྱུག་པས་བྱུགས། གཉིས་པས་ནི། དགེ་འདུན་གྱི་སླད་དུ་དགེ་སློང་མཆོད་སྟོན་ སྩལ། གསུམ་པས་ནི། གཡོག་འཁོར་གྱི་འཚོ་བ་སྦྱར། བཞི་པ་ནི་ཟོང་གི་རིན་དུ་བཞག་སྟེ། བཙུན་པ། བདག་གི་ནོར་མ་མཆིས་པའི་སྦྱིན་པ་གང་ལགས་པ་དེ། ངོ་མཚར་མི་ [141A]༄༅། །ཆེའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ནོར་མེད་པའི་སྦྱིན་པ་ངོ་མཚར་ཆེའོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་ཚུལ་ཁྲིམས་ ཚོང་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་སླད་རོལ་ཏུ་མཆིས་པ་དང། སྟོན་ཟླ་ཐ་ཆུང་གི་གཡོན་ཅན་དག་གིས་བཟུང་ནས་བསྡིགས་ཏེ་དེ་དག་བདག་ལ་འདི་སྐད་ཅེས་ ཁྱིམ་བདག་ཅི། ཁྱོད་གསོན་ནམ། འཆི་ཞེས་མཆི་ནས་བདག་གིས་དེ་དག་ལ་འདི་སྐད་ཅེས། ཤེས་ལྡན་དག་ཁྱེད་ཀྱིས་ཇི་ལྟར་བསམ་པའོ་།ཞེས་བགྱིས་པ་དང། དེ་དག་བདག་ ལ་འདི་སྐད་ཅེས། ཁྱིམ་བདག་གལ་ཏེ་དེ་ལྟ་ན། ཁེ་བོ་ཅག་ཁྱིམ་བདག་སྡུམ་བྱེད་ལ་ནོར་བྲྒྱའམ། སྟོང་གིས་རྒོལ་ཞིང་རྟོག་གི་ཁྱེད་ཀྱིས་ཆེ་བཞི་ཕྱེ་ཞིག་ཅེས་མཆི་ནས་བདག་གིས་ དེ་དག་ལ་འདི་སྐད་ཅེས། ཤེས་ལྡན་དག་ཅི། ཡང་དག་པས་སམ། ཡང་དག་པ་མ་ཡིན་པས་ཞེས་བགྱིས་ན། དེ་དག་བདག་ལ་འདི་སྐད་ཅེས་ཁྱིམ་བདག་ཡང་དག་པ་མ་ཡིན་པས་ སོ༑ ༑ཞེས་མཆི་ནས་བདག་གིས་དེ་དག་ལ་འདི་སྐད་ཅེས། ཤེས་ལྡན་དག་།ཁོ་བོ་ཡང་དག་པ་མ་ཡིན་པས་ཆེ་བཞི་མི་འབྱེད་དེ། ཁོ་བོས་ཚེ་གཅིག་གི་སྡུག་བསྔལ་ལས་ཐར་པར་བྱ་བའི་ དོན་དུ་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་མི་ནུས་སོ། །ཞེས་བགྱིས་པ་དང། དེ་དག་བདག་ལ་འདི་སྐད་ཅེས། གལ་ཏེ་ཁྱིམ་བདག་།གལ་ཏེ་རེ་ཞིག་ཆེ་བཞི་འབྱེད་ན། དེ་ལྟ་ན་ལེགས་ [141B] ཁོ་བོ་ཅག་གིས་ཁྱོད་མགོ་དྲུངས་ནས་བཅད་དེ་ས་ལ་བསྒྱེལ་བར་བྱའོ། །ཞེས་མཆི་ནས་བདག་གིས་ཚིགས་སུ་བཅད་པ་འདི་སྐད་ཅེས། ཁོ་བོ་ཆོས་ལ་གནས་ན་མྱུར་དུ་ཤི་ཡང་ བླ༑ ༑ཆོས་ལ་རྒྱབ་ཀྱིས་ཕྱོགས་ན་གསོན་པར་མ་གྱུར་ཅིག་ཆོས་ལ་གནས་པ་སུམ་ཅུ་ལྷ་ཡི་བདེ་བ་སྤྱོད། །ཆོས་ལས་ཉམས་པ་མི་བཟད་འཇིགས་པའི་ངན་སོང་ལྟུང། །ཞས་སྨྲས་པ་དང། དེ་དག་གིས་ བདག་གི་རྐང་པ་གཉིས་ལ་གཏུགས་ཏེ་བདག་ལ་འདི་སྐད་ཅེས། ཁྱིམ་བདག་བདག་ཅག་ལ་མི་འཇིགས་པ་སྩོལ་ཅིག་ཅེས་མཆི་ནས་བདག་གིས་དེ་དག་ལ་འདི་སྐད་ཅེས། སྦྱིན་ནོ། །ཞེས་བགྱིས་ ཏེ༑ བཙུན་པ། བདག་ཕོངས་པར་གྱུར་པས་ཀྱང་ཆོས་ཡོངས་སུ་མ་བཏང་སྟེ། བདག་གིས་ཕོངས་པར་གྱུར་པ་ན་ཆོས་སྤྱད་པ་དེ། ངོ་མཚར་མི་ཆེའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ཁྱིམ་བདག་ཕོངས་པར་གྱུར་པ་ན་ཆོས་སྤྱད་པ་ངོ་མཚར་ཆེའོ་།དེ་ནས་བཅོམ་ལྡན་འདས་ལ་རྒྱལ་བུ་ནག་པོས་འདི་སྐད་ཅེས་གསོལ་ཏོ་།བཙུན་པ། བདག་ཡན་ལག་བརྒྱད་དང་ལྡན་པའི་གསོ་ སྦྱོང་ལ་ཉེ་བར་གནས་པའི་གན་དུ་བདུད་ཀྱི་རིས་ཀྱི་ལྷ་མོ་ཞིག་མཆིས་ནས་རིགས་པས་བསྐྱེད་པ་མ་ལགས་པས་མགྲོན་དུ་གཉེར་བ་ན་བདག་གིས་དེ་དང་དུ་མ་བླངས་ཏེ། བཅོམ་ལྡན་འདས། བདག་ ནོར་མངལ་འདོད་པ་དག་ལས་དབེན་པ་དེ། ངོ་མཚར་མི་ཆེའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་ནོར་མང་ལ་འདོད་པ་དག་ལས་དབེན་པ་ངོ་མཚར་ཆེའོ། །དེ་ནས་བཅོམ་ [142A]༄༅། །ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། རྗེ་དཔོན་བཟོད་གསོལ་ནོར་མེད་སྦྱིན་པ་དང། །ཕོངས་པར་གྱུར་པ་ཆོས་སྤྱོད་བྱེད་པ་དང་ ནོར་མང་འདོད་པ་དག་ལས་དབེན་བྱེད་པ། །བཞི་པོ་དེ་དག་ཤིན་ཏུ་བྱ་དཀའ་ཡིན། །དེ་ནས་ཁྱིམ་བདག་ངན་པ་བཟང་སྦྱིན་དང། ཁྱིམ་བདག་སྡུམ་བྱེད་དང། ཁྱིམ་བདག་ཚུལ་ཁྲིམས་ ཚོང་དཔོན་དང། རྒྱལ་བུ་ནག་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་མངོན་པ་དང། འདུལ་བ་མངོན་པའི་ཞུ་བ་ཞུས་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་གོང་ནས་གོང་དུ་བཀའ་ལན་ སྩལ་པ་དང། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་དེ་དག་གི་གདོང་དུ་བལྟ་ཞིང་འདུག་སྟེ། དེས་ཡུད་ཙམ་ཞིག་ཆོས་དང་ལྡན་པའི་གཏམ་མཉན་ནས་བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་སྟེ། དེ་བཙུན་མོའི་འཁོར་གྱི་ནང་དུ་ཞུགས་ནས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ། དེང་ཁྱིམ་བདག་ངན་པ་བཟང་ སྦྱིན་དང། ཁྱིམ་བདག་སྡུམ་བྱེད་དང། ཁྱིམ་བདག་ཚུལ་ཁྲིམས་ཚོང་དཔོན་དང། རྒྱལ་བུ་ནག་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་མངོན་པ་དང། འདུལ་བ་མངོན་པའི་ཞུ་བ་ ཞུས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་གོང་ནས་གོང་དུ་བཀའ་ལན་སྩལ་པ་དང། ང་ཡང་དེ་དག་གི་གདོང་དུ་བལྟ་ཞིང་ཁ་རོག་པར་འདུག་འདུག་ནས་ལངས་ཏེ་སོང་ངོ། །ཕྲེང་ལྡན་ [142B] ལྷ། ཁྱོད་ཀྱིས་ཀྱང་ཅིའི་སླད་དུ་བཅོམ་ལྡན་འདས་ལ་མ་ཞུས། ཕྲེང་ལྡན་མ། ང་ནི། ཐོས་པ་ཉུང་བ་ཡིན་ལ་དེ་དག་ནི། ཐོས་པ་མང་བ་ཡིན་པས། ངས་ཅི་ཞིག་ཞུར་ཡོད་ ལྷ༑ ཁྱོད་ཀྱང་ཅིའི་སླད་དུ་སངས་རྒྱས་ཀྱི་བཀའ་ཀློག་པར་མི་མཛད། ཕྲེང་ལྡན་མ། ང་རྒྱལ་པོའི་བྱ་བ་དང། རྒྱལ་པོའི་བྱེད་པ་དག་ལ་རྟག་ཏུ་བྲེལ་བས་ཇི་ལྟར་བཀླག་གལ་ཏེ་ཁྱོད་འགའ་ཞིག་ ལས་སངས་རྒྱས་ཀྱི་བཀའ་ཀློག་ན། ངས་མཚན་མོ་ཁྱོད་ལས་བཀླག་པར་བྱའོ། །ལྷ། དེ་ལྟར་བགྱིའོ། །རྒྱལ་པོས་བཙུན་མོ་རྒྱལ་རིགས་དབྱར་ཚུལ་མ་ལ་སྨྲས་པ། ཁྱོད་སུ་ལས་ཀློག་དེས་ སྨྲས་པ། ལྷ། འཕགས་པ་ཤཱ་རིའི་བུ་ལས་སོ། །བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། ཁྱོད་སུ་ལས་ཀློག་དེས་སྨྲས་པ། ལྷ། འཕགས་པ་འཆར་ཀ་ལས་སོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་ གསལ་རྒྱལ་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་ པ༑ རྒྱལ་རིགས་དབྱར་ཚུལ་མ་འཕགས་པ་ལས་སངས་རྒྱས་ཀྱི་བཀའ་ཀླག་པར་འཚལ་ན། ཀློག་ཏུ་སྩལ་བར་གསོལ། དེས་སྨྲས་པ། ལྷ་བཅོམ་ལྡན་འདས་ལ་ཞུའོ། །ཞེས་དེ་ནས་ཚེ་དང་ལྡན་ པ་ཤཱ་རིའི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་ [143A]༄༅། །འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཀ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་འདི་སྐད་ཅེས། རྒྱལ་རིགས་དབྱར་ཚུལ་ མ་ཀློག་ཏུ་སྩོལ་ཅིག་ཅེས་མཆི་ན། བདག་གིས་དེ་ལ་ཇི་སྐད་བརྗོད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ཀློག་ཏུ་ཆུག་ཅིག་ཚེ་དང་ལྡན་པ་ཤཱ་རིའི་བུས་ ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ། ལྷ། བཀའ་ཀློག་ཏུ་སྩལ་ཏོ། །ཞེས་ཁས་བླངས་སོ། །རྒྱལ་པོས་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་འཆར་ཀ་ ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་ གསལ་རྒྱལ་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ། ཕྲེང་ལྡན་མ་འཕགས་པ་ལས་སངས་རྒྱས་ཀྱི་བཀའ་ཀློག་པར་འཚལ་ན། ཀློག་ཏུ་སྩལ་བར་གསོལ་ དེས་སྨྲས་པ། ལྷ། བཅོམ་ལྡན་འདས་ལ་ཞུའོ། །ཞེས་དེ་ནས་ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འཆར་ཀས་འདི་སྐད་ཅེས་གསོལ་ཏོ་།བཙུན་པ། ཀོ་ས་ལར་བྱུང་བའི་རྒྱལ་པོ་ [143B] ཕྲེང་ལྡན་མ་ཀློག་ཏུ་གསོལ་ཅིག་ཅེས་མཆི་ན། བདག་གིས་དེ་ལ་ཇི་སྐད་བརྗོད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆར་ཀ་ཀློག་ཏུ་ ཆུག་ཅིག་ཚེ་དང་ལྡན་པ་འཆར་ཀས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ། ལྷ། ཀློག་ཏུ་སྩལ་ཏོ། །ཞེས་ཁས་བླངས་ནས་རྒྱལ་པོ་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སོང་ངོ།། །། འདུལ་བ་རྣམ་པར་འབྱེད་པ། བམ་པོ་བདུན་ཅུ་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནི། དུས་ཤེས་པ་དང། དུས་རིག་པ་ཡིན་པས། དེ་དུས་སུ་སོང་ནས་རྒྱལ་རིགས་དབྱར་ཚུལ་མ་ཀློག་ཏུ་འཇུག་གི་ དུས་མ་ཡིན་པར་མི་འགྲོའོ། །ཚེ་དང་ལྡན་པ་འཆར་ཀ་ནི། དུས་མི་ཤེས་པ་དང། དུས་མི་རིག་པ་ཡིན་པས་དུས་སུ་ཡང་སོང་སྟེ། ཕྲེང་ལྡན་མ་ཀློག་ཏུ་འཇུག་ལ། དུས་མ་ཡིན་པར་ཡང་འགྲོའོ། ། ཇི་ཙམ་དུས་གཞན་ཞིག་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་རི་བྲག་གཞན་ཞིག་ཏུ་བྱ་བ་ཅུང་ཞིག་བྱུང་ནས་དེའི་མཚན་མོ་ཉིད་དུ་ལངས་ཏེ་དེར་འཕགས་པ་དང། ཚེ་དང་ལྡན་པ་ འཆར་ཀ་གླང་པོ་ཆེའི་སྒྲ་དང། རྟའི་སྒྲ་དང། དུང་གི་སྒྲས་སད་ནས་དེས་བསམ་པ། བཙུན་མོ་ཕྲེང་ལྡན་མ་ལ་བཟླས་པ་སྦྱིན་དུ་འགྲོའོ། །སྙམ་ནས་དེ་རྒྱལ་པོའི་ཕོ་བྲང་གི་སྒོར་སོང་བ་དང་སྒོ་ བས་སྨྲས་པ། འཕགས་པ། དུས་མ་ལགས་པར་རྒྱལ་པོའི་ཕོ་བྲང་དུ་མ་འཇུག་པར་རེ་ཞིག་གཞེས་ལ་སླད་ཀྱིས་ཞུགས་ཤིག་དེ་ཁྲོས་ཏེ་སྨྲས་པ། བཀྲེན་པ། ཇི་སྲིད་དུ་གསུས་པོ་ཆེ་འདི་ [144A]༄༅། །གསོན་པ་དེ་སྲིད་དུ་ཁོ་བོ་འདིར་དུས་སུ་ཡང་འཇུག་ལ། དུས་མ་ཡིན་པར་ཡང་འཇུག་གོ་འདི་ཤི་ན། འདིར་གདོལ་པ་དག་དང། ཆོམ་རྐུན་པ་དག་འཇུག་པར་ འགྱུར་ཞིང། འདི་མི་གཙང་བའི་ར་བ་དང། བཙོན་ར་དང། ཝ་ལམ་ཅན་དུ་འགྱུར་རོ། །སྒོ་བ་སྐྲག་ནས་ཅང་མི་སྨྲ་བར་འདུག་པ་དང་ཚེ་དང་ལྡན་པ་འཆར་ཀ་ནང་དུ་ཞུགས་པ་ན། བཙུན་མོ་ཕྲེང་ ལྡན་མ་གཉིད་ལོག་ཅིང་འདུག་ནས། དེས་སེ་གོལ་གྱི་སྒྲས་དེ་བསླང་བ་དང། དེས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མདུན་དུ་འདུག་གོ་བཙུན་མོ་ཕྲེང་ལྡན་མ་བཙུན་མོའི་འཁོར་ལ་འོས་པའི་ གོས་དག་གྱོན་ནས་ཚེ་དང་ལྡན་པ་འཆར་ཀ་དབང་པོ་རྣམས་བསྡུས་ཏེ་འདུག་པ་དང། བཙུན་མོ་ཕྲེང་ལྡན་མས་བསམ་པ། ཅིའི་ཕྱིར་འཕགས་པ་འཆར་ཀ་དབང་པོ་རྣམས་བསྡུས་ཏེ་འདུག་སྙམ་ནས་ དེས་ཡང་བསམ་པ། བདག་གི་བཙུན་མོའི་འཁོར་ལ་འོས་པའི་གོས་དག་གྱོན་པས་དེའི་ཕྱིར་འཕགས་པ་འཆར་ཀ་དབང་པོ་རྣམས་བསྡུས་ཏེ་འདུག་གོ་སྙམ་དུ་རིག་ནས། དེ་ནས་གནས་ཁང་དུ་ཞུགས་ ཏེ་གོས་སྡུག་པོ་དག་གྱོན་ནས་ཕྱིར་བྱུང་བ་དང། ཚེ་དང་ལྡན་པ་འཆར་ཀས་དེ་ལ་བཟླས་པ་བྱིན་ནས་ལུང་གཞན་ཡང་ཕོག་པ་དང་བཙུན་མོ་ཕྲེང་ལྡན་མས་སྨྲས་པ། འཕགས་པ། ཅི་ལགས་ དེང་དགེ་འདུན་སྤྱན་དྲངས་སམ། འོན་ཏེ་བསོད་སྙོམས་མཛད། དེས་སྨྲས་པ། བསོད་སྙོམས་བགྱིད་དོ། །བཙུན་མོ་ཕྲེང་ལྡན་མས་སྨྲས་པ། འཕགས་པ། གལ་ཏེ་བསོད་སྙོམས་མཛད་ན་ [144B] བདག་ཉིད་ཀྱིས་འབུལ་ལོ། །ཞེས་དེ་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་དེ་ལ་ཕུལ་ལོ། །ཚེ་དང་ལྡན་ པ་འཆར་ཀས་དེ་བླངས་ཏེ་ཕྱིར་ཕྱུང་བ་དང། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་དུ་འཇུག་པ་དང་འཕྲད་ནས་དེས་སྨྲས་པ། དོན་ཉུང་ངུ་ཁྱོད་ཀྱིས་བརྩོན་འགྲུས་འདི་ལྟ་བུས་ཟག་པ་ཟད་པར་བྱས་སམ། ཅི་ན་ ཁྱོད་ད་གཟོད་འོང། ཁོ་བོས་ནི། བཟླས་པ་བྱིན་ནས་ལུང་གཞན་ཡང་ཕོག་སྟེ། ཁོ་བོས་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་ལྷུང་བཟེད་གང་བ་འདི་ཡང་ཐོབ་བོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ སྨྲས་པ། དེའི་ཕྱིར་ཁྱོད་དྲུག་སྡེ་ཡིན་ནོ། །དགེ་སློང་དོན་ཉུང་ངུ་དག་གིས་ཐོས་ནས་ཅིའི་ཕྱིར་དགེ་སློང་དག་ནམ་མ་ལངས། སྐྱ་རེངས་མ་ཤར། རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་ རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདའ་བར་བྱེད་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་ མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ [145A]༄༅། །ཀ་ལ་སྨྲས་པ། འཆར་ཀ། ཁྱོད་ནམ་མ་ལངས། སྐྱ་རེངས་མ་ཤར། རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་ བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདའ་བ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་ པ༑ རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དགེ་སློང་དག་།རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུ་པོ་འདི་དག་ཡོད་པའི་ ཕྱིར་ཏེ། བཅུ་གང་ཞེ་ན། དགེ་སློང་དག་འདི་ལ་རྒྱལ་པོ་བཙུན་མོ་དང་ལྷན་ཅིག་འདུག་ཅིང། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ལ། དེ་ནས་བཙུན་མོས་དགེ་སློང་མཐོང་ནས་འཛུམ་འབྱིན་ པར་བྱེད་ན། དེ་ལ་རྒྱལ་པོ་འདི་སྙམ་དུ། འདི་ལྟར། བཙུན་མོས་དགེ་སློང་མཐོང་ནས་འཛུམ་འབྱིན་པར་བྱེད་པ་ལས་ན། དགེ་སློང་གིས་དབེན་པར་སྡིག་པའི་ལས་བྱས་པའམ། སྡིག་པའི་ ལས་འགའ་ཞིག་བྱ་བར་སེམས་པར་མི་འགྱུར་རམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་དང་པོ་ཡིན་ནོ། །གཞན་ཡང་རྒྱལ་པོ་བཙུན་མོའི་ གན་དུ་སོང་བ་བརྗེད་དམ། སྦྲུམ་པ་བཙུན་མོའི་འཁོར་ནི་ནང་དུ་ཞུགས་པར་གྱུར་ལ། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་ [145B] དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་གཉིས་པ་ཡིན་ནོ། །གཞན་ཡང་རྒྱལ་པོའི་ཕོ་བྲང་ནས་རིན་པོ་ ཆེའམ། རིན་པོ་ཆེར་སྨོས་པ་སྟོར་བར་གྱུར་ལ། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན། དེའི་ལས་མ་ཡིན་ནམ་ སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་གསུམ་པ་ཡིན་ནོ། །གཞན་ཡང་རྒྱལ་པོའི་ཕོ་བྲང་ནས་གསང་ཚིག་ཕྱི་རོལ་ཏུ་འཕེལ་བར་གྱུར་ལ། དགེ་ སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན། དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི། རྒྱལ་པོའི་ཕོ་བྲང་ དུ་འགྲོ་བའི་ཉེས་དམིགས་བཞི་པ་ཡིན་ནོ། །གཞན་ཡང་རྒྱལ་པོ་གཞོན་ནུ་རྣམས་ལ་གསོད་པར་སེམས་ལ། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ན་གང་དག་ཡིད་མི་དགའ་བ་དེ་དག་ འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་ལྔ་པ་ཡིན་ནོ། །གཞན་ ཡང་གཞོན་ནུ་རྣམས་རྒྱལ་པོ་གསོད་པར་སེམས་ཤིང། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ན་གང་དག་ཡིད་མི་དགའ་བ་དེ་དག་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་ [146A]༄༅། །དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་དྲུག་པ་ཡིན་ནོ་།གཞན་ཡང་རྒྱལ་པོས་བློན་པོ་ གནས་མཐོན་པོ་དག་གནས་དམའ་བར་འཇོག་པར་བྱེད་ཅིང། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ན་གང་དག་ཡིད་མི་དགའ་བ་དེ་དག་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་ འདིར་འགྲོ་བ་ལས་ན། དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བདུན་པ་ཡིན་ནོ། །གཞན་ཡང་རྒྱལ་པོས་བློན་པོ་དམའ་ བ་དག་གནས་མཐོན་པོར་འཇོག་པར་བྱེད་ཅིང། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ན་གང་དག་ཡིད་མི་དགའ་བ་དེ་དག་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ ལས་ན། དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བརྒྱད་པ་ཡིན་ནོ་།གཞན་ཡང་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་ བཞི་པ། གང་པོ་ཆེའི་ཚོགས་དང། རྟ་པའི་ཚོགས་དང། ཤིང་རྟ་པའི་ཚོགས་དང། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ལྗོངས་དག་ཏུ་འགྲོ་བ་དང། ལྡོག་པར་བྱེད་ཅིང། དགེ་སློང་ ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ན་གང་དག་ཡིད་མི་དགའ་བ་དེ་དག་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ནི། དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ [146B] དེ་ནི། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་དགུ་པ་ཡིན་ནོ། །གཞན་ཡང་རྒྱལ་པོ་མ་ཕེབས་པ་འབེབས་པར་བྱེད་ཅིང་ཕེབས་པ་གནས་པར་བྱེད་ལ་ཐོབ་རྒྱལ་དུ་བསྒྲགས་ནས་དེའི་འོག་ཏུ་ ཆད་པ་ཆེན་པོས་རྗེས་སུ་སྟོན་པར་བྱེད་ཅིང། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ན་གང་དག་ཡིད་མི་དགའ་བ་དེ་དག་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་དུ་འདིར་འགྲོ་བ་ལས་ན། དེའི་ལས་ མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བཅུ་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན། རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ནི། གླང་པོ་ཆེའི་གནོད་པ་ དང། རྟའི་གནོད་པ་དང། ཤིང་རྟའི་གནོད་པ་དང། དཔུང་བུ་ཆུང་གི་གནོད་པ་འབྱུང་བར་འགྱུར་ཏེ། དགེ་སློང་དག་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ནི། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ ཡིན་པ། དགེ་སློང་གི་ཚུལ་དང་མི་མཐུན་པ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་ སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་ རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ཡང་དགེ་སློང་གང་ནམ་མ་ནངས། སྐྱ་རེངས་མ་ཤར། རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་ [147A]༄༅། །པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ་སྒོ་གཏན་གྱི་ཉེ་འཁོར་ནས་འདའ་ན། ལྟུང་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་ རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལནྡ་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་འྫམྦུའི་གླིང་ན་གྲོང་ཁྱེར་ ཆེན་པོ་རྒྱལ་པོའི་ཁབ་དང། སྒྲ་སྒྲོག་ཅེས་བྱ་བ་གཉིས་ཡོད་དེ་གང་གི་ཚེ་རྒྱལ་པོའི་ཁབ་རྒུད་པ་དེའི་ཚེ་ན་ནི། སྒྲ་སྒྲོག་འབྱོར་པར་འགྱུར་ལ། གང་གི་ཚེ་སྒྲ་སྒྲོག་རྒུད་པ་དེའི་ཚེ་ན་ནི། རྒྱལ་པོའི་ ཁབ་འབྱོར་པར་འགྱུར་རོ། །གྲོང་ཁྱེར་ཆེན་པོ་སྒྲ་སྒྲོག་ན་རྒྱལ་པོ་ཨུ་ཏྲ་ཡ་ན་བྱ་བས་རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་མོ་དང། འཐབ་ པ་དང། ཕྱི་དགྲ་དང། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང། མུ་གེ་དང། ནད་དང་བྲལ་བ། འབྲས་སཱ་ལུ་དང། བུ་རམ་ཤིང་གི་ཕྲེང་བ་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་ སྟེ༑ ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ་དེ་ན་ཤིང་ལྗོན་པ་དག་ཀྱང་རྟག་ཏུ་མེ་ཏོག་དང་འབྲས་བུ་འཆགས་པ་ཡིན་ཞིང། ལྷས་ཀྱང་དུས་དང་དུས་སུ་ཆར་གྱི་རྒྱུན་ ལེགས་པར་འབེབས་པས་ལོ་ཏོག་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ལ་བཙུན་མོ་ཟླ་འོད་ཅེས་བྱ་བ། གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ [147B] བུ་རྒྱལ་ཚབ་གཙུག་ཕུད་ཅན་ཞེས་བྱ་བ་དང། བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་ཞེས་བྱ་བ་གཉིས་ཡོད་དོ། །གྲོང་ཁྱེར་རྒྱལ་པོའི་ཁབ་ན། མ་ག་དཧར་བྱུང་བའི་རྒྱལ་པོ་ བཟོ་སྦྱངས་གཟུགས་ཅན་སྙིང་པོས་རྒྱལ་སྲིད་འབྱོར་པ་རྒྱས་པ་བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་མོ་དང། འཐབ་པ་དང། ཕྱི་དགྲ་དང། ནང་འཁྲུག་རབ་ཏུ་ཞི་བ་ ཆོམ་རྐུན་དང། མུ་གེ་དང། ནད་དང་བྲལ་བ། སཱ་ལུ་དང། བུ་རམ་ཤིང་གི་ཕྲེང་བ་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་ སྲིད་བྱེད་དུ་བཅུག་གོ་དེ་ན་ཡང་ཤིང་ལྗོན་པ་དག་ཀྱང་རྟག་ཏུ་མེ་ཏོག་དང། འབྲས་བུ་འཆགས་ཤིང། ལྷས་ཀྱང་དུས་དང་དུས་སུ་ཆར་གྱི་རྒྱུན་ལེགས་པར་འབེབས་པས་ལོ་ཏོག་ཤིན་ཏུ་ཕུན་སུམ་ ཚོགས་པར་གྱུར་ཏོ། །དེ་ལ་བཙུན་མོ་ལུས་འཕགས་མ་ཞེས་བྱ་བ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང། བུ་རྒྱལ་ཚབ་མ་སྐྱེས་ དགྲ་ཞེས་བྱ་བ་དང། བློན་པོའི་མཆོག་མ་ག་དཧའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་ཚུལ་ཞེས་བྱ་བ་ཡོད་དོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོའི་ཁབ་ན་ཚོང་པ་དག་ཟོང་ཐོགས་ཏེ་ཡུལ་གཞན་དུ་ འཕགས་ནས་དེ་དག་མཐར་གྱིས་གྲོང་དང། གྲོང་རྡལ་དང། ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་དག་ཏུ་ཚོང་འདུས་དག་ལ་རྣམ་པར་ལྟ་བ་ན་གྲོང་ཁྱེར་ཆེན་པོ་སྒྲ་སྒྲོག་ཏུ་ཕྱིན་ཏོ། །ཇི་ཙམ་ན་རྒྱལ་པོ་ཨུ་ཏྲ་ [148A]༄༅། །ཡ་ན་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་དོན་གྱི་གནས་ན་འདུག་པ་ན་ཚོང་པ་དེ་དག་སྐྱེས་ཐོགས་ཏེ་རྒྱལ་པོ་ཨུ་ཏྲ་ཡ་ནའི་གན་དུ་དོང་བ་དང། རྒྱལ་པོ་ཨུ་ཏྲ་ཡ་ནས་དེ་ དག་ལ་འོངས་པ་ལེགས་སོ། །ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་དེ་གནས་ཇི་ལྟ་བ་བཞིན་དུ་འཁོད་དོ། །རྒྱལ་པོ་ཨུ་ཏྲ་ཡ་ནས་དེ་དག་མཐོང་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཡུལ་ འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་འདི་ལྟ་བུ་དང། ཤིང་ལྗོན་པ་རྟག་ཏུ་མེ་ཏོག་དང་འབྲས་བུ་འཆགས་པ་འདི་ལྟ་བུ་དང། ལྷས་དུས་དང་དུས་སུ་ཆར་ གྱི་རྒྱུན་ལེགས་པར་འབེབས་ཤིང། ལོ་ཐོག་ཤིན་ཏུ་ཕུན་སུམ་ཚོགས་པ་དང་ལྡན་པའི་རྒྱལ་པོ་གཞན་འགའ་ཞིག་ཡོད་དམ། ཚོང་པ་དེ་དག་གིས་སྨྲས་པ། ལྷ། མཆིས་ཏེ། ཤར་གྱི་ཡུལ་ ན་གྲོང་ཁྱེར་རྒྱལ་པོའི་ཁབ་ཅེས་བགྱི་བ་དེ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བགྱི་བས་རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་བགྱིད་དུ་སྩོལ་ བ་དེ་ན་ཡང་ཤིང་ལྗོན་པ་དག་ཀྱང་རྟག་ཏུ་མེ་ཏོག་དང་འབྲས་བུ་འཆགས་ཤིང། ལྷས་ཀྱང་དུས་དང་དུས་སུ་ཆར་གྱི་རྒྱུན་ལེགས་པར་འབེབས་པས། ལོ་ཐོག་ཤིན་ཏུ་ཕུན་སུམ་ཚོགས་པ་ལགས་ སོ༑ ༑རྒྱལ་པོ་ཨུ་ཏྲ་ཡ་ན་དེ་ལ་རྗེས་སུ་ཆགས་པ་སྐྱེས་ནས་དེས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་དེའི་ཡུལ་ན་ཅི་ཞིག་དཀོན། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ནི། རིན་པོ་ཆེའི་མངའ་བདག་ལགས་ [148B] རྒྱལ་པོ་དེ་ནི། གོས་ཀྱི་བདག་པོ་ལགས་པས། དེ་ལ་རིན་པོ་ཆེ་དག་དཀོན་ནོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟར་ན། རིན་པོ་ཆེ་རྟོག་པ་དག་བོས་ཤིག་ཅེས་རྒྱལ་པོས་རིན་པོ་ཆེ་དག་ བརྟགས་ཤིང་བརྟགས་ཤིང་སྒྲོམ་བཀང་ནས། ཚོང་པ་དེ་དག་གི་ལག་ཏུ་སྐྱེས་སུ་བསྐུར་ཞིང། འཕྲིན་ཡིག་ཀྱང། ཤེད་མཐུན་དགྱེས་པ་ཁྱོད་བདག་གིས་མ་མཐོང་བའི་གྲོགས་ལགས་ཀྱི། གལ་ ཏེ་གྲོང་ཁྱེར་སྒྲ་སྒྲོག་ཏུ་ཁྱོད་ལ་བགྱི་བ་ཅུང་ཟད་མཆིས་ན་བདག་ལ་འཕྲིན་ཡིག་སྐུར་ཅིག་དང། ཐམས་ཅད་བསྒྲུབ་བོ། །ཞེས་བྲིས་ཏེ་བསྐུར་རོ། །དེ་ནས་ཚོང་པ་དེ་དག་གིས་སྐྱེས་དང། འཕྲིན་ ཡིག་དང། ཟོང་རིན་ཁྱེར་ཏེ་རྒྱལ་པོའི་ཁབ་ཏུ་འཕགས་ནས་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེ་ནས་ལམ་གྱིས་དུབ་པའི་ངལ་བསོས་ནས་རིན་པོ་ཆེའི་སྒྲོམ་དང། འཕྲིན་ཡིག་དེ་དག་ཁྱེར་ཏེ་ རྒྱལ་པོ་གཟུགས་ཅན་སྙིང་པོའི་གན་དུ་དོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྒྲོམ་དང་འཕྲིན་ཡིག་དག་ཕུལ་ནས་སྨྲས་པ། ལྷ། གྲོང་ཁྱེར་སྒྲ་སྒྲོག་ན་རྒྱལ་པོ་ཨུ་ཏྲ་ཡ་ན་ཞེས་བགྱི་བ་དེས། ལྷ་ལ་ སྐྱེས་དང། འཕྲིན་ཡིག་འདི་དག་བསྐུར་རོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་འཕྲིན་ཡིག་བཀླགས་ཏེ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་དེའི་ཡུལ་ན་ཅི་ཞིག་དཀོན། བློན་པོ་རྣམས་ཀྱིས་སྨྲས་ པ༑ ལྷ། གོས་ཀྱི་མངའ་བདག་ལགས། རྒྱལ་པོ་དེ་ནི། རིན་པོ་ཆེའི་བདག་པོ་ལགས་པས་དེ་ལ་གོས་དག་དཀོན་ནོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་གོས་རིན་པོ་ཆེ་དག་གིས་ [149A]༄༅། །སྒྲོམ་བཀང་སྟེ་སྐྱེས་སུ་བཀུར་ཞིང་འཕྲིན་ཡིག་ཀྱང་ཤེད་མཐུན་དགྱེས་པ། ཁྱོད་ཀྱིས་འཕྲིན་སྤྲིངས་པ་དེས་འཇལ་ཏེ་ཁྱོད་ཀྱང་བདག་གིས་མ་མཐོང་བའི་ གྲོགས་ལགས་ཀྱི། རྒྱལ་པོའི་ཁབ་ཏུ་ཁྱོད་ལ་ཡང་བགྱི་བ་ཅུང་ཟད་མཆིས་ན། བདག་ལ་འཕྲིན་ཡིག་སྤྲིངས་ཤིག་དང། ཐམས་ཅད་བསྒྲུབ་བོ། །ཞེས་བྲིས་ཏེ། བློན་པོ་རྣམས་ལ་བསྒོ་བ་ སྐྱེས་དང། འཕྲིན་ཡིག་འདི་ཁྱེར་ལ། ཕོ་ཉ་དག་ལ་སྐུར་ཅིག་།བློན་པོ་རྣམས་ཀྱིས་ཕོ་ཉ་དག་ལ་བསྐུར་བ་དང། དེ་དག་གིས་སྐྱེས་དང། འཕྲིན་ཡིག་དེ་ཁྱེར་ཏེ་སྒྲ་སྒྲོག་ཏུ་འཕགས་ནས་ མཐར་གྱིས་སྒྲ་སྒྲོག་ཏུ་ཕྱིན་ཏོ། །དེ་ནས་ལམ་གྱིས་དུབ་པའི་ངལ་བསོས་ཏེ་གོས་ཀྱི་སྒྲོམ་དང། འཕྲིན་ཡིག་དེ་དག་ཁྱེར་ནས་རྒྱལ་པོ་ཨུ་ཏྲ་ཡ་ནའི་གན་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ ནས་སྒྲོམ་དང། འཕྲིན་ཡིག་དག་ཕུལ་ཏེ་སྨྲས་པ། ལྷ། རྒྱལ་པོ་གཟུགས་ཅན་སྙིང་པོས་ལྷ་ལ་སྐྱེས་འདི་དང། འཕྲིན་ཡིག་འདི་བསྐུར་རོ། །རྒྱལ་པོ་ཨུ་ཏྲ་ཡ་ནས་འཕྲིན་ཡིག་བཀླགས་ཏེ་ སྨྲས་པ། ཤེས་ལྡན་དག་རྒྱལ་པོ་དེ་ནི། ཆུ་ཞེང་ཅི་འདྲ། དེ་དག་གིས་སྨྲས་པ། ལྷའི་ཅི་འདྲ་བ་ཁོ་ན་ལྟ་བུའོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ། དེ་ལྟ་བུ་ལགས་མོད་ཀྱི། འོན་ཀྱང་རྒྱལ་ པོ་དེ་རང་གིས་མཚོན་འདེབས་པ། ཉེ་འཁོར་གྱི་མཁར་གྱི་རྒྱལ་པོ་རྣམས་དང་ལྷན་ཅིག་རང་གིས་གཡུལ་འགྱེད་ཅིང་གཡུལ་འགྱེད་དུ་སྩོལ་བ་ལགས་སོ། །རྒྱལ་པོ་ཨུ་ཏྲ་ཡ་ན་ལ་ནོར་བུའི་ [149B] གཅད་དཀའ་བ་དང། དབུག་དཀའ་བ་དང། དུག་འཇིལ་བ་དང། སྣང་བའི་བདག་ཉིད་དང་ལྡན་པ་ཞིག་ཡོད་ནས་རྒྱལ་པོ་ཨུ་ཏྲ་ཡ་ནས་ བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དང། རྒྱལ་པོ་དེ་གལ་ཏེ་རང་གིས་མཚོན་འདེབས་པ། ཉེ་འཁོར་གྱི་མཁར་གྱི་རྒྱལ་པོ་རྣམས་དང་ལྷན་ཅིག་གཡུལ་འགྱེད་ཅིང་གཡུལ་འགྱེད་དུ་ འཇུག་པ་ཡིན་ན། དེ་ལ་ནོར་བུའི་ཁྲབ་འདི་བསྐུར་གྱི། ཕོ་ཉ་དག་སྟ་གོན་གྱིས་ཤིག་དེ་དག་གིས་ཕོ་ཉ་དག་སྟ་གོན་བྱས་ནས་རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་པོ་ཆེའི་ཁྲབ་དེ་དང། འཕྲིན་ཡིག་ ཀྱང་འདི་སྐད་ཅེས། ཤེད་མཐུན་དགྱེས་པ། ཁྱོད་ལ་བདག་གིས་ནོར་བུའི་ཁྲབ་འདི་སྐྱེས་སུ་བསྐུར་ཏེ། འདི་ཡང་ཡོན་ཏན་ལྔ་པོ་དུས་ཚིགས་སུ་རེག་པ་བདེ་བ་དང། གཅད་དཀའ་བ་དང། དབུག་ དཀའ་བ་དང། དུག་འཇིལ་བ་དང། སྣང་བའི་བདག་ཉིད་དང་ལྡན་པ་ལགས་ཀྱི། ཁྱོད་འདི་བདག་དང་རྐྱེན་པས་རང་ཉིད་ཀྱིས་བཅང་བར་བགྱི་ཞིང། སུ་ལ་ཡང་སྩལ་བར་མི་བགྱིའོ། །ཞེས་བྲིས་ཏེ་ བསྐུར་རོ། །ཕོ་ཉ་རྣམས་ཀྱིས་སྐྱེས་དེ་དང། འཕྲིན་ཡིག་ཁྱེར་ཏེ་རྒྱལ་པོའི་ཁབ་ཏུ་འཕགས་ནས་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེ་ནས་ལམ་གྱིས་དུབ་པའི་ངལ་བསོས་ནས་ནོར་བུའི་ཁྲབ་དེ་ དང། འཕྲིན་ཡིག་ཁྱེར་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་གན་དུ་དོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་ནོར་བུའི་ཁྲབ་དང། འཕྲིན་ཡིག་ཕུལ་ནས་སྨྲས་པ། རྒྱལ་པོ་ཨུ་ཏྲ་ཡ་ནས་ལྷ་ལ་སྐྱེས་ [150A]༄༅། །འདི་དང། འཕྲིན་ཡིག་འདི་བསྐུར་རོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་འཕྲིན་ཡིག་བཀླགས་ཏེ་ནོར་བུའི་ཁྲབ་དེ་མཐོང་ནས་མཆོག་ཏུ་ཡ་མཚན་སྐྱེས་ཏེ། བློན་པོ་རྣམས་ལ་ སྨྲས་པ། ཤེས་ལྡན་དག་རིན་པོ་ཆེ་རྟོག་པ་དག་བོས་ཤིག་དེ་དག་གིས་རིན་པོ་ཆེ་རྟོག་པ་དག་བོས་ནས་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་རིན་པོ་ཆེ་འདིའི་རིན་ཐང་ཆོད་ཅིག་རིན་པོ་ཆེ་རྟོག་ པ་དག་གིས་ནོར་བུའི་ཁྲབ་དང་ལྡན་པའི་རིན་པོ་ཆེ་རེ་རེ་ནས་བརྟག་པར་བརྩམས་ན། རིན་པོ་ཆེ་རེ་རེ་ཡང་རིན་ཐང་མེད་པར་མཐོང་ནས་དེ་དག་རྒྱལ་པོ་ལ་སྨྲས་པ། ལྷ། འདི་ལ་ནོར་བུ་རིན་པོ་ཆེ་རེ་ རེར་ཡང་རིན་ཐང་མ་མཆིས་པ་ལགས་སོ། །ཆོས་ཉིད་ཀྱིས་ན། རིན་པོ་ཆེ་གང་གིས་རིན་ཐང་གདབ་པར་མི་ནུས་པ་དེའི་རིན་ཐང་བྱེ་བར་འདེབས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་རིན་པོ་ཆེ་དག་ བགྲང་ནས་བདག་གིས་དེ་ལ་སྐྱེས་ལན་ཅི་ཞིག་བསྐུར་བར་བྱ་སྙམ་དུ་ཉམ་ང་བར་གྱུར་ནས་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ རྒྱལ་པོ་ཨུ་ཏྲ་ཡ་ནས་ང་ལ་སྐྱེས་འདི་ལྟ་བུ་བསྐུར་ན། ངས་དེ་ལ་སྐྱེས་ལན་ཅི་ཞིག་བསྐུར་བར་བྱ། མ་ག་དཧའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་ཚུལ་གྱིས་སྨྲས་པ། ལྷ། ཁྱོད་ཀྱི་ཡུལ་དུ་ཡང་འཇིག་ རྟེན་གསུམ་ལས་ཆེས་ཁྱད་པར་དུ་འཕགས་པའི་རིན་པོ་ཆེ་བྱུང་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས་ཀྱི། ཁྱོད་ཀྱིས་ཀྱང་རས་ལ་སངས་རྒྱས་ [150B]རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན། བཅོམ་ལྡན་འདས་ལ་ཞུའོ་།ཞེས་དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ། གྲོང་ཁྱེར་སྒྲ་སྒྲོག་ན་རྒྱལ་པོ་ཨུ་ཏྲ་ཡ་ན་ཞེས་བགྱི་བ་བདག་གི་མཐོང་བའི་གྲོགས་ཤིག་མཆིས་པ་དེས་བདག་ལ་ནོར་བུའི་ཁྲབ་ཡན་ལག་ལྔ་དང་ལྡན་པ་ཞིག་སྐྱེས་སུ་ བསྐུར་ཏེ། དེའི་སླད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་ཀྱང་རས་ལ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་འབྲིར་སྩལ་ཏེ་དེ་ལ་སྐྱེས་ལན་དུ་བསྐུར་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གནང་གི་སྐུར་ཅིག་ཁྱོད་ཀྱིས་སེམས་བསྐྱེད་པ་བཟང་སྟེ། རྒྱལ་པོ་ཨུ་ཏྲ་ཡ་ནས་མཐོང་མ་ཐག་ཁོ་ནར་དད་པ་སྐྱེ་བར་འགྱུར་ཞིང། བདེན་པ་མཐོང་བར་བྱེད་པར་འགྱུར་ རོ༑ ༑རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །དེས་ཡུལ་ཐམས་ཅད་ན་གནས་པའི་རི་མོ་མཁན་དག་ བཀུག་སྟེ་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་རས་ལ་བྲིས་ཤིག་དེ་དག་གིས་སྨྲས་པ། ལྷ། འབྲི་བར་འཚལ་ལོ་།དེ་དག་གིས་བཅོམ་ལྡན་འདས་ཀྱི་མཚན་མ་གཟུང་བ་ [151A]༄༅། །བརྩམས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བལྟ་བས་ཆོག་མི་ཤེས་པ་ཡིན་པས། དེ་དག་གིས་བཅོམ་ལྡན་འདས་ཀྱི་མཚན་མ་གཟུང་བར་མ་ནུས་ ནས་དེ་དག་ཡི་ཆད་དེ་རྒྱལ་པོའི་གན་དུ་སོང་སྟེ་སྨྲས་པ། ལྷ་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་མཚན་མ་གཟུང་བར་རྔོ་མ་ཐོགས་ཏེ། གལ་ཏེ་ལྷས་བཅོམ་ལྡན་འདས་ཕོ་བྲང་གཞན་དུ་ སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ན། དེ་ལྟ་ན་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་མཚན་མ་གཟུང་བར་རྔོ་ཐོགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཕོ་བྲང་གཞན་དུ་ སྤྱན་དྲངས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བལྟ་བས་ཆོག་མི་ཤེས་པ་ཡིན་པས། འདི་ལྟར། དེ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བ་ན། དེ་དང་དེ་ལ་བལྟ་བས་ངོམས་པར་གྱུར་ ནས་དེ་ལྟ་ན་ཡང་བཅོམ་ལྡན་འདས་ཀྱི་མཚན་མ་གཟུང་བར་མ་ནུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། རི་མོ་མཁན་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཚན་ མ་གཟུང་བར་མི་ནུས་ཀྱི། ཡི་ཆད་པར་མ་བྱེད་པར་རས་དེ་འོན་ཅིག་དང། ངས་གྲིབ་མ་གཏང་བར་བྱའོ། །རྒྱལ་པོས་རས་ཕུལ་བ་དང་བཅོམ་ལྡན་འདས་ཀྱིས་དེར་གྲིབ་མ་བཏང་སྟེ་རི་མོ་ མཁན་རྣམས་ལ་བཀའ་སྩལ་པ། ཤེས་ལྡན་དག་གྲིབ་མ་འདིར་ཚོན་སྣ་ཚོགས་ཀྱིས་ཁོངས་ཤིག་རྒྱལ་པོ་ལ་ཡང་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། །སྐུ་གཟུགས་བྱས་ཟིན་ནས་འོག་ [151B] བསླབ་པའི་གཞི་དག་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང། ལུགས་ལས་ལྡོག་པ་དག་བྲི་བར་བྱའོ། །སྟེང་དུ་ཚིགས་སུ་བཅད་པ་ གཉིས་པོ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་ འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས་།སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་དག་བྲི་བར་བྱའོ། །ཕོ་ཉ་དག་ལ་འཕྲིན་དུ་ཕྱོགས་གོ་སྐབས་ཡངས་པར་བཀུར་སྟི་ ཆེན་པོས་སྐུ་གཟུགས་དབྱེ་བར་བྱ་སྟེ། གལ་ཏེ་འདི་ཅི་ཡིན་ཞེས་འདྲི་ན། འདི་ནི། འཇིག་རྟེན་གསུམ་ལས་ཆེས་ཁྱད་པར་འཕགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཡིན་ནོ། །ཞེས་བརྗོད་ པར་བྱའོ། །གལ་ཏེ་འོག་ཏུ་བྲིས་པ་འདི་ཅི་ཡིན་ཞེས་འདྲི་ན། འདི་ནི། ཁས་ལེན་པའོ། །འདི་ནི། བསླབ་པའི་གཞི་དག་གོ་འདི་ནི། འཇིག་རྟེན་གྱི་འབྱུང་བ་དང། ལྡོག་པ་ཞེས་བརྗོད་པར་བྱའོ། །གལ་ ཏེ་སྟེང་དུ་བྲིས་པ་འདི་ཅི་ཡིན་ཞེས་འདྲི་ན། འདི་ནི། མངོན་པར་སྤྲོ་བར་བྱ་བའོ། །ཞེས་བརྗོད་པར་བྱའོ། །ཞེས་སྒོས་ཤིག་རྒྱལ་པོས་ཐམས་ཅད་བྲིས་ཤིང་འབྲིར་བཅུ་ག་ནས་དྲི་སྣ་ཚོགས་ཀྱིས་བསྒོས་ ཏེ་ལེགས་པར་དྲིལ་ནས་གསེར་གྱི་དོང་བུར་བཅུག་སྟེ། གསེར་གྱི་དོང་བུ་ཡང་དངུལ་གྱི་དོང་བུ་བཅུག་དངུལ་གྱི་དོང་བུ་ཡང་ཟངས་ཀྱི་དོང་བུར་བཅུག་ཟངས་ཀྱི་དོང་བུ་ཡང་དྲི་སྣ་ཚོགས་ཀྱིས་བསྒོས་ [152A]༄༅། །པའི་གོས་དག་གིས་དཀྲིས་ཏེ་གླང་པོ་ཆེའི་རྒྱབ་ཏུ་བཀལ་ནས་གྲོང་ཁྱེར་མཛེས་པ་དང། ལམ་མཛེས་པ་ཆེན་པོས་གྲོང་ཁྱེར་ནས་ཕྱུང་སྟེ་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་འཕྲིན་ ཡིག་འདི་སྐད་ཅེས། ཤེད་མཐུན་དགྱེས་པ། ཁྱོད་ལ་བདག་གིས་འཇིག་རྟེན་གསུམ་ལས་ཆེས་ཁྱད་པར་དུ་འཕགས་པའི་སྐྱེས་འདི་བསྐུར་གྱི་ཁྱེད་ཀྱིས་འདི་དཔག་ཚད་ཕྱེད་དང་གསུམ་དུ་གྲོང་ཁྱེར་མཛེས་ པ་དང། ལམ་མཛེས་པར་བྱ་ཞིང། བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པས་བསུ་བར་བྱ་སྟེ། ས་ཕྱོགས་གོ་སྐབས་ཡངས་པར་མཆོད་པ་དང་བཀུར་སྟི་ཆེན་པོ་བྱས་ཏེ་དབྱེ་བར་བྱའོ། ། དེ་ནས་ཁྱོད་ཀྱིས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་བྲིས་ཏེ་བསྐུར་རོ། །ཕོ་ཉ་རྣམས་ལ་ཡང་ཁྱོད་ཀྱིས་འདི་དང་འདི་སྐད་ཅེས་བརྗོད་པར་བྱའོ། །ཞེས་བསྒོས་ནས་དེ་དག་གིས་སྐུ་ གཟུགས་དང། འཕྲིན་ཡིག་དེ་ཁྱེར་ཏེ་སྒྲ་སྒྲོག་ཏུ་འཕགས་སོ། །དེ་དག་མཐར་གྱིས་སྒྲ་སྒྲོག་གི་འདབས་སུ་ཕྱིན་ནས་དེ་དག་གིས་ལམ་གར་བསྡད་དེ་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་འཕྲིན་ཡིག་བསྐུར་རོ།། རྒྱལ་པོ་ཨུ་ཏྲ་ཡ་ནས་འཕྲིན་ཡིག་བཀླགས་ནས་ཁྲོ་བས་ཀུན་ནས་དཀྲིས་པར་གྱུར་ཏེ་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དེས་ང་ལ་འཕྲིན་ཡིག་འདི་སྐད་སྤྲིང་བ་ལ་ཉོན་ཅིག་དེས་ང་ལ་སྐྱེས་ ཇི་ལྟ་བུ་ཞིག་བསྐུར་ན། དེའི་ཕྱིར་ངས་དཔག་ཚད་ཕྱེད་དང་གསུམ་དུ་གྲོང་ཁྱེར་མཛེས་པ་དང། ལམ་མཛེས་པར་བྱ་ཞིང། བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པས་བསུ་བར་བྱའོ། ། [152B] དཔུང་གི་ཚོགས་ཡན་ལག་བཞི་པ་སྟ་གོན་གྱིས་ཤིག་དང། ང་སོང་ལ་དེའི་ཡུལ་འཁོར་གཞོམ་པར་བྱའོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ། རྒྱལ་པོ་དེ་ནི་བདག་ཉིད་ཆེན་པོ་ཞིག་ལགས་ཞེས་གདའ་ བས༑ དེས་ལྷའི་ཞལ་སྔར་སྐྱེས་ངན་ངོན་ཞིག་བསྐུར་བར་རྔོ་མི་ཐོགས་པས་ཇེ་བརྟག་པར་བགྱིས་ཏེ། གལ་ཏེ་ལྷའི་ཐུགས་མཉེས་ན་དེ་ལྟ་ན་ལགས། གལ་ཏེ་མ་མཉེས་ན་བདག་ཅག་གིས་དེ་ལ་དུས་འཚལ་ བར་བགྱིའོ། །དེ་དག་གིས་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་དུ་ལམ་མཛེས་པར་བྱེད་དུ་བཅུག་སྟེ། གྲོང་ཁྱེར་སྒྲ་སྒྲོག་ཀྱང་རྡོ་བ་དང། གསེག་མ་དང། གྱོ་མོ་མེད་པར་རྣམ་པར་བཞག་ནས་ཙནྡན་གྱི་ཆུས་ ཆག་ཆག་བཏབ་ཅིང་བདུག་སྤོས་ཀྱི་དྲི་ཞིམ་པོའི་སྣོད་དག་དངར་ཏེ་དར་གྱི་ཆུན་པོའི་ཕྲེང་བ་དཔྱངས་ཤིང་གདུགས་དང། རྒྱལ་མཚན་བསྒྲེངས་ཏེ་མེ་ཏོག་སྣ་ཚོགས་བཀྲམ་ཞིང། ལྷའི་སྐྱེད་མོས་ཚལ་དགའ་ བའི་ཚལ་ཞེས་བྱ་བ་ལྟར་དགའ་བར་འགྱུར་བར་བྱས་ནས་རྒྱལ་པོ་བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པས་བསུ་ནས་གྲོང་ཁྱེར་གྱི་ནང་དུ་འཇུག་ཏུ་བཅུག་གོ་དེ་ནས་སྲོག་ཆགས་བྱེ་བ་འབུམ་ཕྲག་ དུ་མ་དག་ཀྱང་དེར་འདུས་པར་གྱུར། ནམ་མཁའི་དཀྱིལ་འཁོར་དུ་ཡང་ལྷ་འབུམ་ཕྲག་དུ་མ་དག་འདུས་པར་གྱུར་ནས་ས་ཕྱོགས་གོ་སྐབས་ཡངས་པར་དེ་དག་གི་ནང་དུ་མཆོད་པ་ཆེན་པོ་བྱས་ཏེ་སྐུ་གཟུགས་དེ་ཕྱེ་བ་ དང། ཡུལ་དབུས་ནས་ཚོང་པ་མང་པོ་ཟོང་ཐོགས་ཏེ་གྲོང་ཁྱེར་སྒྲ་སྒྲོག་ཏུ་ལྷགས་པ་དེ་དག་གིས་སངས་རྒྱས་ཀྱི་སྐུ་གཟུགས་དེ་མཐོང་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་ཐམས་ [153A]༄༅། །ཅད་ཀྱིས་སྐད་གཅིག་ཏུ་སྒྲ་བྱུང་ངོ། །རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་ནས་སྤུའི་ཁུང་བུ་ཐམས་ཅད་ཟིང་ཞེས་བྱེད་པར་གྱུར་ནས་ཡ་ མཚན་སྐྱེས་ཏེ་ཡུན་རིང་མོ་ཞིག་ཏུ་མིག་ཚུགས་སུ་བརྟགས་ནས་སྨྲས་པ། ཤེས་ལྡན་དག་སངས་རྒྱས་ཞེས་བྱ་བ་དེ། སུ་ཡིན། དེ་དག་གིས་སྨྲས་པ། ལྷ། ཡུལ་དབུས་ན་གངས་ཀྱི་རི་ངོས་ དང་ཉེ་བ། ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་སྟེ། དེ་བྲམ་ཟེ་ལྟས་པ་དང། མཚན་མཁན་དག་གིས་གལ་ ཏེ་གཞོན་ནུ་དེ་ཕོ་བྲང་གི་ནང་ན་བཞུགས་པར་གྱུར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ་དེའི་ རིན་པོ་ཆེ་སྣ་བདུན་པོ་དེ་དག་ནི། འདི་ལྟ་བུར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང་ཁྱིམ་བདག་རིན་ པོ་ཆེ་དང། དམག་དཔོན་རིན་པོ་ཆེ་ཉིད་ནི། བདུན་པ་ཡིན་ནོ། །འདི་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་པ་ཡོད་པར་འགྱུར་ རོ། །དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པར་གནོད་པར་བསྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་ [153B] །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་ངག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་རྣམ་པར་གྲགས་པའི་སྒྲ་དང་ལྡན་པར་འགྱུར་རོ། །ཞས་ལུང་བསྟན་ཏེ་ལྷ། འདི་ནི། དེའི་སྐུ་གཟུགས་ལགས་སོ། །རྒྱལ་པོ་རྒྱ་ཆེར་ཡིད་ དགའ་ནས་སྨྲས་པ། ཤེས་ལྡན་དག་དེ་ནི། ཤེས་ཀྱི། འདི་འདྲིའོ་།འོག་ཏུ་བྲིས་པ་འདི་ཅི་ཡིན། ལྷ། འདི་ནི། ཁས་ལེན་པ་ལགས་སོ་།འདི་ནི། བསླབ་པའི་གཞི་དག་ལགས་སོ། །འདི་ནི། འཇིག་རྟེན་གྱི་ དབྱུང་བ་དང། ལྡོག་པ་དག་ལགས་སོ། །ཤེས་ལྡན་དག་དེ་ཡང་ཤེས་ཀྱི། འདི་འདིའོ། །སྟེང་དུ་བྲིས་པ་འདི་ཅི་ཡིན། ལྷ། འདི་ནི། མངོན་པར་སྤྲོ་བ་བགྱི་བ་ལགས་སོ། །རྒྱལ་པོ་ཨུ་ཏྲ་ཡ་ནས་རྟེན་ཅིང་འབྲེལ་ པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང། ལུགས་ལས་ལྡོག་པ་ཡང་བཟླས་ནས་ལེགས་པར་བཟུང་བར་བྱས་ཏེ་དེས་མཚན་མོ་ནམ་མ་ནངས་པའི་ཚེ་དོན་ཐམས་ཅད་དང། ལས་ཀྱི་ མཐའ་ཐམས་ཅད་བག་ཡངས་སུ་བྱས་ཏེ་འདུག་ནས་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་བཞག་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་ བ་དང། ལུགས་ལས་ལྡོག་པ་ལས་རྣམ་པར་ལྟ་བར་བྱེད་དེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་ [154A]༄༅། །རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་ རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་ དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ པས་འདི་མི་འབྱུང་ལ། འདི་མ་སྐྱེས་པའི་ཕྱིར་འདི་མི་སྐྱེ་བ་སྟེ་འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་རྣམ་པར་ཤེས་ པ་འགགས་པས་མིང་དང་གཟུགས་འགག་མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་རེག་པ་འགགས་པས་ཚོར་བ་འགག་ཚོར་བ་ འགགས་པས་སྲེད་པ་འགག་སྲེད་པ་འགགས་པས་ལེན་པ་འགག་ལེན་པ་འགགས་པས་སྲིད་པ་འགག་སྲིད་པ་འགགས་པས་སྐྱེ་བ་འགག་སྐྱེ་བ་འགགས་པས་རྒ་ཤི་དང། མྱ་ངན་དང། སྨྲེ་ སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་ [154B]བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང། ལུགས་ལས་ལྡོག་པ་ལ་རྣམ་པར་ལྟ་བ་ན། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་ རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་ནས་ཚིགས་སུ་བཅད་པ་སྨྲས་པ། རིང་ན་བཞུགས་པའི་སངས་རྒྱས་ཀྱིས། ཤེས་རབ་མིག་ནི་རྣམ་པར་སྦྱངས།། གང་ལ་དེ་འདྲའི་གསོ་མངའ་བ། །སྨན་པའི་མཆོག་ལ་ཕྱག་འཚལ་ལོ། །དེས་ཤེས་ནས་དད་པ་དང་ལྡན་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འཕྲིན་ཡིག་འདི་སྐད་ཅེས། ཤེད་མཐུན་དགྱེས་པ། ཁྱོད་ལ་ བརྟེན་ནས་བདག་གིས་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བྱས། ཁྲག་དང། མཆི་མའི་ རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཅད། མཐོ་རིས་དང། ཐར་པའི་སྒོ་དག་ནི། ཕྱེ་ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། མངོན་སུམ་དུ་བྱས་ཏེ་བདག་དགེ་སློང་མཐོང་བར་འདོད་ཀྱི། ཁྱོད་ཀྱིས་དགེ་སློང་འགའ་ཞིག་ གཏང་བའི་རིགས་སོ། །ཞེས་བྲིས་ཏེ་སྤྲིང་ངོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་འཕྲིན་ཡིག་དེ་བཀླགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ [155A]༄༅། །ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ། རྒྱལ་པོ་ཨུ་ཏྲ་ཡ་ནས་བདེན་པ་དག་མཐོང་ནས་དེས་བདག་ལ་འཕྲིན་ཡིག་བསྐུར་ཏེ། དགེ་སློང་མཐོང་བར་འཚལ་གྱི། དགེ་སློང་འགའ་ཞིག་གཏང་ བའི་རིགས་སོ། །ཞེས་མཆི་ན། དེའི་སླད་དུ་འདི་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་དགོངས་པ། རྒྱལ་པོ་ཨུ་ཏྲ་ཡ་ན་འཁོར་དང་བཅས་པ་དང། གྲོང་ཁྱེར་སྒྲ་སྒྲོག་ན་ གནས་པའི་སྐྱེ་བོའི་ཚོགས་དགེ་སློང་གང་གི་གདུལ་བ་ཡིན་སྙམ་དུ་དགོངས་ན། དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོའི་གདུལ་བ་ཡིན་པར་གཟིགས་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་ཀཱ་ཏྱཱ་ན་ཆེན་པོ་ལ་བཀའ་སྩལ་པ། ཀཱ་ཏྱཱ་ཡ་ན་གྲོང་ཁྱེར་སྒྲ་སྒྲོག་ན་རྒྱལ་པོ་ཨུ་ཏྲ་ཡ་ན་འཁོར་དང་བཅས་པ་དང། སྒྲ་སྒྲོག་ན་གནས་པའི་སྐྱེ་བོའི་ཚོགས་ལ་སེམས་ཤིག་།ཚེ་དང་ ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ ཀྱི་སྤྱན་སྔ་ནས་སོང་ངོ། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་ [155B] །རྒྱལ་པོའི་ཁབ་ཏུ་བསོད་སྙོམས་རྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་ལོངས་སྤྱོད་པའི་གནས་མལ་མཁོས་སུ་ཕབ་སྟེ་ ལྷུང་བཟེད་དང་ཆོས་གོས་ཐོགས་ནས་འཁོར་ལྔ་བརྒྱ་དང་གྲོང་ཁྱེར་སྒྲ་སྒྲོག་ག་ལ་བ་དེར་དོང་ངོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་ཀྱང་རྒྱལ་པོ་ཨུ་ཏྲ་ཡ་ནས་འཕྲིན་ཡིག་ཤེད་མཐུན་དགྱེས་པ། ཁྱོད་ ཀྱི་ཕྱིར་བདག་གི་དགེ་སློང་སྟོན་པ་དང་འདྲ་བ་འདི་འཁོར་ལྔ་བརྒྱ་དང་བཏང་གི་ཁྱོད་ཀྱིས་དཔག་ཚད་ཕྱེད་དང་གསུམ་དུ་ལམ་མཛེས་པ་དང། གྲོང་ཁྱེར་མཛེས་པ་བྱ་ཞིང། བདག་ཉིད་དཔུང་གི་ཚོགས་ ཡན་ལག་བཞི་དང་ལྡན་པས་བསུ་བར་བྱ་སྟེ། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་གཙུག་ལག་ཁང་ལྔ་བརྒྱ་བྱེད་དུ་གཞུག་ཅིང། ཁྲི་དང་ཁྲིའུ་དང། སྟན་ནང་ཚངས་ཅན་དང། ལ་བ་དང། སྔས་དང་གོར་བུ་ལྔ་ བརྒྱ་ཡང་སྦྱིན་པར་བྱ། བསོད་སྙོམས་ལྔ་བརྒྱ་ཡང་སྦྱོར་དུ་གཞུག་བར་བྱ་སྟེ། དེས་ན་ཁྱོད་ཀྱིས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་བྲིས་ཏེ་བསྐུར་རོ། །རྒྱལ་པོ་ཨུ་ཏྲ་ཡ་ནས་འཕྲིན་ཡིག་བཀླགས་ ནས་དགའ་བ་དང། མཆོག་ཏུ་དགའ་བ་སྐྱེས་ཏེ། དེས་དཔག་ཚད་ཕྱེད་དང་གསུམ་དུ་ལམ་དང། གྲོང་ཁྱེར་མཛེས་པར་བྱེད་དུ་བཅུག་ནས་བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་པ་དང། སྐྱེ་བོ་ འབུམ་ཕྲག་དུ་མའི་འཁོར་དང་བཅས་པས་བསུ་ནས་བཀུར་སྟི་ཆེན་པོས་གྲོང་ཁྱེར་སྒྲ་སྒྲོག་ཏུ་འཇུག་ཏུ་བཅུག་ཅིང། གྲོང་ཁྱེར་གྱི་ཕྱི་རོལ་དུ་གཙུག་ལག་ཁང་ལྔ་བརྒྱ་ཡང་བྱེད་དུ་བཅུག་ཁྲི་དང་ཁྲིའུ་ [156A]༄༅། །དང། སྟན་ནང་ཚངས་ཅན་དང། ལ་བ་དང། སྔས་དང། གོར་བུ་ལྔ་བརྒྱ་ཡང་འབུལ་དུ་བཅུག་བསོད་སྙོམས་ལྔ་བརྒྱ་ཡང་སྦྱོར་དུ་བཅུག་སྟེ། ས་ཕྱོགས་གོ་སྐབས་ཡངས་པར་སྟན་ཤོམ་ དུ་བཅུག་གོ་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དགེ་སློང་གི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་གོ་སྲོག་ཆགས་འབུམ་ཕྲག་དུ་མ་དག་ཀྱང་ཁ་ཅིག་ནི། ལྟད་མོ་སྐྱེས་པ་ན། ཁ་ཅིག་ནི། སྔོན་ གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན་དེར་འདུས་པར་གྱུར་ཏོ་།དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་འཁོར་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་སྲོག་ཆགས་ འབུམ་ཕྲག་དུ་མ་དག་གིས་གང་ཐོས་ནས་ཁྱད་པར་ཆེན་པོ་རྟོགས་པར་གྱུར་པ་དེ་ལྟ་བུའི་ཆོས་བསྟན་པར་བྱས་ཏེ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་ གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི། རང་བྱང་ཆུབ་ཏུ་སེམས་བསྐྱེད་ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་དོ། །འཁོར་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ་བ་དང། ཆོས་ལ་འབབ་པ་དང། དགེ་འདུན་ལ་བབ་པར་བཀོད་དོ། །གྲོང་ཁྱེར་སྒྲ་སྒྲོག་ན། ཁྱིམ་བདག་རྒྱལ་དང། སྐར་རྒྱལ་ཞེས་བྱ་བ་ [156B]ན་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་ གཅིག་ཏུ་འཁོད་ནས་ཁྱིམ་བདག་རྒྱལ་དང། སྐར་རྒྱལ་གཉིས་ཀྱིས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ་།འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ། བདག་ཅག་གཉིས་ལེགས་པར་གསུངས་ པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། རྫོགས་པར་བསྙེན་པའི་དགེ་སློང་གི་དངོས་པོ་དང། བདག་ཅག་གཉིས་ཀྱིས་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པ་ཐོབ་བམ། ཚེ་དང་ ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་དེ་གཉིས་རབ་ཏུ་ཕྱུང། རྫོགས་པར་བསྙེན་པར་བྱས་ཏེ་གདམས་ངག་དང། རྗེས་སུ་བསྟན་པ་བྱིན་ནས་དེ་གཉིས་ཀྱིས་སྤྲོ་བ་དང། འབད་པ་དང། བརྩལ་པ་བྱས་པས་གོང་ནས་གོང་ དུ་ཡིད་ལ་བྱེད་པའི་ཁྱད་པར་ཐོབ་ནས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང། མི་གཡོ་བ་དེ་ཉིད་རིག་སྟེ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་ ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ། ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་ [157A]༄༅། །བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ་ ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ། རིག་པས་སྒོ་ངའི་སྤུབས་དྲལ་བར་གྱུར་ཅིང་རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་དག་པར་ རིག་པ་ཐོབ་པ། སྲིད་པ་དང། འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང། རྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་ གྱུར་ཏོ། །དེ་གཉིས་ཀྱིས་འབར་བ་དང། གསལ་བ་དང། ཆར་འབབ་པ་དང། ཀློག་འབྱིན་པའི་ཚ་འཕྲུལ་དག་བྱས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ ངན་ལས་འདས་སོ། །དེ་གཉིས་ཀྱི་ཉེ་དུ་དག་གིས་ལུས་ལ་ལུས་ཀྱི་མཆོད་པ་བྱས་ནས་མཆོད་རྟེན་གཉིས་བྱེད་དུ་བཅུག་སྟེ། གཅིག་ནི་རྒྱལ་གྱིའོ། །ཅིག་ཤོས་ནི། སྐར་རྒྱལ་གྱིའོ། །རྒྱལ་པོ་ཨུ་ ཏྲ་ཡ་ན་ཉིན་རེ་ཉིན་རེ་ཞིང་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་དྲུང་དུ་སོང་ནས་ཆོས་མཉན་ཏེ་བཙུན་མོའི་འཁོར་ལ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་མངར་བ་དང་མངར་བ་སྟོན་པར་བྱེད་དེ། སྦྲང་བུ་སྦྲང་རྩི་འབྱིན་ པ་བཞིན་ནོ། །ཞེས་བརྗོད་པར་བྱེད་དོ། །དེ་དག་གིས་སྨྲས་པ། ལྷ་སངས་རྒྱས་འབྱུང་བ་ནི། འབྲས་བུ་དང་བཅས་པ་ལགས་སོ། །ཇི་ལྟར། གང་གི་སླད་དུ་ཁྱོད་ཆོས་གསན་པས་སོ། །གལ་ཏེ་དེ་ལྟ་ན་ཁྱེད་ཅག་ [157B] ལྷ། བདག་ཅག་ནི། ངོ་ཚ་དང་ལྡན་པ་ལགས་པས། ཇི་ལྟར་དེར་མཆིས་ཏེ་ཆོས་མཉན་པར་བགྱི་གལ་ཏེ་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འདི་ཉིད་དུ་མཆིས་ཏེ་ཆོས་སྟོན་པར་བགྱི་ ན། དེ་ལྟ་ན། བདག་ཅག་ཀྱང་ཆོས་ཉན་ཏོ། །རྒྱལ་པོ་ཨུ་ཏྲ་ཡ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་སྨྲས་པ། འཕགས་པ། བཙུན་མོའི་འཁོར་ཆོས་ཉན་པར་འཚལ་ལོ། །དེས་སྨྲས་པ། རྒྱལ་པོ་ཆེན་པོ། དགེ་ སློང་དག་ནི། བཙུན་མོའི་འཁོར་གྱི་ནང་དུ་ཞུགས་ཤིང་ཆོས་མི་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་བཙུན་མོའི་འཁོར་གྱི་ནང་དུ་འཇུག་པ་བཀག་གོ། །འཕགས་པ། འོ་ན་སུ་ཞིག་བཙུན་མོའི་འཁོར་ལ་ཆོས་སྟོན་ པར་བགྱིད། རྒྱལ་པོ་ཆེན་པོ། དགེ་སློང་མའོ། །རྒྱལ་པོ་ཨུ་ཏྲ་ཡ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཕྲིན་ཡིག་འདི་སྐད་ཅེས། ཤེད་མཐུན་དགྱེས་པ། བདག་གི་བཙུན་མོའི་འཁོར་ཆོས་ཉན་པར་ འཚལ་ན། དེའི་སླད་དུ་དགེ་སློང་མ་འགའ་ཞིག་གཏང་བའི་རིགས་སོ་།ཞེས་བྲིས་ཏེ་བསྐུར་རོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་ཕྲིན་ཡིག་དེ་བཀླགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ། རྒྱལ་པོ་ཨུ་ཏྲ་ཡ་ནས་ཕྲིན་ཡིག་སྤྲིང་སྟེ་བཙུན་མོའི་འཁོར་ཆོས་ཉན་པར་འཚལ་གྱི། དེའི་སླད་དུ་དགེ་སློང་མ་འགའ་ཞིག་གཏང་བའི་རིགས་སོ། །ཞེས་མཆི་ན། དེའི་སླད་དུ་འདི་ལ་ཇི་ལྟར་བསྒྲུབ་པར་ [158A]༄༅། །བགྱི། བཅོམ་ལྡན་འདས་ཀྱིས་དགོངས་པ། རྒྱལ་པོ་ཨུ་ཏྲ་ཡ་ནའི་བཙུན་མོའི་འཁོར་གྱི་བུད་མེད་དང། གྲོང་ཁྱེར་སྒྲ་སྒྲོག་ན་གནས་པའི་བུད་མེད་རྣམས་དགེ་སློང་མ་ གང་གི་གདུལ་བ་ཡིན་སྙམ་དུ་དགོངས་ན། དགེ་སློང་མ་རི་མའི་གདུལ་བ་ཡིན་པར་གཟིགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རི་མ་ལ་བཀའ་སྩལ་བ། རི་མ། གྲོང་ཁྱེར་སྒྲ་སྒྲོག་ ན་རྒྱལ་པོ་ཨུ་ཏྲ་ཡ་ནའི་བཙུན་མོའི་འཁོར་གྱི་བུད་མེད་དང་སྒྲ་སྒྲོག་ན་གནས་པའི་བུད་མེད་རྣམས་ལ་སོམས་ཤིག་དགེ་སློང་མ་རི་མས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ ལྡན་འདས་ལས་མཉན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །དེ་ནས་དགེ་སློང་མ་རི་མ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་ དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །རྒྱལ་པོའི་ཁབ་ཏུ་བསོད་སྙོམས་རྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ཟས་ཀྱི་བསོད་ སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་ལོངས་སྤྱོད་པའི་གནས་མལ་མཁོས་སུ་ཕབ་སྟེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་འཁོར་ལྔ་བརྒྱ་དང་གྲོང་ཁྱེར་སྒྲ་སྒྲོག་ག་ལ་བ་དེར་སོང་ངོ། །རྒྱལ་པོ་གཟུགས་ ཅན་སྙིང་པོས་ཀྱང་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་འཕྲིན་ཡིག་འདི་སྐད་ཅེས། ཤེད་མཐུན་དགྱེས་པ། ཁྱོད་ཀྱི་ཕྱིར་བདག་གིས་ཉན་ཐོས་མ་ཆེན་མོ་སྟོན་པས་བསྔགས་པ་འདི་འཁོར་ལྔ་བརྒྱ་དང་བཏང་གི་།ཁྱོད་ [158B] གྲོང་ཁྱེར་མཛེས་པར་བྱ་ཞིང། བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པས་བསུ་བར་བྱ་སྟེ། གྲོང་ཁྱེར་གྱི་ནང་དུ་དབྱར་ཁང་ལྔ་བརྒྱ་ཡང་ བྱེད་དུ་གཞུག་པར་བྱ། ཁྲི་དང། ཁྲིའུ་དང། སྟན་ནང་ཚངས་ཅན་དང། ལ་བ་དང། སྔས་དང། གོར་བུ་ལྔ་བརྒྱ་ཡང་དབུལ་བར་བྱ། བསོད་སྙོམས་ལྔ་བརྒྱ་ཡང་སྦྱོར་དུ་གཞུག་པར་བྱ་སྟེ། དེས་ན་ ཁྱོད་ཀྱིས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་བྲིས་ཏེ་བསྐུར་རོ། །རྒྱལ་པོ་ཨུ་ཏྲ་ཡ་ནས་འཕྲིན་ཡིག་དེ་བཀླགས་ནས་དགའ་བ་དང། མཆོག་ཏུ་དགའ་བ་སྐྱེས་ཏེ་དེས་དཔག་ཚད་ཕྱེད་དང་གསུམ་ དུ་ལམ་དང། གྲོང་ཁྱེར་མཛེས་པར་བྱེད་དུ་བཅུག་ནས་བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་པ་དང། སྐྱེ་བོ་འབུམ་ཕྲག་དུ་མའི་འཁོར་དང་བཅས་པས་བསུས་ནས་བཀུར་སྟི་ཆེན་པོས་གྲོང་ཁྱེར་དུ་འཇུག་ ཏུ་བཅུག་ཅིང། གྲོང་ཁྱེར་གྱི་ནང་དུ་དབྱར་ཁང་ལྔ་བརྒྱ་བྱེད་དུ་བཅུག་སྟེ། ཁྲི་དང། ཁྲིའུ་དང། སྟན་ནང་ཚངས་ཅན་དང་ལ་བ་དང། སྔས་དང། གོར་བུ་ལྔ་བརྒྱ་ཡང་འབུལ་དུ་བཅུག་བསོད་སྙོམས་ ལྔ་བརྒྱ་ཡང་སྦྱོར་དུ་བཅུག་གོ་དགེ་སློང་མ་རི་མ་ཉིན་རེ་ཞིང་རྒྱལ་པོ་ཨུ་ཏྲ་ཡ་ནའི་བཙུན་མོའི་འཁོར་དང། གྲོང་ཁྱེར་སྒྲ་སྒྲོག་ན་གནས་པའི་བུད་མེད་རྣམས་ཀྱི་ནང་དུ་ཞུགས་ཏེ་ཆོས་སྟོན་པར་བྱེད་དོ། །རྒྱལ་ པོ་ཨུ་ཏྲ་ཡ་ན་ནི། པི་ཝང་མཁས་པ་ཡིན་ལ། བཙུན་མོ་ཟླ་འོད་ནི་གར་མཁས་པ་ཡིན་པས། ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ཨུ་ཏྲ་ཡ་ནས་པི་ཝང་སྦྲེངས་ཏེ་བཙུན་མོ་ཟླ་འོད་གར་བྱེད་དོ། །དེས་དེ་ [159A]༄༅། །གར་བྱེད་པ་ན་ཆུད་ཟ་བའི་མཚན་མ་མཐོང་ནས་དེས་དེ་ལ་མགོ་མཇུག་ཏུ་བརྟགས་ཏེ་བསམ་ན། ཞག་བདུན་འདས་ན་འདི་དུས་བྱེད་པར་འགྱུར་རོ། །སྙམ་ནས་དེའི་ལག་ནས་པི་ ཝང་ཤོར་ཏེ་ས་ལ་ལྷུང་བ་དང། བཙུན་མོ་ཟླ་འོད་ཀྱིས་སྨྲས་པ་ལྷ། བདག་གི་གར་མ་ལེགས་སམ། ཅི་ནོངས། ཟླ་འོད། ཁྱོད་ཀྱིས་གར་མ་ལེགས་པ་མ་ཡིན་ཏེ། འདི་ལྟར། ངས་ཁྱོད་ གར་བྱེད་པ་ན་ཆུད་ཟ་བའི་མཚན་མ་མཐོང་བས་ཉི་མ་བདུན་པ་ལ་ཁྱོད་དུས་བྱེད་པར་འགྱུར་རོ། །བཙུན་མོ་ཟླ་འོད་ཀྱིས་རྒྱལ་པོའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ། གལ་ཏེ་དེ་ལྟ་ན། བདག་ གིས་ལྷ་ལ་བསྙེན་བཀུར་ནི། བགྱིས་ལགས་ན། གལ་ཏེ་ལྷས་གནང་ན་བདག་རབ་ཏུ་འབྱུང་ངོ། །རྒྱལ་པོས་སྨྲས་པ། ཟླ་འོད། དུས་ཡིན་གྱི། གནང་ངོ། །གལ་ཏེ་ཁྱོད་རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ན་ནི། དེ་ཁྱོད་ཀྱི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །གལ་ཏེ་ཀུན་ཏུ་སྦྱོར་བ་ལྷག་མ་དང་བཅས་པས་དུས་བྱས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་ན་ ནི། ཁྱོད་ལྷར་གྱུར་པས་ང་ལ་བལྟ་བར་བྱའོ། །དེས་སྨྲས་པ་ལྷ། བཀའ་བཞིན་འཚལ། རྒྱལ་པོ་ཨུ་ཏྲ་ཡ་ནས་བཙུན་མོ་ཟླ་འོད་དགེ་སློང་མ་རིམ་ལ་གཏད་དེ་སྨྲས་པ། འཕགས་མ། བཙུན་མོ་ཟླ་ འོད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་མའི་དངོས་པོ་འཚལ་གྱི། དེའི་སླད་དུ་འཕགས་མས་འདི་རབ་ཏུ་འབྱུང་བ་དང། རྫོགས་ [159B] །དགེ་སློང་མ་རི་མས་སྨྲས་པ། དེ་ལྟར་བགྱིའོ། །ཞེས་དེས་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་སོ། །དགེ་སློང་མ་རི་མས་བསམ་པས་དེ་ལ་འཆི་བའི་ འདུ་ཤེས་སྒོམས་ཤིག་ཅེས་གདམས་ངག་བྱིན་ནོ། །བཙུན་མོ་ཟླ་འོད་ཀྱིས་འཆི་བའི་འདུ་ཤེས་སྒོམ་པར་བརྩམས་ནས་དེ་ཉི་མ་བདུན་པ་ལ་དུས་ལ་བབ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོའི་ཆོས་ཉིད་ནི། སྐྱེས་ནས་རིང་པོ་མ་ལོན་པ་ལ་སེམས་གསུམ་སྐྱེ་སྟེ། གང་ནས་ཤི་འཕོས་པ་དང། གང་དུ་སྐྱེས་པ་དང། ལས་གང་གིས་སྐྱེས་པའོ། །ལྷའི་བུ་མོ་ ཟླ་འོད་ཀྱིས་བསམ་པ། བདག་གང་ནས་ཤི་འཕོས་སྙམ་ན། མི་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང། གང་དུ་སྐྱེས་སྙམ་ན། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང། ལས་གང་གིས་སྙམ་ སྙམ་ན། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཚངས་པར་སྤྱོད་པ་སྤྱད་པ་ཉིད་ཀྱིས་སྐྱེས་པར་མཐོང་ངོ། །དེ་ནས་ལྷའི་བུ་མོ་ཟླ་འོད་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་བདག་ཡོངས་སུ་གནས་པ་བསྟེན་ཏེ་ བཅོམ་ལྡན་འདས་ལ་བལྟ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི། བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱི། བདག་ཡོངས་སུ་གནས་པ་མ་བསྟེན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་ བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོའོ། །སྙམ་མོ། །དེ་ནས་ལྷའི་བུ་མོ་ཟླ་འོད་རྣ་ཆ་གདུབ་ཀོར་གཡོ་ཞིང། དྲི་མ་མེད་པ་ཐོགས་ཏེ་དོ་ཤལ་དང། སེ་མོ་དོས་བརྒྱན་པའི་ལུས་ཀྱིས། ལྷའི་ཨུཏྤལ་དང། པདྨ་དང་ [160A]༄༅། །ཀུ་མུ་ད་དང། པདྨ་དཀར་པོ་དག་གིས་ཐུ་བ་བཀང་སྟེ་ཁ་དོག་ཤིན་ཏུ་འདས་པས་མཚན་མོ་ལ་བབ་པ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ ལ་མེ་ཏོག་དག་གིས་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང། འདི་ལྟར། ལྷའི་བུ་མོ་ཟླ་འོད་ཀྱི་ཁ་དོག་གི་མཐུས་འོད་མའི་ ཚལ་ཀ་ལནྡ་ཀའི་གནས་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་མོ་ཟླ་འོད་ཀྱི་བསམ་པ་དང་བག་ལ་ཉལ་དང། ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས། གང་ ཐོས་ན་ལྷའི་བུ་མོ་ཟླ་འོད་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་ འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ། བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས་ ཁམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་ [160B] ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་ བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་ པར་འགྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ་བར་འགྱུར། ། འགྲོ་བར་ལྷ་མི་ན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་པ་པོ། །སྲིད་བ་སྟོང་དུ་མཐོང་བ་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །དེ་ནས་འདུད་བྱས་དོ་ཤལ་རབ་འཆང་ བས། །ཞབས་ལ་ཕྱག་འཚལ་རངས་པ་སྐྱེས་གྱུར་ནས། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ལྷ་ཡི་འཇིག་མངོན་ཕྱོགས་མཁའ་ལ་སོང། །དེ་ནས་ལྷའི་བུ་མོ་ཟླ་འོད་ཚོང་པ་ཁེ་སྤོགས་རྙེད་ པ་ལྟ་བུ་དང། ཞིང་བ་ལོ་ཐོག་འབྱོར་བ་ལྟ་བུ་དང། དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བ་ལྟ་བུ་དང། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་པ་ལྟ་བུར་གྱུར་ཏེ། ཆ་ལུགས་གང་གིས་བཅོམ་ལྡན་འདས་ ཀྱི་སྤྱན་སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་ཁས་བླངས་པས་ད་དེ་ལྟ་བའི་དུས་ཡིན་ནོ། །སྙམ་ནས། དེ་ནས་ལྷའི་ [161A]༄༅། །བུ་མོ་ཟླ་འོད། རྒྱལ་པོ་ཨུ་ཏྲ་ཡ་ན་ག་ལ་བ་དེར་སོང་ངོ། །དེའི་ཚེ་ན་རྒྱལ་པོ་ཨུ་ཏྲ་ཡ་ན་གཅིག་པུ་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་ཉལ་ཞིང་འདུག་ནས་དེས་དེ་སྣང་ བ་རྒྱ་ཆེན་པོས་ཁྱབ་པར་བྱས་ཏེ་སེ་གོལ་གྱི་སྒྲས་བསླང་བ་དང། དེ་གཉིད་ཀྱིས་ནོན་པའི་མིག་དང། རྣམ་པར་ཤེས་པ་མི་གསལ་བས་སྨྲས་པ། ཁྱོད་སུ། དེས་སྨྲས་པ། བདག་ཟླ་འོད་དོ། །རྒྱལ་པོས་ སྨྲས་པ། ཚུར་ཤོག་དགའ་མགུར་སྤྱད་པར་བྱའོ། །དེས་སྨྲས་པ་ལྷ། བདག་ཤི་ཞིང་དུས་ལ་བབ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། གལ་ཏེ་བདག་དང་ལྷན་ཅིག་མཇལ་བཞེད་ན་ བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིག་དང། གལ་ཏེ་ཚེ་འདི་ཉིད་ལ་ཉོན་མོངས་པ་ཐམས་ཅད་སྤངས་པས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་མཛད་ན་ནི། དེ་ཉིད་ཁྱོད་ཀྱི་སྡུག་བསྔལ་གྱི་མཐའ་ ལགས་སོ། །གལ་ཏེ་ཀུན་ཏུ་སྦྱོར་བ་ལྷག་མ་དང་བཅས་པས་དུས་བགྱིས་ཏེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་ན་ནི། དེར་ཁྱོད་བདག་དང་མཇལ་བར་འགྱུར་རོ། །ཞེས་སྨྲས་ཏེ་ དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། །།འདུལ་བ་རྣམ་པར་འབྱེད་པ་བམ་པོ་དོན་གཅིག་པ། རྒྱལ་པོ་ཨུ་ཏྲ་ཡ་ནས་མཚན་ཐོག་ཐག་ཏུ་རབ་ཏུ་འབྱུང་བ་རྗེས་སུ་བསམ་ནས་ནང་པར་ལངས་ ཏེ་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་བཅུན་མོ་ཟླ་འོད་ག་ལ་འདུག་ལྟོས་ཤིག་དེ་དག་གིས་སྨྲས་པ། ལྷ། དུས་ལ་བབ་བོ་།རྒྱལ་པོ་ཨུ་ཏྲ་ཡ་ནས་བསམ་པ། གང་གི་ཕྱིར་བདག་ [161B]ཤིང་གསོག་འཇོག་གི་ལོངས་སྤྱོད་དང། འདོད་པ་ལ་ཡོངས་སུ་སྤྱོད་པ་ནི། བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱི། བདག་གིས་གཞོན་ནུ་གཙུག་ ཕུད་ཅན་རྒྱལ་སྲིད་ལ་དབང་བསྐུར་ཏེ་བདག་སྐྲ་དང། ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ། །སྙམ་ནས། དེས་བློན་པོའི་མཆོག་ཧེ་རུ་ དང། བཧི་རུ་ཀ་གཉིས་མངག་པས་བོས་ཏེ་སྨྲས་པ། ཤེས་ལྡན་གཉིས་བུ་གཞོན་ནུ་གཙུག་ཕུད་ཅན་ང་ལ་ཅི་འདྲ་བ་དེ་ཁོ་ན་བཞིན་དུ་ཁྱེད་གཉིས་ལ་ཡང་དེ་འདྲ་བ་ཡིན་གྱི། ཁྱེད་གཉིས་ཀྱིས་དེ་གནོད་པ་ལས་ བཟློག་པར་བྱ་ཞིང། ཕན་པ་ལ་ངེས་པར་སྦྱར་བར་གྱིས་ཤིག་ང་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ངོ། །དེ་གཉིས་ཀྱིས་ཐོས་ནས་མཆི་མས་བརྣངས་ཏེ་འཁོད་དོ། །རྒྱལ་པོས་གཞོན་ ནུ་གཙུག་ཕུད་ཅན་ལ་སྨྲས་པ། བུ། ཁྱོད་ཇི་ལྟར་ངའི་ཚིག་མཉན་པ་དང། བྱ་བར་སེམས་པ་དེ་བཞིན་དུ་ཁྱོད་ཀྱིས་བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་འདི་གཉིས་ཀྱི་ཚིག་མཉན་པ་དང། བྱ་བར་སོམས་ཤིག་ ང་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ངོ་།དེས་ཀྱང་ཐོས་ནས་མཆི་མས་བརྣངས་ཏེ་འདུག་གོ་དེ་ནས་རྒྱལ་པོ་ཨུ་ཏྲ་ཡ་ན་གྲོང་ཁྱེར་སྒྲ་སྒྲོག་ཏུ་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ། གྲོང་ ཁྱེར་སྒྲ་སྒྲོག་ན་གནས་པ་དག་དང། ཕོ་བྲང་འཁོར་གྱི་མི་དག་དང། ཡུལ་ཐ་དད་པ་ནས་ལྷགས་པའི་སྐྱེ་བོའི་ཚོགས་རྣམས་ལ་ཤེས་ལྡན་དག་ཉོན་ཅིག་ང་ནི། སྐྲ་དང། ཁ་སྤུ་བྲེགས་ཏེ་གོས་ངུར་ [162A]༄༅། །སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་གི་ངས་རྒྱལ་སྲིད་བྱེད་དུ་བཅུག་པ་ན། གང་ལ་གནོད་པ་ཅུང་ཟད་ཅི་བྱས་པ་དེ་བཟོད་ པར་གྱིས་ཤིག་ཅེས་བསྒོའོ། །གྲོང་ཁྱེར་སྒྲ་སྒྲོག་ན་གནས་པ་རྣམས་དང། ཕོ་བྲང་འཁོར་གྱི་མི་རྣམས་དང། ཡུལ་ཐ་དད་པ་ནས་ལྷགས་པའི་སྐྱེ་བོའི་ཚོགས་རྣམས་རྒྱལ་པོ་ལ་རྗེས་སུ་ཆགས་པ་ཡིན་པས་ དེ་དག་གིས་ཐོས་ནས་ཐམས་ཅད་མཆི་མས་བརྣངས་ཏེ་འཁོད་དོ། །དེ་ནས་རྒྱལ་པོ་ཨུ་ཏྲ་ཡ་ནས་གཞོན་ནུ་གཙུག་ཕུད་ཅན་རྒྱལ་སྲིད་ལ་བཞག་ནས་རྩ་ལག་གི་སྐྱེ་བོ་རྣམས་ལ་བཟོད་པར་གསོལ་ཏེ་ དགེ་སྦྱོང་དང། བྲམ་ཟེ་དང། བཀྲེན་པ་དང། སྡུག་ཕོངས་པ་རྣམས་ལ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ་མི་བསྙེན་བཀུར་བ་གཅིག་དང། རྒྱལ་པོའི་ཁབ་ལོགས་སུ་ཕྱོགས་དེར་འཕགས་ སོ༑ ༑དེ་ནས་རྒྱལ་པོ་གཙུག་ཕུད་ཅན་བཙུན་མོའི་འཁོར་དང། གཞོན་ནུ་དང། བློན་པོ་དང། ཕོ་བྲང་འཁོར་གྱི་མི་དང་བཅས་པ་དང་གཞན་ཡང་ཡུལ་ཐ་དད་པ་ནས་ལྷགས་པའི་སྐྱེ་བོའི་ཚོགས་ རྣམས་ཕྱི་བཞིན་ཕྱི་བཞིན་དུ་འབྲངས་ཏེ་སྲོག་ཆགས་འབུམ་ཕྲག་དུ་མ་དག་གིས་བསྐྱལ་བཞིན་དུ་གྲོང་ཁྱེར་སྒྲ་སྒྲོག་ནས་ཕྱིར་བྱུང་སྟེ་སྐྱེད་མོས་ཚལ་ཤིང་ལྗོན་པའི་ཚལ་སྣ་ཚོགས་ཀྱིས་བརྒྱན་པ། མེ་ཏོག་ དང། འབྲས་བུ་དང། ཆུ་རྒྱུན་སྣ་ཚོགས་དང་ལྡན་པ། ངང་པ་དང། ཁྲུང་ཁྲུང་དང། རྨ་བྱ་དང། ནེ་ཙོ་དང། རི་སྐེགས་དང། ཁུ་བྱུག་དང། ཤང་ཤང་ཏེའུ་སྒྲ་འབྱིན་པ་ཞིག་ཏུ་ཡུད་ཙམ་ [162B]བལྟས་ཏེ་རྒྱལ་པོ་གཙུག་ཕུད་ཅན་ལ་སྨྲས་པ། བུ། ངས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་པས། དེའི་ཕྱིར་སྲོག་ཆགས་འབུམ་ཕྲག་འདི་སྙེད་ངའི་ཕྱི་བཞིན་ འབྲང་བར་གྱུར་གྱི། ཁྱོད་ཀྱིས་ཀྱང་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་གཞུག་པར་བྱའོ། །སྐྱེ་བོའི་ཚོགས་དེ་ལ་ཡང་བག་ཕབ་སྟེ་སྨྲས་པ། ཤེས་ལྡན་དག་ངས་ཁྱེད་ཀྱི་རྒྱལ་པོར་འདི་བསྐོས་ཀྱི། ཕྱིར་དེངས་ལ་བདེ་ བར་སྒྲུབས་ཤིག་ཅེས་སྨྲས་ཏེ་སོང་ངོ། །རྒྱལ་པོ་གཙུག་ཕུད་ཅན་བཙུན་མོའི་འཁོར་དང། གཞོན་ནུ་དང། བློན་པོ་དང། ཕོ་བྲང་འཁོར་གྱི་མི་དང་བཅས་པ་དང། གཞན་ཡང་ཡུལ་ཐ་དད་པ་ནས་ ལྷགས་པའི་སྐྱེ་བོའི་ཚོགས་རྣམས་མཆི་མས་དཀྲུགས་པའི་མིག་གིས་ཡུད་ཙམ་ཡུད་ཙམ་ཕྱི་བཞིན་རྟོག་ཅིང་གྲོང་ཁྱེར་སྒྲ་སྒྲོག་ཏུ་ཕྱིར་ལོག་གོ་དེ་ནས་རྒྱལ་པོ་ཨུ་ཏྲ་ཡ་ནས་མཐར་གྱིས་གྲོང་ཁྱེར་རྒྱལ་ པོའི་ཁབ་ཏུ་ཕྱིན་ནས་དེས་སྐྱེད་མོས་ཚལ་དུ་བསྡད་དེ། མི་དེ་ལ་སྨྲས་པ། ཀའེ་ནང་རྗེ། རྒྱལ་པོ་གཟུགས་ཅན་སྙིང་པོའི་གན་དུ་སོང་ལ་རྒྱལ་པོ་ཨུ་ཏྲ་ཡ་ན་སྐྱེད་མོས་ཚལ་ན་སྡོད་དོ། །ཞེས་སྦྲོན་ཅིག་མི་དེ་ སོང་སྟེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། ལྷ། རྒྱལ་པོ་ཨུ་ཏྲ་ཡ་ན་སྐྱེད་མོས་ཚལ་ན་སྡོད་དོ། །ཞེས་སྦྲན་ཏོ། །དེས་ཐོས་ནས་འཕྲལ་ཁོ་ན་ལ་ལངས་ཏེ་ཞོ་ཤས་འཚོ་བ་རྣམས་ལ་སྨྲས་པ་ཤེས་ལྡན་དག་ རྒྱལ་པོ་དེ་དཔུང་ཆེན་པོ་ངང་ལྡན་པ་ཡིན། དེས་མ་སྦྲན་པ་ཁོ་ནར་འོངས་པ་ཁྱེད་ཅག་སུས་ཀྱང་མ་ཤེས་སོ། །དེས་སྨྲས་པ། ལྷ་དེ་ལ་དཔུང་ག་ལ་མཆིས་ཏེ། དཔོན་གཡོག་གཉིས་པོ་ཞིག་མཆིས་སོ་།རྒྱལ་ [163A]༄༅། །པོ་གཟུགས་ཅན་སྙིང་པོས་བསམ་པ། གང་གི་ཕྱིར་བདག་གི་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་བགྱི་ན། དེ་བཞིན་དུ་གྲོང་ཁྱེར་དུ་འཇུག་ཏུ་གཞག་པ་ནི། བདག་གི་ཚུལ་དང་ མཐུན་པ་མ་ཡིན་གྱི། བདག་གིས་བཀུར་སྟི་ཆེན་པོས་འཇུག་ཏུ་གཞུག་གོ་།སྙམ་དུ་རིག་ནས་ལམ་མཛེས་པ་དང། གྲོང་ཁྱེར་མཛེས་པར་བྱེད་དུ་བཅུག་ནས་དཔུང་གི་ཚོགས་ཡན་ལག་བཞི་པས་བསུའོ། ། དེ་ནས་གཉའ་བ་སྤྲད་དེ་གླང་པོ་ཆེའི་རྒྱབ་ཏུ་ཞོན་ནས་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་འཇུག་ཏུ་བཅུག་སྟེ། སྤོས་སྣ་ཚོགས་དང་སྦྱར་བའི་ཆུས་ཁྲུས་བྱེད་དུ་བཅུག་ནས་རྒྱལ་པོ་ལ་འོས་པའི་གོས་དག་དང། སྤོས་ དང། ཕྲེང་བ་རྒྱུ་དང་བྱུག་པ་སྣ་ཚོགས་དག་གིས་ལེགས་པར་བརྒྱན་ནས་ཟན་བྱིན་ཏེ་ལམ་གྱིས་དུབ་པའི་ངལ་བསོས་ནས་སྨྲས་པ་ཤེད་མཐུན་དགྱེས་པས་རྒྱལ་སྲིད་རྒྱས་པ་དང། བཙུན་མོའི་ འཁོར་དང། གཞོན་ནུ་དང། བློན་པོ་དང། ཕོ་བྲང་འཁོར་གྱི་མི་རྣམས་སྤངས་ཏེ་འདིར་ཅི་ལ་བྱོན། ས་གཞན་གྱི་རྒྱལ་པོ་འགའ་ཞིག་གིས་ཡུལ་འཁོར་གཞོམ་པར་བགྱིས་པའམ། གཞོན་ནུ་རྒྱལ་ སྲིད་ལ་མངོན་པར་དགའ་བ། བློན་པོ་སྐྱོན་ཆགས་པས་བསླུས་པ་འགའ་ཞིག་གིས་བསླུས་པའམ། གཅིག་ཏུ་མ་གྱུར་ཏམ། དེས་སྨྲས་པ། ཤེད་མཐུན་དགྱེས་པ། དེ་ལྟར་མ་གྱུར་ཏེ། བདག་ ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་འཚལ་ལོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་ཐོས་ནས་ཡིད་དགའ་ཞིང། དགའ་ [163B] ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ཀྱི་ལེགས་པར་གསུངས་པ་ཉིད། འདི་ལྟར། སྐྱེས་བུ་གཙོ་བོ་འདི་ལྟ་བུ་དག་གིས་ རྒྱལ་སྲིད་རྒྱས་པ་དང། བཙུན་མོའི་འཁོར་རྒྱས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་རྒྱ་ཆེན་པོ་དང། མཛོད་དང། བང་བ་དང། ཁྱིམ་རྒྱ་ཆེན་པོ་དག་སྤངས་ཏེ་ལེགས་པར་གསུངས་ པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་འདོད་པ་ངོ་མཚར་ཆེའོ། །ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་སྨྲས་ནས་རྒྱལ་པོ་ཨུ་ཏྲ་ཡ་ན་ཁྲིད་དེ་ བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ། །དེའི་ཚེ་ན་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མའི་གོང་ན་བཞུགས་ཤིང་ཆོས་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་མ་ག་དཧར་བྱུང་བའི་རྒྱལ་པོ་ གཟོ་སྦྱངས་གཟུགས་ཅན་སྙིང་པོ་ཐག་རིང་པོ་ཁོ་ན་ནས་གཟིགས་སོ་།གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།འདི་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་ཡིན་ཏེ། དེ་ སྐྱེས་དང་བཅས་པས་ངའི་གན་དུ་འོང་ངོ། །དེ་བཞིན་གཤེགས་པའི་སྐྱེས་ནི། འདི་ལྟ་སྟེ། གདུལ་བའི་སྐྱེས་ལྟ་བུ་གཞན་མེད་དོ། །ཞེས་བཀའ་སྩལ་ནས་ཅང་མི་གསུང་བར་བཞུགས་སོ། །རྒྱལ་པོ་ གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་ [164A]༄༅། །པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། རྒྱལ་པོ་ཨུ་ཏྲ་ཡ་ན་འདི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། རྫོགས་པར་བསྙེན་པ་དགེ་སློང་གི་དངོས་ པོ་འཚལ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་འདི་རབ་ཏུ་འབྱུང་དུ་གསོལ། རྫོགས་པར་བསྙེན་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་ལ་དགེ་སློང་ཚུར་ཤོག་ཅེས་པས་རབ་ ཏུ་ཕྱུང་ཞིང། དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང། དེ་བཅོམ་ལྡན་འདས་ཀྱི་བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང། སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང། ཁ་ སྤུ་ཞག་བདུན་སྐྱེས་པ་ཙམ་དང། ལག་པ་ལྷུང་བཟེད་དང། བྱ་མ་བུམ་གྱིས་འབྲེལ་བ་དང། དགེ་སློང་རྫོགས་པར་བསྙེན་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ་ དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་ གྱུར། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང། ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །དེ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་མཐོང་ ནས་གྲོང་ཁྱེར་རྒྱལ་པོའི་ཁབ་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཨུ་ཏྲ་ཡ་ན་རབ་ཏུ་ཕྱུང། རྫོགས་པར་བསྙེན་པར་མཛད་ནས་དེ་བསོད་སྙོམས་ལ་རྒྱལ་པོའི་ཁབ་ཏུ་ཞུགས་སོ། ། [164B] །དེ་སྐད་ཐོས་ནས་སྲོག་ཆགས་འབུམ་ཕྲག་དུ་མ་དག་འདུས་པར་གྱུར་ཅིང། ཁྱིམ་གྱི་ནང་ན་གནས་པའི་བུད་མེད་དག་ཀྱང་སྐར་ཁུང་དང། སྐར་ཁུང་དྲ་བ་ཅན་དང། ལན་ ཀན་དག་གི་དྲུང་དུ་འཁོད་དེ་ལྟ་བར་བྱེད་དོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ། རྒྱལ་པོ་ཨུ་ཏྲ་ཡ་ན་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ཏེ་སྲོག་ཆགས་འབུམ་ཕྲག་དུ་ མ་དག་གིས་བསྐོར་ཅིང་མཆིས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཐོས་ནས་དགེ་སློང་ཨུ་ཏྲ་ཡ་ན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་ཨུ་ཏྲ་ཡ་ན་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ་།མི་ དབང་གྲོང་ཁྱེར་སྟོང་དང་ནི། །སྒྲ་སྒྲོག་ཀྱང་ནི་སྤྱད་བྱས་ནས། །བོར་བའི་བསོད་སྙོམས་ཚོལ་བྱེད་པ། །ཇི་ལྟར་ཡོངས་སུ་མི་གདུང་ངམ། །གསེར་དང་དེ་བཞིན་དངུལ་གྱི་སྣོད། །སྲང་ཚད་བརྒྱ་པ་སྤྱད་བྱས་ ནས། །ས་ཡི་ལྷུང་བཟེད་སྤྱོད་བྱེད་པ། །ཇི་ལྟར་ཡོངས་སུ་མི་གདུང་ངམ། །སཱ་ལུའི་འབྲས་ཆན་གཙང་མ་དག་ཤ་ཡིས་བརླན་པ་སྤྱད་བྱས་ནས། །ཟན་དྲོན་ཁེངས་པ་སྤྱོད་བྱེད་པ། །ཇི་ལྟར་ཡོངས་སུ་ མི་གདུང་ངམ། །སྲིན་བལ་རས་བལ་ཟར་མ་དང། །ཀོ་ཏ་མ་ཀ་ཤིའི་གོས་སྤངས་ནས། །ཕྱག་དར་ཁྲོད་དག་བསྲེལ་བྱེད་པ། །ཇི་ལྟར་ཡོངས་སུ་མི་གདུང་ངམ། །རླུང་མེད་སྒོ་གཏན་བསྡམས་པ་ཡི། །ཁང་པ་ བརྩེགས་པར་ཁྱོད་ཉལ་ན། །ཤིང་ལྗོན་དྲུང་དུ་གནས་གྱུར་པ། །ཇི་ལྟར་ཡོངས་སུ་མི་གདུང་ངམ། །འཇམ་ཞིང་རས་བལ་འདྲ་བ་ཡི། །མལ་ཁྲི་དག་ལ་ཁྱོད་ཉལ་ནས། །རྩྭ་ཡི་སྟན་ལ་ཉལ་གྱུར་པ། །ཇི་ལྟར་ [165A]༄༅། །ཡོངས་སུ་མི་གདུང་ངམ། །བཙུན་མོ་མཚུངས་པ་ཡིད་འོང་བ། །གུས་པར་ཉལ་ཅིང་སྙན་སྨྲ་བ། །དུ་མ་ཁྱོད་ཀྱིས་རྣམ་སྤངས་པ། །ཇི་ལྟར་ཡོངས་སུ་མི་གདུང་ངམ། །གླང་ ཆེན་གཉའ་དང་ཤིང་རྟ་དང། །རྟ་ཡི་བཞོན་པས་ཁྱོད་སོང་ནས་།རྐང་པས་ས་ལ་རྒྱུ་བྱེད་པ། །ཇི་ལྟར་ཡོངས་སུ་མི་གདུང་ངམ་།ནོར་མང་ལྡན་པའི་མཛོད་དང་ནི། །བང་བ་དག་ཀྱང་རྣམ་སྤངས་ ཏེ། །ཅི་ཡང་མེད་པ་ཐོབ་གྱུར་པ། །ཇི་ལྟར་ཡོངས་སུ་མི་གདུང་ངམ། །ཨུ་ཏྲ་ཡ་ནས་སྨྲས་པ། རྒྱལ་པོ་གལ་ཏེ་གདུལ་དཀའ་བ་།གཞན་གྱི་ཟས་ཀྱིས་འཚོ་བྱེད་ན། །མ་གྲུབ་པས་ནི་དེ་འདུལ་ཏེ། ། གཉའ་ཤིང་བ་ལང་འདུལ་བ་བཞིན། །རྒྱལ་པོ་གཟུགས་ཅན་སྙིང་པོས་སྨྲས་པ། །རྒྱལ་པོ་ཁྱོད་ཡིད་མི་བྡེའམ། །ཅིའི་ཕྱིར་དམན་པ་བཞིན་དུ་སྨྲ། །རྒྱལ་སྲིད་ཕྱེད་ནི་སྦྱིན་བྱ་ཡི། །ཁྱོད་ནི་སྔོན་ བཞིན་ལོངས་སྤྱོད་གྱིས། །རྒྱལ་པོ་ཁྱོད་ཡིད་མི་བྡེའམ། །ཅིའི་ཕྱིར་དམན་པ་བཞིན་དུ་སྨྲ། །ཡིད་ཀྱིས་གང་དང་གང་འདོད་པའི་།ལོངས་སྤྱོད་རབ་མཆོག་སྦྱིན་པར་བྱ། །ཨུ་ཏྲ་ཡ་ནས་སྨྲས་པ་ རྒྱལ་པོ་གང་ཞིག་འཇིག་རྟེན་ན། །ལུས་ཀྱི་ཆོས་རེག་བཀྲེན་པ་མིན་།དེ་ནི་ངེས་པར་ལྷ་ཉིད་དང། །ཡང་ན་མྱ་ངན་འདའ་བར་འགྱུར་།མི་དབང་གང་ཞིག་ཆོས་སྤོང་ཞིང། །འདི་ལ་ཆོས་མིན་དགའ་ བྱེད་པ། །རྒྱལ་པོ་དེ་བཀྲེན་ཤེས་པར་བྱ། །མུན་ནས་མུན་པར་འགྲོ་བར་འགྱུར། །ཁྱོད་ལ་ཆོས་ནི་བསྟན་བྱ་ཡི། །རྒྱལ་པོ་ཆེན་པོ་བདག་ལ་ཉོན། །ཆོས་ཐོས་འོག་ཏུ་རྒྱལ་པོ་ནི། །གང་དུ་འདོད་པར་ [165B] །ཡོན་ཏན་མེད་པའི་ལུས་ལ་ནི། །གཅིག་ཉིད་ཡོན་ཏན་ཆེན་པོ་སྟེ། །ཇི་ལྟ་ཇི་ལྟར་བཟུང་བྱས་པ། །དེ་ལྟ་དེ་ལྟར་རྗེས་འཇུག་འགྱུར། །རྒྱལ་པོ་བཅུ་པའི་བཅུ་པོ་འདི། །སྐྱེས་བུའི་ཚེར་ནི་ བརྗོད་པར་བྱ། །བུ་དང་ཆུང་མ་ནོར་དེ་ལ། །རྩེད་མོ་དགའ་བ་ཅི་ཞིག་ཡོད། །བུ་ཡིས་དགའ་བ་སྟོན་བྱེད་དེ། །ཆུང་མས་ཁེངས་པ་རྗོད་པར་བྱེད། །ཆོམ་རྐུན་ནོར་ནི་སྒྲུབ་བྱེད་དེ། །རྒྱལ་པོ་བདག་ནི་བཅིངས་ ལས་གྲོལ། །མཐར་བྱེད་པ་ལས་སྨན་དག་དང། །ནོར་དང་ཉེ་དུས་སྐྱོ་བ་མི་ནུས། །རིག་སྔགས་ཀུན་དང་དཔུང་དག་དང། །དཔའ་རྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །འདི་ན་མཐུ་ཆེན་གནས་མཐོལ། །གནས་ པའི་ལྷ་ཚེ་རིང་པོ་ཡང། །དེ་ཡང་ཚེ་ཟད་ཉམས་འགྱུར་བས་།འཆི་ལས་དེ་རིང་སུ་ཞིག་མཐར། །མཐུ་ཆེན་ནོར་ལྡན་གྲགས་འབར་བ། །རྒྱལ་སྲིད་བྱས་པ་ཁྱབ་འཇུག་དང། །མུན་བྱེད་སྒྲ་ངན་སྐྱ་སེང་བུ། །དེས་ ཀྱང་འཆི་བ་ཟློག་མ་ནུས། །རྒྱལ་པོ་སྡོམ་བརྩོན་དཀའ་ཐུབ་དང་།ལས་དང་བརྩོན་འགྲུས་བརྟུལ་བ་དང། །འཁོར་ཚོགས་རྒྱ་ཆེན་ནོར་དག་གིས། །འཆི་ལས་ཇི་ལྟར་ཐར་མི་ནུས། །བར་སྣང་རྒྱ་མཚོའི་ནང་དང་ནི། ། རི་ཡི་སུལ་དུ་ཞུགས་པའམ། །གང་དུ་གནས་ན་འཆི་བདག་གིས། །མི་ཚུགས་འགྱུར་བའི་ས་ཕྱོགས་མེད། །བར་སྣང་རྒྱ་མཚོའི་ནང་དང་ནི། །རི་ཡི་སུལ་དུ་ཞུགས་པའམ། །གང་དུ་གནས་ན་ལས་རྣམས་ཀྱིས། ། མི་ཚུགས་འགྱུར་བའི་ས་ཕྱོགས་མེད། །རུས་པ་ཐི་བའི་མདོག་འདྲ་བ་།བོར་ཞིང་ཕྱོགས་ཕྱོགས་རྣམ་འཐོར་བ། །གང་དང་གང་ཡིན་དེ་དག་ནི། །མཐོང་ན་འདི་ལ་སུ་ཞིག་དགའ། །ཐོད་པ་དུང་གི་མདོག་འདྲ་བ།། [166A]༄༅། །བོར་ཞིང་ཀུ་བ་ལྷུང་ལྟ་བུ། །གང་དང་གང་ཡིན་དེ་དག་ནི། །མཐོང་ན་དེ་ལ་སུ་ཞིག་དགའ། །རྒྱལ་པོ་ཚ་ན་སྒྲིབ་བྱེད་ཅིང། །གྲང་ལ་གཡོགས་པར་བྱེད་པ་ཡི། །ཁྱོད་ཀྱི་བདག་ ཉིད་ཅེས་བྱ་བ། །གང་ཡིན་དེ་ཡང་འཆི་བས་འཇོམས། །མི་ཡིས་ཇི་ཙམ་ཟས་ཟོས་ཤིང། །གྱོན་ནམ་ཡང་ན་བྱིན་པ་དེ། །དེ་ཡི་རང་གི་ཤེས་བྱ་སྟེ། །གཞན་ནི་བོར་ཏེ་འགྲོ་བར་འགྱུར། །མི་ཡི་རྐུན་པོས་ མི་འཕྲོག་དང། །གཞན་དང་ཐུན་མོང་མ་ཡིན་པའི། །གཏེར་ནི་སྦྱིན་པའམ་ཡང་ན་ནི། །ལེགས་བྱས་གཞན་གྱིས་སྦ་པར་བྱ། །སྟག་གིས་རི་དྭགས་བསད་འདྲེན་ལྟར། །ན་རྒ་འཆི་བས་ཁྱོད་མྱུར་འདྲེན།། མཛའ་བཤེས་བློན་ཚོགས་ཀུན་འདུས་པས། །ཁྱོད་ཀྱི་ནད་ནི་སེལ་མི་ནུས། །དེ་ལ་སྤྱད་ལྷག་ནོར་འབྲུ་དང། །གསེར་དངུལ་གང་དག་ཡོད་པ་ལ། །བུ་དང་ཆུང་མ་འཁོར་བཅས་དག་བགོ་སྐལ་ཉིད་དུ་ སེམས་པར་བྱེད། །གལ་ཏེ་ཕ་ཤི་བུ་ལོན་ཆགས། །བུ་སྡུག་དེ་ལ་མེ་མི་འཁྱེར། །ཤི་ན་ཕྱི་བཞིན་མི་ངུ་ཞིང། །བདག་གི་ཕའམ་རྗེར་མི་སྨྲ། །ཕྱུག་ཤེས་བདག་གི་ཕ་ཟེར་ཞིང། །སྐྲ་བཤིག་མཆི་མའི་བཞིན་གྱིས་ དུ༑ ༑མེ་ཡང་མདུན་དུ་འཁྱེར་བྱེད་ཅིང། །ཀྱེ་མ་འདི་ནི་ལྷར་གྱུར་ཟེར། །གོས་ཀྱིས་བཀབ་བཞིན་འཁྱེར་བྱེད་ཅིང། །མེ་བཏང་དེ་ནས་སྲེག་པར་བྱེད། །ཉེ་དུ་དུ་ཞིང་གོས་གཅིག་གིས། །དེ་བསྲེགས་སྤངས་ ཏེ་ལོངས་སྤྱོད་བྱེད། །དེ་གཅིག་སྐྱེ་ཞིང་སྐྱེ་ཚེ་གཅིག་དེ་བཞིན་གཅིག་འཆི་འཆི་ཚེ་གཅིག་སྐྱེ་འདིར་གཅིག་པུས་སྡུག་བསྔལ་མྱོང་།འཁོར་བར་འགྱུར་ལ་གྲོགས་མེད་དོ། །དེ་མཐོང་འདི་ལ་དམ་པ་ [166B] །རབ་བྱུང་ཁྱིམ་ན་འདུག་མི་བྱེད། །དེ་དག་ཆགས་པ་ཀུན་བྲལ་ནས། །ཕྱིན་ཅད་མངལ་ན་འཇུག་མི་འགྱུར། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ། །དགེ་སློང་ཨུ་ཏྲ་ཡ་ནས་གོང་དུ་ནས་གོང་དུ་སྤོབས་ པས་ལན་གླན་པས་ཅང་མི་སྨྲ་ཞིང་སྤོབས་པ་མེད་པར་གྱུར་ཏེ་སོང་ངོ། །དེ་ནས་རྒྱལ་པོ་གཙུག་ཕུད་ཅན་གྱིས་རེ་ཞིག་ཇི་སྲིད་དུ་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་ནས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་གཞུག་ པར་བརྩམས་པ་དང། དེ་ལ་བློན་པོའི་མཆོག་ཧེ་རུ་ཀ་དང། བཧེ་རུ་ཀ་གཉིས་ཀྱིས་སྨྲས་པ། ལྷ། ཆོས་ཀྱིས་རྒྱལ་སྲིད་བགྱིད་དུ་སྩོལ་ལ། ཆོས་མ་ལགས་པས་བགྱིད་དུ་མ་སྩལ་ཅིག་དེ་ཅིའི་སླད་ དུ་ཞེ་ན། ལྷ། ཡུལ་གྱི་མི་དག་ནི། མེ་ཏོག་གི་ཤིང་ལྗོན་པ་དང་འབྲས་བུའི་ཤིང་ལྗོན་པ་དག་དང་འདྲ་བའི་སླད་དུ་སྟེ། ལྷ། འདི་ལྟ་སྟེ། དཔེར་བགྱི་ན། མེ་ཏོག་གི་ཤིང་ལྗོན་པ་དང། འབྲས་ བུའི་ཤིང་ལྗོན་པ་དག་ནི། དུས་དང་དུས་སུ་ལེགས་པར་ཡོངས་སུ་བསྐྱངས་ན། བར་ཆད་མ་མཆིས་པའི་སྦྱོར་བས་དུས་ཇི་ལྟ་བ་བཞིན་དུ་མེ་ཏོག་དང། འབྲས་བུ་དག་འབྱིན་པར་བགྱིད་དོ། །ལྷ། དེ་ བཞིན་དུ་ཡུལ་གྱི་མི་དག་ཀྱང། དུས་དང་དུས་སུ་ལེགས་པར་ཡོངས་སུ་བསྐྱངས་པ་ན། བར་ཆད་མ་མཆིས་པའི་སྦྱོར་བས་དུས་ཇི་ལྟ་བ་བཞིན་དུ་དཔྱ་དང། ལོ་ཐང་དག་འབུལ་བར་བགྱིད་དོ། །དེ་དེ་ གཉིས་ཀྱིས་བཟློག་པ་ན། རེ་ཞིག་ཇི་སྲིད་དུ་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་བཅུག་ནས་ཡང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་གཞུག་པར་བརྩམས་པ་དང། དེ་ལ་དེ་གཉིས་ཀྱིས་ལན་གསུམ་གྱི་བར་དུ་ཡང་ [167A]༄༅། །སྨྲས་ན། སྲེད་པ་འཕྲོས་པ་དང་ལྡན་པས་བཟློག་ཀྱང་མི་སྡོད་དེ། དེ་ཁྲོས་ནས་བློན་པོ་གཞན་དག་ལ་སྨྲས་པ། ཤེས་ལྡན་དག་གང་གི་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་ བསྐུར་བའི་བཀའ་ལན་གསུམ་གྱི་བར་དུ་ཡང་གཅོག་པ་དེའི་ཆད་པ་ཇི་ལྟ་བུ་ཡིན། དེ་ན་བློན་པོ་སྐྱོན་ཆགས་པ་ཁ་ཅིག་གིས་སྨྲས་པ་ལྷ། འདི་ལ་རྨ་ཅི་འཚལ་ཏེ། དེའི་ཆད་པ་ནི། དགུམ་པ་ལགས་སོ། ། ཚིགས་སུ་བཅད་པ་དག་ཀྱང་སྨྲས་པ། བློན་པོ་སྐྱོན་ནི་ཆགས་པ་དང། །འགུལ་བར་གྱུར་པའི་སོ་དང་ནི། །ཟས་ལ་སྐྱོན་ནི་ཆགས་པ་དག་ཕྱུང་བ་འབའ་ཞིག་བདེ་བར་འགྱུར། །བློན་པོ་བློ་དང་ལྡན་གྱུར་ཅིང། ། ཤེས་རབ་དང་ནི་འདུལ་ལ་མཁས། །མཛོད་ནས་གོ་འཕང་གནས་པ་ནི་།གང་གིས་མི་གསོད་དེས་གསོད་འགྱུར། །རྒྱལ་པོ་གཙུག་ཕུད་ཅན་གྱིས་སྨྲས་པ། ཤེས་ལྡན་དག་འདི་གཉིས་ནི། ངའི་ཡབ་ ཀྱིས་བསྐོས་པ་ཡིན་པས། ང་འདི་གཉིས་གསོད་པར་མི་བྱེད་དོ། །འདི་ལྟར་འདི་གཉིས་ཀྱིས་ངའི་མིག་སྔར་འདུག་པར་མི་བྱའོ། །ཞེས་དེ་གཉིས་ཀྱི་གོ་བཟློག་ནས་སྐྱོན་ཆགས་པ་གཞན་གཉིས་ཤིག་བློན་པོར་བསྐོས་ པ་དང། དེ་གཉིས་ཀྱིས་སྨྲས་པ། ལྷ། ཏིལ་མ་བརྡུངས་པ་དང་མ་བརྩལ་པ་དང། མ་བསྲོས་པ་དང། མ་བཙིར་བ་དག་གིས་ཏིལ་མར་མི་འབྱིན་ཏེ། མིའི་དབང་པོ། སྐྱེ་བོ་དག་ཀྱང་དེ་དང་འདྲའོ། །རྒྱལ་ པོས་སྨྲས་པ། ཁྱེད་གཉིས་ཀྱིས་བྱས་པ་གང་ཡིན་པ་དེ་ནི། མཆོག་ཏུ་བརྩོན་པ་ཡིན་ནོ། །དེ་གཉིས་ཀྱིས་ཡུལ་གྱི་མི་རྣམས་ལ་གནོད་པ་བྱ་བར་བརྩམས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཚོང་པ་ཞིག་ཟོང་ [167B]ཕྱིན་པ་དང། ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་དེ་མཐོང་ནས་ངོ་ཤེས་ཏེ་སྨྲས་པ། ཇི་ལྟར་སྒྲ་སྒྲོག་དག་ན་གཙུག་ཕུད་ཅན་།འཁོར་དང་ཚོགས་བཅས་སྟོབས་ལྡན་ ནད་མེད་དམ། །དེ་ལ་ཕས་ཀྱི་བསྔོ་བ་འགའ་མེད་ཅིང། །རང་གི་རྒྱལ་སྲིད་ཆོས་ཀྱིས་བྱེད་འཇུག་གམ། །དེས་སྨྲས་པ། ལྷ། དེ་བཞིན་སྒྲ་སྒྲོག་དག་ན་གཙུག་ཕུད་ཅན། །འཁོར་དང་ཚོགས་བཅས་སྟོབས་ ལྡན་བྲོ་མ་འཚལ། །དེ་ལ་ཕས་ཀྱི་བསྡོ་བ་མ་མཆིས་ཏེ། །རྒྱལ་སྲིད་རྟག་ཏུ་ཆོས་མ་ལགས་པས་བགྱིད། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་མཐར་གྱིས་དྲི་བར་བརྩམས་པ། དེ་ན་བློན་པོ་གང་ནི་གཙོ་ བོ་ཡིན། གང་ནི། གཙོ་བོ་མ་ཡིན། གང་གི་དབང་གིས་གཙུག་ཕུད་ཅན་ཡུལ་གྱི་མི་དག་ལ་གནོད་པར་བྱེད། དེས་སྨྲས་པ། ལྷ། བློན་པོའི་མཆོག་ཧེ་རུ་ཀ་དང། བཧེ་རུ་ཀ་གཉིས་ཀྱི་གོ་ནི། བཟློག་སྐྱོན་ ཆགས་པ་གཞན་གཉིས་ཤིག་ནི། བློན་པོར་བསྐོས་ཏེ། དེ་གཉིས་ཀྱི་དབང་གིས་གཙུག་ཕུད་ཅན་ཡུལ་གྱི་མི་དག་ལ་གནོད་པར་བགྱིད་དོ། །ཨུ་ཏྲ་ཡ་ནས་སྨྲས་པ། ཀྭའི་ནང་རྗེ། ཁྱོད་སོང་ལ་སྒྲ་སྒྲོག་ ན་གནས་པའི་སྐྱེ་བོའི་ཚོགས་ལེགས་པར་དབུགས་ཕྱུང་ཞིག་དང། ང་ཡང་དེར་ལྡོག་ཏུ་འོང་སྟེ། ང་ཉིད་ཀྱིས་གཙུག་ཕུད་ཅན་ཅི་ནས་ཀྱང་ཡུལ་གྱི་མི་རྣམས་ལ་གནོད་པར་མི་བྱེད་པ་དེ་ལྟར་གནོད་པ་ལས་ལྡོག་ པར་བྱ་ཞིང། ཕན་པ་ལ་ངེས་པར་སྦྱར་བར་བྱའོ། །ཚོང་པ་དེས་ཟོང་བསྒྱུར་ཏེ་ཟོང་རིན་ཁྱེར་ནས་འཕགས་ཏེ་མཐར་གྱིས་སྒྲ་སྒྲོག་ཏུ་ཕྱིན་ནས་དེས་ཉེད་དུ་རྣམས་ལ་གསང་སྟེ་སྨྲས་པ། ཤེས་ལྡན་དག་ཁོ་ [168A]༄༅། །བོ་ཟོང་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་སོན་ནས། ཁོ་བོས་དེར་རྒྱལ་པོ་བགྲེས་པོ་མཐོང་ནས་དེའི་ཞལ་ནས། ཀྭའི་ནང་རྗེ་ཁྱོད་སོང་ལ་སྒྲ་སྒྲོག་ན་གནས་པའི་སྐྱེ་བོའི་ཚོགས་ ལེགས་པར་དབུགས་ཕྱུང་ཞིག་དང། ང་ཡང་དེར་ལྡོག་ཏུ་འོང་སྟེ་ང་ཉིད་ཀྱིས་གཙུག་ཕུད་ཅན་ཅི་ནས་ཀྱང་ཡུལ་གྱི་མི་རྣམས་ལ་གནོད་པར་མི་བྱེད་པ་དེ་ལྟར་གནོད་པ་ལས་ལྡོག་པར་བྱ་ཞིང། ཕན་པ་ ལ་ངེས་པར་སྦྱར་བར་བྱའོ། །ཞེས་བྱུང་ངོ། །དེ་དག་གིས་ཀྱང་གཞན་དག་ལ་བརྗོད་ཅིང། དེ་དག་གིས་ཀྱང་གཞན་དག་ལ་བརྗོད་པས་དེ་ལྟར་སྒྲ་དེ་རྣ་བ་གཅིག་ནས་གཅིག་ཏུ་བརྒྱུད་པས་བློན་པོ་ སྐྱོན་ཆགས་པ་དེ་གཉིས་ཀྱི་རྣ་བར་སོན་ནས་དེ་གཉིས་ཀྱིས་བསམ་པ། གལ་ཏེ་རྒྱལ་པོ་རྒན་པོ་འོང་བར་གྱུར་ན་དེས་གདོན་མི་ཟ་བར་ཧེ་རུ་ཀ་དང། བཧི་རུ་ཀ་གཉིས། ཡང་བློན་པོའི་མཆོག་ཏུ་བསྐོ་ ཞིང། བདག་ཅག་གཉིས་ལ་གནོད་པ་བྱེད་པར་འགྱུར་གྱི། དེའི་ཕྱིར་གང་གིས་དེ་ལམ་གར་གསོད་དུ་འཇུག་པར་འགྱུར་བའི་ཐབས་ཀྱི་རྣམ་པ་ཞིག་བྱའོ། །སྙམ་ནས་དེ་གཉིས་ཀྱིས་རྒྱལ་པོ་གཙུག་ཕུད་ ཅན་ལ་སྨྲས་པ། ལྷ། རྒྱལ་པོ་བགྲེས་པོ་འབྱོན་པར་འགྱུར་ཞེས་གདའོ། །དེས་སྨྲས་པ། དེ་རབ་ཏུ་བྱུང་བས། དེ་ཅིའི་ཕྱིར་འདིར་འོང་བར་འགྱུར། དེ་གཉིས་ཀྱིས་སྨྲས་པ། ལྷ། གང་གིས་ གདུགས་གཅིག་རྒྱལ་སྲིད་བགྱིད་དུ་སྩལ་བ་དེ་ནི། ལྷ། རྒྱལ་སྲིད་མ་མཆིས་པས་དགའ་བར་ག་ལ་འགྱུར་ཏེ། ད་ཡང་རྒྱལ་སྲིད་བགྱིད་དུ་སྩོལ་བར་འཚལ་ལོ། །གཙུག་ཕུད་ཅན་གྱིས་སྨྲས་པ། གལ་ [168B] ང་ཉིད་ཀྱིས་གཞོན་ནུ་བྱ་སྟེ་འདི་ལ་འགལ་བ་ཅི་ཡོད། དེ་གཉིས་ཀྱིས་སྨྲས་པ། ལྷ། དེ་ནི། ཚུལ་དང་མཐུན་པ་མ་ལགས་ཏེ། གཞོན་ནུ་དང། བློན་པོ་དང། ཕོ་བྲང་འཁོར་གྱི་མི་དང་ ཡུལ་གྱི་མི་དག་གིས་ཐལ་མོ་སྟོང་དག་གིས་ཕྱག་བགྱིས་པས་རྒྱལ་སྲིད་བགྱིད་དུ་སྩལ་ནས། ཡང་ཇི་ལྟར་གཞོན་ནུའི་གནས་སུ་གནས་པར་མཛད། ཡུལ་ཡོངས་སུ་གཏང་བ་ནི། མི་བསྡོ་ཡི། གཞོན་ནུའི་ གནས་སུ་གནས་པ་ནི། མི་རུང་སྟེ། འདི་ལྟ་སྟེ། དཔེར་བགྱི་ན། མི་ཞིག་གླང་པོ་ཆེའི་གཉའ་བར་མཆིས་ནས་རྟའི་རྒྱབ་ཏུ་མཆི་བ་དང། རྟའི་རྒྱབ་ཏུ་མཆིས་ནས་ཤིང་རྟས་མཆི་བ་དང། ཤིང་རྟས་མཆིས་ ནས་རྐང་པ་གཉིས་ཁོ་ནས་མཆི་བ་བཞིན་དུ། རྒྱལ་སྲིད་བགྱིད་དུ་སྩལ་ནས། ཡང་གཞོན་ནུའི་གནས་ན་གནས་པ་ཡང། དེ་དང་འདྲའོ་།དེ་གཉིས་ཀྱིས་བསླུས་ནས་དེས་སྨྲས་པ། འོ་ན་འདི་ལ་གང་རིགས་ འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་གཉིས་ཀྱིས་སྨྲས་པ། ལྷ། དེ་འགུམ་དུ་སྩལ་བར་བགྱིའོ། །གལ་ཏེ་འགུམ་དུ་མ་སྩལ་ན། གོར་མ་བཀུམ་པར་བློན་པོ་སྐྱོན་ཆགས་པ་དག་དང་བསྡོངས་ཏེ་ལྷ་ཉིད་དགྲོངས་ པར་བགྱིད་དོ། །དེ་སྐད་ཅེས་སྨྲས་པ་དང། དེ་བཞིན་གྱུར་ཅིང་ཉམས་ཏེ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་ནས་མཆི་མས་བརྣངས་པའི་སྙིང་གིས་སྙིང་རྗེ་ཞིང་ཞུམ་པ་དང་ཐོགས་པའི་ཡིད་དག་གིས་སྨྲས་ པ། ཤེས་ལྡན་གཉིས། ཇི་ལྟར་ཡབ་བགྲོངས་སུ་རུང། དེ་གཉིས་ཀྱིས་སྨྲས་པ། ལྷས། ཕའམ་ཡང་ན་སྤུན་དག་གམ། །རང་ལས་སྐྱེས་པའི་བུ་ཡང་རུང། །གལ་ཏེ་དགྲ་ཁྲོད་ཞུགས་གྱུར་ན། །ས་ཕུང་ [169A]༄༅། །འཕེལ་བ་ཉིད་དུ་བྱ། །ཞེས་བགྱི་བ་མ་གསན་ཏམ། ཡང་སྨྲས་པ། ལྷས། གང་ལ་བུ་ཕོ་སྟོང་བདོག་ཅིང། །ཐམས་ཅད་གྲུ་གཅིག་ཞུགས་གྱུར་ལ། །དེར་ནི་དགྲ་བོ་གཅིག་བྱུང་ན།། དེ་ཡི་དོན་དུ་དེ་ནུབ་བྱ། །ཞེས་བགྱི་བ་ཡང་མ་གསན་ཏམ། །ལྷས་གཞན་དག་ནས། ཁྱིམ་གྱི་ཕྱིར་ནི་གཅིག་གཏང་བྱ། །གྲོང་ཕྱིར་ཁྱིམ་ནི་གཏང་བར་བྱ། །ལྗོངས་ཕྱིར་གྲོང་ནི་གཏང་བྱ་སྟེ་།བདག་ཉིད་ཕྱིར་ ནི་ས་གཏང་བྱ། །ཞེས་འབྱུང་བ་ཡང་མ་གསན་ཏམ། །ལྷ། འདི་ལ་དགོངས་པར་བགྱི་བ་ཅི་ཡང་མ་མཆིས་ཏེ། དེ་ནི། དགུམ་པར་བགྱི་ལགས་པས། འགུམ་དུ་སྩལ་བར་བགྱིའོ། །གལ་ཏེ་ལྷ་འདི་ལ་ཕྱི་ བཤོལ་མཛད་ནས་ལྷ་ལ་རྗེས་སུ་ཆགས་པའི་གཞོན་ནུ་དང། བློན་པོ་དང། ཕོ་བྲང་འཁོར་གྱི་མི་དང། ཡུལ་གྱི་མི་གང་དག་ལགས་པ་དེ་དག་འཁྲུགས་པར་གྱུར་ན། གོར་མ་བཀུམ་པར་ལྷ་ལ་གནོད་པ་བགྱིད་ པར་འགྱུར་རོ། །འདོད་པ་དག་ལ་བརྟེན་པས་ནི། སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས་དེས་དེ་ལྟར་གྱིས་ཤིག་ཅེས་ཁས་བླངས་སོ། །དེ་ནས་བློན་པོ་སྐྱོན་ཆགས་པ་དེ་གཉིས་དགའ་བ་དང། མགུ་བ་དང་ མཆོག་ཏུ་དགའ་བ་སྐྱེས་ནས་མི་གཤེད་མ་པ་དག་ལ་སྨྲས་པ། ཤེས་ལྡན་དག་དེངས་ལ་རྒྱལ་པོ་རྒན་པོ་སོད་ཅིག་དང། ཁྱེད་ཅག་ལ་ལོངས་སྤྱོད་དག་གི་བགོ་བཤའ་བྱའོ། །རྒྱལ་པོ་དེ་ལ་ཕོ་བྲང་འཁོར་ མི་དང། ཡུལ་གྱི་མི་ཐམས་ཅད་རྗེས་སུ་ཆགས་པས་དེ་གསོད་པར་སྤྲོ་བ་འགའ་ཡང་མེད་དོ། །དེ་གཉིས་ཀྱིས་དེ་དག་ལ་ལན་གསུམ་གྱི་བར་དུ་ཡང་དབྱིག་དང། གསེར་དང། གྲོང་སྦྱིན་པ་ལ་སོགས་པས་ [169B] སྤྲོ་བ་འགའ་ཡང་མ་བྱུང་ནས། དེ་ནས་དེ་གཉིས་ཁྲོ་བོས་ཀུན་ནས་དཀྲིས་པས་ཕྱག་སྦལ་སྲུང་ང་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེངས་ལ་མི་དེ་དག་བུ་དང། ཆུང་མ་དང། རྩ་ལག་དང་ མཛའ་བཤེས་དང། ཉེ་དུའི་ཚོགས་དང་བཅས་པ་ཆིངས་ལ་ཕྱག་སྦལ་དུ་ཆུག་ཅིག་དེ་དག་གིས་ཐོས་ནས་སྐྲག་པར་གྱུར་ཏེ་སྨྲས་པ་ལྷ་ཉག་མི་བཞེས་སུ་གསོལ། བདག་ཅག་ནི། ཕྱག་རྗེད་བཀའ་ ཉན་པ་དག་ལགས་ཀྱི་མཆིའོ། །ཞེས་དེ་དག་གིས་རལ་གྲི་རྣོན་པོ་མཆན་དུ་བཅུག་སྟེ་འཕགས་སོ། །ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ ཟིན་པ་དང་ལྡན་པས། ལྷུང་བཟེད་དང་ཆོས་གོས་ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གྲོང་ཁྱེར་སྒྲ་སྒྲོག་ཏུ་ལྗོངས་རྒྱུ་ཞིང་མཆི་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་ཏྲ་ཡ་ན། སོང་ལ་ཁྱོད་ཀྱིས་ལས་བདག་གིར་བྱ་བ་ཡིད་ལ་ བྱའོ། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་དེ་ཉིད་ཀྱི་མཚན་མོ་ འདས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ཟས་ཀྱི་ [170A]༄༅། །བསོད་སྙོམས་ལས་ཕྱིར་ལོག་པས། ཇི་ལྟར་ལོངས་སྤྱོད་པའི་གནས་མལ་མཁོས་སུ་ཕབ་སྟེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ལས་ཀྱིས་བདས་ཏེ་སོང་ངོ། །ལས་ཀྱིས་རིང་དུ་ འདྲེན་བྱེད་དེ། །རིང་ནས་ལས་ཀྱིས་འདྲེན་པར་བྱེད། །གང་དུ་ལས་རྣམས་སྨིན་འགྱུར་བ། །དེར་ནི་ལས་ཀྱིས་རབ་ཏུ་འདྲིན། །དེ་གྲོང་ཁྱེར་སྒྲ་སྒྲོག་ག་ལ་བ་དེར་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་ ལམ་གར་རི་བྲག་ཅིག་ཡོད་པ་དེར་བསོད་སྙོམས་ལ་ཞུགས་ནས་དེ་དེ་ནས་བསོད་སྙོམས་རྒྱུས་ཏེ་སོང་བ་དང། མི་གཤེད་མ་དེ་དག་དང་ཕྲད་ནས་དེ་དག་གིས་དེ་མཐོང་ངོ། །དེས་ཀྱང་དེ་དག་ངོ་ཤེས་ ནས་དེ་དེ་དག་དང་ལྷན་ཅིག་སྐྱེད་མོས་ཚལ་ཞིག་ཏུ་མཚན་མོ་གནས་པར་ཁས་བླངས་ནས་དེས་དེ་དག་ལ་དྲི་བར་བརྩམས་པ། ཇི་ལྟར་སྒྲ་སྒྲོག་དག་ན་གཙུག་ཕུད་ཅན། །འཁོར་དང་ཚོགས་བཅས་ སྟོབས་ལྡན་ནད་མེད་དམ། །དེ་ལ་ཕས་ཀྱི་བསྡོ་བ་འགའ་མེད་ཅིང་།རང་གི་རྒྱལ་སྲིད་ཆོས་ཀྱིས་བྱེད་འཇུག་གམ། དེ་དག་གིས་སྨྲས་པ་ལྷ། དེ་བཞིན་སྒྲ་སྒྲོག་དག་ན་གཙུག་ཕུད་ཅན། །འཁོར་དང་ ཚོགས་བཅས་སྟོབས་ལྡན་བྲོ་མ་འཚལ། །དེ་ལ་ཕས་ཀྱི་བསྔོ་བ་མ་མཆིས་ཏེ། །རྒྱལ་སྲིད་རྟག་ཏུ་ཆོས་མ་ལགས་པས་བགྱིད། །མི་མཆོད་ཁྱོད་ཀྱི་ཚུལ་དང་མཐུན་པ་ཡི། །འཕགས་དངོས་མངོན་རྟོགས་ གང་ལགས་ཁྱོད་ཀྱིས་མཛོད། །ཞི་བ་དེ་མི་ཚུལ་མཐུན་གང་ལགས་པ། །དེ་ནི་དེ་རིང་ཉེ་བར་གཟིགས་པར་གྱུར། །ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་སྨྲས་པ། ཤེས་ལྡན་དག་ཅི། དེ་ང་དེར་འོངས་པ་ལ་ [170B] དེ་དག་གིས་སྨྲས་པ། ལྷ། མངོན་པར་མི་དགའོ། །དེས་སྨྲས་པ། ཤེས་ལྡན་དག། གལ་ཏེ་དེ་ལྟ་ན་མི་འགྲོའི། ཕྱིར་ལྡོག་པར་བྱའོ། །དེ་དག་གིས་ཚིགས་སུ་བཅད་པ་སྨྲས་པ་ སྐྱེས་བུ་པ་ཁྱོད་སླར་ནི་གང་དུ་གཤེགས། །སྲས་ནི་ཁྱོད་གསོན་མངོན་པར་མི་དགའ་སྟེ། །བདག་ཅག་བྱུར་ངན་རྒྱལ་པོས་བསྒོས་རྣམས་ཀྱིས། །འདིར་ནི་ཁྱོད་བགྲོངས་སླད་དུ་མཆིས་ཀྱིས་འཚལ། །ཚེ་དང་ལྡན་ པ་ཨུ་ཏྲ་ཡ་ནས་སྨྲས་པ། ཤེས་ལྡན་དག། ཁྱེད་ཅག་ང་གསོད་པའི་གཤེད་མ་པ་དག་ཡིན་ནམ། ལྷ། བདག་ཅག་ཁྱོད་བགྲོངས་པའི་གཤེད་མ་པ་དག་ལགས་སོ། །ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་བསམ་པ་ བཅོམ་ལྡན་འདས་ཀྱིས་བདག་ལ་ཨུ་ཏྲ་ཡ་ན། སོང་ལ་ཁྱོད་ཀྱིས་ལས་བདག་གིར་བྱ་བ་ཡིད་ལ་བྱའོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ནི། འདི་ཡིན་པ་ལྟ་སྟེ། འཁོར་བ་ནི། རྣམ་པ་ཐམས་ཅད་དུ་ངན་པ་ སྙིང་པོ་མེད་པ། འཇིགས་པའི་ཆོས་ཅན་ཡིན་ནོ། །སྙམ་དུ་རིག་ནས་དེ་དག་ལ་སྨྲས་པ། བཞིན་བཟང་དང། ང་དོན་གང་གི་ཕྱིར་རབ་ཏུ་བྱུང་བའི་དོན་དེ། ངས་ད་དུང་མ་ཐོབ་ཀྱི། རེ་ཞིག་ང་རང་གི་དོན་ རྗེས་སུ་སྒྲུབ་ཀྱི་བར་དུ་ཡུད་ཙམ་ཞིག་སྡོད་ཅིག་དེ་དག་གིས་ཕན་ཚུན་གྲོས་བྱས་ཏེ་སྨྲས་པ། ལྷ། དེ་ལྟར་མཛོད་ཅིག། དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་ཤིང་ལྗོན་པ་ཞིག་གི་དྲུང་དུ་བརྟེན་ནས་བྲང་ འགྲོའི་རྒྱལ་པོ་གཉིད་ལོག་པའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བས་འདུག་གོ་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང་ [171A]༄༅། །ཁམས་ལ་མཁས་པ་དང། སྐྱེ་མཆེད་ལ་མཁས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་ པ་ཡིན་ནོ། །ཞེས་གསུངས་པས། དེས་བརྩོན་འགྲུས་བརྩམས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང། མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང། ལྟུང་བ་ དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་ཆོས་ཉིད་ཀྱི་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་ བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ། ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་གོ་བར་བྱེད་ཅིང། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་ དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙནྡན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྤུབས་དྲལ་བར་གྱུར་ཅིང། རིག་པ་ དང། མངོན་པར་ཤེས་པ་དང། སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་ [171B] རྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་དགྲ་བཅོམ་པ་ཉིད་ཐོབ་ནས་རྣམ་པར་གྲོལ་བའི་དགའ་བ་དང། བདེ་བ་སོ་སོར་ཡང་དག་པར་ རིག་པ་ན། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། དགེ་སློང་ཨུ་ཏྲ་ཡ་ན་ནི། །མདུད་པའི་སྦྱོར་བ་ཟུག་རྔུ་དང། །དེ་བཞིན་སྒྲིབ་ལས་ཐར་གྱུར་ཀྱང། །རྒྱལ་པོའི་ཆོས་ལས་དེང་མཐར། །ཅེས་སྨྲས་ནས་མི་ གཤེད་མ་དེ་དག་ལ་སྨྲས་པ། བཞིན་བཟང་དག་ངས་ཐོབ་པར་བྱ་བ་གང་ཡིན་པ་དེ་ཐོབ་ཟིན་གྱི། ད་ནི། ཁྱེད་ཅག་དོན་གང་གི་ཕྱིར་འོངས་པའི་དོན་དེ་ཐོབ་པར་བྱའོ། །དེ་དག་གིས་སྨྲས་པ་ལྷ། གལ་ཏེ་ རྒྱལ་པོ་གཙུག་ཕུད་ཅན་བདག་ཅག་ལ་རྒྱལ་པོ་རྒན་པོས་འཆི་བའི་དུས་ཀྱི་ཚེ་ཅི་ཞིག་སྨྲས་ཞེས་རྨེད་ན། བདག་ཅག་གིས་དེ་ལ་ཇི་སྐད་བརྗོད་པར་བགྱི། བཞིན་བཟང་དག། དེ་ལ་འདི་སྐད་ཅེས། རྒྱལ་སྲིད་ ཕྱིར་ནི་ཕ་བསད་པས། །བསོད་ནམས་མ་ཡིན་མང་པོ་བསྐྱེད། །ང་ནི་ཡོངས་སུ་མྱ་ངན་འདའ། །ཁྱོད་ནི་མནར་མེད་འགྲོ་བར་འགྱུར། །ཞེས་བརྗོད་པར་བྱའོ། །གཞན་ཡང་འདི་སྐད་ཅེས། ཁྱོད་ཀྱིས་ མཚམས་མེད་པ་གཉིས་བྱས་ཏེ། ཕ་སྲོག་དང་བྲལ་བ་གང་ཡིན་པ་དང། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་སྲོག་དང་བྲལ་བ་གང་ཡིན་པ་དེ་གཉིས་ཀྱིས་ཁྱོད་ཡུན་རིང་པོར་སེམས་ཅན་དམྱལ་བ་ ཆེན་པོ་མནར་མེད་པར་གནས་པར་བྱ་དགོས་ཀྱི། སྡིག་པ་སྣ་ཚོགས་ལས་ཤོགས་ཤིག་དང། དེ་ལྟར་ན། ལས་བསྲབས་པ་ཉིད་དང། ཡོངས་སུ་མཐར་ཐུག་པར་འགྱུར་རོ། །ཞེས་བརྗོད་པར་བྱའོ། ། [172A]༄༅། །ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་ཡང་བསམ་པ། སེམས་ཅན་དེ་སེམས་ཅན་དམྱལ་བ་ཆེན་པོ་ལ་གཞོལ་བར་གྱུར་ན། མི་རུང་གི་།རྫུ་འཕྲུལ་གྱིས་འགྲོའོ། །སྙམ་ནས་དེས་རྫུ་ འཕྲུལ་གྱི་ཐབས་གང་དང་གང་ཡིན་བརྩམས་ན། དེའི་ལས་ཀྱིས་ནོན་པས་རྫུ་ཞེས་བྱ་བ་ཙམ་ཡང་སྣང་བར་མ་གྱུར་ན། རྫུ་འཕྲུལ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་མི་གཤེད་མ་པ་དེ་དག་ལས། མི་ སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་ཞིག་གིས་རལ་གྲི་ཤུབས་ནས་ཕྱུང་སྟེ་དེའི་མགོ་དྲུངས་ནས་བཅད་ནས་ས་ལ་བསྒྱེལ་ཏོ། །དེ་ནས་བཅོམ་ལྡན་འདས་འཛུམ་པ་ མཛད་དོ། །ཆོས་ཉིད་ཀྱིས་ན། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ན་ཞལ་ནས་འོད་ཟེར་སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དང་ བཙོད་ཁ་དང། ཤེལ་དང། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས། ཁ་ཅིག་ནི། འོག་ལོགས་སུ་འདོང། ཁ་ཅིག་ནི། སྟེང་ལོགས་སུ་འདོང་བས། གང་དག་འོག་ལོགས་སུ་འདོང་བ་དེ་དག་ ནི། སེམས་ཅན་དམྱལ་བ་ཡང་སོས་དང། ཐིག་ནག་དང། བསྡུས་གཞོམ་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང། ཚ་བ་དང། རབ་ཏུ་ཚ་བ་དང། མནར་མེད་པ་དང། ཆུ་བུར་ཅན་དང། ཆུ་བུར་ རྡོལ་བ་དང། སོ་ཐམས་ཐམས་པ་དང། ཀྱི་ཧུད་ཟེར་བ་དང། ཨ་ཆུ་ཟེར་བ་དང། ཨུཏྤལ་ལྟར་གས་པ་དང། པདྨ་ལྟར་གས་པ་དང་པདྨ་ལྟར་གས་པ་ཆེན་པོར་དོང་སྟེ། སེམས་ཅན་དམྱལ་བ་ [172B] བསིལ་བར་གྱུར་ཏེ་འབབ་པར་བྱེད་ལ། སེམས་ཅན་དམྱལ་བ་གྲང་བ་གང་དག་ཡིན་པ་དེ་དག་ཏུ་ནི། དྲོ་བར་གྱུར་ཏེ་འབབ་པར་བྱེད་དོ། །དེས་སེམས་ཅན་དེ་དག་གི་གནོད་པའི་ བྱེ་བྲག་དག་རྒྱུན་གཅོད་པར་བྱེད་ཅིང། དེ་དག་འདི་སྙམ་དུ་ཤེས་ལྡན་དག་ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སྙམ་དུ་སེམས་སོ། །དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་ བཅོམ་ལྡན་འདས་ཀྱིས་སྤྲུལ་པ་གཏོང་བར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ། ཤེས་ལྡན་དག་བདག་ཅག་འདི་ནས་ཤི་འཕོས་པ་ཡང་མ་ཡིན་ལ། གཞན་དུ་སྐྱེས་པ་ཡང་མ་ཡིན་ཏེ་ འདི་ལྟར། སེམས་ཅན་སྔོན་མ་མཐོང་བ་འདིའི་མཐུས་བདག་ཅག་གིས་གནོད་པའི་བྱེ་བྲག་དག་རྒྱུན་ཆད་པར་གྱུར་ཏོ། །སྙམ་དུ་སེམས་སོ་།དེ་དག་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་ནས་སེམས་ཅན་ དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་བདེན་པ་དག་གི་སྣོད་དུ་གྱུར་པར་འགྱུར་བའི་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིད་མཚམས་སྦྱོར་བ་ལེན་པར་བྱེད་དོ། །གང་དག་སྟེང་ལོགས་སུ་འདོང་ བ་དེ་དག་ནི། རྒྱལ་ཆེན་བཞི་པ་དང། སུམ་ཅུ་རྩ་གསུམ་པ་དང་འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དང། ཚངས་རིས་དང། ཚངས་པའི་མདུན་ན་འདོན་ དང། ཚངས་ཆེན་དང། འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་དང། དགེ་ཆུང་དང། ཚད་མེད་དགེ་དང། དགེ་རྒྱས་དང་སྤྲིན་མེད་དང། བསོད་ནམས་སྐྱེས་དང། འབྲས་བུ་ཆེ་བ་དང། མི་ [173A]༄༅། །ཆེ་བ་དང། མི་གདུང་བ་དང། གྱ་ནོམ་སྣང་དང། ཤིན་ཏུ་མཐོང་དང། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་དོང་ནས་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང་ བདག་མེད་པ་ཞེས་བྱ་བའི་སྒྲ་སྒྲོག་པར་བྱེད་ཅིང། ཚིགས་སུ་བཅད་པ་གཉིས་པོ། །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། ། འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས་།ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་སྨྲས་ སོ༑ །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་བཅོམ་ལྡན་འདས་ཉིད་ཀྱི་སླད་བཞིན་སླད་བཞིན་དུ་རྗེས་སུ་འདོང་སྟེ། དེ་ལ་གལ་ཏེ་བཅོམ་ལྡན་འདས་ འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་ནུབ་པར་འགྱུར། སེམས་ཅན་ དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར། དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་ལོང་བུར་ནུབ་པར་འགྱུར། ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་ བཞེད་ན་ནི། ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར། མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། བུས་མོར་ནུབ་པར་འགྱུར། སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི། ཕྱག་མཐིལ་ [173B] འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི། ཕྱག་མཐིལ་གཡས་པར་ནུབ་པར་འགྱུར་ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་ནུབ་པར་འགྱུར་ཉན་ ཐོས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་ནུབ་པར་འགྱུར། རང་སངས་རྒྱས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི། གཙུག་ཏོར་དུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་དུ་ནུབ་བོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཁ་དོག་སྣ་ཚོགས་སྟོང་གིས་བཀྲ་བ་ཡི། །ཚོགས་རྣམས་ཞལ་གྱི་སྒོ་ནས་བྱུང་གྱུར་ཏེ། །དེ་ཡིས་ཕྱོགས་རྣམས་ཐམས་ཅད་ སྣང་བགྱིས་པ། །ཉི་གདུགས་བདལ་བར་གྱུར་པ་ཇི་བཞིན་ནོ། །ཡང་ཚིགས་སུ་བཅད་པ་སྨྲས་པ། རྒོད་བྲལ་ཞུམ་དང་རྒྱགས་པ་རབ་སྤངས་པ། །སངས་རྒྱས་འགྲོ་བ་མཆོག་གི་རྒྱུར་གྱུར་པ། །རྒྱལ་བ་ དགྲ་ཐུལ་བྱེད་རྒྱུ་མ་མཆིས་པར། །རྩ་ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟན་པ་རང་བློས་དུས་མཁྱེན་ནས། །ཐུབ་པ་ཁྱུ་མཆོག་དགེ་སྦྱོང་སྐྱེ་དབང་པོ། །ཉན་པའི་སྐྱེ་བོ་སོམ་ཉི་ལྡན་ རྣམས་ལ། །ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང། །དམ་པ་དགེ་བ་དག་གིས་བསལ་དུ་གསོལ། །ཚ་ཆུ་རི་རྒྱལ་ལྟ་བུ་བརྟན་པ་ཡི། །སངས་རྒྱས་མགོན་རྣམས་གློ་བུར་འཛུམ་མི་སྟོན། །བརྟན་རྣམས་ཅི་ [174A]༄༅། །སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོའི་ཚོགས་རྣམས་དེ་ནི་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ ཀུན་དགའ་བོ། དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དེ། ཀུན་དགའ་བོ། འདི་ལྟར། དགེ་སློང་ཨུ་ཏྲ་ཡན་ ནི༑ ༑མདུད་པ་སྦྱོར་བ་ཟུག་རྔུ་དང། །དེ་བཞིན་སྒྲིབ་ལས་ཐར་གྱུར་ཀྱང། །རྒྱལ་པོའི་ཆོས་ལས་དེང་མ་ཐར། །ཀུན་དགའ་བོ་གྲོང་ཁྱེར་སྒྲ་སྒྲོག་ན་གནས་པའི་རྒྱལ་པོ་གཙུག་ཕུད་ཅན་སྡིག་པའི་ གྲོགས་པོས་བསྐོར་བས། དགེ་སློང་ཨུ་ཏྲ་ཡ་ན་དགྲ་བཅོམ་པ་ཉིད་ཐོབ་པ་སྲོག་དང་བྲལ་བར་བྱས་ཏེ། དེས་ཕ་དགྲ་བཅོམ་པ་སྲོག་དང་བྲལ་བར་བྱས་པས། ངེས་པར་སེམས་ཅན་དམྱལ་བ་ཆེན་ པོ་མནར་མེད་པར་སྐྱེ་བར་འགྱུར་རོ། །བཙུན་པ། ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་དགྲ་བཅོམ་པ་ཉིད་ཐོབ་ཅིང། སྲོག་དང་བྲལ་བར་གྱུར་ཏམ། ཀུན་དགའ་བོ། ཨུ་ཏྲ་ཡ་ན་དགྲ་བཅོམ་པ་ཉིད་ཐོབ་ཅིང་སྲོག་ དང་བྲལ་བར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ཐོས་ནས་མཆིམས་བརྣངས་ཏེ་འདུག་གོ་དེ་ནས་གཤེད་མ་པ་མི་དེ་དག་གིས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནའི་ལྷུང་བཟེད་དང། ཆོས་གོས་དང་ མཁར་གསིལ་ཁྱེར་ཏེ་གྲོང་ཁྱེར་སྒྲ་སྒྲོག་ཏུ་ཕྱིན་ནས་དེ་དག་གིས་བློན་པོ་སྐྱོན་ཆགས་པ་དེ་གཉིས་ལ་སྨྲས་པ། རྒྱལ་པོ་རྒན་པོ་བསད་དོ། །དེ་གཉིས་ཀྱིས་ཐོས་ནས་དགའ་བ་དང། མཆོག་ཏུ་དགའ་བ་ [174B]སྨྲས་པ། ལྷ་དགྱེས་པ་སྐྱེད་ཅིག་ད་ནི། ལྷའི་རྒྱལ་སྲིད་ལ་ཚེར་མ་མཆིས་སོ། །ཇི་ལྟར་གྱུར། ལྷའི་དགྲ་གང་ལགས་པ་དེ་བཀུམ་མོ་།ངའི་དགྲ་གང་ ཡིན། ལྷ། རྒྱལ་པོ་རྒན་པོའོ། །དེ་བསད་པ་ཇི་ལྟར་ཤེས། དེ་གཉིས་ཀྱིས་མི་གཤེད་མ་པ་དག་བསྟན་ཏེ་སྨྲས་པ། ལྷ། མི་འདི་དག་ནི་གཤེད་མ་པ་ལགས་ཏེ། འདི་དག་གིས་དེ་བཀུམ་མོ། ། རྒྱལ་པོ་གཙུག་ཕུད་ཅན་གྱིས་དེ་དག་མཐོང་ནས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་རྒན་པོ་ལ་དཔུང་ཇི་ཙམ་ཡོད། ལྷ། དེ་ལ་དཔུང་ག་ལ་མཆིས་ཏེ། ལྷུང་བཟེད་དང། ཆོས་གོས་དང། མཁར་ གསིལ་འདི་ལགས་སོ། །རྒྱལ་པོ་གཙུག་ཕུད་ཅན་གྱིས་དེ་མཐོང་ནས་བརྒྱལ་ཏེ་ས་ལ་འགྱེལ་ནས་ཆུས་བཏབ་སྟེ་དབུགས་ཕྱིར་བྱུང་ནས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་རྒན་པོས་འཆི་བའི་ཚེ་ཅི་སྨྲས་ ལྷ༑ རྒྱལ་པོ་རྒྱན་པོ་སྲོག་དང་བྲལ་ཁར་འདི་སྐད་ཅེས། རྒྱལ་སྲིད་ཕྱིར་ནི་ཕ་བསད་པས། །བསོད་ནམས་མ་ཡིན་མང་པོ་བསྐྱེད་།ང་ནི་ཡོངས་སུ་མྱ་ངན་འདའ། །ཁྱོད་ནི་མནར་མེད་འགྲོ་བར་འགྱུར། ། ཞེས་མཆིའོ། །གཞན་ཡང་འདི་སྐད་ཅེས། ཁྱོད་ཀྱིས་མཚམས་མེད་པའི་ལས་གཉིས་བྱས་ཏེ། ཕ་སྲོག་དང་བྲལ་བ་གང་ཡིན་པ་དང། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་སྲོག་དང་བྲལ་བ་གང་ཡིན་ པ་དེས། ཁྱོད་ཡུན་རིང་པོར་དམྱལ་བར་གནས་པར་བྱ་དགོས་ཀྱི་སྡིག་པ་སྡིག་པ་ལས་ཤོགས་ཤིག་དང། དེ་ལྟར་ན། ལས་བསྲབས་པ་ཉིད་དང་ཡོངས་སུ་ཟད་པ་དང། ཡོངས་སུ་གཏུགས་པར་འགྱུར་རོ། །ཞེས་ [175A]༄༅། །མཆིའོ། །དེ་མྱ་ངན་གྱི་ཟུག་རྔུས་གཟིར་བས། འདམ་བུ་སྔོན་པོར་བརྔས་པ་བཞིན་དུ་རྙིད་པར་གྱུར་ནས་དེས་བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་གཉིས་པོས་ཏེ་སྨྲས་པ་ ཤས་ལྡན་གཉིས། ཁྱེད་གཉིས་ཀྱིས་ང་ལས་དེ་ལྟ་བུ་བྱེད་པ་ལས་མ་བཟློག་གོ་དེ་གཉིས་ཀྱིས་སྨྲས་པ། ལྷས་བདག་ཅག་གཉིས་སྤྱན་ལམ་དུ་མ་བཞག་ན། ཇི་ལྟར་བཟློག་པར་བགྱི། དེས་བློན་པོ་ སྐྱོན་ཆགས་པ་དེ་གཉིས་མིག་ལམ་དུ་མི་སྣང་བར་བཞག་ནས་ཧེ་རུ་ཀ་དང། བཧེ་རུ་ཀ་གཉིས་ཕྱིར་བློན་པོའི་མཆོག་ཏུ་བསྐོས་པ་དང་བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་གསང་སྟེ་ཚེ་དང་ལྡན་པ་རྒྱལ་དང་ སྐར་རྒྱལ་གྱི་མཆོད་རྟེན་གཉིས་ལ་ཁུང་བུ་གཉིས་བསྐོས་ནས་དེར་བྱི་ལའི་ཕྲུག་གུ་གཉིས་བཞག་སྟེ། དེ་གཉིས་ཀྱིས་ཉི་མ་རེ་རེ་ཞིང་ཤ་སྲི་རེ་རེ་བྱིན་ནས་འདི་སྐད་ཅེས། རྒྱལ་དང། སྐར་རྒྱལ་གཉིས་བདེན་ པ་དང། བདེན་པའི་ཚིག་གང་གིས་ཁྱེད་གཉིས་ཀྱི་སྒྱུ་མས་འཇིག་རྟེན་བསླུས་ཏེ་དད་པས་སྦྱིན་པར་བྱ་བ་ཆུད་གཟན་པས་བྱི་ལའི་གནས་ངན་པར་སྐྱེས་པའི་བདེན་པ་དང་བདེན་པའི་ཚིག་དེས། ཤ་སྲི་ ལོངས་ལ་རང་རང་གི་མཆོད་རྟེན་ལ་བསྐོར་བ་བགྱིས་ཏེ་རང་རང་གི་ཁུང་དུ་ཞུགས་ཤིག་ཅེས་སློབ་པར་བྱེད་དོ། །གང་གི་ཚེ་དེ་གཉིས་ལེགས་པར་ལོབས་པར་གྱུར་པ་དེའི་ཚེ། བློན་པོ་སྐྱོན་ཆགས་པ་དེ་ གཉིས་ཨུ་ཏྲ་ཡ་ནའི་བཙུན་མོའི་གན་དུ་སོང་སྟེ་སྨྲས་པ། ལྷ་མོ་ཁྱོད་ཀྱིས་སྲས་རིད་པ་དང། ཉམ་ཆུང་བ་དང། རྐེ་བ་དང། ལུས་མ་ཐོབ་པར་གྱུར་ན། ཅིའི་སླད་དུ་ཁྱོད་བཏང་སྙོམས་མཛད། དེས་ [175B] ཁྱེད་གཉིས་ཉིད་ཀྱིས་དེ་ལས་དེ་ལྟ་བུ་བྱེད་དུ་བཅུག་ན། ད་ཁོ་མོས་ཇི་ལྟར་བྱ། དེ་གཉིས་ཀྱིས་སྨྲས་པ། ལྷ་མོ་ཅི། གང་དུ་བུམ་པ་ལྟུང་བ་དེར་དཔྱང་ཐག་ཀྱང་ལྟུང་བར་བྒྱིའམ། དེས་སྨྲས་པ། དེས་ ཤེས་ཏེ། རེ་ཞིག་དེའི་ཕ་བསད་པ་ནི། ཁོ་མོས་གསང་བར་བྱ་ན་དགྲ་བཅོམ་པ་བསད་པ་སུས་གསང་བར་འགྱུར། དེ་གཉིས་ཀྱིས་སྨྲས་པ་ལྷ་མོ། དགྲ་བཅོམ་པ་བསད་པ་བདག་ཅག་གཉིས་ཀྱིས་གསང་ བར་བགྱིའོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན། ལེགས་སོ། །ཞེས་དེའི་གན་དུ་སོང་སྟེ་སྨྲས་པ། སྲས། ཅིའི་སླད་དུ་ཁྱོད་སྐྱ་བོ་སེང་སེང་པོ་རིད་པ་དང། ཉམ་ཆུང་བ་དང། རྐ་བ་དང། ལུས་མ་ཐོབ་པར་གྱུར། དེས་ སྨྲས་པ། ཡུམ། ཁྱོད་ཀྱང་དེ་སྐད་ཅེས། ཅིའི་ཕྱིར་ཁྱོད་སྐྱ་བོ་སེང་སེང་པོ་རིད་པ་དང། ཉམ་ཆུང་བ་དང། རྐེ་བ་དང་ལུས་མ་ཐོབ་པར་གྱུར་ཅིས་གསུང་ངམ། གང་གི་སླད་དུ་བདག་བློན་པོ་སྐྱོན་ཆགས་པ་གཉིས་ཀྱིས་ བསླུས་པས་མཚམས་མེད་པའི་ལས་གཉིས་བགྱིས་ཏེ། ཡབ་སྲོག་དང་བྲལ་བ་གང་ལགས་པ་དང། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་སྲོག་དང་བྲལ་བ་གང་ལགས་པ་དེས་བདག་ཡུན་རིང་པོར་སེམས་ཅན་ དམྱལ་བ་ཆེན་པོ་མནར་མེད་པར་གནས་པར་བགྱི་འཚལ་ན། བདག་ཇི་ལྟར་སྐྱ་བོ་སེང་སེང་པོ་རིད་པ་དང། ཉམ་ཆུང་བ་དང། རྐེ་བ་དང། ལུས་མ་ཐོབ་པར་མི་འགྱུར་དུ་རུང། དེས་སྨྲས་པ། སྲས། ཇེ་མི་འཇིགས་ པ་སྩོལ་ཅིག་དང། གང་མད་པ་དེ་བཀའ་མཆིད་བགྱིའོ། །དེས་སྨྲས་པ། ཡུམ། གསོལ་གྱི། ཇི་ལྟར་ལགས་པ་གསུངས་ཤིག་སྲས། དེ་ནི་ཁྱོད་ཀྱི་ཡབ་མ་ལགས་ཏེ། འདི་ལྟར། བདག་གི་ཟླ་མཚན་ [176A]༄༅། །བཀྲུ་བའི་སླད་དུ་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱད་པ་དེ་ལས་ཁྱོད་འཁྲུངས་སོ། །དེས་བསམ་པ། དེ་ལྟར་ན་ཕ་བསད་པར་མ་གྱུར་ཏོ། །སྙམ་དུ་རིག་ནས་སྨྲས་ པ༑ ཡུམ། གལ་ཏེ་དེ་ལྟར་ན། ཕ་བསད་པ་ནི། མ་མཆིས་ན། དགྲ་བཅོམ་པ་བསད་པ་མཆིས་པ་དེ། ཇི་ལྟར་མཐར་ཐུག་པར་བགྱི། དེས་སྨྲས་པ། སྲས། འདི་ལ་ཤེས་པ་ལ་མཁས་པ་དག་རྨ་བར་བགྱི་ སྟེ༑ དེ་དག་གིས་དེ་མཐར་ཐུག་པར་བགྱིད་པར་འགྱུར་རོ། །ཞེས་སྨྲས་ཏེ་སོང་ནས་དེས་བློན་པོ་སྐྱོན་ཆགས་པ་དེ་གཉིས་པོས་ཏེ་སྨྲས་པ་ཁོ་མོས་དེའི་ཕ་བསད་པ་ནི། བསལ་ཟིན་གྱི། ད་ཁྱེད་གཉིས་ཀྱིས་དགྲ་ བཅོམ་པ་བསད་པ་སོལ་ཅིག་རྒྱལ་པོ་གཙུག་ཕུད་ཅན་གྱིས་བློན་པོ་རྣམས་ལ་བསྒོ་བ། བློན་པོ་གང་དག་ཤེས་པ་ལ་མཁས་པ་ཐམས་ཅད་སྡུས་ཤིག་དེ་དག་གིས་བློན་པོ་སྐྱོན་ཆགས་པ་གང་དག་ ཤེས་པ་ལ་མཁས་པ་ཐམས་ཅད་བསྡུས་པ་དང། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱང་དེར་འདུས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཙུག་ཕུད་ཅན་གྱིས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ངས་དགྲ་ བཅོམ་པ་བསད་པ་གང་ཡིན་པ་དེ། ཇི་ལྟར་མཐར་ཐུག་པར་བྱ། དེ་ན་རྒྱལ་པོས་ཉེ་བར་འཚོ་བའི་མི་ཐམས་ཅད་ཀྱིས་ནི། མི་མཐུན་པར་སྨྲ་བར་བརྩམས་ཏེ། དེ་ན་ཁ་ཅིག་གིས་སྨྲས་པ། ལྷ། དེས་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པར་སུས་མཐོང། ཁ་ཅིག་གིས་སྨྲས་པ། ལྷ། དགྲ་བཅོམ་པ་དག་ནི། ཐམས་ཅད་མཁྱེན་པ་དང་འདྲ་སྟེ་ནམ་མཁའ་ལ་མཆིའོ། །བློན་པོ་སྐྱོན་ཆགས་པ་ [176B] ལྷ། འདི་ལ་ཐུགས་ངན་བགྱིར་ཅི་མཆིས། དེས་སྨྲས་པ། ཁྱེད་གཉིས་ཀྱང་དེ་སྐད་ཅེས། འདི་ལ་མྱ་ངན་བྱར་ཅི་ཡོད་ཅེས་ཟེར་རམ། ཁྱེད་གཉིས་ཉིད་ན་རེ། དགྲ་བཅོམ་པ་གསོད་དུ་བཅུག་ གོ་ཞེས་མི་ཟེར་རམ། དེ་གཉིས་ཀྱིས་སྨྲས་པ། ལྷ། དགྲ་བཅོམ་པ་དག་མ་མཆིས་ན། དགྲ་བཅོམ་པ་དག་བཀུམ་པར་མཆིས་རེ་སྐན། དེས་སྨྲས་པ། ངས་མངོན་སུམ་ཁོ་ནར་དགྲ་བཅོམ་པ་རྒྱལ་དང། སྐར་ རྒྱལ་གཉིས་ཀྱིས་འབར་བ་དང། གསལ་བ་དང། ཆར་འབབ་པ་དང་ཀློག་འབྱིན་པའི་ཆོ་འཕྲུལ་དག་བྱས་ཏེ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་ བཞིན་དུ་ཁྱེད་གཉིས་ཀྱིས་དེ་སྐད་ཅེས། དགྲ་བཅོམ་པ་དག་མེད་ན་དགྲ་བཅོམ་པ་བསད་པ་ཡོད་རེ་སྐན་ཞེས་ཟེར་རམ། དེ་གཉིས་ཀྱིས་སྨྲས་པ། ལྷ། ཇི་ལྟར་དེ་གཉིས་ཀྱིས་སྒྱུ་མས་འཇིག་རྟེན་བསླུས་ཏེ་ དད་པས་སྦྱིན་པར་བགྱི་བ་ཆུད་གཟན་པས་བྱི་ལའི་སྐྱེ་གནས་ངན་པར་སྐྱེས་ཏེ། དེང་སང་ཉིད་དུ་ཡང་རང་རང་གི་མཆོད་རྟེན་ན་མཆིས་པ། ལྷའི་མངོན་སུམ་དུ་བགྱིའོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ་ ཤེས་ལྡན་དག་གལ་ཏེ་དེ་ལྟར་ན་ཚུར་ཤོག་དང། ཅི། ཡང་དག་པའམ། ཡང་དག་པ་མ་ཡིན་པ་བལྟར་འདོང་ངོ། །གྲོང་ཁྱེར་སྒྲ་སྒྲོག་ཐམས་ཅད་དུ་ཇི་ལྟར་རྒྱལ་དང། སྐར་རྒྱལ་གཉིས་བྱི་ལའི་སྐྱེ་གནས་སུ་སྐྱེས་ ཏེ་རང་རང་གི་མཆོད་རྟེན་ན་འདུག་ནས་རྒྱལ་པོ་བལྟར་སོང་ངོ་།ཞེས་བྱ་བའི་སྒྲ་དེས་ཁྱབ་པར་གྱུར་ནས་སྲོག་ཆགས་འབུམ་ཕྲག་དུ་མ་དག་ལྟད་མོ་སྐྱེས་ནས་རྒྱལ་པོའི་ཕྱི་བཞིན་དུ་འབྲང་ངོ་།དེ་ནས་བློན་པོ་ [177A]༄༅། །སྐྱོན་ཆགས་པ་དེ་གཉིས་ཀྱིས་རྒྱལ་པོ་དང་བཅས་པའི་འཁོར་འབུམ་ཕྲག་དུ་མའི་མདུན་དུ་སྨྲས་པ། རྒྱལ་དང། སྐར་རྒྱལ་གཉིས་ཉོན་ཅིག་བདེན་པ་དང་བདེན་པའི་ཚིག་ གང་གིས་ཁྱེད་གཉིས་ཀྱིས་སྒྱུ་མས་འཇིག་རྟེན་བསླུས་ཏེ་དད་པས་སྦྱིན་པར་བྱ་བ་ཆུད་གསན་པས་བྱི་ལའི་སྐྱེ་གནས་ངན་པར་སྐྱེས་ཏེ་རང་རང་གི་མཆོད་རྟེན་ན་འདུག་པའི་བདེན་པ་དང། བདེན་པའི་ཚིག་དེས། ཤ་ སྲི་འདི་ལོངས་ལ་རང་རང་གི་མཆོད་རྟེན་ལ་བསྐོར་བ་བགྱིས་ཏེ་རང་རང་གི་ཁུང་དུ་ཞུགས་ཤིག་དེ་སྐད་སྨྲས་པ་དང། དེ་གཉིས་ཀྱིས་རང་རང་གི་ཁུངས་ནས་བྱུང་སྟེ་ཤ་སྲི་བླངས་ནས་རང་རང་གི་མཆོད་རྟེན་ལ་ བསྐོར་བ་བྱས་ནས་རང་རང་གི་ཁུང་དུ་ཞུགས་པ། སྲོག་ཆགས་འབུམ་ཕྲག་དུ་མ་དག་གིས་མཐོང་ནས་བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ། གཟིགས་སམ། དེས་སྨྲས་པ། མཐོང་ངོ།། དེ་གཉིས་ཀྱིས་སྨྲས་པ། ལྷ། དེ་ལྟར་ན། འཇིག་རྟེན་ན་དགྲ་བཅོམ་པ་དག་མ་མཆིས་ཏེ། དེ་ནི། སྐྱེ་བོའི་བཀའ་མཆིད་འབའ་ཞིག་ཏུ་བས་སོ། །དེ་ནས་རྒྱལ་པོ་དེ་ལ་འཇིག་རྟེན་ན་དགྲ་བཅོམ་པ་དག་ཡོད་དོ། ། སྙམ་པའི་ལྟ་བ་ཡོད་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་གང་དག་མ་དད་པ་དེ་དག་ལ་ནི། མེད་པར་ལྟ་བ་སྐྱེས་པར་གྱུར་ཏོ། །གང་དག་བར་མར་གནས་པ་དེ་དག་ནི། ཡིད་གཉིས་ཟ་བར་གྱུར་ ཏོ༑ ༑གང་དག་དད་པ་དེ་དག་ནི། གནོང་ཞིང་མི་དགའ་བ་དང། མི་འཇིགས་པ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཙུག་ཕུད་ཅན་གྱིས་བསམ་པ། གལ་ཏེ་འཇིག་རྟེན་ན་དགྲ་བཅོམ་པ་དག་མེད་ན་ [177B]ལྔ་བརྒྱ་དང་ལྡན་པ། དགེ་སློང་མ་རི་མ་འཁོར་ལྔ་བརྒྱ་དང་ལྡན་པ་ལ་བསོད་སྙོམས་དབུལ་སྙམ་ནས། དེས་དགེ་སློང་རྣམས་དང་དགེ་སློང་མ་རྣམས་ ཀྱི་བསོད་སྙོམས་བཅད་ནས་དགེ་སློང་རྣམས་དང། དགེ་སློང་མ་རྣམས་ཀྱང་གྲོང་ཁྱེར་སྒྲ་སྒྲོག་ནས་དོང་ངོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དང། དགེ་སློང་མ་རི་མ་ནི། གདུལ་བ་ལ་ལྟོས་པས་དེ་ཉིད་ན་འཁོད་ དོ༑ ༑ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་གཙུག་ཕུད་ཅན་གྲོང་ཁྱེར་སྒྲ་སྒྲོག་ནས་ཕྱིར་བྱུང་བ་ན་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་གྲོང་ཁྱེར་སྒྲ་སྒྲོག་ཏུ་བསོད་སྙོམས་ལ་ཞུགས་པ་དང། དེས་རྒྱལ་པོ་མཐོང་ ནས་འདི་མི་དགའ་བར་སེམས་པར་གྱུར་ན་མི་རུང་ངོ། །སྙམ་ནས་མཐའ་གཅིག་ཏུ་སོང་སྟེ་སྡོད་དོ། །རྒྱལ་པོ་གཙུག་ཕུད་ཅན་གྱིས་དེ་མཐའ་གཅིག་ན་སྡོད་པ་མཐོང་ངོ། །མཐོང་ནས་ཀྱང་བློན་པོ་རྣམས་ ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འདི། ང་མཐོང་ནས་མཐའ་གཅིག་ཏུ་སོང་ནས་སྡོད། དེའི་ཕྱི་བཞིན་བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་གཉིས་འགྲོ་བ་དེ་ གཉིས་ཀྱིས་སྨྲས་པ། ལྷ། འཕགས་པ་ཀཱ་ཏྱཱ་ཡ་ན་ཆན་པོའི་ཐུགས་ལམ་ན་ལྷ་གཤེད་དུ་གཟིགས་མོ་དང་དགེ་མཚན་ལ་གཤེགས་པས་མི་དགྱེས་པར་དགོངས་པར་གྱུར་ན་མི་རུང་ངོ། །སྙམ་པ་དང། ཚོན་ གྱི་ལས་བགྱི་བ་དཀའ་བས་ཆོས་གོས་དག་རྡུལ་གྱིས་ཕོག་པར་གྱུར་ན་མི་རུང་ངོ། །སྙམ་དུ་དགོངས་སོ། །རྒྱལ་པོ་ཅང་མི་སྨྲ་བར་སོང་ངོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་གྲོང་ཁྱེར་སྒྲ་སྒྲོག་ཏུ་བསོད་སྙོམས་ [178A]༄༅། །རྒྱུས་ཏེ་ཕྱིར་བྱུང་བ་ན། རྒྱལ་པོ་གཙུག་ཕུད་ཅན་ནང་དུ་འཇུག་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དེ་བཞིན་དུ་མཐའ་གཅིག་ཏུ་སོང་སྟེ་སྡོད་དོ། །རྒྱལ་པོ་གཙུག་ཕུད་ཅན་གྱིས་དེ་ མཐའ་གཅིག་ན་སྡོད་པ་མཐོང་ངོ། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འཕགས་པ་ཀཱ་ཏྱཱ་ན་ཆེན་པོ་འདིས་སྔར་ང་མཐོང་ནས་མཐའ་གཅིག་ཏུ་སྡོད་པའི་རྒྱུ་ནི། དེ་ཡིན་ན་ད་ལྟར་ ཡང་མཐའ་གཅིག་ཏུ་སོང་སྟེ་སྡོད་པའི་རྒྱུ་ཅི་ཡིན། དེའི་ཕྱི་བཞིན་བློན་པོ་སྐྱོན་ཆགས་པ་གཉིས་འགྲོ་བ་དེ་གཉིས་ཀྱིས་སྨྲས་པ། ལྷ། འདིའི་མཆིད་ནས་ཁོ་བོ་ཕ་གསོད་པ་འདིའི་རྡུལ་གྱིས་མི་རེག་པར་བྱའོ། ། ཞེས་མཆིའོ། །རྒྱལ་པོ་དེ་ནི། ཡོངས་སུ་མི་རྟོག་པ་ཡིན་པས། དེ་སྐད་ཐོས་ནས་ཁྲོ་བས་ཀུན་ནས་དཀྲིས་པར་གྱུར་ཏེ། འཁོར་ཐམས་ཅད་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ལས། གང་དང་གང་ང་ ལ་དགའ་བ་དེ་དང་དེས་དགེ་སྦྱོང་མགོ་རེག་འདིའི་སྟེང་དུ་ས་སྦར་མོ་རེ་རེ་གཏོར་ཅིག་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ས་སྦར་མོ་རེ་རེས་གཏོར་ཏོ། །རྒྱལ་པོ་དེ་དཔུང་ཆེ་བ་ཡིན་པས་རེ་རེས་ས་སྦར་མོ་རེ་ ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་སྟེང་དུ་གཏོར་བ་དང་དེའི་སྟེང་དུ་ས་ཕུང་ཆེན་པོ་རྣམ་པར་གནས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་ཀྱང་དེའི་དབུས་སུ་ལོ་མ་མ་ཡིན་པའི་སྤྱིལ་བུ་མངོན་པར་ སྤྲུལ་ཏེ་འདུག་གོ་དེ་དག་དེ་ལ་འཐོར་བ་ན། བ་ལང་རྫི་དང་ཕྱུགས་རྫི་དག་གིས་མཐོང་ནས་དེ་དག་སྨོད་བཞིན་དུ་མཐའ་འཁོར་ཞིང་སྡོད་པ་ན་བློན་པོའི་མཆོག་ཧེ་རུ་ཀ་དང་བཧི་རུ་ཀ་གཉིས་ཕྱི་བཞིན་དུ་ [178B]དྲིས་པ། ཤེས་ལྡན་དག་འདི་ཅི་ཡིན། དེ་དག་གིས་སྨྲས་པ། རྒྱལ་པོ་འཐབ་ཀྲོལ་ཅན་ཕ་གསོད་པ་དེས། འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཉེས་པ་མེད་པ་ གནོད་པ་མི་བྱེད་པ་སས་བཀབ་བོ། །དེ་གཉིས་མཆི་མས་བརྣངས་ཏེ་ངུ་བའི་བཞིན་གྱིས་བ་ལང་རྫི་དང། ཕྱུགས་རྫི་དག་དང་ལྷན་ཅིག་ས་ཕྱགས་པར་བརྩམས་པ་དང། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་བྱུང་ ནས་དེ་གཉིས་ཀྱིས་རྐང་གཉིས་ལ་གཏུགས་ཏེ་དྲིས་པ། འཕགས་པ། འདི་ཅི་ལགས། དེས་སྨྲས་པ། ལས་དག་ཡིན་མོད། གཞན་ཅི་ཞིག་འབྱུང་བར་འགྱུར།། །།འདུལ་བ་རྣམ་ པར་འབྱེད་པ། བམ་པོ་དོན་གཉིས་པ། དེ་གཉིས་ཀྱིས་སྨྲས་པ། འཕགས་པ། གཙུག་ཕུད་ཅན་སྐྱེ་བོ་ཕལ་པོ་ཆེ་དང་བཅས་པས་ལས་འདི་ལྟ་བུ་བགྱིས་པ་གང་ལགས་པ་དེའི་རྣམ་པར་སྨིན་པ་ཅིར་འགྱུར་ དེས་སྨྲས་པ། དེང་ནས་ཉི་མ་བདུན་ན་གྲོང་ཁྱེར་སྒྲ་སྒྲོག་སས་ནོན་པར་འགྱུར་རོ། །འཕགས་པ། རིམ་པ་ཇི་ལྟ་བུར་འགྱུར། ཚེ་དང་ལྡན་པ་གཉིས། རེ་ཞིག་ཉི་མ་དང་པོ་ལ་རླུང་མོ་ཆེ་བྱུང་ནས་གྲོང་ཁྱེར་སྒྲ་སྒྲོག་རྡོ་ བ་དང། གསེག་མ་དང། གྱོ་མོ་མེད་པར་རྣམ་པར་འཇོག་པར་འགྱུར་རོ་།ཉི་མ་གཉིས་པ་ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །ཉི་མ་གསུམ་པ་ལ་གོས་ཀྱི་ཆར་འབབ་པར་འགྱུར་རོ། །ཉི་མ་བཞི་པ་ལ་དངུལ་གྱི་ ཆར་འབབ་པར་འགྱུར་རོ། །ཉི་མ་ལྔ་པ་ལ་གསེར་གྱི་ཆར་འབབ་པར་འགྱུར་རོ། །དེའི་འོག་ཏུ་གྲོང་ཁྱེར་སྒྲ་སྒྲོག་གི་ཉེ་འཁོར་ན་གནས་པ་གང་དག་གིས་ལས་མཐུན་པར་བྱས་པ་དེ་དག་གྲོང་ཁྱེར་སྒྲ་སྒྲོག་ཏུ་འཇུག་པར་ [179A]༄༅། །འགྱུར་ཞིང། དེ་དག་ཞུགས་པ་ན་ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་འབབ་པར་འགྱུར་རོ། །ཉི་མ་བདུན་པ་ལ་སའི་ཆར་འབབ་པར་འགྱུར་རོ། །དེ་གཉིས་ཀྱིས་སྨྲས་པ་འཕགས་ པ༑ ཅི་ལགས། བདག་ཅག་གཉིས་ཀྱང་ལས་དེའི་ཆ་ཅན་ལགས་སམ་བཞིན་བཟང་གཉིས། ཁྱེད་གཉིས་ནི། ལས་དེའི་ཆ་ཅན་མ་ཡིན་ནོ་།འཕགས་པ། གལ་ཏེ་དེ་ལྟར་ན། བདག་ཅག་གཉིས་ ཀྱིས་གྲོང་ཁྱེར་འདི་ནས་ཇི་ལྟར་འབྱུང་བར་བགྱི། དེས་སྨྲས་པ་བཞིན་བཟང་གཉིས། ཁྱེད་གཉིས་ཀྱིས་རང་གི་ཁྱིམ་ནས་ཆུ་ཀླུང་གི་བར་དུ་ཕུག་རྐོར་ཆུག་ལ་ཁྱིམ་དྲུང་དུ་གྲུ་བཞག་སྟེ་སྡོད་ལ་ གང་གི་ཚེ་རིན་པོ་ཆེའི་ཆར་འབབ་པ་དེའི་ཚེ་ན་རིན་པོ་ཆེ་དག་གིས་གྲུ་འགོངས་སུ་ཆུག་ལ་བྲོས་ཤིག་དེ་གཉིས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་གྲོང་ཁྱེར་སྒྲ་སྒྲོག་ཏུ་ཞུགས་ནས་དེ་གཉིས་ཀྱིས་རྒྱལ་ པོའི་གན་དུ་སོང་སྟེ་སྨྲས་པ། ལྷས་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་ཅུང་ཞིག་བགྱིས་སམ། ཅི་ན་དོག་སས་བཀབ། དེས་སྨྲས་པ། ཤེས་ལྡན་གཉིས། དེ་གསོན་ནམ། ལྷ། གསོན་ནོ། །ཅི་ ཟེར། ལྷ། དེ་འདི་སྐད་ཅེས་དེང་ནས་གདུགས་བདུན་ན་གློང་ཁྱེར་སྒྲ་སྒྲོག་དོག་སས་ནོན་པར་འགྱུར་ཞེས་མཆིའོ། །རིམ་པ་ཇི་ལྟར་འགྱུར་དེ་གཉིས་ཀྱིས་སྨྲས་པ། ལྷ། དེ་འདི་སྐད་ཅེས། རེ་ཞིག་ཉེ་ མ་དང་པོ་ལ་རླུང་མོ་ཆེ་བྱུང་ནས་གྲོང་ཁྱེར་སྒྲ་སྒྲོག་རྡོ་བ་དང། གསེག་མ་དང། གྱོ་མོ་མེད་པར་རྣམ་པར་འཇོག་པར་འགྱུར་རོ་།ཉི་མ་གཉིས་པ་ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །ཉི་མ་གསུམ་པ་ལ་ [179B] །ཉི་མ་བཞི་པ་ལ་དངུལ་གྱི་ཆར་འབབ་པར་འགྱུར་རོ། །ཉི་མ་ལྔ་པ་ལ་གསེར་གྱི་ཆར་འབབ་པར་འགྱུར་རོ། །དེའི་འོག་ཏུ་གྲོང་ཁྱེར་སྒྲ་སྒྲོག་གི་ཉེ་འཁོར་ན་གནས་པ་གང་དག་ གིས་ལས་མཐུན་པར་བྱས་པ་དེ་དག་གྲོང་ཁྱེར་སྒྲ་སྒྲོག་ཏུ་འཇུག་པར་འགྱུར་ཞིང་དེ་དག་ཞུགས་པ་ན་ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་འབབ་པར་འགྱུར་རོ། །ཉི་མ་བདུན་པ་ལ་སའི་ཆར་འབབ་པར་འགྱུར་ རོ། །ཞེས་མཆིའོ། །བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ་ལྷ། བྲམ་ཟེ་གང་ལ་སློང་མོ་སྩལ་ནས་ཡང་བཅད་ན། དེ་ལེགས་པ་ཅི་ཞིག་སེམས་ཏེ། ལྷས་དེ་འཁོར་ལྔ་བརྒྱ་དང་ལྡན་པ་ལ་ བསོད་སྙོམས་སྩལ་ནས་བཅད་ཅིང། སས་ཀྱང་གཡོགས་པས་དེ་འདི་སྐད་མཆི་པ་ལས། གཞན་པ་ཆེས་ཤིས་པའི་ཚིག་སྨྲ་བར་ག་ལ་འགྱུར་རྒྱལ་པོ་གཙུག་ཕུད་ཅན་གྱིས་བསམ་པ། དེ་བདེན་ནོ། ། སྙམ་པ་དང། བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་གཉིས་ཀྱིས་བཞིན་བསྒྱུར་ཅིང་ལག་པ་གཉིས་ཡོངས་སུ་དྲིལ་ཏེ་དོང་ངོ་།དེ་ན་ཧེ་རུ་ཀ་ལ་བུ་སྔོ་བསངས་ཞེས་བྱ་བ་ཁྱེའུ་ཞིག་ཡོད་ལ་བཧི་རུ་ཀ་ལ་ཡང་བུ་མོ་ སྔོ་བསངས་ཅན་ཞེས་བྱ་བ་བུ་མོ་ཞིག་ཡོད་ནས། ཧེ་རུ་ཀས་ཁྱེའུ་སྔོ་བསངས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་ཕུལ་ཏེ་སྨྲས་པ། འཕགས་པ། གལ་ཏེ་འདི་ལ་དགེ་བའི་རྩ་བ་འགའ་ཞིག་མཆིས་ན། རབ་ཏུ་ དབྱུང་དུ་གསོལ། གལ་ཏེ་མ་མཆིས་ན། འདི་ཁྱོད་ཉིད་ཀྱི་ཞམ་འབྲིང་བ་ལགས་སོ། །བཧི་རུ་ཀས་ཀྱང་བུ་མོ་སྔོ་བསངས་ཅན་དགེ་སློང་མ་རི་མ་ལ་ཕུལ་ཏེ་སྨྲས་པ། འཕགས་མ། གལ་ཏེ་འདི་ལ་དགེ་ [180A]༄༅། །བའི་རྩ་བ་འགའ་ཞིག་མཆིས་ན། རབ་ཏུ་དབྱུང་དུ་གསོལ་གལ་ཏེ་མ་མཆིས་ན། ཀོའུ་ཤམྦྷི་ན་ཁྱིམ་བདག་གདངས་ཅན་ཞེས་བགྱི་བ་བདག་གི་ཆུང་པོ་གྲོགས་ཤིག་ མཆིས་པ་དེ་ལ་གཏད་དུ་གསོལ། དེས་ཁས་བླངས་སོ། །དེ་ནས་དགེ་སློང་མ་རི་མ་བུ་མོ་སྔོ་བསངས་ཅན་ཁྲིད་དེ་རྫུ་འཕྲུལ་གྱིས་གྲོང་ཁྱེར་སྒྲ་སྒྲོག་ནས་སོང་ནས། དེས་བུ་མོ་དེ་ཀོའུ་ཤམྦྷིར་ཁྱིམ་བདག་ གདངས་ཅན་ལ་གཏད་ནས་འཕྲིན་ཇི་སྐད་སྤྲིང་པ་ཡང་བཟླས་སོ་།ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ནི། དེ་ཉིད་ན་འདུག་པོ་།བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་གཉིས་ཀྱིས་ཁྱིམ་ནས་ཆུ་ཀླུང་གི་ བར་དུ་ཕུག་རྐོར་བཅུག་སྟེ། ཁྱིམ་དྲུང་དུ་གྲུ་བཞག་ནས་བསྡད་དོ་།ཇི་ཙམ་ན་ཉི་མ་དེ་ལ་རླུང་མོ་ཆེ་བྱུང་ནས་དེས་གྲོང་ཁྱེར་སྒྲ་སྒྲོག་དེ་རྡོ་བ་དང། གསེག་མ་དང། གྱོ་མོ་མེད་པར་རྣམ་པར་བཞག་གོ་ཉི་ མ་གཉིས་པ་ལ་མེ་ཏོག་གི་ཆར་བབ་པ་དང། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ། རྒྱལ་པོ་ང་ལས་ནུ་ལ་དགུང་བདུན་དུ་དབྱིག་གི་ཆར་བབ་ཅེས་གདའ་བས། ལྷ་ལ་ཡང་མེ་ཏོག་གི་ཆར་འདི་ བབ་པས། རིང་པོ་མི་ཐོགས་པར་གོས་ཀྱི་ཆར་འབབ་པར་འགྱུར་རོ་།ཉི་མ་གསུམ་པ་ལ་གོས་ཀྱི་ཆར་འབབ་པ་དང། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་ལ་གོས་ཀྱི་ཆར་འདི་བབ་པས་ རིང་པོ་མི་ཐོགས་པར་དངུལ་གྱི་ཆར་འབབ་པར་འགྱུར་རོ། །ཉི་མ་བཞི་པ་ལ་དངུལ་གྱི་ཆར་བབ་པ་དང། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་ལ་དངུལ་གྱི་ཆར་བབ་པས། རིང་པོ་མི་ཐོགས་ [180B] །ཉི་མ་ལྔ་པ་ལ་གསེར་གྱི་ཆར་བབ་པ་དང། བློན་པོ་སྐྱོན་ཆགས་པ་དེ་གཉིས་ཀྱིས་སྨྲས་པ། ལྷ་གསེར་གྱི་ཆར་འདི་བབ་པས། རིང་པོ་མི་ཐོགས་པར་རིན་པོ་ཆེའི་ཆར་ འབབ་པར་འགྱུར་རོ། །དེའི་འོག་ཏུ་གྲོང་ཁྱེར་སྒྲ་སྒྲོག་གི་ཉེ་འཁོར་ན་གནས་པ་གང་དག་གིས་ལས་མཐུན་པར་བྱས་པ་དེ་དག་གྲོང་ཁྱེར་སྒྲ་སྒྲོག་ཏུ་ཞུགས་ཤིང་དེ་དག་ཞུགས་པ་ན། ཉི་མ་དྲུག་པ་ལ་རིན་ པོ་ཆེའི་ཆར་བབ་པ་དང། བློན་པོའི་མཆོག་ཧེ་རེ་ཀ་དང། བཧི་རུ་ཀ་གཉིས་ཀྱིས་རིན་པོ་ཆེ་དེ་དག་གིས་གྲུ་འགེངས་སུ་བཅུག་སྟེ་བྲོས་སོ། །དེ་ན་ཧེ་རེ་ཀས་ནི། ཕྱོགས་གཞན་ཞིག་ཏུ་ཧེ་རུ་ཀའི་ཚལ་ཞེས་བྱ་བའི་ གྲོང་ཁྱེར་རྩིག་ཏུ་བཅུག་ནས་དེའི་མིང་ནི། ཧེ་རུ་ཀའི་ཚལ། ཧེ་རུ་ཀའི་ཚལ་ཅེས་བྱ་བར་གྱུར་ཏོ། །བཧི་རུ་ཀས་ཀྱང་ཕྱོགས་གཞན་ཞིག་ཏུ་བཧི་རུ་ཀའི་ཚལ་ཅེས་བྱ་བའི་གྲོང་ཁྱེར་རྩིག་ཏུ་བཅུག་ནས་དེའི་མིང་བཧི་ རུ་ཀའི་ཚལ། བཧི་རུ་ཀའི་ཚལ་ཅེས་བྱ་བར་གྱུར་ཏོ། །ཉི་མ་བདུན་པ་ལ་སའི་ཆར་འབབ་པར་བརྩམས་པ་དང། གྲོང་ཁྱེར་སྒྲ་སྒྲོག་ཏུ་སྒྲ་མཐོན་པོ་དང། སྒྲ་ཆེན་པོ་བྱུང་ནས་རྒྱལ་པོས་སྨྲས་པ་ཤེས་ལྡན་ དག་སྒྲ་མཐོན་པོ་དང། སྒྲ་ཆེན་པོ་དེ་ཅི། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་སའི་ཆར་བབ་བོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟར་ན། བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་ག་ ལ་འདུག་ཚོལ་ཅིག་དེ་དག་གིས་བཙལ་བར་བརྩམས་པ་དང། ཇི་ཙམ་ན་དེ་གཉིས་བྲོས་པར་ཚོར་ནས་དེ་དག་གིས་རྒྱལ་པོ་ལ་སྨྲས་པ་ལྷ། དེ་གཉིས་བྲོས་ཏེ། མ་མཆིས་སོ། །དེ་ནས་རྒྱལ་པོ་གཙུག་ [181A]༄༅། །ཕུད་ཅན་འབྲོས་པར་བརྩམས་པ་དང། མི་མ་ཡིན་དག་གིས་སྒོ་བཅད་དོ། །ཁྱེའུ་སྔོ་བསངས་ཀྱིས་སྨྲས་པ། འཕགས་པ། གྲོང་ཁྱེར་དུ་སྒྲ་མཐོན་པོ་དང། སྒྲ་ཆེན་པོ་བྱུང་ བ་འདི་ཅི་ལགས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡན་ཆེན་པོས་སྨྲས་པ་བུ། སྐར་ཁུང་ནས་ཁམ་ཕོར་ཕྱིར་ཕྱུང་ཞིག། དེ་སྐར་ཁུང་ནས་ཁམ་པོར་ཕྱིར་བྱུང་བ་དང། སས་ཕྱེད་ཙམ་གང་བར་གྱུར་ནས་ཚེ་ དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བསམ་པ། ད་དུང་སྤྱོད་ཡུལ་ལྷག་མ་དང་བཅས་པ་ཡིན་སྙམ་མོ། །ཇི་ཙམ་ན་ཡང་ཁམ་ཕོར་ཕྱི་རོལ་ཏུ་ཕྱུང་བ་དང། བྱུར་བུར་གང་བར་གྱུར་ནས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ ན་ཆེན་པོས་བསམ་པ། ད་ནི། སྤྱོད་ཡུལ་མེད་པར་གྱུར་གྱི། འགྲོའོ་།སྙམ་མོ། །དེ་ནས་གྲོང་ཁྱེར་སྒྲ་སྒྲོག་ན་གཉུག་མར་གནས་པའི་ལྷ་མོ་གང་ཡིན་པ་དེ། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ག་ལ་བ་ དེར་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ་འཕགས་པ། བདག་ཀྱང་མཆི་སྟེ། འཕགས་པའི་བསྙེན་བཀུར་བགྱིའོ་།དེས་དང་དུ་བླངས་སོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ ཆེན་པོས་སྔོ་བསངས་ལ་སྨྲས་པ། བུ། ཆོས་གོས་ཀྱི་གྲྭ་ནས་ཟུངས་ཤིག་དང། འདོང་ངོ། །དེས་ཆོས་གོས་ཀྱི་གྲྭ་ནས་བཟུང་བ་དང་དེས་ཁྱེའུ་སྔོ་བསངས་ཁྲིད་དེ་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ ལས་སོང་ངོ། །སྒྲ་སྒྲོག་ན་གཉུག་མར་གནས་པའི་ལྷ་མོ་ཡང་རང་གི་རྫུ་འཕྲུལ་གྱིས་དེའི་ཕྱི་བཞིན་སོང་བ་དང། གྲོང་ཁྱེར་སྒྲ་སྒྲོག་ཀྱང་སས་ནོན་པར་གྱུར་ཏོ། །དེ་དག་མཐར་གྱིས་ཁར་པན་ཞེས་བྱ་ [181B]འཁོད་དོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་ཁྱེའུ་སྔོ་བསངས་གཡུལ་གྱི་བཞིར་བཞག་སྟེ་བསོད་སྙོམས་ལ་ཞུགས་པ་དང་ལྷ་མོ་དེའི་མཐུས་ གཡུལ་གྱི་གཞི་དེར་འབྲུ་འཕེལ་བར་གྱུར་ནས། དེ་ན་མི་གང་འདུག་པ་དེས་ཁྱེའུ་དེ་མཐོང་ནས་དེའི་གན་དུ་སོང་སྟེ་སྨྲས་པ། ཀྱེ་ཁྱེའུ། ཁྱོད་ཀྱི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་བར་གྱུར་ཏོ་།དེས་ སྨྲས་པ། ཁོ་བོའི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་བར་གྱུར་པ་མ་ཡིན་ཏེ། འདི་ལྟར། གྲོང་ཁྱེར་སྒྲ་སྒྲོག་ན་གཉུག་མར་གནས་པའི་ལྷ་མོ་འདིར་འོངས་ཏེ། ཕྱོགས་ག་གེ་མོ་ཞིག་ན་འདུག་པ་དེའི་ མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་བར་གྱུར་ཏོ། །དེ་དེའི་གན་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ལྷ་མོ། བདག་གྲོང་དུ་མཆིས་ཏེ་མཆི་བའི་བར་དུ་རེ་ཞིག་ལྡེ་མིག་དང། ལྡེ་མིག་ཀྱོག་པོ་འདི་བཟུང་ ཞིང་ཁྱོད་ཀྱིས་བདག་མ་ལགས་པ་གཞན་སུ་ལ་ཡང་མི་སྩལ་བར་གསོལ། དེས་བླངས་པ་དང། མི་དེ་ཡང་རི་བྲག་ཏུ་སོང་ནས་རི་བྲག་ན་གནས་པའི་སྐྱེ་བོའི་ཚོགས་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་།གྲོང་ ཁྱེར་སྒྲ་སྒྲོག་ན་གཉུག་མར་གནས་པའི་ལྷ་མོ་འདིར་འོངས་ཏེ་གཡུལ་གྱི་གཞི་ན་འདུག་པས་དེའི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་བར་གྱུར་ནས། བདག་གིས་དེའི་ལག་ཏུ་ལྡེ་མིག་དང། ལྡེ་མིག་ ཀྱོག་པོ་བྱིན་ཏེ་བདག་གི་དེ་ལ་བདག་གྲོང་དུ་མཆིས་ཏེ་སླར་མཆི་བའི་བར་དུ་ལྡེ་མིག་དང། ལྡེ་མིག་ཀྱོག་པོ་འདི་བཟུང་ཞིང། ཁྱོད་ཀྱིས་བདག་མ་གཏོགས་པ་གཞན་སུ་ལ་ཡང་སྩལ་བར་མི་བགྱིའོ།། [182A]༄༅། །ཞེས་སྨྲས་ཀྱི། དེའི་ཕྱིར་གྲོང་མི་རྣམས་ལ་གལ་ཏེ་བདག་གི་བུ་གཙོ་བོར་དབང་བསྐུར་ན། ཁོ་བོ་བདག་ཉིད་སྲོག་དང་འབྲལ་བར་གསོལ་བ་འདེབས་ཏེ། དེ་ལྟར་ན། ལྷ་མོ་བདག་ ཅག་གི་གནས་ནས་གར་ཡང་འགྲོ་བར་མི་འགྱུར་བས། ཁྱེད་ཅག་ལོངས་སྤྱོད་དག་གིས་མངོན་པར་འཕེལ་བར་འགྱུར་ཞིང། ཡམས་ཀྱི་ནད་ཐམས་ཅད་ཀྱང་ཉེ་བར་ཞི་བར་འགྱུར་རོ། །དེ་དག་གིས་དེའི་བུ་གཙོ་ བོར་དབང་བསྐུར་ནས་དེས་ཀྱང་བདག་ཉིད་སྲོག་དང་བྲལ་བར་བྱས་སོ། །དེ་ནས་དེ་དག་གིས་གནས་དེ་ཐམས་ཅད་སྤོས་དང། མེ་ཏོག་གིས་མཛེས་པར་བྱས་ཤིང། གདུགས་དང། རྒྱལ་མཚན་གྱིས་བརྒྱན་ ཏེ་གཏོར་མ་ཐོགས་ནས་ལྷ་མོ་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་མོ། ཁྱོད་འདི་ཉིད་ལ་བཞུགས་པར་གསོལ། དེས་སྨྲས་པ། ཁོ་མོ་ནི། འཕགས་ པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་བསྙེན་བཀུར་བྱེད་པ་ཡིན་པས། འདི་ན་ཁོ་མོའི་གནས་མེད་དོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་སྨྲས་པ། ལྷ་མོ། ཁྱོད་ཀྱིས་གང་ལས་ལྡེ་མིག་དང། ལྡེ་མིག་ ཀྱོག་པོ་བླངས་པ་སོམས་ཤིག་དེས་བསམ་པ་ལ་ཞུག་པ་དང། ཇི་ཙམ་ན་མི་དེ་དུས་ལ་བབ་པར་མཐོང་ནས། དེས་གནས་དེ་ན་གནས་པའི་སྐྱེ་བོའི་ཚོགས་ལ་སྨྲས་པ། ཤེས་ལྡན་དག། ཁོ་མོའི་ དམ་ཚིག་གིས་གནས་པར་བྱ་སྟེ། གལ་ཏེ་ཁོ་མོའི་གནས་གཞི་ཇི་ལྟ་བུ་བྱད་དུ་བཅུག་པ་དེ་ལྟ་བུར་འཕགས་པའི་གནས་གཞི་ཡང་བྱེད་དུ་འཇུག་ན། ཁོ་མོ་འདུག་གོ་དེ་དག་གིས་ཁས་བླངས་ནས་ [182B]ལྟ་བུར་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་གནས་ཀྱང་བྱེད་དུ་བཅུག་གོ་ལྷ་མོ་དེའི་གནས་སུ་མར་མེ་བཙུགས་པ་གང་ཡིན་པ་དེ་དེས་ཁྱེར་ཏེ་ཚེ་དང་ལྡན་ པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་གནས་སུ་འཛུགས་པར་བྱེད་དོ། །དེ་མར་མེ་ཁྱེར་ཏེ་འགྲོ་བ་རྩིག་དྲུང་ན་འདུག་པའི་མི་ཞིག་གིས་མཐོང་ནས་དེས་བསམ་པ། ལྷ་མོ་འདི་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་གན་དུ་འདོད་པས་ འགྲོའོ། །སྙམ་པ་དང། དེས་དེའི་སེམས་ཤེས་ནས་ཁྲོས་ཏེ་རི་བྲག་འདི་ན་གནས་པའི་སྐྱེ་བོའི་ཚོགས་འདི་ནི། སྡིག་པའི་སེམས་ཀུན་ཏུ་སྤྱོད་པ་ཡིན་ཏེ། འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འདོད་པའི་དྲི་ང་བ་མེད་པ་ ལ་རྫུན་གྱིས་སྐུར་པ་འདེབས་པར་བྱེད་དོ། །སྙམ་ནས་དེས་རི་བྲག་དེར་མི་ངས་ཕྱུང་སྟེ་སྐྱེ་བོ་ཕལ་པོ་ཆེ་ཤི་བར་གྱུར་ནས་སྐྱེ་བོ་ཤི་བའི་རོ་ཕྱིར་འབྱིན་པ་ན། ཁྲི་དང། ཁྲིའུ་དག་འདོམ་པར་གྱུར་ཏོ། །གནས་དེ་ ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ལྟས་པ་དག་བཅུག་སྟེ་དྲིས་པ་འདི་ཅི་ལས་གྱུར། དེ་དག་གིས་སྨྲས་པ། ལྷ་མོ་འཁྲུགས་སོ། །དེ་དག་གིས་དེ་ལ་བཟོད་པ་གསོལ་བར་བརྩམས་པ་དང། དེས་སྨྲས་པ་ ཁྱེད་ཅག་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་འདོད་པའི་དྲི་ང་བ་མེད་པ་ལ་རྫུན་གྱིས་སྐུར་པ་འདེབས་པར་བྱེད་དོ། །དེ་དག་གིས་ཡང་སྨྲས་པ། ལྷ་མོ། བཟོད་པ་མཛོད་ཅིག་དང། འགའ་ཡང་བསྙེན་བཀུར་མ་ལགས་ བ་བགྱིད་པར་མི་འགྱུར་རོ། །དེས་སྨྲས་པ། དམ་ཚིག་གིས་བཟོད་པར་བྱ་སྟེ། གལ་ཏེ་ཁྱེད་ཅག་ཁོ་མོ་ལ་ཇི་ལྟར་བསྙེན་བཀུར་བྱེད་པ་དེ་ལྟར་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་ཡང་བྱེད་ན། བཟོད་པར་བྱའོ། །དེ་ [183A]༄༅། །དག་གིས་སྨྲས་པ། ལྷ་མོ། ཆེས་ཁྱད་པར་དུ་འཕགས་པར་བགྱི་ཡི། བཟོད་པར་མཛོད་ཅིག་དེས་དེ་དག་ལ་བཟོད་པར་བྱས་སོ། །དེ་དག་གིས་ཀྱང་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་ པོ་ལ་ཆེས་ཁྱད་པར་དུ་འཕགས་པའི་བསྙེན་བཀུར་བྱས་སོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་དེ་ཉིད་དུ་དབྱར་གནས་པར་ཁས་བླངས་ནས་ཁྱེའུ་སྔོ་བསངས་ཁྲིད་དེ་ལྷ་མོ་ལ་སྨྲས་ནས་འཕགས་པ་དང་ ལྷ་མོས་སྨྲས་པ། འཕགས་པ། བདག་ལ་མཚན་མ་ཅུང་ཞིག་སྩོལ་ཅིག་དང། བདག་དེ་ལ་མཆོད་པ་བགྱིད་ཅིང་མཆིས་སོ། །དེས་དེ་ལ་ཁམ་ཕོར་བྱིན་ནས་དེས་དེ་ཁས་ཕུབ་སྟེ་མཆོད་རྟེན་དུ་བྱས་ནས་ དུས་སྟོན་བྱེད་དུ་བཅུག་ནས་ཁམ་ཕོར་གྱི་དུས་སྟོན་ཞེས་བྱ་བའི་མིང་དུ་གྱུར་ཏེ། དེང་སང་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་འཚལ་བར་བྱེད་དོ། །ཁྱེའུ་སྔོ་བསངས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ ཆེན་པོའི་ཆོས་གོས་ཀྱི་གྲྭ་ནས་འཇུས་ཏེ་དེ་འཕྱང་ཞིང་འགྲོ་བ་ན། བ་ལང་རྫི་དང། ཕྱུགས་རྫི་དག་གིས་མཐོང་ནས་དེ་དག་གིས་འཕྱང་ངོ། །འཕྱང་ངོ། །ཞེས་བྱ་བའི་སྒྲ་ཆེན་པོ་བྱུང་བས་ཡུལ་དེའི་མི་རྣམས་ ཀྱི་མིང་འཕྱང་བ་པ། འཕྱང་བ་པ་ཞེས་བྱ་བའི་མིང་དུ་གྱུར་ཏོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་རི་བྲག་ཅིག་ཏུ་ཕྱིན་ནས་དེར་ཁྱེའུ་སྔོ་བསངས་ཤིང་ལྗོན་པའི་དྲུང་དུ་བཞག་སྟེ་བསོད་སྙོམས་ལ་ཞུགས་སོ།། རི་བྲག་དེ་ན་རྒྱལ་པོ་བུ་མེད་པར་དུས་ལ་བབ་ནས་ཕོ་བྲང་འཁོར་གྱི་མི་དང། བློན་པོ་དང། ཡུལ་མི་དག་འདུས་ཏེ་སྨྲས་པ། ཤེས་ལྡན་དག་གང་ཞིག་རྒྱལ་པོར་དབང་བསྐུར་བར་བྱ། དེ་ན་ཁ་ཅིག་གིས་ [183B] གང་བསོད་ནམས་དང། དབང་ཆེ་བར་གྲགས་པའོ་།ཁ་ཅིག་གིས་སྨྲས་པ། དེ་ཇི་ལྟར་ཤེས་པར་བྱ། ཁ་ཅིག་གིས་སྨྲས་པ། རྟོག་པ་དག་བསྒོ་བར་བྱའོ། །དེ་དག་གིས་རྟོག་པ་དག་བསྐོས་ནས། དེ་དག་ གིས་ཕན་ཚུན་བཅལ་བར་བརྩམས་པ་དང། དེ་དག་གིས་ཁྱེའུ་དེ་ཤིང་ལྗོན་པའི་དྲུང་ན་གཉིད་ལོག་པར་མཐོང་ནས་དེ་དག་གིས་དེའི་མཚན་མ་བཟུང་བར་བརྩམས་པ་དང། ཇི་ཙམ་ན་ཤིང་ལྗོན་པ་གཞན་དག་གི་གྲིབ་ མ་ཤར་ཕྱོགས་སུ་གཞོལ་བ་དང། ཤར་ཕྱོགས་སུ་འབབ་པ་དང་ཤར་ཕྱོགས་སུ་བབ་པར་གྱུར་ན། ཤིང་ལྗོན་པ་དེའི་གྲིབ་མས་ཁྱེའུ་དེའི་ལུས་མི་གཏོང་བར་མཐོང་ངོ། །མཐོང་ནས་ཀྱང་གྲོས་བྱ་བར་བརྩམས་ པ༑ ཤེས་ལྡན་དག་ཁྱེའུ་འདི་བསོད་ནམས་དང། དབང་ཆེ་བར་གྲགས་པ་ཡིན་གྱི། འདི་དབང་བསྐུར་བར་བྱའོ། །དེ་དག་གིས་དེ་སད་པར་བྱས་ཏེ་སྨྲས་པ། ཁྱེའུ། རྒྱལ་སྲིད་ལོངས་ཤིག་ཁྱེའུ་སྨྲས་པ། ཁོ་ བོ་རྒྱལ་སྲིད་དོན་དུ་གཉེར་བ་མ་ཡིན་ཏེ། ཁོ་བོ་ནི། འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་བསྙེན་བཀུར་བ་ཡིན་ནོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་ཐོས་ནས། ཅི། ཁྱེའུ་འདི་ལ་རྒྱལ་སྲིད་དུ་འགྱུར་བའི་ལས་དག་ཡོད་ དམ། མེད་སྙམ་དུ་བསམ་ནས། ཡོད་པར་མཐོང་ནས་དེས་སྨྲས་པ། བུ་རྒྱལ་སྲིད་ལོངས་ལ་འདི་ལྟར་ཁྱོད་ཀྱིས་ཆོས་ཀྱིས་བྱེད་དུ་ཆུག་ཅིག་དེས་མནོས་ཏེ། དེ་དག་གིས་དེ་དབང་བསྐུར་ནས་ཁྱེའུ་སྔོ་ བསངས་ཀྱིས་དེར་རྒྱལ་སྲིད་བྱེད་དུ་བཅུག་པས། སྔོ་བསངས་ཀྱི་རྒྱལ་སྲིད། སྔོ་བསངས་ཀྱི་རྒྱལ་སྲིད་ཅེས་བྱ་བའི་མིང་དུ་གྱུར་ཏོ། །ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡུལ་བོག་ཀ་ནར་ཕྱིན་ནས། ཚེ་དང་ [184A]༄༅། །ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོའི་མ་བོག་ཀ་ནར་སྐྱེས་པ་དེས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་མཐོང་ནས་སྨྲས་པ་བུ། ཁྱོད་ཡུན་རིང་ཞིག་ནས་མཐོང་ངོ། །བུ། ཁྱོད་ཡུན་རིང་ཞིག་ལོན་ ནས་མཐོང་ངོ། །དེའི་ནུ་མ་གཉིས་ལས་ཀྱང་འོ་མའི་རྒྱུན་འཛག་གོ་ཚེ་དང་ལྡན་པ་ཀ་ཏྱ་ཡ་ན་ཆེན་པོས་དེ་ལ་ཡུམ་ཡུམ་ཞེས་ཁག་ཕབ་པ་དང། དེས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོར་ཟན་བྱིན་ནས་ཚེ་དང་ལྡན་པ་ཀཱ་ ཏྱཱ་ཡ་ན་ཆེན་པོས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་གང་ཐོས་ནས་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པར་བྱས་སོ། །དེས་བདེན་པ་མཐོང་ནས། བཙུན་པས་ བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས་མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་ བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང་རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་ སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི་རྐང་པ་ཕྱུང། ལྷ་དང་མི་རྣམས་ཀྱི་ནང་དུ་ནི། བཞག་གོ་ཞེས་ [184B] །ཡང་སྨྲས་པ་དཀའ་བ་བྱེད་པའི་མ་ལ་ནི། །ཕུ་ཕོ་བཟང་པོས་གང་བྱ་བ། །དེ་ནི་ཁྱོད་ཀྱིས་བདག་ལ་བགྱིས། །སེམས་ནི་མཐོ་རིས་གཞོལ་བར་གྱུར་།ངན་སོང་དག་ནས་ ལེགས་ཕྱུང་ཞིང། །ཁྱོད་ཀྱིས་མཐོ་རིས་ཐར་པ་ལ། །རབ་ཏུ་འབད་པས་བདག་བཞག་སྟེ། །ཁྱོད་ཀྱིས་དཀའ་བ་ལེགས་པར་མཇེད། །ཚོང་པས་ཁེ་སྤོགས་རྙེད་པ་ལྟར། །མཐོ་རིས་རྙེད་པ་བདག་གིས་རྙེད། །དགེ་བའི་བཤེས་ གཉེན་རྣམས་ལ་ནི། །ཉེ་བར་བརྟེན་པ་བཟང་བ་ལགས། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བུ་མོ་བཟང་མོ་དེ་བདེན་པ་དག་ལ་བཞག་ནས་སྨྲས་པ། ཡུམ། བལྟས་ལགས་ཀྱི། བདག་མཆིའོ། །དེས་སྨྲས་པ། བུ་ གལ་ཏེ་དེ་ལྟ་ན། བདག་ལ་མཚན་མ་ཅུང་ཞིག་སྩོལ་ཅིག་དང། བདག་དེ་ལ་མཆོད་པ་བགྱིད་ཅིང་མཆིས་སོ། །དེས་དེ་ལ་འཁར་བ་བྱིན་ནས་དེས་མཆོད་རྟེན་བྱས་ཏེ། དེར་དེ་བཙུགས་ནས་འཁར་བའི་མཆོད་རྟེན་འཁར་ བའི་མཆོད་རྟེན་ཞེས་བྱ་བའི་མིང་དུ་གྱུར་ཏེ། དེང་སང་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་འཚལ་བར་བྱེད་དོ་།ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡུལ་དབུས་སུ་འགྲོ་འདོད་ནས་ཡུལ་སི་ནུར་ཕྱིན་པ་དང། དེ་ ནས་བྱང་ལམ་ན་གནས་པའི་ལྷ་མོ་གང་ཡིན་པ་དེས། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ལ་ཡང་མཚན་མ་ཅུང་ཞིག་སྩོལ་ཅིག་དང། བདག་དེ་ལ་མཆོད་པ་བགྱིད་ཅིང་མཆིས་ སོ༑ །དེས་བསམ་པ། བཅོམ་ལྡན་འདས་ཀྱིས་ཡུལ་དབུས་སུ་ལྷམ་སྒྲོག་གུ་ཅན་བཅང་བར་མི་བྱའོ། །ཞེས་བཀའ་སྩལ་པས། འདི་དེ་ལ་སྦྱིན་ནོ་།སྙམ་ནས། དེས་ལྷམ་སྒྲོག་གུ་ཅན་དེ་དེ་ལ་བྱིན་པ་དང། དེས་གནས་ [185A]༄༅། །གཞི་བྱེད་དུ་བཅུག་སྟེ་དེར་བཞག་པ་དང། ཁ་ཅིག་གིས་ནི། ལྷམ་གྱི་དབང་ཕྱུག་ཅེས་བྱ་བར་ཤེས་སོ། ཁ་ཅིག་གིས་ནི་ལྷམ་གྱི་གཞི་ཞེས་བྱ་བར་ཤེས་སོ། །ཚེ་དང་ལྡན་པ་ ཀཱ་ཏྱཱ་ཡ་ན་ཆེན་པོ་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟར་བདེ་བར་རྒྱུས་སམ། དེས་སྨྲས་པ། ཚེ་དང་ ལྡན་པ་དག་ཅུང་ཟད་བདེ་བར་ཡང་རྒྱུས། ཅུང་ཟད་སྡུག་བསྔལ་བར་ཡང་རྒྱུས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཇི་ལྟར་བདེ་བར་རྒྱུས། ཇི་ལྟར་སྡུག་བསྔལ་བར་རྒྱུས། དེས་སྨྲས་པ། སེམས་ཅན་གྱི་བྱ་ བ་བྱས་པ་གང་ཡིན་པ་དེ་དག་ནི། བདེ་བར་རྒྱུས་པ་ཡིན་ནོ། །རྒྱལ་པོ་གཙུག་ཕུད་ཅན་དང། གྲོང་ཁྱེར་སྒྲ་སྒྲོག་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་བདག་སས་མནན་པ་གང་ཡིན་པ་དང། བློན་པོའི་མཆོད་ཧེ་རུ་ཀ་ དང། བཧི་རུ་ཀ་གཉིས་ཚེགས་ཆེན་པོས་བྲོས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བར་རྒྱུས་པ་ཡིན་ནོ། །དགེ་སློང་དོན་ཉུང་ངུ་དག་གིས་སྨད་དེ་སྨྲས་པ། དེ་ནི། ཕ་གསོད་པ་ཡིན་ཏེ། དེས་ཚེ་དང་ལྡན་པ་ཨུ་ཏྲ་ཡ་ན་དགྲ་ བཅོམ་པ་ཉིད་ཐོབ་པ། ཉེས་པ་མེད་པ། གནོད་པ་མི་བྱེད་པ་བསད་དེ་འདི་ནི། དེའི་མེ་ཏོག་ཙམ་ཡིན་གྱི། འབྲས་བུ་ནི། གཞན་འབྱུང་བར་འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་ པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཚེ་དང་ལྡན་པ་ཨུ་ཏྲ་ཡ་ནས་ལས་ཅི་བགྱིས་ན། དེས་ཕྱུག་པ། ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང། བཅོམ་ལྡན་འདས་ཀྱི་བསྟན་ [185B]དགྲ་བཅོམ་པ་ཉིད་མངོན་དུ་བགྱིས་ནས་མཚོན་གྱིས་པ་བཀུམ་པར་གྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཨུ་ཏྲ་ཡ་ན་ ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། ཨུ་ཏྲ་ཡ་ན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་ དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར་ རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར། ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ། རང་སངས་རྒྱས་ དམན་པ་དང། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ། །ཇི་ཙམ་ན་རི་བྲག་ཅིག་ཏུ་རྔོན་པ་ཞིག་ འདུག་སྟེ། རི་བྲག་དེ་དང་ཧ་ཅང་མི་རིང་བ་ཞིག་ན་རི་དྭགས་དང། བྱ་མང་པོ་དག་གི་རྟེན་དུ་གྱུར་པ། མཚེའུ་ཞིག་ཡོད་པ་དེར་རྔོན་པ་དེ་ཉི་མ་རེ་རེ་ཞིང་རི་དྭགས་དང། བྱ་མང་པོ་དག་དྲུང་དབྱུང་བའི་ཕྱིར་དང། ཉམས་པར་ [186A]༄༅། །བྱ་བའི་ཕྱིར་དང། ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱ་བའི་ཕྱིར་རྔོན་སྤྱད་དང། རྙི་དང། རྙོང་མང་པོ་དག་འཛུགས་པར་བྱེད་དོ། །དེའི་རྔོན་སྤྱད་དང། རྙི་དང། རྙོང་དེ་དག་ཀྱང་ དོན་ཡོད་པ་ཡིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་སོང་བ་ན་རི་བྲག་དེར་ཕྱིན་ནས་ལྷའི་གནས་ཤིག་ཏུ་མཚན་མོ་གནས་པར་ཁས་བླངས་ནས་དེ་སྔ་དྲོ་ཤམ་ཐབས་བགོས་ ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རི་བྲག་དེར་བསོད་སྙོམས་ལ་ཞུགས་སོ། །དེར་བསོད་སྙོམས་རྒྱུས་ནས་བསམ་པ། ལྷའི་གནས་འདི་ཉིན་མོ་རྒྱུན་ལུགས་མང་བ་ཡིན་གྱི། རི་བྲག་གི་ཕྱི་རོལ་གྱི་གནས་ཞི་བ་ཞིག་ ཏུ་བསོད་སྙོམས་བཟའོ། །སྙམ་ནས་དེ་རི་བྲག་ནས་བྱུང་སྟེ། འདི་ནི། ཞི་བའོ། །འདི་ནི། ཞི་བའོ། །ཞེས་མཚེའུ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་སྟེ་རྐང་པ་གཉིས་ བཀྲུས་ནས་ལག་པ་གཉིས་བསྙལ་ཏེ་ཆུ་བཙགས་ནས་ལོ་མ་ལྷགས་པ་དག་བླངས་ཏེ་འདུག་ནས་ཟས་ཀྱི་བྱ་བ་བྱས་ཏེ་ལག་པ་གཉིས་བསྙལ་ནས་ཁ་བཀྲུས་ཏེ་ལྷུང་བཟེད་དང། ཆུ་ཚགས་གནས་ཇི་ལྟ་བ་བཞིན་དུ་ བཞག་ནས་རྐང་པ་གཉིས་བཀྲུས་ཏེ་ཤིང་དྲུང་ཞིག་ཏུ་བརྟེན་ནས་བྲང་འགྲོའི་རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བར་འདུག་པ་དང། དེའི་ཉིན་མོ་མིའི་དྲིས་རི་དྭགས་གཅིག་ ཀྱང་མ་ཟིན་ཏོ། །དེ་ནས་རྔོན་པ་དེ་ནང་པར་སྔར་ལངས་ཏེ་མཚེའུ་དེ་ག་ལ་བ་དེར་སོང་ནས། དེ་རྔོན་སྤྱད་དང། རྙི་དང་རྙོང་དེ་དག་བྱུལ་བར་བརྩམས་པ་དང། རི་དྭགས་གཅིག་ཀྱང་མ་མཐོང་ནས། དེ་འདི་སྙམ་ [186B] བདག་གི་རྔོན་སྤྱད་དང། རྙི་དང། རྙོང་འདི་དག་དོན་ཡོད་པ་ཡིན་ན། གང་གི་ཕྱིར་དེར་རི་དྭགས་གཅིག་ཀྱང་མ་ཟིན་པ་འདིའི་རྒྱུ་གང་ཡིན་སྙམ་ནས། དེས་མཚེའུ་དེའི་ཐན་ཀོར་བྱུལ་བར་བརྩམས་པ་དང། མིའི་ རྗེས་མཐོང་ནས། དེ་རྗེས་དེའི་ཕྱི་བཞིན་དུ་སོང་བ་དང། རང་སངས་རྒྱས་སྤྱོད་ལམ་ཞི་བར་འདུག་པ་དེ་མཐོང་ནས་དེས་བསམ་པ་རབ་ཏུ་བྱུང་བ་སེམས་ཞི་བ་འདི་དག་གནས་འདི་ལྟ་བུ་དག་ཏུ་མངོན་པར་དགའ་བར་ བྱེད་པས། གལ་ཏེ་བདག་གིས་འདིའི་སྲོག་བཅད་པ་མ་བྱས་ན། འདི་དག་གིས་ངེས་པར་བདག་གི་འཚོ་བ་གཅོད་པར་བྱེད་ཀྱི། རྣམ་པ་ཐམས་ཅད་དུ་འདི་གསད་པར་བྱའོ། །སྙམ་ནས་སྙིང་རྗེ་མེད་པའི་སེམས་དང་ ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་དེས་མདའ་དུག་ཅན་གྱིས་གཞུ་རྔའི་དབྱིབས་འདྲ་བ་རྣ་དྲུང་དུ་ཐུག་པར་བཀང་སྟེ། རང་སངས་རྒྱས་དེའི་གནད་དུ་བསྣུན་ཏོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམ་པ། རྔོན་པ་ ཉོན་མོངས་པ་འདི། ཧ་ཅང་རྨས་པ་དང། ཉམས་པར་གྱུར་ན་མི་རུང་གི་འདི་ལ་ལ་གནས་དྲང་བ་སྦྱིན་ནོ། །སྙམ་ནས་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་ བ་དང། གསལ་བ་དང། ཆར་འབེབས་པ་དང། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི། རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། རྔོན་པ་དེ་ཤིང་ལྗོན་པ་རྩ་བ་ནས་ བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་བསྒྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་ [187A]༄༅། །གི་སུག་བ་ནས་དྲང་བ་སྩལ་དུ་གསོལ། རང་སངས་རྒྱས་དེ་རྔོན་པ་དེ་ལ་རྗེས་སུ་སྙིང་རྗེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་ནས་རྔོན་པ་དེས་ཟུག་རྔུ་མེད་པར་ བྱས་ཏེ་རྨ་ལྷན་གྱིས་གླན་ནས་སྨྲས་པ། འཕགས་པ། སྡུམ་པར་གཤེགས་སུ་གསོལ། གལ་ཏེ་འདིར་གསེར་གྱི་ལྷན་པས་གླན་པར་མཛད་ནས་དེ་ཡང་བདག་གིས་སྦྱར་བར་བགྱིའོ། །རང་སངས་རྒྱས་ཀྱིས་ བསམ་པ། བདག་གིས་རྣག་གི་ལུས་འདིས་ཐོབ་པར་བྱ་བ་གང་ཡིན་པ་ཐོབ་ཟིན་པས། དེའི་ཕྱིར་ད་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་བྱའོ། །སྙམ་ནས། དེ་རྔོན་ པ་དེ་ཉིད་ཀྱི་མདུན་དུའང་ནམ་མཁའི་དཀྱིལ་དུ་འཕགས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་རྣམ་པར་བསྟན་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ འདས་སོ། །རྔོན་པ་དེ། ནོར་དང་ལྡན་པ་ཡིན་པས། དེས་སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་པོར་བཅེར་ཏེ་བསྲེགས་ནས་ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ། རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས་ལམ་ པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་སྟེ། གདུགས་དང། རྒྱལ་མཚན་དང། བ་དན་དག་བསྒྲེང་ཞིང། དྲི་དང་ཕྲེང་བ་རྒྱུ་དང། བདུག་སྤོས་དང། ཕྱེ་མ་དང། སིལ་སྙན་དག་གིས་མཆོད་ པ་བྱས་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མི་འགྱུར་བར་ [187B] བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བར་སྐྱེ་ཞིང། འདི་ལས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང། ཐུགས་བྱུང་བར་མི་ བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་རྔོན་པ་གང་ཡིན་པ་དེ་ནི། དགེ་སློང་ཨུ་ཏྲ་ཡ་ན་ཡིན་ཏེ། དེས་རང་སངས་རྒྱས་ཀྱི་གནད་དུ་མདའ་དུག་ ཅན་གྱིས་བསྣུན་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གདུངས་ནས་ལས་དེ་ཉིད་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་མཚེའུ་དེ་ཉིད་དུ་རི་དྭགས་སུ་གྱུར་ ནས་མདའ་དུག་ཅན་གྱིས་གནད་དུ་བསྣུན་ཅིང་དུས་ལ་བབ་སྟེ། ད་ལྟར་གྱི་བར་དུའང་དགྲ་བཅོམ་པ་ཐོབ་ཀྱང། དེ་མཚོན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་ དེས་ནི། ད་ལྟར་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བར་སྐྱེས་ཤིང། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང། འདིས་ རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ་།དགེ་སློང་དག་དེ་ལྟར་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་རྣམ་ པར་སྨིན་པ་ནི། གཅིག་ཏུ་ནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པའང་གཅིག་ཏུ་དཀར་བ་ཡིན་ལ། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པའང་འདྲེན་མ་ཡིན་ནོ། །དགེ་ [188A]༄༅། །སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་དང། འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་ སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རྒྱལ་པོ་གཙུག་ཕུད་ཅན་དང་ གྲོང་ཁྱེར་སྒྲ་སྒྲོག་ན་གནས་པའི་སྐྱེ་བོའི་ཚོགས་དང། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་ལས་ཅི་བགྱིས་ན། དེས་དོག་སས་ནོན་པར་གྱུར་ནས། བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་གཉིས་ཀྱིས་ ལས་ཅི་ཞིག་བགྱིས་ན། བྲོས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ་རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་ གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི།། [188B] །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་རི་བྲག་ཅིག་ན། ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་ཁྱེའུ་ཞིག་བྱུང་ ངོ༑ ༑ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་མོ་ཞིག་བྱུང་ནས་དེ་གཉིས་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །བུ་མོ་དེ་དང་ན་མཉམ་པའི་བུ་མོ་དག་སློང་བ་ འོངས་ན། བུ་མོ་དེ་ལ་སློང་བ་འགའ་ཡང་མ་འོངས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་དཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་ དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ། །ཇི་ཙམ་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་སོང་བ་ན། རི་བྲག་དེར་ཕྱིན་ནས་བུ་མོ་དེས་ཁྱིམ་ ཕྱགས་ནས་ཕྱག་དར་རིབ་མའི་སྟེང་ནས་བོར་བ་དེ། རང་སངས་རྒྱས་བསོད་སྙོམས་ལ་རྒྱུ་བ་དེའི་མགོར་ཕོག་གོ་བུ་མོ་དེས་དེར་ཕོག་པ་མཐོང་ནས་འགྱོད་པའི་སེམས་ཀྱང་མ་སྐྱེས་ལ། སྟེས་དབང་གིས་ དེ་ཉིད་ཀྱི་ཉིན་མོ་དེ་སློང་བ་འོངས་ནས། མིང་པོས་དེ་ལ་དྲིས་པ། དེང་ཁྱོད་ཀྱིས་ཅི་བྱས་ན། དེས་ན། ཁྱོད་སློང་བ་འོངས་སོ་།དེས་སྨྲས་པ། བདག་གིས་དེང་རབ་ཏུ་བྱུང་བའི་སྟེང་དུ་ཕྱག་དར་བོར་ [189A]༄༅། །རོ༑ ༑དེས་འཛུམ་ཕྱུང་བ་དང། བུ་མོ་དེས་བུ་མོ་གཞན་དག་ལ་སྦྲན་ཅིང་དེས་ཀྱང་གཞན་དག་ལ་སྦྲན་ནས། འཇིག་རྟེན་ལ་བུ་མོ་གང་དང་གང་སློང་བ་མི་འོང་ བ་དེས། རང་སངས་རྒྱས་ཀྱི་སྟེང་དུ་ཕྱག་དར་བོར་ན། དེ་ལ་སློང་བ་འོང་ངོ། །ཞེས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ལྟ་བུ་བྱུང་ངོ། །བདག་ཉིད་ཆེན་པོ་རྣམས་ནི། བསྙེན་བཀུར་མ་ཡིན་པས་ འཇིགས་པས། རང་སངས་རྒྱས་དེ་རི་བྲག་དེ་ནས་སོང་བ་དང། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་སྟེང་དུ་དོར་བར་བརྩམས་ནས་དེ་དག་ཀྱང་དོང་བ་དང། ཕ་མ་དག་གི་སྟེང་ དུ་དོར་བར་བརྩམས་སོ། །རི་བྲག་དེ་ན་ཁྱིམ་བདག་དགེ་བའི་ཆོས་ཅན་གཉིས་ཤིག་འཁོད་པ་དེ་གཉིས་ཀྱིས་སྨྲས་པ། ཤེས་ལྡན་དག་།དམ་པ་མ་ཡིན་པའི་ཆོས་འཕེལ་བ་འདི་བཟློག་པར་ བྱའོ། །ཞེས་དེ་གཉིས་ཀྱིས་བཟློག་ཅིང་སྤངས་སོ། །དགེ་སློང་དག་།དེའི་ཚེ་དེའི་དུས་ན། བུ་མོ་གང་གིས་རང་སངས་རྒྱས་ཀྱི་སྟེང་དུ་ཕྱག་དར་བོར་བ་དེ་ནི། རྒྱལ་པོ་གཙུག་ཕུད་ཅན་འདི་ ཡིན་ནོ། །རི་བྲག་དེ་ན་གནས་པའི་སྐྱེ་བོའི་ཚོགས་གང་ཡིན་པ་དེ་ནི། གྲོང་ཁྱེར་སྒྲ་སྒྲོག་ན་གནས་པའི་སྐྱེ་བོའི་ཚོགས་འདི་དག་ཡིན་ཏེ། འདི་དག་གིས་རང་སངས་རྒྱས་དང། དྲང་སྲོང་དང། ཕ་མ་ དག་གི་སྟེང་དུ་ཕྱག་དར་བོར་བ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་སས་ནོན་པར་གྱུར་ཏོ། །ཁྱིམ་བདག་གཉིས་ཀྱིས་བཟློག་པ་གང་ཡིན་པ་དེ་ནི། བློན་པོའི་མཆོག་ཧེ་རུ་ཀ་དང། བཧི་རུ་ཀ་ [189B] ལས་དེའི་རྣམ་པར་སྨིན་པས་བྲོས་པར་གྱུར་ཏོ་།བུ་མོའི་མིང་པོ་གང་གིས་འཛུམ་ཕྱུང་བ་དེ་ནི། དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡིན་ཏེ། དེས་འཛུམ་ཕྱུང་བ་གང་ཡིན་པའི་ལས་དེའི་རྣམ་པར་ སྨིན་པས་སས་གཡོགས་ཏེ། གལ་ཏེ་དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་པར་མ་གྱུར་དུ་ཟིན་ན། དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོ་སས་ནོན་ཅིང་ཚུལ་མ་ཡིན་པས་སྡུག་བསྔལ་བར་ འགྱུར་རོ། །དགེ་སློང་དག་དེ་ལྟ་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི། གཅིག་ཏུ་ནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་ འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་དང། འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་ དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀོའུ་ཤམྦྷི་ན་ཁྱིམ་བདག་ནོར་བཟང་ཞེས་བྱ་ བ༑ ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་འདུག་པ་དེའི་ཁྱིམ་རྒྱལ་པོ་ཤར་པའི་དྲུང་ན་འདུག་ཅིང། དེ་ནང་པར་སྔར་ལངས་ཏེ་ལས་ཀྱི་མཐའ་དག་ལ་རྟོག་ཏུ་འགྲོའོ། །དེ་དབྱིག་གི་གདངས་ཅན་ཡིན་ པས། རྒྱལ་པོ་ཤར་པས་སྒྲའི་གདངས་ལས་དེ་ལ་གསེར་བཞག་པ་འབུམ་ཡོད་པར་ཤེས་སོ། །ཇི་ཙམ་དུས་གཞན་ཞིག་ན། རྒྱལ་པོ་ཤར་པ་དོན་གྱི་གནས་ན་འདུག་པས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ [190A]༄༅། །ཁྱིམ་བདག་ནོར་བཟང། ཉི་མ་རེ་རེ་ཞིང་ནང་པར་སྔར་ལངས་ཏེ་རང་ཉིད་ལས་ཀྱི་མཐའ་དག་ལ་རྟོག་ཏུ་འགྲོ་སྟེ། འདི་གསེར་བཞག་པ་འབུམ་ཡོད་ཅེས་གྲག་ན། ཅིའི་ཕྱིར་ ན། བདག་ཉིད་ངལ་བར་བྱེད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་འདི་ལ་གསེར་བཞག་པ་འབུམ་ག་ལ་མཆིས་ཏེ། གལ་ཏེ་འདི་ལ་གསེར་བཞག་པ་འབུམ་མཆིས་ན། ཅིའི་སླད་དུ་བདག་ཉིད་དམ་ བར་བགྱིད། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་ཁྱེད་ཅག་ཡིད་མི་ཆེས་ན། ཁྱིམ་བདག་ནོར་བཟང་པོས་ཤིག་དང་དྲིའོ། །དེ་དག་གིས་ཁྱིམ་བདག་ནོར་བཟང་པོས་ནས། རྒྱལ་པོས་དྲིས་པ། ཁྱིམ་བདག་ ཁྱོད་ལ་གསེར་བཞག་པ་འབུམ་ཡོད་དམ། ལྷ། མཆིས་ཏེ། གལ་ཏེ་བཞེས་ན། བཞེས་སུ་གསོལ། ཁྱིམ་བདག། ང་ནི། གསེར་དོན་དུ་གཉེར་བ་མ་ཡིན་གྱི། འདི་ལྟར། ངས་ཁྱོད་ལ་ཅི་ཡོད་དམ་མེད་ཅེས་དྲིས་པར་ ཟད་དོ། །ལྷ། མཆིས་ཏེ། ལྷས་ཇི་ལྟར་མཁྱེན་པ་དེ་ཞུའོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་ཁྱོད་དབྱིག་གི་གདངས་ཅན་ཡིན་པས་ངས་སྒྲའི་གདངས་ལས་ཤེས་སོ། །ཁྱིམ་བདག་ནོར་བཟང་རྒྱལ་པོས་གདངས་ ལས་ཤེས་པས། དེའི་མིང་ཁྱིམ་བདག་གདངས་ཅན། ཁྱིམ་བདག་གདངས་ཅན་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོས་དེ་ལ་སྨྲས་པ། ཁྱིམ་བདག་།ཁྱོད་ཕྱུག་པོར་གྱུར་པ་ཡིན་ན། ཅིའི་ཕྱིར་ཁྱོད་རང་གིས་ཞལ་ཏ་བྱས་ཏེ་ལས་ ཀྱི་མཐའ་དག་བྱེད་དུ་འཇུག་དེས་སྨྲས་པ། ལྷ། གལ་ཏེ་བདག་གིས་རང་གི་ཞལ་ཏ་བགྱིས་ཏེ་ལས་ཀྱི་མཐའ་དག་བགྱིད་དུ་མ་སྩལ་ན་བདག་གི་ལོངས་སྤྱོད་དག་འཕེལ་ཞིང་རྒྱས་པ་དང། ཡངས་པར་ཡང་མི་འགྱུར་ [190B]མི་འགྱུར་རོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་ཁྱོད་ཅིའི་ཕྱིར་གླང་པོ་ཆེ་དང། རྟ་དག་གིས་མི་འགྲོ། ལྷ། བདག་ཁྱིམ་ཁོལ་ལགས་པས། གླང་པོ་ཆེ་དང་ རྟ་དག་གིས་མཆི་བ་བདག་གི་ཚུལ་དང་མཐུན་པ་མ་ལགས་སོ། །རྒྱལ་པོས་བསམ་པ། གྲོགས་འདི་ལྟ་བུས་རྒྱལ་སྲིད་བྱེད་དུ་གཞུག་པར་ནུས་ཀྱི། འདི་བློན་པོ་ཁོ་ནར་གཞུག་གོ་སྙམ་དུ་རིག་ནས་སྨྲས་པ་ཁྱིམ་བདག་ བློན་པོ་གྱིས་ཤིག་དང། ལྷན་ཅིག་ཏུ་རྒྱལ་སྲིད་བྱེད་དུ་གཞུག་གོ་།དེས་སྨྲས་པ། ལྷ། དེ་སྐད་ཅེས་བཀའ་སྩལ་པ་མི་རིགས་ཏེ། བདག་ནི། ཁྱིམ་ཁོལ་ལགས་པས་བདག་ཞིང་ལས་ཀྱི་མཐའ་རྗེས་སུ་སྒྲུབ་པར་རིགས་ ཀྱི༑ བློན་པོར་མི་རིགས་སོ། །རྒྱལ་པོས་དེ་ལྟ་དེ་ལྟར་ནན་གྱིས་མནན་ན། ཅི་ནས་ཀྱང་གདོན་མི་ཟ་བར་ཁས་ལེན་པར་ཤེས་ཏེ། ནན་གྱིས་མནན་ནས་དེས་ཀྱང་ཁས་བླངས་སོ། །དེ་ནས་རྒྱལ་པོས་དེ་བློན་པོར་བཅུག་ནས་ཁྱིམ་ བདག་གདངས་ཅན་གྱིས་ཆོས་དང་རིགས་པས། རྒྱལ་པོའི་བྱ་བ་དང་རྒྱལ་པོའི་བྱེད་པ་དག་བྱ་བར་བརྩམས་ནས་དེས་བློན་པོ་ཐམས་ཅད་ཟིལ་གྱིས་མནན་པ་དང། དེ་དག་ཕྲག་དོག་སྐྱེས་ཏེ་ཉིད་མི་བདེ་བར་གྱུར་ནས་ འདུས་ཏེ་སྨྲས་པ། ཤེས་ལྡན་དག་བདག་ཅག་འདི་ལྟར་ཁྱིམ་བདག་གདངས་ཅན་གྱིས་ཟིལ་གྱིས་མནན་པར་གྱུར་ན། འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། འདི་ལ་ཅིའི་ཕྱིར་སྒྲུབ་ཏུ་མེད། འདི་ཇི་སྲིད་ དུ་གཏན་དུ་གཏིང་ཚུགས་པར་མ་གྱུར་པ་དེ་སྲིད་དུ་འདི་ལ་རྒྱལ་པོས་ཆང་པས་གཅོད་དུ་གཞུག་པར་བྱའོ། །ཁ་ཅིག་གིས་སྨྲས་པ། མ་ཉེས་ཀྱི། དེ་ལྟར་བྱའོ། །ཞེས་དེ་དག་ཐམས་ཅད་འདུས་ཏེ་རྒྱལ་པོས་གན་དུ་དོང་ནས་ [191A]༄༅། །སྨྲས་པ། ལྷ། རྒྱལ་པོ་སུ་ལགས། །དེས་སྨྲས་པ། ཁྱེད་ཅག་གི་ལས་ཐེ་ཚོམ་ཟ། རྒྱལ་པོར་ང་ཡིན་མོད། གཞན་སུ་ཞིག་ཡིན་དེ་དག་གིས་སྨྲས་པ། ལྷ། གདངས་ ཅན་རྒྱལ་པོ་ལགས་ཀྱི། ཁྱོད་ནི། མ་ལགས་ཏེ། གལ་ཏེ་དེ་འཚལ་པར་གྱུར་ན། ལྷ་བཀྲོངས་ཏེ་རང་ཉིད་ཅོད་པན་བཅིངས་ནས་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོ་བགྱིད་དུ་སྩོལ་བར་འགྱུར་ རོ༑ ༑རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་དེ་དེ་ལྟར་འགྱུར་ཏེ། དེ་ནི། ཆོས་གཙོ་བོར་བྱེད་པ་ཡིན་པས། ཇི་ལྟར་དེ་ལྟར་བྱེད་པར་འགྱུར། དེ་དག་གིས་སྨྲས་པ། བདག་ཅག་གི་ ལྷའི་མངོན་སུམ་དུ་འགྱུར་བར་བགྱིའོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་གདངས་ཅན་རྒྱལ་པོས་ཉེ་བར་འཚོ་བའི་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་ཡོངས་སུ་བསྐོར་ཅིང་རྒྱལ་པོའི་ཕོ་ བྲང་དུ་ཞུགས་ནས་རྒྱལ་པོའི་ཕོ་བྲང་དུ་ཐམས་ཅད་སྐྱེ་བོའི་ཚོགས་ཀྱིས་གང་བར་དེས་རྒྱལ་པོ་བྱ་བ་དང། རྒྱལ་པོའི་བྱེད་པ་དག་བྱས་ནས་རྒྱལ་པོའི་ཕོ་བྲང་ནས་ཕྱིར་བྱུང་བ་དང། རྒྱལ་པོས་ ཉེ་བར་འཚོ་བ་སྔོན་འཁོད་པ་དག་ཀྱང་དེ་དང་ལྷན་ཅིག་ཕྱིར་བྱུང་སྟེ། རྒྱལ་པོའི་ཚོགས་མེད་པར་འདུག་པ་དང། བློན་པོ་དེ་དག་གིས་རྒྱལ་པོ་ལ་སྨྲས་པ། ལྷ་གཟིགས་སམ། བདག་ཅག་ གིས་གསོལ་བ་གང་ལགས་པ་དེ་ནི། འདི་ལགས་ཏེ། གལ་ཏེ་འདི་འཚལ་བར་གྱུར་ན། ལྷ་བཀྲོངས་ཏེ་རང་ཉིད་ཅོད་པན་བཅིངས་ནས་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོ་བགྱིད་དུ་སྩལ་ [191B] །རྒྱལ་པོས་བསམ་པ། རེ་ཞིག་འདི་བརྟག་པར་བྱའོ། །སྙམ་ནས་དེས་དེ་རྒྱུ་བ་དང། གནས་པ་ལས་བརྟག་པར་བརྩམས་པ་དང། ཇི་ཙམ་ན་བྱང་ལམ་ནས་དེད་དཔོན་གྱིས་ཟོང་རྟ་དེད་དེ་ཀོའུ་ ཤམྦྷིར་ཕྱིན་ནས་རྒྱལ་པོས་གདངས་ཅན་ལ་བསྒོ་བ། གསེར་འབུམ་གྱིས་རྟ་དག་ཉོས་ཤིག་དེས་གསེར་འབུམ་གྱིས་རྟ་དག་ཉོས་པ་དང་རྒྱལ་པོས་གདངས་ཅན་ལ་བསྒོ་བ། འབུམ་གྱི་ཕྱེད་བྱིན་ལ་འདི་ སྐད་ཅེས། བདག་གིས་འབུམ་ཚང་བར་བྱིན་ཟིན་ཏོ། །ཞེས་བྱོས་ཤིག་དེས་སྨྲས་པ། ལྷ། དེ་མི་རིགས་ཏེ། གལ་ཏེ་དེ་ལྟར་བགྱིས་ན། སླན་ཆད་འདིར་ཆིབས་རྟ་འཚོང་པ་དང། གཞན་འགའ་ཡང་མཆི་ བར་མི་འགྱུར་གྱི། འདི་ལྟར་ལྷའི་དཀོར་ལས་འབུམ་ཕྱེད་སྩོལ་ཅིག་དང། བདག་གིས་འབུམ་ཕྱེད་སྩལ་ཏོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག། ངའི་ཚིག་དེ་བཞིན་སྨྲས་ན། འདི་ལ་ཅི་འགལ། དེས་ སྨྲས་པ། ལྷ། བདག་གིས་ཚེ་གཅིག་གི་སྡུག་བསྔལ་གྱི་དོན་དུ་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་རྔོ་མི་ཐོགས་སོ། །རྒྱལ་པོས་དེ་ལ་ལན་གསུམ་གྱི་བར་དུ་སྨྲས་ན་ཡང་དེ་མ་བཏུབ་ནས། དེ་ནས་རྒྱལ་ པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག། གང་གིས་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་བཀའ་ལན་གསུམ་གྱི་བར་དུ་བཅག་པ་དེའི་ཆད་པ་ཅི་ཡིན། བློན་པོ་རྣམས་ཀྱིས་སྨྲས་པ་ ལྷ༑ དེའི་ཆད་པ་ནི། དགུམ་པ་ལགས་སོ། །དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟར་ན། ངས་ཁྱིམ་བདག་གདངས་ཅན་ཡོངས་སུ་བཏང་ངོ། །བློན་པོ་རྣམས་ཀྱིས་མི་གཤེད་མ་དག་ལ་བསྒོ་བ་ [192A]༄༅། །ཤེས་ལྡན་དག། ལྷས་བཀའ་སྩལ་པ། ཁྱིམ་བདག་གདངས་ཅན་སོད་ཅིག་ཅེས་བྱུང་ངོ། །རྒྱལ་པོས་མི་གཤེད་མ་པ་དེ་དག་ལ་གསང་སྟེ་བསྒོ་བ། ཁྱོད་ཀྱིས་ཁྱིམ་ བདག་གདངས་ཅན་གསད་པར་མི་བྱ་བར་འདི་ལྟར་བསྡིགས་པར་བྱའོ་།དེ་དག་གིས་དེའི་མགྲིན་པར་ཀཱ་ར་བའི་རའི་ཕྲེང་བ་བཏགས་ཏེ་གྲོང་ཁྱེར་གྱི་དབུས་ནས་གསོད་སར་ཁྲིད་པ་དང། དེའི་ཉེ་དུ་ དག་དོང་སྟེ་སྨྲས་པ། ཁྱིམ་བདག། འདི་ལ་ལྷས་བཀའ་ཅི་སྩལ་བ་དེ་ལྟར་གྱིས་ལ་བདག་ཉིད་གསོད་དུ་མ་གཞུག་ཅིག། དེས་སྨྲས་པ། ཁོ་བོས་ལྷའི་བཀའ་ཆོས་དང་ལྡན་པ་བཅག་གམ། ཅི། གལ་ ཏེ་ལྷས་ཁོ་བོ་ཉེས་པ་མེད་པ། གནོད་པ་མི་བྱེད་པ་གསོད་ན། གསོད་དུ་ཟད། ཁོ་བོས་ཚེ་གཅིག་གི་སྡུག་བསྔལ་གྱི་ཕྱིར་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་མི་ནུས་སོ། །མི་གཤེད་མ་ པ་དེ་དག་གིས་དེ་གསོད་སར་ཁྲིད་དེ་སྨྲས་པ། ཁྱིམ་བདག། ལྷས་བཀའ་ཅི་སྩལ་བ་དེ་ལྟར་གྱིས་ལ་བདག་ཉིད་གསོད་དུ་མ་གཞུག་ཅིག་དེས་སྨྲས་པ། ཁོ་བོས་ལྷའི་བཀའ་ཆོས་དང་ལྡན་པ་ བཅག་གམ། ཅི། གལ་ཏེ་ལྷས་ཁོ་བོ་ཉེས་པ་མེད་པ། གནོད་པ་མི་བྱེད་པ་གསོད་ན། གསོད་དུ་ཟད། ཁོ་བོས་ཚེ་གཅིག་གི་སྡུག་བསྔལ་གྱི་ཕྱིར་ཚེ་རབས་མང་པོའི་སྡུག་བསྔལ་སྐྱེད་པར་ མི་ནུས་སོ། །མི་གཤེད་མ་པ་དེ་དག་གིས་དེ་རྒྱལ་པོའི་གན་དུ་ཁྲིད་དེ་སྨྲས་པ། ལྷ། ཁྱིམ་བདག་གདངས་ཅན་དེ་འདི་སྐད་ཅེས་མཆིའོ་།རྒྱལ་པོས་སྨྲས་པ། ཁྱིམ་བདག། ང་ཁྱོད་ [192B] འདི་ལྟར་བརྟག་པར་འདོད་དོ་།དེས་སྨྲས་པ། ལྷས་བདག་བརྟག་པའི་དགོངས་པས་གནས་སྐབས་འདི་ལྟ་བུ་སྩལ་ན། གལ་ཏེ་བཀྱོན་ན། ཇི་ལྟར་བགྱིས་པར་འགྱུར་ འདི་ལྟར། གལ་ཏེ་ལྷ་བདག་ལ་དགྱེས་ན། བདག་སྦྱིན་པ་དག་སྩོལ་ཅིང། བསོད་ནམས་དག་བགྱིད་པར་ཅི་གནང། རྒྱལ་པོས་སྨྲས་པ། ཁྱིམ་བདག། གལ་ཏེ་དེ་ལྟར་ན། གནང་གི། ཅི་དགར་སྦྱིན་པ་ དག་བྱིན་ཅིག། བསོད་ནམས་དག་གྱིས་ཤིག། དེ་ནས་ཁྱིམ་བདག་གདངས་ཅན་གྱིས། སྦྱིན་པའི་ཁང་པ་རྩིག་ཏུ་བཅུག་སྟེ་སྦྱིན་པའི་ཞལ་ཏ་པའི་མི་དག་བསྐོས་ནས་སྨྲས་པ། ཤེས་ལྡན་དག། གལ་ ཏེ་འདིར་སྔོན་མ་བྱུང་བའི་རྟགས་དང། ཆ་ལུགས་ཅན་གྱི་དགེ་སྦྱོང་ངམ། བྲམ་ཟེའམ། གཞན་དག་འོངས་པར་གྱུར་ན། ཁོ་བོ་ལ་སྤྲོན་ཅིག། ཇི་ཙམ་ན་ལྷོ་ལམ་ནས་དྲང་སྲོང་ལྔ་བརྒྱ་ཙམ་ཡུལ་ དབུས་སུ་འཕགས་པ་དེ་དག་མཐར་གྱིས་ལམ་དུ་འདོང་བ་ན། དགོན་པའི་ལམ་དུ་ཕྱིན་ནས་དེ་དག་དགོན་པའི་ནང་དུ་སོན་པ་ན། ཆུ་ཟད་ནས་དེ་དག་ཆུ་དང་བྲལ་བའི་སྐོམ་གྱིས་གདུངས་ནས་ དགོན་པའི་ལམ་དེར་ཕན་ཚུན་བྱུལ་བར་བརྩམས་པ་དང། དེ་ཕན་ཚུན་ཉུལ་བ་དེ་དག་གིས་ཧ་ཅང་ཐག་མི་རིང་བ་ན་གསིང་མ་སྔོན་མོའི་ཕྱོགས་ན། ཤིང་ལྗོན་པ་ཞིག་མཐོང་ནས། དེ་ན་ཁ་ཅིག་ གིས་སྨྲས་པ། ཤེས་ལྡན་དག་གསིང་མ་སྔོན་པོའི་ཕྱོགས་འདི་ན་ཤིང་ལྗོན་པ་ཞིག་སྣང་གི། ཚུར་ཤོག་དང། འདི་ན་ཆུ་ཡོད་པར་འགྱུར་གྱི། བལྟར་འདོང་ངོ། །གཞན་དག་གིས་སྨྲས་པ་ [193A]༄༅། །ལེགས་ཀྱི། དེ་བཞིན་བྱའོ། །ཞེས་དེ་དག་དེར་དོང་བ་དང། ཇི་ཙམ་ན་ཆུ་མེད་པར་མཐོང་ནས་དེ་དག་གིས་གསོལ་པ་གདབ་པར་བརྩམས་ཏེ། ཤེས་ལྡན་དག་ས་ཕྱོགས་ དང༑ ཤིང་ལྗོན་པ་འདི་ལ་ལྷའམ། ཀླུའམ། གནོད་སྦྱིན་ནམ། ནམ་མཁའ་ལྡིང་ངམ། དྲི་ཟའམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོ་གང་གནས་པ་དེས། བདག་ཅག་དྲང་སྲོང་ལྔ་བརྒྱ་སྐོམ་གྱིས་ གདུངས་པ་རྣམས་ལ་ཆུ་བྱིན་ཅིག། ཅེས་སྨྲས་སོ། །ཇི་ཙམ་ན་ཤིང་ལྗོན་པ་དེ་ལས་ལག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་གསེར་གྱི་རིལ་བ་བཧིང་གར་ཐོགས་ཏེ་བྱུང་ནས་དྲང་སྲོང་རྣམས་ཀྱིས་ སྙིམ་པ་བཟེད་དེ་ཆུ་བཏུང་བར་བརྩམས་ནས་ཇི་ཙམ་ན་མྱངས་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཡིན་ཏེ། བསིལ་པ་དང། མངར་བ་དང། ཡང་བ་དང། འཇམ་པ་དང། གསལ་བ་དང། དྲི་ ང་བ་མེད་པ་དང། འཐུངས་པ་ན་མགུལ་ལ་མི་གནོད་པ་དང་འཐུངས་པ་ན་ལྟོ་མི་ན་བ་ཡིན་ཏེ། དེ་དག་ཚིམ་པར་གྱུར་ནས་རིལ་བ་བཀང་སྟེ་ཤིས་པ་བརྗོད་ནས་འཕགས་ཏེ་དོང་བ་དང། དེ་དག་ལ་ བློ་སྐྱེས་པ། ཤེས་ལྡན་དག། བདག་ཅག་གིས་དེ་ལྟ་བུའི་ཡ་མཚན་མཐོང་ནས་དེ་ལ་ཁྱོད་སུ་ཡིན། ལས་གང་གིས་འདིར་སྐྱེས་ཞེས་མ་དྲིས་པ་ནི། བདག་ཅག་ཉམས་པ་ཡིན་གྱི། ཚུར་ཤོག་ ཕྱིར་ལོག་ལ་དྲིའོ། །སྙམ་ནས། དེ་དག་ཐམས་ཅད་འདུས་ཏེ་ཕྱིར་ལོག་ནས་ཤིང་ལྗོན་པ་དེའི་དྲུང་དུ་འཁོད་དེ་སྨྲས་པ། ཤིང་ལྗོན་པ་འདི་ལ་ལྷའམ། ཀླུའམ། གནོད་སྦྱིན་ནམ། ནམ་མཁའ་ [193B] དྲི་ཟའམ། མིའམ་མ་ཅིའམ། ལྟོ་འཕྱེ་ཆེན་པོ་གང་གནས་པ་གང་གིས། བདག་ཅག་དགོན་པའི་ལམ་དུ་སོང་བ། གནོད་པ་དང། ཉམ་ང་བ་དང། མི་བདེ་བར་གྱུར་ཅིང། འཆི་བའི་དབང་དུ་གྱུར་པ་རྣམས་ ལ་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཚིམ་པར་བྱས་པ་དེས། བདག་གང་ཡིན་པ་དང། ལས་གང་གིས་འདིར་སྐྱེས་པ་སྨྲོས་ཤིག། ཇི་ཙམ་ན་ཤིང་ལྗོན་པ་དེ་ལས་ཚིག་བྱུང་བ། ཤེས་ལྡན་དག། ཛམྦུའི་ གླིང་པའི་མི་རྣམས་ནི། ཡིད་ཆེས་པར་དཀའ་བ་ཡིན་པས། ཁོ་བོ་སུ་ཡིན་པ་དང། ལས་གང་གིས་འདིར་སྐྱེས་པ་ཡིད་ཆེས་པར་མི་འགྱུར་བས། ཇི་ལྟར་སྨྲ་བར་བྱ། དྲང་སྲོང་རྣམས་ཀྱིས་སྨྲས་པ། ཀྱེ་བདག་ ཅག་གིས་མངོན་སུམ་ཁོ་ནར་མཐོང་ན། ཇི་ལྟར་ཡིད་ཆེས་པར་མི་འགྱུར། ཐེ་ཚོམ་མ་ཟ་བར་སྨྲོས་ཤིག། དེས་སྨྲས་པ། ཤེས་ལྡན་དག། གལ་ཏེ་དེ་ལྟར་ན། ཉོན་ཅིག་དང། ཁོ་བོ་གང་ཡིན་པ་དང་ལས་ གང་གིས་འདིར་སྐྱེས་པ་སྨྲ་བར་བྱའོ། །ཡུལ་ཀོ་ས་ལ་དག་ན་གྲོང་ཁྱེར་མཉན་ཡོད་ཅེས་བྱ་བ་དེ་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བ་འདུག་པ་དེའི་ཁྱིམ་དྲུང་ན། ཁོ་བོ་བཟང་མཁན་བྱེད་ཅིང་ འདུག་འདུག་སྟེ། དེ་མགོན་མེད་པ་རྣམས་ལ་ཟས་སྦྱིན་པར་བྱེད་པས་ཡུལ་ཐ་དད་པ་ན་གནས་པའི་སློང་མོ་པ་དག་ལྷགས་ཤིང་ལྷགས་ཤིང་ཁོ་བོ་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་ གང་ཡིན་པ་ཞེས་འདྲི་ནས་ཁོ་བོས་ལག་པ་གཡས་པ་བརྐྱང་སྟེ་དེ་དག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་འདི་ཡིན་ནོ། །ཞེས་སྨྲས་པ་དང། དེ་དག་གིས་དེ་ནས་ལག་པ་གང་བ་དང། སྣོད་ [194A]༄༅། །གང་བ་དང། འབྱོར་པ་ཐོབ་པ་དང། རྙེད་པ་ཐོབ་ཅིང་འདོང་བ་དེ་དག་ཁོ་བོས་མཐོང་ནས་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་དེ། ཁོ་བོ་ལས་དེས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ རྣམས་ཀྱི་ནང་དུ་སྐྱེས་ཤིང། ཤིང་ལྗོན་པ་འདི་ལ་གནས་ཏེ། དེ་ཕྱིར་ཁོ་བོའི་ལག་པ་གཡས་པ་ཤིན་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེར་གྱུར་ཏོ། །དེ་དག་གིས་ཤིས་པ་བརྗོད་པས་བསྟོད་དེ་དོང་ ངོ༑ ༑ཇི་ཙམ་ན་ཕྱོགས་གཞན་ཞིག་ཏུ་ཕྱིན་ནས་བཟའ་བ་དང་བཏུང་བ་ཟད་དེ། དེ་དག་བཀྲེས་པས་གདུངས་ཤིང། སྐོམ་པས་གདུངས་ནས་ཀུན་ཏུ་བརྟག་པར་བརྩམས་པ་དང། ཇི་ཙམ་ན་ཧ་ཅང་ ཐག་མི་རིང་བ་ཞིག་ན། ཤིང་ལྗོན་པ་ཆེན་པོ་ལོ་མ་སྔོ་ཞིང་སྣུན་པ་ཞིག་སྣང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག། ཤིང་ལྗོན་པ་ཆེན་པོ་ལོ་མ་སྔོ་ཞིང་སྣུམ་པ་འདི་ལྟ་བུ་སྣང་སྟེ་སྔར་ཡང་བདག་ ཅག་གིས་ཤིང་ལྗོན་པ་འདི་ལྟ་བུ་ཁོ་ན་ལས་ཆུ་གྲུབ་ཀྱི། འདིར་འདོང་དང། གལ་ཏེ་ན་ཅུང་ཟད་འགྲུབ་པར་འགྱུར་རོ། །ཞེས་དེ་དག་དེར་དོང་སྟེ་གསོལ་བ་གདབ་བར་བརྩམས་པ། ཤེས་ལྡན་ དག་ས་ཕྱོགས་དང། ཤིང་ལྗོན་པ་འདི་ལ་ལྷའམ། ཀླུའམ། གནོད་སྦྱིན་ནམ། ནམ་མཁའ་ལྡིང་ངམ། དྲི་ཟའམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོ་གང་གནས་པ་དེས། བདག་ཅག་ དྲང་སྲོང་ལྔ་བརྒྱ་བཀྲེས་པས་གདུངས་པ་དང། སྐོམ་པས་གདུངས་པ་རྣམས་ལ་ཟས་དང་སྐོམ་བྱིན་ཅིག། ཅེས་སྨྲས་སོ། །ཇི་ཙམ་ན་ཤིང་ལྗོན་པ་དེ་ལས་ཚིག་བྱུང་བ། ཤེས་ལྡན་དག། དེངས་ [194B]པ་དེའི་འགྲམ་ན། ཤིང་ལྗོན་པ་ཞིག་ཡོད་པ་དེའི་དྲུང་ན་འབྲས་ཆན་བྲེ་པོ་གང་ཞིག་འདུག་པ་དེ་ལས་ཟོས་ཤིང་འཐུངས་ནས་བཟའ་བ་དང། བཏུང་ བ་ཅི་འདོད་པ་ཁྱེར་ཅིག། དེ་དག་དོང་བ་དང། ཇི་ཙམ་ན་རྫིང་བུ་བྱ་ངང་པ་དང། ཀཱ་རཎྜ་པ་དང། ངུར་པས་མཛེས་པར་བྱས་པ་ཞིག་འདུག་པ་དེའི་འགྲམ་ན། ཤིང་ལྗོན་པ་ཞིག་འདུག་པ་དེའི་དྲུང་ན་ འབྲས་ཆན་ཚོད་མ་སྣ་ཚོགས་དང་བཅས་པས་གང་བ་ཞིག་འདུག་པ་མཐོང་ནས། དེ་དག་གིས་དེར་ཁྲུས་བྱས་ཏེ་ཟོས་ཤིང་ཆུ་འཐུང་ནས་རིལ་བ་ཆུས་བཀང་སྟེ་བཟའ་བ་དང། བཏུང་བ་ཅི་འདོད་པ་ཁྱེར་ ནས་ཤིས་པ་བརྗོད་དེ་དོང་བ་དང། དེ་དག་ལ་བློ་སྐྱེས་པ། ཤེས་ལྡན་དག། བདག་ཅག་གིས་དེ་ལྟ་བུའི་ཡ་མཚན་མཐོང་ནས་དེ་ལ་ཁྱོད་སུ་ཡིན། ལས་གང་གིས་འདིར་སྐྱེས་ཞེས་མ་དྲིས་པ་ནི་ བདག་ཅག་ཉམས་པ་ཡིན་གྱི། ཚུར་ཤོག། ཕྱིར་ལོག་ལ་དྲིའོ། །སྙམ་ནས། དེ་དག་ཐམས་ཅད་འདུས་ཏེ་ཕྱིར་ལོག་ནས་ཤིང་ལྗོན་པ་དེའི་དྲུང་དུ་འཁོད་དེ་སྨྲས་པ། ཤིང་ལྗོན་པ་འདི་ལ་ལྷའམ་ ཀླུའམ། གནོད་སྦྱིན་ནམ། ནམ་མཁའ་ལྡིང་ངམ། དྲི་ཟའམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོ་གང་གནས་པ་གང་གིས། བདག་ཅག་དགོན་པའི་ལམ་དུ་སོང་བ། གནོད་པ་དང། ཉམ་ང་ དང། མི་བདེ་བར་གྱུར་ཅིང། འཆི་བའི་དབང་དུ་གྱུར་པ་རྣམས་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པ་དང། ཟས་ཀྱིས་ཚིམ་པར་བྱས་པ་དེས། བདག་གང་ཡིན་པ་དང། ལས་གང་གིས་འདིར་སྐྱེས་ [195A]༄༅། །པ་སྨྲོས་ཤིག། ཇི་ཙམ་ན་ཤིང་ལྗོན་པ་དེ་ལས་ཚིག་བྱུང་བ། ཤེས་ལྡན་དག། ཛམྦུའི་གླིང་པའི་མི་རྣམས་ནི། ཡིད་ཆེས་པར་དཀའ་བ་ཡིན་པས། ཁོ་བོ་སུ་ཡིན་པ་ དང། ལས་གང་གིས་འདིར་སྐྱེས་པ་ཡིད་ཆེས་པར་མི་འགྱུར་བས། ཇི་ལྟར་སྨྲ་བར་བྱ། དྲང་སྲོང་རྣམས་ཀྱིས་སྨྲས་པ། ཀྱེ། བདག་ཅག་གིས་མངོན་སུམ་ཁོ་ནར་མཐོང་ན། ཇི་ལྟར་ཡིད་ཆེས་པར་མི་འགྱུར་ ཐེ་ཙོམ་མ་ཟ་བར་སྨྲོས་ཤིག། དེས་སྨྲས་པ། ཤེས་ལྡན་དག། གལ་ཏེ་དེ་ལྟར་ན། ཉོན་ཅིག་དང། ཁོ་བོ་གང་ཡིན་པ་དང། ལས་གང་གིས་འདིར་སྐྱེས་པ་སྨྲ་བར་བྱའོ། །ཡུལ་ཀོ་ས་ལ་དག་ན་གྲོང་ཁྱེར་ མཉན་ཡོད་ཅེས་བྱ་བ་དེ་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བ་ཞིག་འདུག་པ་དེ་མགོན་མེད་པ་རྣམས་ལ་ཟས་སྦྱིན་པར་བྱེད་ནས་རི་བྲག་ཅིག་ན་བྲམ་ཟེ་ཞིག་འདུག་པ་ལོངས་སྤྱོད་བསྲབས་ ནས་དེས་བསམ་པ། མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདུག་པ་དེ་མགོན་མེད་པ་རྣམས་ལ་ཟས་སྦྱིན་པར་བྱེད་ཀྱི། དེའི་གན་དུ་སོང་ན། དེ་ལས་ཅུང་ཟད་འགྲུབ་པར་འགྱུར་རོ། ། སྙམ་ནས་དེ་དེའི་གན་དུ་སོང་བ་དང། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་བར་འདོང་ནས། རྒྱལ་བྱེད་ཀྱི་ཚལ་དུ་འཕགས་ པ་ན༑ དེས་དེ་མཐོང་ནས་སྨྲས་པ། ཁྱིམ་བདག། བདག་ལ་ཟས་ཀྱི་མགྲོན་གྱིས་ཤིག། དེས་དེ་ལ་སྨྲས་པ། བྲམ་ཟེ། ཚུར་ཤོག། རྒྱལ་བྱེད་ཀྱི་ཚལ་དུ་འདོང་ལ་དེར་ཟོ་ཞིག། ད་དེ་དང་ལྷན་ [195B] ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལམ་གར་ཞོའི་བུམ་པ་ཞིག་རྙེད་ནས་དེས་དེ་བྲམ་ཟེ་དེ་ལ་བྱིན་ནས་སྨྲས་པ། བྲམ་ཟེ། ཞོའི་བུམ་པ་འདི་དགེ་འདུན་ལ་བྲིམས་ཤིག། ཁྱིམ་ བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞལ་ཟས་བསོད་པས་ཚིམ་པར་བྱས་པ་དང། བྲམ་ཟེ་དེས་ཀྱང་ཞོའི་བུམ་པ་དེ་དགེ་འདུན་ལ་བྲིམས་སོ། །ཁྱིམ་བདག་ མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ནས་ཁྱིམ་པ་དག་ལ་ཟན་སྦྱིན་པར་བརྩམས་ཏེ། དེས་ཁྱིམ་པ་གཞན་དག་ལ་ནི། ཟས་བསོད་པ་བྱིན་ བྲམ་ཟེ་དེ་ལ་ནི། ངན་པ་བྱིན་པ་དང། དེས་དེ་ལ་སྨྲས་པ། ཁྱིམ་བདག། རབ་ཏུ་བྱུང་བ་རྣམས་ནི། བསླབ་པ་ཡང་དག་པར་བླངས་པ་ཡིན་པས། རེ་ཞིག་འདི་དག་ལ་ནི། བསོད་པ་སྦྱིན་པར་རིག་ན། བདག་ ཅག་ཁྱིམ་པ་བསླབ་པ་ཡང་དག་པར་མ་བླངས་པར་འདྲ་ན། ཅིའི་ཕྱིར་ཁྱིམ་པ་གཞན་དག་ལ་ནི། ཟས་བསོད་པ་བྱིན་ལ། བདག་ལ་ནི་ཟས་ངན་པ་སྦྱིན། དེས་དེ་ལ་སྨྲས་པ། བྲམ་ཟེ། ཁྱིམ་པ་འདི་ དག་ཀྱང་བསླབ་པ་ཡང་དག་པར་བླངས་པ་ཡིན་ཏེ། འདི་དག་གིས་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་སོ། །དེས་དེ་ལ་སྨྲས་པ། ཁྱིམ་བདག། གལ་ཏེ་བདག་གིས་ཀྱང་ཡན་ལག་ བརྒྱད་དང་ལྡན་པའི་གསོ་སྦྱོང་ལེན་ན། བདག་ལ་ཡང་ཟས་བསོད་པ་སྦྱིན་ནམ། དེས་དེ་ལ་སྨྲས་པ། སྦྱིན་ནོ། །དེས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་པ་དང། དེ་ནས་ཁྱིམ་བདག་ [196A]༄༅། །མགོན་མེད་ཟས་སྦྱིན་གྱིས་དེ་ཟས་བསོད་པས་ཚིམ་པར་བྱས་ནས། དེས་ཟོས་ཏེ་འཕགས་པ་དང། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བྲམ་ཟེ། ཡུད་ཙམ་ཞིག་ སྡོད་ཅིག་དང། སྐོམ་འོངས་པར་འགྱུར་རོ། །དེས་སྐོམ་འཐུངས་ཏེ་སོང་བ་དང། ཉི་མ་ནུབ་པའི་དུས་ལ་བབ་ནས་མཉན་ཡོད་དང་ཧ་ཅང་མི་རིང་བ་ན་རི་བྲག་ཅིག་ཡོད་པ་དེར་བྲམ་ཟེའི་ཁྱིམ་ཞིག་ཏུ་ གནས་པ་དང། བྲམ་ཟེ་དེས་དེ་ལ་སྨྲས་པ། བྲམ་ཟེ། ཟན་ཟོ་ཞིག་།དེས་སྨྲས་པ། ཁོ་བོས་ཟན་མི་ཟའོ། །དེས་སྨྲས་པ། ཅིའི་ཕྱིར་དེས་སྨྲས་པ། ཁོ་བོས་དགེ་སྦྱོང་གོའུ་ཏ་མ་ལ་ཡན་ལག་བརྒྱད་དང་ ལྡན་པའི་གསོ་སྦྱོང་བླངས་སོ། །དེས་དེ་ལ་སྨྲས་པ། བྲམ་ཟེ། གལ་ཏེ་རེ་ཞིག་ཟ་ན། དེ་ལྟ་ན་ལེགས། གལ་ཏེ་མི་ཟ་ན། ཁོ་བོའི་ཁྱིམ་དུ་གནས་པར་མི་བྱའོ། །དེས་དུས་མ་ཡིན་པར་ཟོས་ནས་ གསོ་སྦྱོང་རལ་ལོ། །རི་བྲག་ན་གནས་པའི་བྲམ་ཟེ་གང་ཡིན་པ་གང་གིས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་ནས་དྲལ་བ་དེ་ནི། ཁོ་བོ་ཡིན་ཏེ། ཁོ་བོས་ཡན་ལག་བརྒྱད་དང་ལྡན་པའི་ གསོ་སྦྱོང་བླངས་ཏེ་ཐམས་ཅད་མ་དྲལ་ན། ཁོ་བོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་ཞིག་ན། ཁོ་བོས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་ནས་དུས་མ་ཡིན་ པར་ཟོས་ཏེ་གསོ་སྦྱོང་དྲལ་བས། ཁོ་བོ་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། ཤིང་ལྗོན་པ་འདི་ལ་གནས་ཤིང། དེའི་ཕྱིར་ཁོ་བོ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས། ལྷའི་ [196B] མཐུ་ཆེ་བ། གསོ་སྦྱོང་རལ་ཞེས་བྱ་བར་ཤེས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དོན་གསུམ་པ་དྲང་སྲོང་དེ་དག་མཆོག་ཏུ་ངོ་མཚར་སྐྱེས་ཏེ་སྨྲས་པ། ཤེས་ལྡན་ དག་བདག་ཅག་དྲང་སྲོང་རྣམས་ཀྱིས་དུས་འདི་སྲིད་དུ་བརྟུལ་ཞུགས་ལ་གནས་པས་ཀྱང། འདིའི་འབྲས་བུ་ཅིར་འགྱུར་མི་ཤེས་ན། ལྷའི་བུ་གསོ་སྦྱོང་རལ་བ་འདིས། བྲམ་ཟེར་གྱུར་པ་ན་ཡན་ལག་ བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་ཤིང། དེ་བྲལ་ན་ཡང་འདི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཀྱི་བདག་ཅག་ཀྱང་གང་དུ་འདིས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་པ་དེར་ འདོང་ངོ། །དེ་ལྟར་བྱའོ། །ཞེས་དེ་དག་གིས་གྲོས་བྱས་ཏེ་མཉན་ཡོད་དུ་འཕགས་ནས་ཇི་ཙམ་ན་མཐར་གྱིས་ཀོའུ་ཤམྦྷིར་ཕྱིན་པ་དང། ཁྱིམ་བདག་གདངས་ཅན་གྱི་སྦྱིན་པའི་ཞལ་ཏ་བྱེད་པའི་མི་རྣམས་ ཀྱིས་དེ་དག་མཐོང་ནས་དེ་དག་གིས་ཁྱིམ་བདག་གདངས་ཅན་ལ་སྦྲན་པ། ཁྱིམ་བདག། ཁྱོད་ཀྱིས་བདག་ཅག་ལ་བསྒོ་བ། སྔོན་མ་བྱུང་བའི་རྟགས་དང། ཆ་ལུགས་ཅན་དག་མཐོང་ན། ཁོ་བོ་ལ་སྦྲོན་ ཅིག་ཅེས་བྱུང་བ་དེ་དག་ལྷགས་ཏེ་སྒོ་ན་སྡོད་དོ། །དེས་སྨྲས་པ་འཇུག་ཏུ་ཆུག་ཅིག་དེ་དག་གིས་འཇུག་ཏུ་བཅུག་པ་དང། ཁྱིམ་བདག་གདངས་ཅན་གྱིས་དེ་དག་མཐོང་ནས་དྲིས་པ། ཤེས་ ལྡན་དག་ཁྱེད་ཅག་གང་ནས་འོངས། དེ་དག་གིས་སྨྲས་པ། ཁྱིམ་བདག་ལྷོ་ལམ་ནས་སོ། །དེས་སྨྲས་པ། ཤེས་ལྡན་དག་ཁྱོད་ཀྱིས་ལྷོ་ལམ་དུ་ངོ་མཚར་མཐོང་བ་དང། ཐོས་པ་ཅི་ཡོད། དེ་ [197A]༄༅། །དག་གིས་སྨྲས་པ། ཁྱིམ་བདག་རེ་ཞིག་བདག་ཅག་གིས་སྔར་མཐོང་བ་དང། ཐོས་པའི་ངོ་མཚར་གཞན་དག་ལྟ་ཞོག་གི་།ཏེ་བོར་མཐོང་བ་དང། ཐོས་པའི་ངོ་མཚར་གང་ ཡིན་པ་དག་སྨྲ་བར་བྱའི། ཉོན་ཅིག་དེས་སྨྲས་པ། ཤེས་ལྡན་དག་།སྨྲོས་ཤིག་དང་ཁོ་བོ་ངོ་མཚར་དེ་དག་ཉན་ཏོ། །དེ་དག་གིས་ཁྱིམ་བདག་གདངས་ཅན་ལ་ཇི་ལྟར་གྱུར་པ་རྒྱས་པར་བརྗོད་པ་ དང། ཁྱིམ་བདག་གདངས་ཅན་གྱིས་ཐོས་ནས་མཆོག་ཏུ་ངོ་མཚར་སྐྱེས་ཏེ། དེ་དག་ལ་ཟན་བྱིན་ནས་སྨྲས་པ། ཤེས་ལྡན་དག་གང་དུ་འདོང། དེ་དག་གིས་སྨྲས་པ། ཁྱིམ་བདག་མཉན་ཡོད་དུ་ འདོང་ངོ། །ཤེས་ལྡན་དག་དེ་ན་ཅི་ཡོད། ཁྱིམ་བདག་ལྷའི་བུ་གསོ་སྦྱོང་རལ་གྱིས་གང་ལ་བརྟེན་ཏེ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་པའི་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡོད་ དོ༑ ༑དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟར་ན། དེ་ཁོ་བོའི་ཡང་མ་མཐོང་བའི་གྲོགས་ཡིན་གྱི། འདི་ཉིད་དུ་དབྱར་གྱི་མཚན་མོ་གྱིས་ལ་དབྱར་འདས་ནས་ཁོ་བོ་དང་ལྷན་ཅིག་འདོང་ངོ། །དེ་ དག་དེ་ཉིད་དུ་དབྱར་གྱི་མཚན་མོ་གནས་ཏེ་དབྱར་འདས་ནས་མཉན་ཡོད་དུ་འཕགས་པ་དང། ཁྱིམ་བདག་གདངས་ཅན་གྱིས་བད་སའི་རྒྱལ་པོ་ཤར་པ་ལ་སྨྲས་པ། ལྷ། བདག་མཉན་ཡོད་དུ་ བགྱི་བ་ཅུང་ཞིག་མཆིས་ན། གལ་ཏེ་ལྷས་གནང་ན། དེར་མཆིའོ་།རྒྱལ་པོས་སྨྲས་པ། ཁྱིམ་བདག་གལ་ཏེ་དེ་ལྟར་ན། སོང་ལ་ཁྱོད་ཀྱིས་དོན་སྒྲུབ་པ་བྱས་ནས་མྱུར་དུ་ཕྱིར་ཤོག་ཅིག་དེ་ [197B]ལྷན་ཅིག་འཕགས་ཏེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་སྐྱེད་མོས་ཚལ་ན་སྡོད་ཅིང་འདུག་གོ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཁྱིམ་བདག་གདངས་ ཅན་འདིར་འོངས་ཏེ་སྐྱེད་མོས་ཚལ་ན་སྡོད་ཅིང་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེས་བསམ་པ། བདག་གིས་ཁྱིམ་བདག་གདངས་ཅན་མ་ཚོར་བ་ཁོ་ནར་གནས་སུ་འཇུག་ཏུ་གཞུག་པ་ནི། བདག་གི་ཚུལ་ དང་མཐུན་པ་མ་ཡིན་གྱི། བཀུར་སྟི་ཆེན་པོས་འཇུག་ཏུ་གཞུག་གོ་།སྙམ་ནས། དེས་དེ་བཀུར་སྟི་ཆེན་པོས་འཇུག་ཏུ་བཅུག་སྟེ་ལམ་གྱིས་དུབ་པའི་ངལ་བསོས་ནས་ཟན་བྱིན་ནོ། །དེ་ནས་དྲང་སྲོང་དེ་དག་ལྷགས་ ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འོངས་པ་ལེགས་སོ། །ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་དེ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་གི་ལས་འོངས། འདིར་ཅི་ལ་འོངས། དེ་དག་གིས་སྨྲས་པ་ ཁྱིམ་བདག་ཁྱོད་ཀྱིས་ལྷའི་བུ་གསོ་སྦྱོང་རལ་ལ་གང་བྱིན་པ་དེ་བདག་ཅག་ལ་ཡང་བྱིན་ཅིག་དེས་སྨྲས་པ། ཤེས་ལྡན་དག་མི་དྲན་ནོ། །ཁྱིམ་བདག་བདག་ཅག་གིས་ཁྱོད་ལ་དྲན་པར་བྱའོ། །ཤེས་ ལྡན་དག། ལེགས་སོ། །དེ་དག་གིས་དྲན་པར་བྱས་ནས་དེས་སྨྲས་པ་ཤེས་ལྡན་དག་ཅི། ཁོ་བོ་ལས་ལེན་ཏམ། འོན་ཏེ་བཅོམ་ལྡན་འདས་ལས་ལེན། ཁྱིམ་བདག་ཁྱོད་ཀྱིས་སུ་ལས་བླངས་ ཤེས་ལྡན་དག་བཅོམ་ལྡན་འདས་ལས་སོ། །ཁྱིམ་བདག་གལ་ཏེ་དེ་ལྟར་ན། བདག་ཅག་ཀྱང་དེ་ཁོ་ན་ལས་ལེན་ཏོ། །ཤེས་ལྡན་དག་ལེགས་ཀྱི། དེ་ལྟར་གྱིས་ཤིག་ཅེས་དེས་དེ་དག་ཁྲིད་དེ་ [198A]༄༅། །བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་ཆོས་སྟོན་ཅིང་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ མགོན་མེད་ཟས་སྦྱིན་ཐག་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ ངམ། བཙུན་པ། མཐོང་ངོ། །དགེ་སློང་དག་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྐྱེས་དང་བཅས་པས་འོངས་ཏེ། དེ་བཞིན་གཤེགས་པའི་སྐྱེས་ནི། འདི་ལྟར། གདུལ་བའི་སྐྱེས་ལྟ་བུ་གཞན་ མེད་དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དྲང་སྲོང་ལྔ་བརྒྱའི་འཁོར་དང་བཅས་པ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་ གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། དྲང་སྲོང་ལྔ་བརྒྱ་པོ་འདི་དག་བཅོམ་ལྡན་འདས་ལས་ཡན་ལག་བརྒྱད་དང་ ལྡན་པའི་གསོ་སྦྱོང་ལེན་པར་འཚལ་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་འདི་དག་ཅི་ནས་ཀྱང་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་སྐྱབས་སུ་མཆི་བ་དང། དགེ་བསྙེན་ཉིད་དུ་འཚལ་ བར་འགྱུར་བ་དེ་ལྟར་ཆོས་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་ [198B]འོང་བའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པར་མཛད་དོ། །དེ་དག་ གིས་བདེན་པ་མཐོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་གསོལ་བ། བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། རྫོགས་པར་བསྙེན་པ་ དགེ་སློང་གི་དངོས་པོ་འཐོབ་ཅིང། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་པས་རབ་ཏུ་དབྱུང་གི་དགེ་སློང་དག་ཚུར་ཤོག་ ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང། དེ་དག་བཅོམ་ལྡན་འདས་ཀྱི་བཀའི་འཇུག་ཁོ་ནར་སྐྲ་བྱི་བ་དང། སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང། ལག་པ་ ལྷུང་བཟེད་དང། བྱ་བ་བུམ་གྱིས་འབྲེལ་བ་དང། དགེ་སློང་རྫོགས་པར་བསྙེན་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་ པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་གདམས་ངག་ བྱིན་ནས་དེ་དག་གིས་སྤྲོ་བ་དང། འབད་པ་དང། བརྩལ་བ་དག་གིས་ཉོན་མོངས་པ་ཐམས་ཅད་སྤངས་པས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་ [199A]༄༅། །དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙནྡན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ ཅིང། རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང། སྲིད་པ་དང། འདོད་པའི་རྙེད་པ་དང། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང། རྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་གདངས་ཅན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་གདངས་ཅན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་ཅིང། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་དུས་སྔར་མཛད་པའི་ཆོས་དང་ལྡན་པའི་བཀའ་མཆིད་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་བཀའ་མཆིད་དང། ཚུལ་ཁྲིམས་ཀྱི་བཀའ་ཆིད་དང། མཐོ་རིས་ཀྱི་བཀའ་མཆིད་ དང། འདོད་པ་རྣམས་ཀྱི་རོ་མྱང་བའི་ཉེས་དམིགས་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། ངེས་པར་འབྱུང་བ་དང། རབ་ཏུ་དབེན་པའི་ཕན་ཡོན་དང། རྣམ་པར་བྱང་བའི་ [199B]དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སེམས་རངས་པ་དང། སེམས་ཉམས་བདེ་བ་དང། སེམས་དགའ་བ་དང། སེམས་ལ་སྒྲིབ་པ་མེད་པ་དང། ཡང་ དག་ཕུལ་གྱི་ཆོས་བསྟན་བ་ཀུན་ཤེས་པའི་སྐལ་པ་དང་ལྡན་ཞིང་མཐུ་ཡོད་པར་གཟིགས་པ་དེའི་ཚེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡང་དག་ཕུལ་གྱི་ཆོས་བསྟན་པ་གང་ཡིན་པ་འདི་ལྟ་སྟེ་ འཕགས་པའི་བདེན་པ་བཞི་པོ། །སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་དག་རྒྱ་ཆེར་སྟོན་པར་མཛད་དོ། །འདི་ལྟ་སྟེ། དཔེར་ན། གོས་དག་པ། ནག་ནོག་མེད་པ། ཁ་བསྒྱུར་དུ་རུང་ བ༑ ཚོན་དུ་བཅུག་ན། ཚོན་ལེགས་པར་འཛིན་པར་འགྱུར་བ་དེ་བཞིན་དུ། ཁྱིམ་བདག་གདངས་ཅན་གྱིས་ཀྱང་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་ ཀུན་འབྱུང་བ་དང། འགོག་པ་དང། ལམ་མངོན་པར་རྟོགས་པར་གྱུར་རོ། །དེ་ནས་ཁྱིམ་བདག་གདངས་ཅན་ཆོས་མཐོང་བ་དང། ཆོས་ཐོས་པ་དང། ཆོས་རིག་པ་དང། ཆོས་ཀྱི་གཏིང་སླེབ་པ་དང། སོམ་ ཉི་ལས་བརྒལ་བ་དང། ཐེ་ཚོམ་ལས་བརྒལ་བ་དང། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་པ་དང། གཞན་གྱིས་མི་བཀྲི་ཞིང་ཆོས་རྣམས་ལ་མི་འཇིགས་པ་ཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། ། [200A]༄༅། །བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་ བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་མངོན་པར་དད་པས་སྐྱབས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལ་བཀའ་སྩལ་པ། ཁྱིམ་ བདག་ཁྱོད་ཀྱི་མིང་ཅི། བཙུན་པ། བདག་ནོར་བཟང་ཞེས་བགྱི་བ་ལས། རྒྱལ་པོ་ཤར་པས་བདག་གདངས་ལས་བཙལ་བ་ལས། དེའི་སླད་དུ་བདག་སྐྱེ་བོ་དག་གིས་ཁྱིམ་བདག་གདངས་ཅན་ཞེས་ བགྱི་བར་འཚལ་ཏོ། །བཅོམ་ལྡན་འདས་ཀོའུ་ཤམྦྷིར་གཤེགས་པར་གསོལ་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་ན་བཟའ་དང། བསོད་ སྙོམས་དང། གནས་མལ་དང། སྙུང་བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་གིས་བསྙེན་བཀུར་འཚལ་ལོ། །ཁྱིམ་བདག་ཀོའུ་ཤམྦྷི་ན་གཙུག་ལག་ཁང་ཡོད་དམ། བཙུན་པ། མ་མཆིས་སོ། །ཁྱིམ་ བདག་དགེ་སློང་དག་ནི། གང་ན་གཙུག་ལག་ཁང་ཡོད་པ་དེར་བགྲོད་པ་དང། འགྲོ་བ་དང། གནས་པར་སེམས་སོ། །བཅོམ་ལྡན་འདས་གཤེགས་སུ་གསོལ་དང། བདག་གིས་ཇི་ལྟར་ཀོའུ་ཤམྦྷི་ ན༑ གཙུག་ལག་ཁང་མཆིས་པར་འགྱུར་བ་དང། དགེ་སློང་རྣམས་ཀྱང་བགྲོད་པ་དང། མཆི་བ་དང། གནས་པར་སེམས་པར་འགྱུར་བ་དེ་ལྟར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ [200B] །དེ་ནས་ཁྱིམ་བདག་གདངས་ཅན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་དེ་ལ་མཉན་ཡོད་ན་བྱ་བའམ། བྱེད་པ་ཅི་ཡོད་པ་དེ་ཐམས་ཅད་བྱས་ཤིང། བསྒྲུབས་ནས་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་གྲོགས་དགེ་སློང་འགའ་ཞིག་སྩོལ་ཅིག་དང། བདག་གིས་དེ་དང་ལྷན་ཅིག་བཅོམ་ལྡན་ འདས་ཀྱི་སླད་དུ་གཙུག་ལག་ཁང་རྩིག་ཏུ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་འཁོར་དང་བཅས་པ་དང་ཀོའུ་ཤམྦྷི་ན་གནས་པའི་སྐྱེ་བོའི་ཚོགས་དག་དགེ་སློང་གང་ གི་གདུལ་བ་ཡིན་སྙམ་དུ་དགོངས་ན། དགེ་སློང་སྐུལ་བྱེད་ཆེན་པོའི་གདུལ་བ་ཡིན་པར་གཟིགས་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་ལ་བཀའ་སྩལ་པ། སྐུལ་བྱེད། ཁྱིམ་བདག་ གདངས་ཅན་འཁོར་དང་བཅས་པ་དང། ཀོའུ་ཤམྦྷི་ན་གནས་པའི་སྐྱེ་བོའི་ཚོགས་ལ་སོམས་ཤིག་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་བཅོམ་ལྡན་འདས་ལས་ཅང་མི་སྨྲ་པས་དང་དུ་བླངས་སོ། །དེ་ནས་ཚེ་དང་ ལྡན་པ་སྐུལ་བྱེད་ཆེན་པོ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །མཉན་ཡོད་དུ་བསོད་སྙོམས་ལ་ [201A]༄༅། །རྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་ལོངས་སྤྱོད་པའི་གནས་མལ་མཁོས་སུ་ཕབ་སྟེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ཁྱིམ་ བདག་གདངས་ཅན་དང་འགྲོགས་ཏེ་ཀོའུ་ཤམྦྷི་ག་ལ་བ་དེ་ལོགས་སུ་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན། ཀོའུ་ཤམྦྷིར་ཕྱིན་ཏོ། །དེ་ནས་ཁྱིམ་བདག་གདངས་ཅན་ཀོའུ་ཤམྦྷིར་མ་ཞུགས་པ་ཁོ་ནར་ཀུན་ དགའ་ར་བ་ནས་ཀུན་དགའི་ར་བར་དང། སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ་དང། ཚལ་ནས་ཚལ་དུ་དང། གོལ་བར་སོང་སྟེ། གང་དུ་བདག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྩིག་ཏུ་གཞུག་ བའི་ས་ཕྱོགས། ཀོའུ་ཤམྦྷི་ནས་ཧ་ཅང་ཡང་མི་རིང། ཧ་ཅང་ཡང་མི་ཉེ་བ། ཉིན་མོ་རྒྱུན་ལུགས་ཉུང་ཞིང་བླག་ཅོར་ཆུང་བ་མཚན་མོ་སྒྲ་ཆུང་ཞིང་འུར་སྒྲ་ཆུང་བ། ཤ་སྦྲང་དང་སྦྲང་བུ་དང། རླུང་དང་ ཉི་མ་དང། སྡིག་སྦྲུལ་གྱི་རེག་པ་ཉུང་བ་དེ་ལྟ་བུ་ཅི་ཡོད་ཅེས་བཙལ་ན། ཁྱིམ་བདག་གདངས་ཅན་གྱིས་རང་གི་ཀུན་དགའ་ར་བ་ཀོའུ་ཤམྦྷི་ནས་ཧ་ཅང་ཡང་མི་རིང། ཧ་ཅང་ཡང་མི་ཉེ་བ། ཉིན་མོ་རྒྱུན་ ལུགས་ཉུང་ཞིང་བླག་ཅོར་ཆུང་བ། མཚན་མོ་སྒྲ་ཆུང་ཞིང་འུར་སྒྲ་ཆུང་བ། ཤ་སྦྲང་དང། སྦྲང་བུ་དང། རླུང་དང། ཉི་མ་དང། སྡིག་སྦྲུལ་གྱི་རག་པ་ཉུང་བར་མཐོང་ངོ། །མཐོང་ནས་ཀྱང་འདི་སྙམ་ དུ་སེམས་ཏེ། ས་ཕྱོགས་འདི་བཟང་གི། འདིར་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྩིག་ཏུ་གཞུག་གོ་སྙམ་མོ། །དེ་ནས་ཁྱིམ་བདག་གདངས་ཅན་དང། ཚེ་དང་ལྡན་པ་སྐུལ་བྱེད་ཆེན་ [201B] བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། སྐར་ཁུང་དང། སྐར་ཁུང་ཟླུམ་པོ་དང། ལན་ཀན་གྱིས་བརྒྱན་པ་ཞིག་རྩིག་ཏུ་བཅུག་གོ་དེ་ནས་གཙུག་ ལག་ཁང་བྱས་ཤིང་ཟིན་ནས་ཁྱིམ་བདག་གདངས་ཅན་གྱིས། ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བཅོམ་ལྡན་འདས་ཤུལ་དུ་གཤེགས་པའི་དགོངས་ཀྱི་ཚད་ཇི་ཙམ་ ཁྱིམ་བདག་འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་འདྲའོ། །འཕགས་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཇི་ཙམ། ཁྱིམ་བདག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལམ་དུ་འགྲོ་ བའི་དགོངས་མལ་ནི། རྒྱང་གྲགས་བཅུའོ། །ཁྱིམ་བདག་གདངས་ཅན་གྱིས་རྒྱང་གྲགས་བཅུ་བཅུར་གཤེགས་དགོངས་དག་གཤོམ་དུ་བཅུག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕོ་ཉ་བཏང་སྟེ། བཅོམ་ ལྡན་འདས་ཀོའུ་ཤམྦྷིར་གཤེགས་སུ་གསོལ། བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཇི་སྲིད་འཚོའི་བར་དུ་ན་བཟའ་དང། བསོད་སྙོམས་དང། གནས་མལ་དང། སྙུང་ བའི་རྐྱེན་དང། སྨན་གྱི་ཡོ་བྱད་དག་གིས་བསྙེན་བཀུར་བགྱིའོ་།ཞེས་གསོལ་ཏོ། །ཕོ་ཉས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་རྣམས་ལ། དགེ་སློང་དག་བཅོམ་ལྡན་འདས་བད་ས་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱི། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་ [202A]༄༅། །པ་དང་ཐབས་ཅིག་ཏུ་བད་ས་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས། ཆོས་གོས་དག་ལོངས་ཤིག་ཅེས་སྒོས་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་ འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་བད་ས་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱི། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་ པ་དང་ཐབས་ཅིག་བད་ས་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོངས་ཤིག་ཅེས་བསྒོའོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ་དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ་མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེངྒེ་ལྟར་མཆེ་བ་ཅན་གྱིས་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་བའི་ཚོགས་ [202B] ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་པ་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ བ༑ མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་བསྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཉི་མ་ལྟར་འོད་ ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ ཀྱིས་ཡོངས་སུ་བསྐོར་བ། གནོད་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐག་བཟང་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་ཅུ་པའི་ཚོགས་ཀྱིས་ ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་ བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་ གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། མ་འདྲེས་པའི་དྲན་པ་ཉེ་ [203A]༄༅། །བར་གཞག་པ་གསུམ་དང། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང། རླངས་པ་དང། མིང་ཆེན་དང། མ་འགག་པ་དང། ཤཱ་རིའི་བུ་དང། མོའུ་འགལ་ གྱི་བུ་དང། འོད་སྲུང་དང། ཀུན་དགའ་བོ་དང། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་དག་དང། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་བསྐོར་ཏེ། ཀོའུ་ཤམྦྷི་ག་ལ་བ་དེར་རྒྱུ་ཞིང་གཤེགས་ ནས་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་ཀོའུ་ཤམྦྷིར་བྱོན་ཏོ། །དེ་ནས་ཁྱིམ་པ་དག་གདངས་ཅན་གྱིས། གཙུག་ལག་ཁང་ཡོ་བྱད་ཐམས་ཅད་དང་ལྡན་པ་དེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་ འདུན་དང་བཅས་པ་ལ་ཕུལ་ནས། འདི་ལྟར། གནས་བརྟན་དག་གིས་ཀྱང། བཅོམ་ལྡན་འདས་ཀོའུ་ཤམྦྷི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཞེས་མདོ་སྡེའི་མཐའ་ཉེ་བར་ སྦྱར་ཏོ། །དེ་ནས་ཁྱིམ་བདག་གདངས་ཅན་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་གཙུག་ལག་ཁང་ཕུལ་ནས་དགའ་བ་དང། མཆོག་ཏུ་དགའ་བ་སྐྱེས་ཏེ་རང་གི་ཁྱིམ་དུ་ སོང་ངོ། །དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། གང་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ [203B] གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་ བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བར་གདགས་སུ་རུང་ངམ་བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། སྐུལ་བྱེད། རུང་སྟེ་ སྐུལ་བྱེད། བདུན་པོ་འདི་དག་ནི། གང་དག་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ་ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་ པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ ཆེ་བ། རྒྱས་པ་ཆེ་བ་དག་ཡིན་ཏེ། བདུན་གང་ཞེ་ན། སྐུལ་བྱེད་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའི་ར་བ་འབུལ་ བར་བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་ བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། རྒྱས་པ་ [204A]༄༅། །ཆེ་བ་དང་པོ་ཡིན་ནོ། །སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་འཇུག་པ་འདི་ ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་གཉིས་ པ་ཡིན་ནོ། །སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང། ཁྲིའུ་དང། སྟན་ནང་ཚངས་ཅན་དང་ ལ་བ་དང། སྔས་དང། གོར་བུ་དག་འབུལ་བར་བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་ འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་གསུམ་པ་ཡིན་ནོ། །སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། གཙུག་ལག་ཁང་དེ་ཉིད་དུ་ [204B]བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་ བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་བཞི་པ་ཡིན་ནོ་།སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། གློ་བུར་དུ་འོངས་པ་དང། འགྲོ་བར་ཆས་པ། སྦྱིན་པ་སྦྱིན་ པར་བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་ མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་ལྔ་པ་ཡིན་ནོ། ། སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། ནད་པ་དང་ནད་གཡོག་ལ་སྦྱིན་པ་སྦྱིན་པར་བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ་མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་ [205A]༄༅། །སྐྱེ་བ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་དྲུག་པ་ཡིན་ནོ། །སྐུལ་བྱེད། གཞན་ཡང་རིགས་ ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། རླུང་ལངས་པའམ། ཡུལ་ངན་བྱུང་བའམ། ཆར་བབ་པའམ། ལྷགས་པ་བྱུང་བ་གང་དག་ཡིན་པ་དེ་ལྟ་བུའི་རླུང་ལངས་པའམ། ཡུལ་ངན་བྱུང་ བའམ། ཆར་བབ་པའམ། ལྷགས་པ་བྱུང་བའི་ཚེ་དགེ་འདུན་ལ་འབྲས་ཅན་དག་གམ། སྐྱོ་མ་དག་གམ། ཐུག་པའི་བཏུང་བ་དག་བསྐྱལ་ཏེ་འདིས་འཕགས་པ་འདི་དག་ལུས་མི་བརླན་པ་དང་ ཆོས་གོས་མི་གཤེར་བ་དང། ལོངས་སྤྱོད་ན་བདེ་བ་ལ་རེག་པར་འགྱུར་རོ། །སྙམ་པས་འབུལ་བར་བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་ རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་ བའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་བདུན་པ་ཡིན་ནོ། །སྐུལ་བྱེད། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྫས་ ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་དག་དང་ལྡན་པའི་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་མོ། །ཞེས་ [205B] འདི་ལྟར། བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད། འདི་ལྟ་སྟེ། དཔེར་ན། གང་དུ་ཆུ་ཀླུང་ཆེན་ པོ་ལྔ་པོ་འདི་ལྟ་སྟེ། གངྒཱ་དང། ཡ་མུན་དང། ས་ར་ཡུ་དང་གནས་ཅན་དང། མ་ཧི་ཞེས་བྱ་བ་ཐ་མི་དད་པར་འབབ་པར་འགྱུར་བ་དེ་ལ་ནི། ཆུའམ། ཆུའི་བུམ་པའམ། ཆུའི་བུམ་པ་བརྒྱ་ཕྲག་གམ་ ཆུའི་བུམ་པ་སྟོང་ཕྲག་གམ། ཆུའི་བུམ་པ་འབུམ་ཕྲག་འདི་སྙེད་ཡོད་དོ། །ཞེས་ཆུའི་ཚད་གཟུང་བར་མི་ནུས་སོ། །སྐུལ་བྱེད། དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྫས་ལས་ བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་དག་དང་ལྡན་པའི་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་འདི་ཙམ་མོ། །ཞེས་བསོད་ ནམས་ཀྱི་ཚད་གཟུང་བར་མི་ནུས་ཏེ། འདི་ལྟར། བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་ བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བ་མ་ལགས་པའི་བསོད་ནམས་བྱ་བའི་གཞི་ཤིན་ [206A]༄༅། །ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ་རྒྱས་པ་ཆེ་བ་གདགས་སུ་རུང་ངམ། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། སྐུལ་བྱེད། རུང་སྟེ། སྐུལ་བྱེད། བདུན་ པོ་འདི་དག་ནི། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ ཆེ་བ་དག་ཡིན་ཏེ། བདུན་གང་ཞེ་ན། སྐུལ་བྱེད། འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་གྲོང་ཚིགས་ ག་གེ་མོ་ཞིག་ན་ཉེ་བར་བརྟེན་ཅིང་བཞུགས་པ་ཐོས་ཤིང། ཐོས་ནས་ཀྱང་དགའ་བ་དང། མཆོག་ཏུ་དགའ་བ་རྒྱ་ཆེན་པོ། །དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི། སྐུལ་བྱེད་ གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་ པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་ [206B] །སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ཚུར་གཤེགས་པར་རྩོལ་བར་ ཐོས་ཤིང། ཐོས་ནས་ཀྱང་དགའ་བ་དང། མཆོག་ཏུ་དགའ་བ་རྒྱ་ཆེན་པོ། །དགེ་བ། ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་ རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་གཉིས་པ་ཡིན་ནོ། །སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་ བུ་མོ་དད་པ་དང་ལྡན་པས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ཤུལ་དུ་ཞུགས་པ་ཐོས་ཤིང། ཐོས་ནས་ཀྱང་དགའ་བ་དང། མཆོག་ཏུ་དགའ་བ་རྒྱ་ཆེན་པོ། །དགེ་ བ༑ ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་ བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་ [207A]༄༅། །འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ་རྒྱས་པ་ཆེ་བ་གསུམ་པ་ཡིན་ནོ། །སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། དེ་བཞིན་ གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་གྲོང་ཚིགས་དེ་ཉིད་དུ་བྱོན་པར་ཐོས་ཤིང། ཐོས་ནས་ཀྱང་དགའ་བ་དང་མཆོག་ཏུ་དགའ་བ་ཆེན་པོ། །དགེ་བ། ངེས་པར་འབྱུང་བ་ དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་ འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་བཞི་པ་ཡིན་ནོ། །སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ ཐོས་དེ་ཉིད་ལ་བལྟ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་འགྲོ་ཞིང། མཐོང་ནས་ཀྱང་དགའ་བ་དང། མཆོག་ཏུ་དགའ་བ་རྒྱ་ཆེན་པོ། །དགེ་བ། ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་འདི་ནི་ སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ [207B] བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་ལྔ་པ་ཡིན་ ནོ༑ ༑སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ཀྱི་དྲུང་ནས་ཆོས་ཚངས་པར་སྤྱོད་པ་ ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་པ་ཉན་ ཅིང་ཐོས་ནས་ཀྱང་དགའ་བ་དང། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ། ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འདི་ནི། སྐུལ་བྱེད། གང་དང་ལྡན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ ལྡན་པ་རྒྱུ་བའམ། གནས་པའམ། ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་ བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་དྲུག་པ་ཡིན་ནོ། །སྐུལ་བྱེད། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱང་བུ་མོ་དད་པ་དང་ ལྡན་པས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉད་ཀྱི་དྲུང་ནས་ཆོས་ཐོས་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང། བསླབ་བའི་ [208A]༄༅། །གཞི་དག་ལེན་པར་བྱེད་པ་འདི་ནི། སྐུལ་བྱེད། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྒྱུ་བའམ། གནས་པའམ་ཉལ་བའམ། མི་ཉལ་བ་ལས་རྟག་ཏུ་རྒྱུན་ མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང། བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་ཤིན་ཏུ་འབྲས་བུ་ཆེ་བ། ཕན་ ཡོན་ཆེ་བ། སྣང་བ་ཆེ་བ། རྒྱས་པ་ཆེ་བ་བདུན་པ་ཡིན་ནོ་།སྐུལ་བྱེད། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་དག་དང་ལྡན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་ མོ་དད་པ་དང་ལྡན་པའི་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི། འདི་ཙམ་མོ་།ཞེས་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་ཏེ། འདི་ ལྟར། བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད། འདི་ལྟ་སྟེ། དཔེར་ན་གང་དུ་ཆུ་ཀླུང་ཆེན་པོ་ལྔ་པོ་འདི་ལྟ་སྟེ། གངྒཱ་དང། ཡ་མུ་ན་ དང། ས་ར་ཡུ་དང། གནས་ཅན་དང། མ་ཧི་ཞེས་བྱ་བ་དག་ཐ་མི་དད་པར་འབབ་པར་འགྱུར་བ་དེ་ལ་ནི། ཆུའམ། ཆུའི་བུམ་པའམ་ཆུའི་བུམ་པ་བརྒྱ་ཕྲག་གམ། ཆུའི་བུམ་པ་སྟོང་ཕྲག་ གམ། ཆུའི་བུམ་པ་འབུམ་ཕྲག་འདི་སྙེད་ཅིག་ཡོད་དོ། ཞེས་ཆུའི་ཚད་གཟུང་བར་མི་ནུས་ཏེ། འདི་ལྟར། ཆུ་མང་བའི་ཕྱིར་ཆུའི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་ [208B]བའི་གཞི་བདུན་པོ་འདི་དག་དང་ལྡན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པའི་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ་ བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་འདི་ཙམ་མོ། །ཞེས་ཚད་གཟུང་བར་མི་ནུས་ཏེ། འདི་ལྟར། བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་།བཅོམ་ ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ་བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ་།མི་དང་རི་དྭགས་ཚོགས་ཀྱིས་བསྟེན་པ་ཡི། །ཆུ་ཀླུང་ཐ་ དད་འབབ་པར་གྱུར་པ་དག་མཚོ་མཆོག་བཀྲ་ཤིས་གཙང་མ་ངོགས་བདེ་བ། །རིན་ཆེན་འབྱུང་གནས་རྒྱ་མཚོར་འབབ་པ་ལྟར། །དེ་བཞིན་བསོད་ནམས་རྒྱུན་ཀྱང་རྣམ་ཀུན་ཏུ། །སྦྱིན་བདག་གོས་སྦྱིན་ ཟས་སྐོམ་སྦྱིན་པ་དང། །མལ་ཆ་སྟན་དང་གདིང་སྦྱིན་མི་ལ་འབབ། །ཆུ་ཀླུང་ཆུ་འབབ་རྒྱ་མཚོར་ཇི་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རང་སྟེ་མངོན་པར་བསྟོད་དོ་།དེ་ནས་ཁྱིམ་བདག་གདངས་ཅན་ནི། དད་པ་དང་ལྡན་ལ། དེའི་འཁོར་ནི། མ་དད་ནས་དེས་བསམ་པ། བདག་གི་འཁོར་འདི་ མ་དད་ན། བདག་གི་གཙུག་ལག་ཁང་དུ་ཇི་ལྟར་སྤྱོད་པ་བྱེད་བརྟག་གོ་སྙམ་ནས། དེས་ཆ་ལུགས་མི་མངོན་པར་བྱས་ཏེ་ཤམ་ཐབས་དམའ་བར་བགོས་ནས་གཙུག་ལག་ཁང་དུ་སོང་སྟེ་ཚིགས་ [209A]༄༅། །སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ནས་གཙུག་ལག་ཁང་དུ་འཇུག་པར་བརྩམས་པ་དང། རྒན་ཞུགས་ཤིག་སྒོ་ཁང་ན་འདུག་ནས་དེས་དེའི་རྐང་པ་ལ་ཕྱག་ འཚལ་ཏེ་སྨྲས་པ། འཕགས་པ། གཙུག་ལག་ཁང་སྙིང་དང། མིག་འཕྲོག་པར་བགྱིད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་འདི་སུའི་ལགས། དེས་སྨྲས་པ། ཁྱིམ་བདག་གདངས་ཅན་གྱིའོ། །འཕགས་ པ༑ ཅི། འདི་གཙུག་ལག་ཁང་ལགས་སམ། འོན་ཏེ་ཕོངས་པ་ལགས་བཞིན་བཟང། གཙུག་ལག་ཁང་ནི། ཇི་ལྟ་བུ། ཕོངས་པ་ནི། ཇི་ལྟ་བུ། འཕགས་པ། གང་ན་ཡོ་བྱད་ཕུན་སུམ་ཚོགས་པ་ནི་ གཙུག་ལག་ཁང་ལགས་ལ། གང་ན་ཡོ་བྱད་མ་མཆིས་པ་ནི། ཕོངས་པ་ལགས་སོ། །བཞིན་བཟང། འདི་ཕོངས་པ་ཡིན་ནོ། །ཇི་ལྟར་གྱུར་ཁྱིམ་བདག་དེ་ནི། དད་པ་དང་ལྡན་པ་ཡིན་ན། དེའི་ འཁོར་མ་དད་པས་མཁོ་བ་མི་སྟོབ་བོ། །འདི་ལྟར། ཁྱིམ་བདག་དེ་ལ་བུ་མོ་མངག་གཞུག་མ་མགུ་བྱེད་ཅེས་བྱ་བ། དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཞིག་ཡོད་ན། འོན་ཀྱང་དེ་ ཁྱིམ་དེ་ན་དབང་མེད་དེ། གལ་ཏེ་དེ་ལ་དབང་ཡོད་པར་གྱུར་ན། དེ་དགེ་སློང་རྣམས་ལ་མཁོ་བ་སྟོབ་པར་བྱེད་པས་འདི་གཙུག་ལག་ཁང་དུ་འགྱུར་རོ། །ཁྱིམ་བདག་གདངས་ཅན་གྱིས་བསམ་པ་ ད་ལྟར་བདག་གསོན་པ་ཉིད་ན་ཡང་བདག་གི་གཙུག་ལག་ཁང་ན་དགེ་སློང་རྣམས་ཀྱི་གནས་སྐབས་འདི་འདྲ་ན། བདག་ཤི་ན་ཅི་འདྲ་བར་འགྱུར་སྙམ་དུ་རིག་ནས་དགེ་སློང་དེའི་རྐང་པ་ལ་ཕྱག་ [209B]པ། ཁྱེད་ཅག་ལས། གང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱེད་པར་སྤྲོ་བ་དེས་ཚུལ་བཞིན་ལོངས་ཤིག་།དེའི་ཚེ་ན་ མགུ་བྱེད་བུམ་པ་ཐོགས་ཏེ་ཆུ་བཅུ་བའི་ཕྱིར་བྱུང་བ་དང། དེས་དེར་རས་མ་ཞིག་རྙེད་ནས་བཅོམ་ལྡན་འདས་ཀྱང་དེ་ལ་ཕན་གདགས་པའི་སླད་དུ་ཕྱོགས་དེར་གཤེགས་པ་དང། དེས་བཅོམ་ལྡན་འདས་ ལ་བརྟག་པར་བརྩམས་སོ། །བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་ན་བཟའ་ཆོས་གོས་ཀྱི་གྲ་རྡོལ་བར་དེ་ལ་བསྟན་པ་དང། དེས་བསམ་པ་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་གི་རས་མ་འདི་ བཞེས་སུ་གནང་ན། བདག་གིས་འདི་བཅོམ་ལྡན་འདས་ལ་དབུལ་ལོ། །སྙམ་མོ། །བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་བཀའ་སྩལ་པ། མགུ་བྱེད། གལ་ཏེ་ཁྱོད་ཀྱིས་ཡོངས་ སུ་བཏང་ན། ཕུལ་ཅིག་དེས་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་ནས་གུས་པ་བསྐྱེད་དེ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་དེ་ཉིད་ཀྱི་མདུན་དུ་ན་བཟའ་ཆོས་གོས་ཀྱི་གྲ་གླན་ཏེ་ བཙེམས་པ་དང་ཁ་དོག་མཐུན་པར་གྱུར་ཏོ། །དེ་དད་པ་སྐྱེས་ནས་ཞབས་གཉིས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་བྲན་མོར་མ་གྱུར་ཅིག་དབུལ་བར་མ་གྱུར་ཅིག་ ཅེས་སྨྲས་ནས་བུམ་བ་ཆུས་བཀང་སྟེ་ཁྱིམ་དུ་སོང་ངོ། །ཁྱིམ་བདག་གདངས་ཅན་གྱིས་ནང་མི་ལ་ཚུལ་བཞིན་བྲིམས་པ་དང། མགུ་བྱེད་ཀྱིས་སྨྲས་པ། ཁྱིམ་བདག་འདི་ཅི་ལགས། གདངས་ [210A]༄༅། །ཅན་གྱིས་སྨྲས་པ། མགུ་བྱེད། ཁྱེད་ཅག་ལས། གང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱེད་པར་སྤྲོ་བ་དེས་ཚུལ་ཤིང་ལོངས་ཤིག་དང། ཁོ་ བོ་ལ་ལོངས་སྤྱོད་རྒྱ་ཆེན་པོ་དག་ཡོད་དོ། །དེས་མྱུར་བ་མྱུར་བར་ཆུའི་བུམ་པ་བཞག་སྟེ་ཚུལ་ཤིང་བླངས་ནས་སྨྲས་པ། བདག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བགྱིད་པར་ སྤྲོ་སྟེ། བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱི་ཡི། ཁྱོད་ཐུགས་ལས་ཆུང་ངུར་མཛོད་ཅིག་ཅེས་དེས་སངས་རྒྱས་ལ་ སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཏེ་གུས་པར་བསྙེན་བཀུར་བྱ་བར་བརྩམས་སོ། །ཁྱིམ་བདག་གདངས་ཅན་གྱིས་ཡང་ཆ་ལུགས་མི་མངོན་པར་བྱས་ཏེ་ཤམ་ ཐབས་དམའ་བར་བགོས་ནས་གཙུག་ལག་ཁང་དུ་སོང་སྟེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ནས་གཙུག་ལག་ཁང་དུ་འཇུག་པར་བརྩམས་པ་དང། ཡང་རྒན་ ཞུགས་གཞན་ཞིག་སྒོ་ཁང་ན་འདུག་ནས་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ། གཙུག་ལག་ཁང་སྙིང་དང། མིག་འཕྲོག་པར་བགྱིད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་ པ་འདི་སུའི་ལགས། དེས་སྨྲས་པ། ཁྱིམ་བདག་གདངས་ཅན་གྱིའོ་།འཕགས་པ། ཅི། འདི་གཙུག་ལག་ཁང་ལགས་སམ། འོན་ཏེ་ཕོངས་པ་ལགས། བཞིན་བཟང། གཙུག་ལག་ [210B] ཇི་ལྟ་བུ། ཕོངས་པ་ནི། ཇི་ལྟ་བུ། འཕགས་པ་གང་ན་ཡོ་བྱད་ཕུན་སུམ་ཚོགས་པ་ནི། གཙུག་ལག་ཁང་ལགས་ལ་གང་ན་ཡོ་བྱད་མ་མཆིས་པ་ནི། ཕོངས་པ་ལགས་སོ། །བཞིན་བཟང་འདི་ སྔོན་ནི། ཕོངས་པར་གྱུར་པ་ལས། ད་ནི། གཙུག་ལག་ཁང་དུ་གྱུར་ཏོ། །ཇི་ལྟར་གྱུར། བཞིན་བཟང། ཁྱིམ་བདག་གདངས་ཅན་ལ་བུ་མོ་མངག་གཞུག་མ་མགུ་བྱེད་ཅེས་བྱ་བ། དད་པ་དང་ལྡན་ཞིང་བཟང་ལ་ དགེ་བའི་བསམ་པ་ཅན་ཞིག་ཡོད་པ་དེ་ཁྱིམ་བདག་དེས་འདིར་ལས་སུ་བསྐོས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་ཤིག་ཅེས་བསྒོ་ནས། ད་ལྟར་ དེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པས། དེས་ན། འདི་གཙུག་ལག་ཁང་ཡིན་ཏེ། ཕོངས་པ་མ་ཡིན་ནོ། །ཁྱིམ་བདག་གདངས་ཅན་ གྱིས་ཐོས་ནས་ཤིན་ཏུ་དགའ་སྟེ་ཁྱིམ་དུ་སོང་ནས། དེས་བུ་མོ་མགུ་བྱེད་ཀྱི་ལག་ཏུ་ལྡེ་མིག་དང། ལྡེ་མིག་ཀྱོག་པོ་གཏད་ནས་ནང་མི་རྣམས་ལ་སྨྲས་པ། ཁྱེད་ཅག་མགུ་བྱེད་ཀྱིས་ཅི་བྱིན་པ་དེས་ གནས་པར་གྱིས་ཤིག་ཀོའུ་ཤམྦྷི་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཀྱང་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་ཁོ་བོས་བུ་མོ་མགུ་བྱེད་འདི། བྲན་མོ་ལས་ཕྱུང་སྟེ་ཁྱིམ་གྱི་བདག་མོར་བཅུག་ གོ༑ ཞེས་བསྒྲགས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཁྱིམ་བདག་གདངས་ཅན་རྒྱལ་པོ་ཤར་བས་གདངས་ [211A]༄༅། །ལས་འཚལ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར། འདས་པའི་དུས་ན་ཡང་ཁྱིམ་བདག་གདངས་ཅན་ འདི་རྒྱལ་པོ་ཤར་པས་གདངས་ལས་ཤེས་པར་གྱུར་ཏེ། ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན། རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ། ལོ་ ལེགས་པ། སྐྱེ་བོ་དང། མི་མང་པོས་གང་བ། འཐབ་མོ་དང། འཐབ་པ་དང། ཕྱི་དགྲ་དང། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང། མུ་གེ་དང། ནད་དང་བྲལ་བ། སཱ་ལུ་དང། བུ་རམ་ཤིང་གི་ ཕྲེང་བ་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ་ཇི་ཙམ་དུས་གཞན་ཞིག་ན་ལྟས་པ་དག་གིས་ལོ་ བཅུ་གཉིས་སུ་ཆར་མི་འབབ་པར་ལུང་བསྟན་ནས་རྒྱལ་པོ་ཚངས་བྱིན་གྱིས་རང་གི་ཡུལ་དུ་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ་ཕྱོགས་སུ་བསྒོ་བ། ངའི་ཡུལ་ན་གནས་པ་དང། ཕོ་བྲང་འཁོར་གྱི་མི་དག་ཉོན་ ཅིག་ལྟས་པ་དག་གིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པར་ལུང་བསྟན་གྱི། དེའི་ཕྱིར་ཁྱེད་ཅག་ལས། གང་དག་ལ་ལོ་བཅུ་གཉིས་ཀྱི་ཟན་བདོག་པ་དེ་དག་གིས་ནི། འཁོད་པར་བྱའོ། །གང་ དག་ལ་མི་བདོག་པ་དེ་དག་གིས་ནི། གཞན་དུ་འདོང་བར་བྱ་ཞིང། ལོ་བཅུ་གཉིས་འདས་ནས་ཕྱིར་འོང་བར་བྱའོ། །དེའི་ཚེ་ན་ཝཱ་ན་ཎཱ་སི་ན་ཁྱིམ་བདག་གཟུངས་བྱེད་ཅེས་བྱ་བ་ཕྱུག་པ། ནོར་ [211B] ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག་པ་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ། ཁོ་བོ་འཁོར་དང་བཅས་པའི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་ སྨྲས་པ། ཇོ་བོ། མཆིས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་ འཇིག་རྟེན་གྱི་ཡོན་ཏན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་།ཇི་ཙམ་ན་རང་སངས་རྒྱས་ལྔ་བརྒྱ་ལྗོངས་རྒྱུ་ཞིང་འདོང་བ་ན། ཝཱ་ར་ཎཱ་སིར་ཕྱིན་ནས་དེ་དག་ཁྱིམ་བདག་གཟུངས་བྱེད་ཀྱི་གན་དུ་དོང་ དུ་ཕྱིན་ནས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་ལོ་བཅུ་གཉིས་སུ་མཁོ་བ་སྟོབ་པར་ནུས་སམ་དེས་སྨྲས་པ། འཕགས་པ་དག་ཇེ་མཛོད་པ་ལ་རྨས་ཏེ་སླད་ཀྱིས་གསོལ་ ལོ༑ ༑ཞེས་དེས་མཛོད་པ་པོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ་ཁོ་བོ་འཁོར་དང་བཅས་པ་དང། རབ་ཏུ་བྱུང་བ་ལྔ་བརྒྱ་པོ་འདི་དག་གི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ། མཆིས་སོ། །ཁྱིམ་ བདག་གཟུངས་བྱེད་ཀྱིས་རང་སངས་རྒྱས་ལྔ་བརྒྱ་པོ་དེ་དག་ལ་སྨྲས་པ། འཕགས་པ་དག་མཆིས་ཀྱི། བཞུགས་ཤིག་དང་གསོལ་ལོ། །དེ་དག་དེར་འཁོད་དོ། །ཇི་ཙམ་ན་རང་སངས་རྒྱས་གཞན་ལྔ་ བརྒྱ་ལྗོངས་རྒྱུ་ཞིང་འདོང་བ་ན། ཝཱ་ར་ཎཱ་སིར་ཕྱིན་ནས་དེ་དག་ཀྱང་ཁྱིམ་བདག་གཟུངས་བྱེད་ཀྱི་གན་དུ་དོང་སྟེ་ཕྱིན་ནས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་ལོ་བཅུ་ [212A]༄༅། །གཉིས་སུ་མཁོ་བ་སྟོབ་པར་ནུས་སམ། དེས་སྨྲས་པ། འཕགས་པ་དག། ཁྱེད་ལ་གསོལ་ལགས་ན། ཅིའི་སླད་དུ་ཡང་སྒྲུབ་པར་མཛད་ཁྱིམ་བདག། དེ་དག་ཀྱང་གཞན་ ལ། ཁོ་བོ་ཅག་ཀྱང་གཞན་ནོ། །འཕགས་པ་དག། ཇེ་མཛོད་པ་ལ་རྨས་ཏེ་སླད་ཀྱིས་གསོལ་ལོ། །ཞེས་དེས་མཛོད་པ་བོས་ཏེ་སྨྲས་པ་ཀྭའི་ནང་རྗེ་མཛོད་པ། ཁོ་བོ་འཁོར་དང་བཅས་པ་དང། རབ་ཏུ་ བྱུང་བ་སྟོང་གི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ། མཆིས་སོ། །ཁྱིམ་བདག་གཟུངས་བྱེད་ཀྱིས་རང་སངས་རྒྱས་ལྔ་བརྒྱ་པོ་དེ་དག་ལ་སྨྲས་པ། འཕགས་པ་དག། མཆིས་ཀྱི། བཞུགས་ ཤིག་དང་གསོལ་ལོ། །དེ་དག་ཀྱང་དེང་འཁོད་དོ། །ཁྱིམ་བདག་གཟུངས་བྱེད་ཀྱིས་སྦྱིན་པའི་ཁང་པ་རྩིག་ཏུ་བཅུག་སྟེ། སྦྱིན་པའི་ཞལ་ཏ་བའི་མི་དག་དང་སྤྱན་འདྲེན་བསྐོས་ནས། སྤྱན་འདྲེན་དེས་ ཉི་མ་རེ་རེ་ཞིང་སོང་སྟེ་གདུགས་ཚོད་ལ་འབོད་པར་བྱེད་དོ་།སྤྱན་འདྲེན་དེས་ཁྱི་ཞིག་གསོས་པ་དེ། ཉི་མ་རེ་རེ་ཞིང་སྤྱན་འདྲེན་དེ་དང་ལྷན་ཅིག་འགྲོ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ སྤྱན་འདྲེན་དེ་ལ་བྲེལ་བ་ཞིག་བྱུང་ནས། དེ་ཇེ་འདི་བསྒྲུབས་ཏེ་ཕྱིས་སྤྱན་དྲང་བར་བྱའོ། །སྙམ་ནས་དེ་གཞན་དུ་སོང་བ་དང་ཁྱི་དེས་དེ་མ་རྙེད་ནས་སྔོན་གོམས་པས་རང་སངས་རྒྱས་རྣམས་ཀྱི་ གན་དུ་སོང་བ་དང། དེར་ཡང་དེ་མ་མཐོང་ནས་དེས་སྐད་ཕྱུང་ངོ། །རང་སངས་རྒྱས་དེ་དག་གི་དགེ་འདུན་གྱི་གནས་བརྟན་གང་ཡིན་པ་དེས་སྨྲས་པ། ཚེ་དང་ལྡན་པ་དག་སྤྱན་འདྲེན་དུས་ལས་ [212B] ཚུར་སྤྱོན། བཞུད་དོ་།དེ་ལྟར་བགྱིའོ། །ཞེས་དེ་དག་འཕགས་པ་དང། སྤྱན་འདྲེན་འོངས་ཏེ་ཁྱི་དེས་དེ་མཐོང་ནས་སྐད་དེ་བྱུང་བར་བརྩམས་པ་དང་སྤྱན་འདྲེན་གྱིས་ བསམ་པ། འདིས་འདི་དག་སྤྱན་དྲངས་པས། དེས་ན་བདག་ཉིད་ཆེན་པོ་འདི་དག་བྱོན་གོར་མ་ཆག་སྙམ་དུ་རིག་ནས་སྨྲས་པ། འཕགས་བདག་ཁྱེད་སུས་སྤྱན་དྲངས། དེ་དག་གིས་སྨྲས་པ། བཞིན་བཟང་ ཁྱི་འདིས་སོ། །དེས་སྨྲས་པ། འཕགས་པ་དག་མ་ནོངས་ཀྱི། སླད་ཀྱིས་ཀྱང་གང་གི་ཚེ་བདག་ལ་བྲེལ་བ་འགའ་ཞིག་བྱུང་བ་དེའི་ཚེ་ན་འདི་ཉིད་ཁྱེད་སྤྱན་འདྲེན་པར་འགྱུར་གྱི། ཁྱེད་ཅག་གཤེགས་སུ་ གསོལ། དགེ་སློང་དག། དེའི་ཚེ་དེའི་དུས་ན་ཁྱིམ་བདག་གཟུངས་བྱེད་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་མཛོད་པ་གང་ཡིན་པ་དེ་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡིན་ནོ། །དེའི་ ཚེ་དེའི་དུས་ན་སྤྱན་འདྲེན་པ་གང་ཡིན་པ་དེ་ནི། བད་སའི་རྒྱལ་པོ་ཤར་པ་ཡིན་ནོ། །དེའི་ཚེ་དེའི་དུས་ན། ཁྱི་གང་ཡིན་པ་དེ་ནི་ཁྱིམ་བདག་གདངས་ཅན་ཡིན་ཏེ། ཁྱིམ་བདག་གདངས་ཅན་འདི། དེའི་ ཚེ་ཡང་རྒྱལ་པོ་ཤར་པས་གདངས་ལས་ཤེས་པར་གྱུར་ལ། ད་ལྟར་ཡང་འདི་དེས་གདངས་ལས་ཤེས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་གན་དུ་མི་སྟོང་ཐུབ་ཅིག་འོངས་ནས། རྒྱལ་པོས་དེ་ལ་སྨྲས་ པ། ཀྭའི་ནང་རྗེ། ཁྱོད་སུ་ཡིན། དེས་སྨྲས་པ། ལྷ། བདག་སྟོང་ཐུབ་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་།སྟོང་ཐུབ་ལ་འཚོ་བ་བྱིན་ཅིག། དེ་དག་གིས་དེ་ལ་འཚོ་བ་བྱིན་ [213A]༄༅། །ནོ༑ ༑གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མ་ག་དཧར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང། མ་ག་དྷ་བའི་བྲམ་ཟེ་དང། ཁྱིམ་བདག་འབུམ་ཕྲག་དུ་མ་ དང་ལྷན་ཅིག་བདེན་པ་དག་ལ་བཞག་པ་དེའི་ཚེ་ན། དེས་རྒྱལ་པོའི་ཁབ་ཏུ་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ་བསྒོ་བ། རྒྱལ་པོའི་ཁབ་ན་གནས་པ་དང། ཕོ་བྲང་འཁོར་གྱི་མི་དང། ཡུལ་ཐ་དད་པ་ནས་ ལྷགས་པའི་སྐྱེ་བོའི་ཚོགས་ཤེས་ལྡན་དག་ཉོན་ཅིག་ངའི་ཡུལ་དུ་སུས་ཀྱང་རྐུན་པོ་མི་བྱའོ། །ངའི་ཡུལ་དུ་གང་རྐུན་པོ་བྱེད་པ་དེ། ངས་ཡུལ་མེད་པར་བྱ་ཞིང། བརྐུས་པ་རྣམས་ཀྱི་ནོར་ནི་ ང་རང་གི་མཛོད་དང། བང་བ་ནས་སྦྱིན་ནོ། །ཞེས་བསྒོའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོས་བཏུལ་བ་དེའི་ཚེ་ན། དེས་ཀྱང་མཉན་ ཡོད་དུ་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ་བསྒོ་བ། ངའི་ཡུལ་དུ་སུས་ཀྱང་རྐུན་པོ་མི་བྱའོ། །ངའི་ཡུལ་དུ་རྐུན་པོ་བྱེད་པ་དེ་ངས་གསད་པར་བྱ་ཞིང། བརྐུས་པ་རྣམས་ཀྱི་ནོར་ནི། ང་རང་གི་མཛོད་དང་ བང་བ་ནས་སྦྱིན་ནོ། །ཞེས་བསྒོའོ། །བར་དུ་ཡུལ་མ་ག་དྷ་ན་གནས་པའི་ཆོམ་རྐུན་པ་གང་དག་ཡིན་པ་དང། ཡུལ་ཀོ་ས་ལ་ན་གནས་པའི་ཆོམ་རྐུན་པ་གང་དག་ཡིན་པ་དེ་དག་མཚམས་ཀྱི་བར་ དུ་དོང་སྟེ་འཁོད་ཅིང། ཡུལ་མ་ག་དྷ་ནས་དོན་མཐུན་པ་གང་དག་འོང་བ་དེ་དག་ཀྱང་འཇོམས་པར་བྱེད། ཡུལ་ཀོ་ས་ལ་ནས་དོན་མཐུན་པ་གང་དག་འོང་བ་དེ་དག་ཀྱང་འཇོམས་པར་བྱེད་ནས། ཐམས་ [213B]ཡིན་པ་དང། ཡུལ་ཀོ་ས་ལ་ན་འཁོད་པའི་ཆོམ་རྐུན་པ་གང་དག་ཡིན་པ་དེ་དག་མཚམས་ཀྱི་བར་དུ་དོང་སྟེ་འཁོད་ཅིང། དོན་མཐུན་འཇོམས་པར་ བྱེད་པས། དོན་མཐུན་འགྲོ་བ་དང་འོང་བ་རྒྱུན་ཆད་དེ་རྒྱལ་པོའི་དཔྱ་དང། ལོ་ཐང་མི་འདུའོ། །ཞེས་བྱ་བ་དེ་ལྟ་བུའི་སྒྲ་གྲགས་པར་གྱུར་ཏོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཐོས་ནས། རུ་གཅིག་བཏང་ ན༑ དེ་བཅོམ་ཞིང་རབ་ཏུ་བཅོམ་ཏེ་ཕྱིར་འོངས་སོ། །དེ་བཞིན་དུ་རུ་གཉིས་པ་དང། རུ་གསུམ་པ་བཏང་ན། དེ་ཡང་བཅོམ་ཞིང་རབ་ཏུ་བཅོམ་སྟེ་ཕྱིར་འོངས་སོ། །ཇི་ཙམ་ན་ཡུལ་མ་ག་དྷ་ནས་དོན་མཐུན་ ཡུལ་ཀོ་ས་ལར་འཕགས་པ་དེ། ཆོམ་རྐུན་པས་འཇིགས་པས་རྒྱལ་པོའི་ཁབ་ཏུ་ཞུགས་ཏེ་སེལ་བ་ཚོལ་པར་བྱེད་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ། སྟོང་ཐུབ་འདི་ལྷའི་འཚོ་བས་འཚོ་ ན། ཅིའི་སླད་དུ་དོན་མཐུན་གྱི་སེལ་མི་བགྱིད། རྒྱལ་པོས་སྨྲས་པ་དེ་འགྲོ་ལ་རག་གི། ཐོངས་ཤིག། བློན་པོ་རྣམས་ཀྱིས་དེ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ། ཁྱོད་རྒྱལ་པོའི་འཚོ་བས་འཚོ་ན། ཅིའི་ཕྱིར་རྒྱལ་ པོའི་བཀའ་བཞིན་མི་བྱེད། དེས་སྨྲས་པ། ཁྱེད་ཀྱིས་བསྒོ་བ་གང་ཞིག་ཁོ་བོས་མ་བྱས་ནས་དེ་སྐད་དུ་སྤྱོ་བར་བྱེད། དེ་དག་གིས་སྨྲས་པ། དོན་མཐུན་འདི་ཡུལ་ཀོ་ས་ལར་འགྲོའོ། །འདིའི་སེལ་ གྱིས་ཤིག། དེས་སྨྲས་པ། མ་ཉེས་ཀྱི། དེ་ལྟར་བྱའོ། །ཞེས་དེས་མདའ་ལྔ་བརྒྱ་པའི་དོང་པ་གཉིས་ཐོགས་ཏེ་ཤིང་རྟར་ཞུགས་ནས་དོན་མཐུན་གྱི་མདུན་དུ་འཕགས་སོ། །ཆོམ་རྐུན་པ་རྣམས་ཀྱིས་ [214A]༄༅། །དེ་དོན་མཐུན་གྱི་མདུན་ནས་འོང་བ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེ་ལ་ཕོ་ཉ་བཏང་སྟེ་བསྒོ་བ། ཆོམ་རྐུན་པའི་དམག་དཔོན་ན་རེ། ཤིང་རྟ་ཕྱིར་ཟློག་ཅིག་གནོད་པ་ཐོབ་པར་ གྱུར་ཏ་རེ་ཞེས་ཟེར་རོ། །དེས་སྨྲས་པ། དཔའ་བོ་ལ་དཔའ་བོས་ཡོངས་སུ་སྤང་བ་བྱིན་ཅིག་ཆོམ་རྐུན་པའི་ཕོ་ཉས་སྨྲས་པ། ཅི། ཁྱོད་གཅིག་པུ་དཔའ་བོ་ཡིན་ནམ། ཁོ་བོ་ཅག་ཀྱང་དཔའ་བོ་ཡིན་གྱི་ ཕྱིར་ལོག་ཅིག། དེ་ནས་ཕན་ཚུན་མདའ་ཁར་དགྱེ་བར་བརྩམས་ནས་དེས་ཆོམ་རྐུན་པའི་ཕོ་ཉའི་གནད་དུ་བསྣུན་ནས་དེ་ཕྱིར་ལོག་གོ་དེ་བཞིན་དུ་ཆོམ་རྐུན་པ་གཉིས་དང། བཞི་དང། བརྒྱད་དང་ བཅུ་དྲུག་དང། སུམ་ཅུ་རྩ་གཉིས་དང། དྲུག་ཅུ་རྩ་བཞི་ནས་ཆོམ་རྐུན་པ་ལྔ་བརྒྱའི་བར་དག་ལྷགས་ནས། དེས་དེ་དག་གི་གནད་དུ་བསྣུན་ནས་དེ་དག་ཕྱིར་ལོག་གོ། དེ་བཞིན་དུ་ཆོམ་རྐུན་པ་གཞན་ ལྔ་བརྒྱ་ལྷགས་ནས་དེས་དེ་དག་ལ་སྨྲས་པ། ངས་ཁྱོད་ཀྱི་ཆོམ་རྐུན་པ་ལྔ་བརྒྱ་བསད་ན། ཁྱེད་ཅག་ཀྱང་སྲོག་གིས་འགེབས་པར་མི་འདོད་དམ། ཕྱིར་ལོག་ཅིག་ཆོམ་རྐུན་པ་རྣམས་ཀྱིས་སྨྲས་ པ༑ ངེད་ཀྱིས་གཅིག་ཀྱང་མ་སོད་ན། ཅིའི་ཕྱིར་ངེད་ཕྱིར་ལྡོག་།ཁྱོད་ཀྱང་རུང། ངེད་ཀྱང་རུང་ངོ། །དེས་སྨྲས་པ། གལ་ཏེ་ཁྱེད་ཅག་ཡིད་མི་ཆེས་ན། གང་དག་ངས་བསྣུན་པ་དེ་དག་གི་གོ་ཕུད་ ཅིག་དེ་དག་གིས་གོ་འབུད་པར་བརྩམས་པ་དང། གང་གིས་ཇི་ལྟར་གོ་ཕུད་པ་དེ། དེ་ལྟར་དུས་ལ་བབ་ནས། ཆོམ་རྐུན་པ་དེ་དག། མི་འདི་ནི། གནོད་སྦྱིན་ཞིག་གོ། ཞེས་བྱེར་ཏེ་དོང་ [214B] ༑སྟོང་ཐུབ་མཚམས་ཀྱི་བར་ན་འདུག་ཅིང། དེ་དོན་མཐུན་ཡུལ་ཀོ་ས་ལ་ནས་འོང་བ་གང་ཡིན་པ་དེའི་སེལ་ཡང་བྱེད། ཡུམ་མ་ག་དྷ་ནས་འོང་བ་གང་ཡིན་པ་དེའི་སེལ་ཡང་བྱེད་དོ། །དེས་བསམ་ པ༑ བདག་གིས་ཅིའི་ཕྱིར་ཕར་འགྲོ་ཚུར་འགྲོ་བྱ། འདི་ཉིད་དུ་འདུག་པར་བྱའོ། །སྙམ་ནས་དེས་ཁྱིམ་བརྩིགས་ཏེ་འདུག་ནས་དོན་མཐུན་གཉི་གའི་བསྟི་གནས་སུའང་གྱུར་ཏེ། འབྲོག་ན་གནས་པ་ཡིན་ པས། འབྲོག་གནས། འབྲོག་གནས་ཞེས་བྱ་བའི་མིང་དུ་གྱུར་ཏོ།།།།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དོན་བཞི་པ། འབྲོག་གནས་སུ་དོན་མཐུན་དག་ལྷགས་ནས་ཁ་ཅིག་གིས་ནི་ འབྲས་བཙོང་བར་བརྩམས་སོ། །ཁ་ཅིག་གིས་ནི། ཕྱེ་བཙོང་བར་བརྩམས། ཁ་ཅིག་གིས་ནི། བེ་རེག་ཁ་ཅིག་གིས་ནི། ཁུ་བ། ཁ་ཅིག་གིས་ནི། རི་ལུ་བཙོང་བར་བརྩམས་སོ། །ཆང་ཚོང་དག་གིས་ཀྱང་ ཆང་བཙོང་བར་བརྩམས་ཏེ། དེ་ཉིད་དུ་འཁོད་ནས་དེར་ཚོང་འདུས་ཆགས་པར་གྱུར་ཏོ། །འབྲོག་གནས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འཕྲིན་ཡིག། ལྷ། བདག་གིས་འདིར་ཚོང་འདུས་བཙུགས་ ཀྱི༑ ལྷས་འདིར་ཞལ་ལྟ་བ་གཏང་བའི་རིགས་སོ། །ཞེས་སྤྲིང་ངོ་།རྒྱལ་པོས་བསམ་པ། གང་དུ་བདག་གི་རུ་གསུམ་བཅོམ་ཞིང་རབ་ཏུ་བཅོམ་ཞིང་འོངས་པ་དེར་དེས་ཚོང་འདུས་བཙུགས་པས། དེ་ནི། དེ་ ཉིད་ཀྱིར་གྱུར་ཅིག། སྙམ་ནས། དེས་དེ་ལ་འཕྲིན་ཡིག། ངས་ཚོང་འདུས་དེ་ཁྱོད་ལ་བྱིན་གྱི། དེར་དཔྱ་དང་ལོ་ཐང་ཅི་འདུ་བ་དེ་དག་ཁྱོད་ཉིད་ཅི་དགར་སྤྱོད་ཅིག་ཅེས་སྤྲིང་ངོ། །འབྲོག་གནས་སུ་ཚོང་འདུས་ [215A]༄༅། །བཙུགས་ནས་འབྲོག་གནས། འབྲོག་གནས་ཞེས་བྱ་བའི་མིང་དུ་གྱུར་ཏོ། །འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས་བསམ་པ། ཤེས་ལྡན་དག་ བདག་ཅག་གང་ཅུང་ཟད་བདེ་བར་གནས་པ་གང་ཡིན་པ་དེ་ཐམས་ཅད་འབྲོག་གནས་ཀྱི་མཐུ་ཡིན་པས། བདག་ཅག་གིས་འདི་ལ་ཕན་པ་ཅུང་ཟད་བྱ་གོར་མ་ཆག་གོ། སྙམ་མོ། །དེ་ན་ཁ་ཅིག་གིས་ སྨྲས་པ། མ་ཉེས་ཀྱི། དེ་བཞིན་བྱའོ། །ཅི་ཞིག་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། བདག་ཅག་ལས། གང་སུ་ཡང་རུང་བ་བག་མ་གཏོང་བའམ། བག་མ་ལེན་པ་དེས། དེ་འཁོར་དང་བཅས་པ་ལ་ཟན་སྦྱིན་ ཞིང། གོས་ཕྲུགས་རེ་ཡང་བསྐོན་པར་བྱའོ། །མ་ཉེས་ཀྱི། དེ་ལྟར་བྱའོ། །ཞེས་དེ་དག་ལས། གང་བག་མ་གཏོང་བའམ། བག་མ་ལེན་པ་དེས། འབྲོག་གནས་འཁོར་དང་བཅས་པ་ལ་ཟན་སྦྱིན་ ཞིང། གོས་ཕྲུགས་རེ་སྐོན་པར་བྱེད་དོ། །ཇི་ཙམ་ན་མི་དབུལ་པོ་ཞིག་བག་མ་ལེན་དུ་ཉེ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ལ་འབྲོག་གནས་འཁོར་དང་བཅས་པ་ལ་ཟན་སྦྱིན་ཞིང། གོས་ཕྲུགས་ རེ་བསྐོན་པའི་འབྱོར་པ་ག་ལ་ཡོད་ཀྱི། འདི་ལྟར། བདག་གིས་བག་མ་དེ་བླངས་ནས་དང་པོ་ཁོ་ནར་འབྲོག་གནས་ལ་དགའ་མགུར་སྤྱོད་དུ་ཕུལ་ལ། དེས་དགའ་མགུར་སྤྱད་ནས་དེའི་འོག་ཏུ་བདག་ གིས་སྤྱད་པར་བྱའོ། །སྙམ་དུ་རིག་ནས། དེ་འབྲོག་གནས་ཀྱི་གན་དུ་སོང་སྟེ་མགོ་བོས་ཕྱག་འཚལ་ནས་སྨྲས་པ། གྲོང་དཔོན། བདག་བག་མ་ལེན་དུ་ཉེ་ན། བདག་ལ་ཁྱོད་འཁོར་དང་བཅས་པ་ [215B] ན་བཟའ་ཕྲུགས་རེ་གསོལ་བའི་འབྱོར་པ་མ་མཆིས་ཀྱི། འདི་ལྟར། བདག་གིས་བག་མ་དེ་བླངས་ནས་དང་པོ་ཁོ་ནར་ཁྱོད་ལ་དགའ་མགུར་སྤྱོད་དུ་འབུལ་གྱི། ཁྱོད་ཀྱིས་དགའ་མགུར་ སྤྱད་ནས་དེའི་འོག་ཏུ་བདག་གིས་སྤྱད་པར་བགྱིའོ། །འབྲོག་གནས་ཀྱིས་སྨྲས་པ། ཀྭའི་ནང་རྗེ། གང་ཡང་རུང་བ་བག་མ་ལེན་པའམ། བག་མ་གཏོང་བ་དེ་ཐམས་ཅད་ཀྱིས་ཁོ་བོ་འཁོར་དང་བཅས་པ་ལ་ཟན་སྦྱིན་ ཞིང་གོས་ཕྲུགས་རེ་སྐོན་མི་དགོས་ཀྱི། ཁྱོད་སོང་ལ་བག་ཡངས་སུ་བག་མ་ལོངས་ཤིག། གྲོང་དཔོན། དེ་ལྟ་ལགས་མོད་ཀྱི། འོན་ཀྱང་བདག་འདི་ལྟར་དགའི། དང་དུ་བཞེས་ཤིག་བུད་མེད་ཀྱི་ཡུལ་ ནི༑ དབང་པོ་རྣམས་འཕྲོག་ཅིང་དོན་དུ་གཉེར་བར་འགྱུར་བ་ཡིན་པས་འབྲོག་གནས་ཀྱིས་དང་དུ་བླངས་སོ། །དེས་ཀྱང་བག་མ་བླངས་ནས་དང་པོ་ཁོ་ནར་འབྲོག་གནས་ལ་ཕུལ་ནས་དེས་ཀྱང་དགའ་མགུར་ སྤྱད་དོ། །འབྲོག་གནས་འདོད་པ་ལ་འདོད་ཆགས་ཀྱིས་ལྷག་པར་ཆགས་པས། མི་དེ་ལ་བྱམས་པར་བྱ་བར་བརྩམས་སོ། །གཞན་ཞིག་གིས་དེ་ལ་སྨྲས་པ། ཀྭའི་ནང་རྗེ། ཁྱོད་ལ་འབྲོག་གནས་ཏེ་བོར་ བྱམས་པར་གྱུར་པ་འདི་ལ་རྒྱུ་ཅི་ཡོད། དེས་ཇི་ལྟར་གྱུར་པ་སྨྲས་པ་དང། དེས་ཀྱང་དེ་བཞིན་བྱ་བར་བརྩམས་སོ། །གཞན་ཞིག་གིས་དེ་ལ་དྲིས་པ་དང། དེས་ཀྱང་དེ་ལ་ཇི་ལྟར་གྱུར་པ་བརྗོད་པ་དང། དེས་ཀྱང་ དེ་བཞིན་བྱ་བར་བརྩམས་སོ། །གཞན་ཞིག་གིས་ཀྱང་དེ་ལ་དྲིས་པ་དང། དེས་ཀྱང་དེ་ལ་ཇི་ལྟར་གྱུར་པ་བརྗོད་པ་ནས་དེས་ཀྱང་དེ་བཞིན་བྱ་བར་བརྩམས་ཏེ། དེ་ལྟ་བུའི་ཚུལ་གྱིས་དོན་དམ་པ་མ་ཡིན་པའི་ཆོས་ [216A]༄༅། །འཕེལ་བར་གྱུར་ཏོ། །འབྲོག་གནས་ཀྱིས་ཚོང་འདུས་དེར་ལྷ་ཁང་རྩིག་ཏུ་བཅུག་ནས་དེ་ན་གང་ཡང་རུང་བས་བག་མ་བླངས་པ་དེས་བུ་མོ་དེ་ལྷ་ཁང་དེ་བསྐོར་དུ་བཅུག་ནས་འབྲོག་ གནས་ཀྱི་གན་དུ་གཏོང་ཞིང། འབྲོག་གནས་ཀྱིས་དེ་དང་པོར་དགའ་མགུར་སྤྱོད་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་གཞོན་ནུ་མ་ཆེན་པོ་ཞིག་བག་མར་འགྲོར་ཉེ་ནས་དེས་བསམ་པ། བདག་ལ་ཡང་ དང་པོར་འབྲོག་གནས་དགའ་མགུར་སྤྱོད་པར་འགྱུར་ཞིང། ཕྱིས་ཁྱིམ་ཐབ་སྤྱོད་པར་འགྱུར་ན་མི་རུང་གི་ཅི་ནས་ཀྱང་འབྲོག་གནས་འདི་གསད་པར་འགྱུར་བ་དེ་ལྟ་བུའི་ཐབས་ཀྱི་རྣམ་པ་ཞིག་བྱའོ་།སྙམ་ ནས༑ དེས་ཇི་ཙམ་ན་ཕྱོགས་ཤིག་ཏུ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུག་ཅིང་མཐུན་པར་གྱུར་པ་དེ་ལོགས་སུ་ཁ་བལྟས་ཏེ་སྒྲོན་མོར་བྱུང་ནས་གཅིན་རྒྱང་བྱས་པ་དང། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་དེ་ མཐོང་ནས་དེ་དག་མི་དགའ་བར་སེམས་པར་གྱུར་ཏེ་སྨྲས་པ། བུ་མོ་ངོ་ཚ་དང་ཁྲེལ་མེད་པ། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ལ་མདུན་གྱིས་ཕྱོགས་ཏེ་སྒྲོན་མོར་བྱུང་ནས་གཅིག་རྒྱང་བྱེད་པ་འདི། སུའི་ཡིན་ བུ་མོ་དེས་དེ་ཐོས་ནས་སྨྲས་པ། ཁྱེད་ཅག་ཀྱང་ཕོ་ཡིན་ནམ། འོ་ན། ངེད་ཅག་ཅི་ཡིན། ཁྱེད་ཅག་ཕོ་མ་ཡིན་གྱི། འབྲོག་གནས་འབའ་ཞིག་ཕོ་ཡིན་པས། དེས་ཁྱེད་ཀྱིས་ཆུང་མ་བླངས་སོ་ཅོག་དང་པོར་ དགའ་མགུར་སྤྱད་དེ། ཁྱེད་ཅག་ཕྱིས་དེའི་མི་གཙང་བ་འཁྲུ་བར་བྱེད་དོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདིས་བདག་ཅག་གནས་སུ་སྤྱོད་ན། འདི་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་ [216B] དེ་ན་ཁ་ཅིག་གིས་སྨྲས་པ། འདི་ལ་གཞན་སྒྲུབ་ཏུ་ཅི་ཡོད། འབྲོག་གནས་གསད་པར་བྱའོ། །གཞན་དག་གིས་སྨྲས་པ། དེ་ཇི་ལྟར་གསད་པར་བྱ་བ་དཔྱད་པར་བྱའོ། །ཞེས་དེ་དག་དེ་ལྟར་གྲོས་བྱེད་པ་ན་ ཁྱིམ་བདག་གཞན་ཞིག་གིས་རྫིང་བུ་འབུལ་བ་ཉེ་བར་གྱུར་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱིམ་བདག་ཆེ་གེ་མོ་ཞིག་གིས་རྫིང་བུ་འབུལ་བར་ཉེ་བར་གྱུར་པས། དེར་དེ་མགྲོན་དུ་བོས་པའི་ཚེ་ གསད་པར་བྱའོ། །ཇི་ཙམ་ན་ཁྱིམ་བདག་དེས་རྫིང་བུ་འབུལ་བའི་ཚེ་མགྲོན་དུ་བོས་པ་དང། དེས་ཀྱང་དང་དུ་བླངས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ་ཕྱོགས་སུ་བསྒོ་བ། ངའི་ ཡུལ་དུ་དགེ་སློང་གང་ལ་ལ་ཞིག་འོང་བར་གྱུར་ན། དེ་གལ་ཏེ་ངའི་མཛོད་དང། ཁྱིམ་ན་བཟའ་བ་དང། བཏུང་བ་ཡོད་ན། ཟན་སྦྱིན་པར་བྱའོ། །གལ་ཏེ་མེད་ན། སུས་མཐོང་བ་རང་གིས་བྱིན་ཅིག་དང། ཕྱིས་སྐྱིན་ པ་ཉིས་འགྱུར་དུ་སྦྱིན་ནོ། །ཞེས་རྩིག་ཡིག་ཏུ་ཡང་བྲིས་ཏེ་བཞག་གོ་བར་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་དགལ་གྱི་བུ་ཆེན་པོ་གཉིས་མ་ག་དྷ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན་འབྲོག་གནས་སུ་ ཕྱིན་ཏེ། ཚོང་དཔོན་འབྲོག་གནས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་དགལ་གྱི་བུ་ཆེན་པོ་གཉིས་མ་ག་དྷ་དག་ཏུ་རྒྱུ་ཞིང་འདོང་བ་ན། འབྲོག་གནས་སུ་ཕྱིན་ཅེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་ སེམས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་དེ་བསོད་ནམས་དག་གིས་ངོམས་མི་མྱོང་བས་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་ན། བདག་གིས་ཀྱང་ཅིའི་ཕྱིར་སྦྱིན་པ་དག་མི་སྦྱིན། བསོད་ནམས་དག་ [217A]༄༅། །མི་བྱ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་དགལ་གྱི་བུ་ཆེན་པོ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ ཕྱིར་མདུན་དུ་འདུག་གོ་དེ་གཉིས་ཀྱིས་དེ་ལ་ཆོས་བསྟན་ནས། དེས་དེ་གཉིས་བསོད་སྙོམས་ལ་བོས་ཏེ་ཟན་བྱིན་ནོ། །ཁྱིམ་བདག་དེས། འབྲོག་གནས་གཡར་འདྲེན་གྱིས་བོས་པ་དང། དེས་ཡོན་བཤད་པ་ མ་མཉན་པ་ཁོ་ནར་རྫིང་བུ་འབུལ་བར་སོང་ངོ། །འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ཀྱང་བརྡ་བྱས་ཏེ་མཚོན་ཐོགས་ནས་དེར་དོང་སྟེ་དེ་དག་གིས་འབྲོག་གནས་རྫིང་བུར་ཞུགས་པ་དང། སྐྲ་ བཀྲུའོ། །ཞེས་འགྱུར་བྱེད་ཚ་བ་མགོར་བླུགས་ནས་མིག་ཆུ་འཛག་པར་གྱུར་ཏེ་ཅུང་ཟད་ཀྱང་མི་མཐོང་བ་དང། དེ་ནས་དེའི་སྟེང་དུ་འཁོར་ལོ་དང། རྡོ་རྗེ་རྩེ་གཅིག་དང། མདའ་བོ་དང། མཚོན་རྩེ་གཅིག་ པ་ལ་སོགས་པའི་མཚོན་དག་འཕང་བར་བརྩམས་ཏེ། དེ་གསོད་པར་བཤམས་པ་ན། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོས་ཁྱེད་ལ་ཉེས་པ་ཅི་བྱས། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་ཁོ་བོ་ཅག་ གི་བག་མ་དང་པོར་དགའ་དགུར་སྤྱད་ཅིང། ཕྱིས་ཁོ་བོ་ཅག་གིས་སྤྱད་དོ། །དེས་སྨྲས་པ། ཁྱེད་ཅག་ཉིད་ཀྱིས་དམ་པ་མ་ཡིན་པའི་ཆོས་འདི་ཕྱུང་བས་འདི་ལ་ཁོ་བོས་ཅི་ཉེས། མ་གསད་པར་ཐོང་ཞིག་ དེ་དག་གིས་དེ་ལྟར་ཤགས་འདེབས་བཞིན་དུ་གསད་པར་བརྩམས་པ་དང་དེས་སྲོག་དང་འབྲལ་ཁར་གནད་འཆད་ཀ་དང། ཚིགས་འགྲོལ་ཀར་སེམས་བསྐྱེད་དེ་སྨོན་ལམ་བཏབ་པ། བདག་གིས་ [217B] མོའུ་འགལ་གྱི་བུ་ཆེན་པོ་ལྷ་དང་མིས་མཆོད་པ་གཉིས་ལ་བསོད་སྙོམས་ཕུལ་བའི་དགེ་བའི་རྩ་བ་དེས། བདག་གང་དུ་འདི་དག་གསོད་པར་འགྱུར་པ་དེར་སྐྱེ་བར་གྱུར་ཅིག། ཅེས་ བཏབ་བོ། །ཆོས་ཉིད་ཀྱིས་ན་མར་འབྲི་བའི་དུས་ཀྱི་ཚེ་ན། སྨོན་ལམ་ལོག་པ་བཏབ་པ་དེ་ནི། མྱུར་དུ་འགྲུབ་པ་ཡིན་པས་དེས་སྨོན་ལམ་ལོག་པ་བཏབ་སྟེ་ཤི་ཞིང་དུས་ལ་བབ་ནས་གནོད་སྦྱིན་གདུག་པ་རྣམས་ཀྱི་ ནང་དུ་སྐྱེས་སོ། །དེ་ནས་དེ་གནས་འདོད་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་གན་དུ་སོང་སྟེ་སྨྲས་པ། བཟོད་ལྡན། བདག་ལ་གནས་སྩོལ་ཅིག་དེས་སྨྲས་པ། འབྲོག་གནས། ཁྱོད་ཀྱི་གནས་འབྲོག་གནས་དེ་ ཉིད་ཡིན་གྱི། སོང་ཞིག་དེ་འབྲོག་གནས་སུ་འོངས་ནས་མི་ངས་ཕྱུང་སྟེ། སྐྱེ་བོ་མང་པོ་ཤི་བར་གྱུར་ནས་ཁྲི་དང། ཁྲིར་འདོམ་པར་བྱས་སོ། །འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ལྟས་པ་དག་བཀུག་ སྟེ་བྲིས་པ། ཤེས་ལྡན་དག་གང་གི་ཕྱིར་འདི་ལྟ་བུའི་ཡམས་བྱུང་བར་གྱུར་པ་འདི་ལ་རྒྱུ་ཅི་ཡོད། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་འབྲོག་གནས་བསད་པ་གང་ཡིན་པ་དེས་སྨོན་ལམ་བཏབ་ པས། གནོད་སྦྱིན་གདུག་པ་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེས་འདི་ལྟ་བུའི་ཡམས་ཕྱུང་ངོ། །དེ་དག་གིས་ཤིང་རྟ་དང་བཅས་ཏེ་འབྲོས་པར་བརྩམས་པ་དང། དེས་ཀྱང་འཇིགས་པ་དང། འཇིགས་སུ་ རུང་བ་ཆེན་པོར་བདག་ཉིད་མངོན་པར་སྤྲུལ་ནས་འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་འབྲོས་པའི་མདུན་དུ་འདུག་སྟེ་སྨྲས་པ། གར་འདོང། དེང་ཁྱེད་ཐམས་ཅད་བཟའོ། །དེ་དག་ཀུན་ཏུ་སྐྲག་ [218A]༄༅། །པར་གྱུར་ཏེ་སྨྲས་པ། གྲོང་དཔོན། བདག་ཅག་སྡིག་པ་བྱེད་པ་རྣམས་ལ་བཟོད་པ་མཛོད་ཅིག་དེས་སྨྲས་པ། དམ་ཚིག་གིས་བཟོད་པར་བྱ་སྟེ། གལ་ཏེ་ང་ལ་ཉི་མ་རེ་རེ་ཞིང་མི་ སྟོང་སྟོང་འབུལ་ན། བཟོད་དོ། །དེ་དག་གིས་སྨྲས་པ། གྲོང་དཔོན་གལ་ཏེ་ཁྱོད་ལ་ཉི་མ་རེ་རེ་བཞིན་མི་སྟོང་སྟོང་ཕུལ་ན། རིང་པོར་མི་ཐོགས་པར་འབྲོག་གནས་འདི་མི་སྣང་བར་འགྱུར་གྱི། དངན་ དུས་འདི་ཐོང་ལ་བདག་ཅག་ཕྱག་འཚལ་བ་རྣམས་ལ་བཟོད་པ་མཛོད་ཅིག་དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ཡུན་རིང་པོ་ནས་སྨོན་པ་ཀྱེ་མ། འབྲོག་གནས་འདི་མི་སྣང་བར་གྱུར་ཅིག་སྙམ་ མོད་ཀྱི། འོན་ཀྱང་ཁོ་བོ་ལ་ཉི་མ་རེ་རེ་ཞིང་མི་ལྔ་བརྒྱ་ལྔ་བརྒྱ་ཕུལ་ཅིག་དང། བཟོད་པར་བྱའོ། །དེ་དག་གིས་ཡང་དེ་བཞིན་གསོལ་ནས་དེས་ཀྱང་མི་ཉིས་བརྒྱ་ལྔ་བཅུ་དང་བརྒྱའི་བར་དུ་ཕུལ་ཅིག་ ཅེས་སྨྲས། །དེ་དག་གིས་སྨྲས་པ། གྲོང་དཔོན། དེ་ལྟ་ན་ཡང་བདག་ཅག་ཉམས་པར་འགྱུར་གྱི། མང་པོས་ཅི་བྱ། བདག་ཅག་གིས་ཁྱོད་ལ་ཉི་མ་རེ་རེ་ཞིང་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་ཟས་ ཀྱིས་བཀང་བ་དང། དེ་ཁྲིད་པའི་མི་གཅིག་དབུལ་གྱི། བཟོད་པར་མཛོད་ཅིག་དེས་སྨྲས་པ། དེ་རུང་གི། འདི་ལྟར། ཁྱེད་ཀྱིས་དུ་བ་དག་གིས་དབུལ་བར་མི་བྱ་བར་བྲོ་དང། གླུ་དང། སིལ་སྙན་གྱི་ སྒྲས་དབུལ་བར་བྱའོ། །དེ་དག་གིས་ཀྱང་ཁས་བླངས་སོ། །དེ་ནས་འབྲོག་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་འདུས་ཏེ་གྲོས་བྱས་པར་བརྩམས་པ། ཤེས་ལྡན་དག་གནོད་སྦྱིན་གྱི་བདག་ [218B] འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། རེས་ཀྱིས་རེས་ཀྱིས་དབུལ་བར་བྱའོ། །ཁ་ཅིག་གིས་སྨྲས་པ། གང་ལ་རེས་བབ་པར་གྱུར་པ་དེ་ལ་བརྗོད་པ་ན། འཁྲུག་ པ་སྐྱེ་བར་འགྱུར་གྱི། འདི་ལྟར། ཁྱིམ་བྱང་བྲིས་ཏེ་རྫ་མར་བཅུག་ལ། གང་གི་ཁྱིམ་བྱང་བྱུང་བ་ད་འགྲོ་བར་བྱ་སྟེ། དེས་ཀྱང་མི་ཚབ་མ་དག་མི་གཏང་བར་བདག་ཉིད་འགྲོ་བར་བྱ་བའམ་བུ་གཏང་བར་ བྱའོ། །གང་ལ་བྲེལ་བ་བྱུང་སྟེ་མ་འདུས་པ་དེ་ལ་བབ་ན། དེའི་ཁྱིམ་དུ་ཁྱིམ་བྱང་དཔྱང་སྟེ་གཞག་གོ་དེའི་ཚེ་ན་འབྲོག་གནས་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ་བུ་མེད་ནས་ཡུན་རིང་པོ་ནས་ཀྱེ་མ། བདག་ ལ་བུ་ཡོད་པར་གྱུར་ཅིག་ཅེས་སྨོན་ནས། སྟེས་དབང་གིས་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །ཆུང་མ་དེ་བཙའ་བའི་དུས་ཀྱི་ཚེ་ཁྱིམ་བདག་དེ་བྱ་བ་ཞིག་ལ་ཕྱི་རོལ་ཏུ་བྱུང་བ་དང། དེའི་ཉིན་མོ་དེ་ལ་ གནོད་སྦྱིན་ལ་གཏོར་མ་སྦྱིན་པའི་ཁྱིམ་བྱང་བྱུང་ནས། དེས་རེས་སྦྲོན་པར་བསྐོས་པའི་མི་དག་གིས་དེའི་ཁྱིམ་སྒོར་དབྱངས་ཏེ་བཞག་གོ་སྐབས་དེར་ཆུང་མ་དེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ངོ། །ཇི་ཙམ་ན་ཁྱིམ་ བདག་དེ་ཕྱིར་འོངས་པ་དང། དེས་ཁྱིམ་དུ་འཇུག་ཁར་ཁྱིམ་བྱང་དེས་དེ་མཐོང་ནས་དེ་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ་ཁྱིམ་དུ་ཞུགས་ནས་ཅང་མི་སྨྲ་བར་འདུག་གོ་ཆུང་མས་དེ་ལ་སྨྲས་པ། རྗེའི་ སྲས། དགྱེས་པ་སྐྱད་ཅིག་ཁྱོད་ཀྱི་སྲས་བལྟམས་སོ། །དེ་ལྟ་ན་ཡང་ཅང་མི་སྨྲ་བ་ཁོ་ནར་འདུག་གོ་ཆུང་མས་དེ་ལ་ལན་གསུམ་གྱི་བར་དུ་དེ་སྐད་སྨྲས་ཀྱང་ཅང་མི་སྨྲ་བ་ཁོ་ནར་འདུག་ནས་ཡང་ཆུང་ [219A]༄༅། །མས་སྨྲས་པ། རྗེའི་སྲས། ཁྱོད་ཡུན་རིང་པོ་ནས་ཀྱེ་མ་བདག་ལ་བུ་ཡོད་པར་གྱུར་ཅིག་ཅེས་སྨོན་པ་གང་ལགས་པ་དེ། ད་བཙས་ན། ཅིའི་སླད་དུ་ཅང་མི་གསུང་བར་བཞུགས་ མཆོག་ཏུ་དགྱེས་པ་སྐྱེད་ཅིག་དེས་སྨྲས་པ། བཟང་མོ། འདི་ནི་སྐྱེས་ན། ཁོ་བོ་ནི། མ་སྐྱེས་སོ། །རྗེའི་སྲས། ཅི་ནོངས། བཟང་མོ། གནོད་སྦྱིན་ལ་གཏོར་མ་དབུལ་བའི་ཕྱིར་ཁྱིམ་བྱང་འོངས་སོ། ། རྗེའི་སྲས། གལ་ཏེ་དེ་ལྟ་ན། ཁྱོད་ཀྱི་སྲས་འཆི་བར་བས་མོད་སྐོལ་ཅག་ཡང་མཇལ་ན། ཁྱོད་ལ་སྲས་མཆིས་པར་འགྱུར་རོ། །བཟང་མོ། འདི་ནི། ཁྲག་གི་ཐིགས་པ་ཡིན་པས་འདི་ཇི་ལྟར་གཏང་ བར་བྱ། རྗེའི་སྲས། ཚོགས་པས་ཁྲིམས་སུ་བགྱི་བ་རྣམ་པར་བཞག་པ་ལས་བདག་ཉིད་འགྲོ་བར་བྱ་བའམ། བུ་གཏང་བར་བྱའོ། །ཞེས་མི་འབྱུང་ངམ། འདི་ཁྱོད་ཀྱི་སྲས་ལགས་པས། བདག་ ཉིད་དང་མཉམ་པའི་སྡུག་པ་གཞན་མ་མཆིས་ཀྱི། སྲས་འདི་ཐོང་ཞིག་དེས་གལ་ཏེ་ཁྱོད་དགའ་ན། སོང་ཞིག་ཅེས་དང་དུ་བླངས་སོ་།དེ་ནས་ཁྱིམ་བདག་གི་ཆུང་མ་དེས་མཚན་མོ་མིག་ལམ་ ཆད་པ་དང། མར་མེ་དང། བདུག་སྤོས་དང། ཕྲེང་བ་རྒྱུ་དང་མེ་ཏོག་དག་གིས་མཆོད་པ་བྱས་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ་གསོལ་བ་གདབ་པར་བརྩམས་པ། འཇིག་རྟེན་དགེ་དུལ་ཞི་བ་ དང། །དབང་ཐུལ་རྣམས་ཀྱིས་མི་སྟོང་པས། །བུ་ཡི་དོན་དུ་དེར་འདུད་ཀྱི། །བདག་གི་བྱིས་པ་བསྐྱབ་ཏུ་གསོལ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི། མི་མཁྱེན་པ་དང་ [219B] མ་རིག་པ་དང། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་བཞུགས་པ། སྲུང་པ་གཅིག་པུ་པ། ཉག་ཅིག་དཔའ་བ་ གཉིས་པ་མེད་པ། གཉིས་སུ་མི་གསུང་པ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབ་པ། དུལ་བའི་གནས་གསུམ་གྱི་ གཞི་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་ པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་ གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་ སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི། ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ རྣམ་པར་གཟིགས་ནས་གང་ནི། ཉམས་པར་གྱུར། གང་ནི། འཕེལ་བར་གྱུར། །གང་ནི། གནོད་པར་གྱུར། གང་ནི། ཉམ་ང་བར་གྱུར། གང་ནི། མི་བདེ་བར་གྱུར། གང་ནི། གནོད་པ་དང། ཉམ་ [220A]༄༅། །ང་བ་དང། མི་བདེ་བར་གྱུར། གང་ནི། ངན་སོང་ལ་གཞོལ། གང་ནི། ངན་སོང་ལ་འབབ། གང་ནི། ངན་སོང་ལ་བབ་གང་ནི། ངན་སོང་གི་ལམ་ནས་བསླང་སྟེ་མཐོ་རིས་ དང། ཐར་པ་དང། འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི། དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་གང་ནི། འཕགས་པའི་ནོར་གྱི་དབང་ཕྱུག་ལ་ གཞག་པར་བྱ། གང་གི་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི། འབྲས་བུ་དང་བཅས་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི། བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་དག་ བསྐྱེད་པ་ནི། ཡོངས་སུ་སྨིན་པར་བྱ། ཡོངས་སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང། གཟིགས་པ་འཇུག་གོ་།སྨྲས་པ། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་ བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་ པའང་འདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་ལྔ་བའི་ཐུགས་རྗེ་ཡི། །བཞོན་མ་འདུལ་བའི་བེའུ་ཚོལ་མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་ ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱེའུ་དེ་ནི། སྔོན་གྱི་སངས་རྒྱས་རྣམས་ལ་བྱ་བ་ལྷག་པར་བྱས་པ་ཡིན་པས། དེ་ལ་ [220B] གནོད་སྦྱིན་འབྲོག་གནས་ཀྱང་གདུལ་བར་བྱའོ། །སྙམ་དུ་རིག་ནས་མ་ག་དྷ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་ནས་འབྲོག་གནས་སུ་བྱོན་ཏེ་འབྲོག་གནས་ན་གནོད་སྦྱིན་འབྲོག་ གནས་ཀྱི་གནས་སུ་མཚན་མོ་གནས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་ན་གནོད་སྦྱིན་འབྲོག་གནས་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་འདུ་བར་སོང་བར་གྱུར་ཏོ། །གནོད་སྦྱིན་བོང་བུ་པས། བཅོམ་ལྡན་འདས་ གནོད་སྦྱིན་འབྲོག་གནས་ཀྱི་གནས་སུ་མཚན་མོ་གནས་པར་ཞལ་གྱིས་བཞེས་པར་མཐོང་ངོ། །མཐོང་ནས་ཀྱང་གནོད་སྦྱིན་འབྲོག་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གནོད་སྦྱིན་འབྲོག་གནས་ལ་འདི་ སྐད་ཅེས་སྨྲས་སོ། །གྲོང་དཔོན། ཁྱེད་ཀྱི་གནས་སུ་བཅོམ་ལྡན་འདས་མཚན་མོ་གནས་པར་ཞལ་གྱིས་བཞེས་པ་གང་ཡིན་པ་དེ་ནི། ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །གྲོང་དཔོན། མི་གྱུར་པ་ཡང་ བདག་གི་གནས་སུ་མཚན་མོ་གནས་པར་ཁས་ལེན་ཏམ། གྲོང་དཔོན། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །གྲོང་ དཔོན། དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནམ། འོན་ཏེ་མ་ཡིན་པ་ཤེས་པར་བྱའོ། །དེ་ནས་གནོད་སྦྱིན་འབྲོག་གནས་ཀྱིས་གནོད་སྦྱིན་རྣམས་ཀྱི་ གནོད་སྦྱིན་འདུ་བ་ཟིལ་གྱིས་མནན་ནས། རང་གི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་སོལ་ཏོ། །དགེ་སྦྱོང། ཕྱིར་ཕྱུང་ཞིག་བཅོམ་ལྡན་འདས་ཀྱིས་འདི་ནི་ [221A]༄༅། །གཞན་གྱིས་ཡོངས་སུ་བཟུང་བའོ། །སྙམ་དུ་དགོངས་ནས་སླར་བྱུང་ངོ། །དགེ་སྦྱོང། ཞུགས་ཤིག་བཅོམ་ལྡན་འདས་རྒྱགས་པ་དང། ང་རྒྱལ་ངེས་པར་བཅོམ་པའི་ཕྱིར་ཞུགས་ སོ༑ ༑གནོད་སྦྱིན་འབྲོག་གནས་ཀྱིས་ལན་གཉིས་སུ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང། ཕྱིར་ཕྱུང་ཞིག། བཅོམ་ལྡན་འདས་ཀྱིས་འདི་ནི། གཞན་གྱིས་ཡོངས་སུ་བཟུང་ བའོ༑ ༑སྙམ་དུ་དགོངས་ནས་སླར་བྱུང་ངོ། །དགེ་སྦྱོང། ཞུགས་ཤིག་བཅོམ་ལྡན་འདས་རྒྱགས་པ་དང། ང་རྒྱལ་ངེས་པར་བཅོམ་པའི་ཕྱིར་ཞུགས་སོ། །གནོད་སྦྱིན་འབྲོག་གནས་ཀྱིས་ལན་ གསུམ་དུ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཕྱིར་ཕྱུང་ཞིག་བཅོམ་ལྡན་འདས་ཀྱིས་འདི་ནི། གཞན་གྱིས་ཡོངས་སུ་བཟུང་བའོ། །སྙམ་དུ་དགོངས་ནས་སླར་བྱུང། ། དགེ་སྦྱོང། །ཞུགས་ཤིག་བཅོམ་ལྡན་འདས་རྒྱགས་པ་དང། ང་རྒྱལ་ངེས་པར་བཅོམ་པའི་ཕྱིར་ཞུགས་སོ། །གནོད་སྦྱིན་འབྲོག་གནས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དགེ་སྦྱོང། ཕྱིར་ཕྱུང་ཞིག་དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་འབྲོག་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོང་དཔོན་ཁྱོད་ཀྱིས་ང་ལན་གསུམ་གྱི་བར་དུ་གནས་སུ་སྤྱན་དྲངས་པས་ ད་ནི། མི་འབྱུང་ངོ། །དགེ་སྦྱོང། །དེའི་ཕྱིར་ཁྱོད་ལ་དྲི་བ་དྲིའོ། །དྲི་བ་ལན་གདབ་པ་དེས་གལ་ཏེ་ཁོ་བོའི་སེམས་རངས་པར་བྱེད་ན། དེ་ལྟ་ན་ལེགས། གལ་ཏེ་སེམས་རངས་པར་མི་བྱེད་ན། ཁྱོད་ཀྱི་ [221B] སྙིང་དགས་པའམ། ཁ་ནས་ཁྲག་ཚ་བ་སྐྱུག་པའམ། ལག་པ་གཉིས་ནས་བཟུང་སྟེ་ཆུ་ཀླུང་སྐལ་ལྡན་ཤིང་རྟ་པའི་ཕ་རོལ་གྱི་འགྲམ་དུ་འཕང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། གྲོང་དཔོན། ངས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང། བྲམ་ཟེའི་སྐྱེ་རྒུ་དང་བཅས་པ། ལྷ་དང། མི་དང་བཅས་པའི་ནང་ན། གང་གིས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེམས་གཡེང་བའམ། ཐུགས་དགས་པའམ། ཞལ་ནས་ཁྲག་ཚ་བ་སྐྱུག་པའམ། ཕྱག་གཉིས་ནས་བཟུང་སྟེ་ཆུ་ཀླུང་སྐལ་ ལྡན་ཤིང་རྟ་པའི་ཕ་རོལ་གྱི་འགྲམ་དུ་འཕེན་པ་ཡང་དག་པར་རྗེས་སུ་མ་མཐོང་གི། གྲོང་དཔོན། འདི་ལྟར། ཅི་དང་ཅི་འདོད་པ་ཞུས་ཤིག་དེ་ནས་གནོད་སྦྱིན་འབྲོག་གནས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་ གསོལ་བ། བར་སྡོམ་ལ། གང་དང་ཇི་ལྟར་དུ་དང་ནི། གང་ཞིག་རྒལ་དང་ཅི་ཡིས་རྒལ། །འདི་ནི་སྐྱེས་པའི་ནོར་མཆོག་གང། །ཅི་ཞིག་ལེགས་སྤྱོད་བདེ་སྤྱོད་འགྱུར། །རོ་རྣམས་ནང་ན་མངར་མཆོག་ཅི། ། ཇི་ལྟར་འཚོ་ན་འཚོ་མཆོག་བསྟན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དད་པ་སྐྱེས་བུའི་ནོར་མཆོག་ཡིན། །ཆོས་ལ་ལེགས་སྤྱོད་པ་དེ་སྤྱོད་འགྱུར། །བདེན་པའི་རོ་རྣམས་མངར་མཆོག་ཡིན། ཤེས་ པས་འཚོ་ན་མཚོ་མཆོག་བསྟན། །གནོད་སྦྱིན་གྱིས་གསོལ་པ། ཇི་ལྟར་གྲགས་དང་ལྡན་པར་འགྱུར། །ལོངས་སྤྱོད་ལྡན་པར་ཇི་ལྟར་འགྱུར་།ཇི་ལྟར་སྙན་པ་ཐོབ་འགྱུར་ཞིང། །མཛའ་བཤེས་ཇི་ལྟར་རྙེད་ [222A]༄༅། །པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཁྲིམས་ཀྱིས་ནི་གྲགས་ལྡན་འགྱུར། །སྦྱིན་པས་ལོངས་སྤྱོད་ལྡན་པར་འགྱུར། །བདེན་པས་སྙན་པ་ཐོབ་པར་འགྱུར།། སྙིང་རྗེས་མཛའ་བཤེས་རྙེད་པར་འགྱུར། །གནོད་སྦྱིན་གྱིས་གསོལ་པ། དུ་ཞིག་གིས་ནི་འཇིག་རྟེན་འབྱུང། །དུ་ཡིས་འདྲིས་པ་ཐོབ་པར་འགྱུར། །དུ་ཞིག་གིས་ནི་འཇིག་རྟེན་བཀུར། །དུ་ཡིས་འཇིག་ རྟེན་ཟིལ་གནོན་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲུག་གིས་འཇིག་རྟེན་འབྱུང་འགྱུར་ཏེ། །དྲུག་གིས་འདྲིས་པ་འཐོབ་པར་འགྱུར་།དྲུག་གིས་འཇིག་རྟེན་བཀུར་འགྱུར་ཏེ། །དྲུག་ གིས་འཇིག་རྟེན་ཟིལ་ནོན་འགྱུར། །གནོད་སྦྱིན་གྱིས་གསོལ་པ། གདུགས་མཚན་གཡེལ་བ་མ་མཆིས་པ། །གང་ཞིག་འདོད་པ་འདི་ལས་བརྒལ་།དམིགས་མེད་རྟེན་པ་མ་མཆིས་པ། །ཟབ་མོ་ གང་ཞིག་འབྱིང་མི་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རྣམ་ཀུན་ཚུལ་ཁྲིམས་ལྡན་པ་དང། །ལེགས་མཉམ་བཞག་ཅིང་ཤེས་རབ་ལྡན། །ནང་དུ་སེམས་ཤིང་དྲན་ལྡན་པ། །ཤིན་ ཏུ་བརྒལ་དཀའ་འདི་ལས་བརྒལ། །འདོད་པའི་འདུ་ཤེས་ཆགས་བྲལ་ཞིང། །གཟུགས་ཀྱི་ཀུན་སྦྱོར་མཐར་གྱུར་པ། །དེ་ནི་དམིགས་མེད་རྟེན་མེད་པའི། །ཟབ་མོར་འབྱིང་བར་མི་འགྱུར་རོ།། གནོད་སྦྱིན་གྱིས་གསོལ་པ། ཅི་ཡིས་འོད་པ་རྒལ་བར་འགྱུར། །ཅི་ཞིག་གིས་ནི་རྒྱ་མཚོ་རྒལ། །ཅི་ཡིས་སྡུག་བསྔལ་སྤོང་བར་འགྱུར། །ཅི་ཞིག་གིས་ནི་ཡོངས་དག་འགྱུར། །བཅོམ་ལྡན་འདས་ཀྱིས་ [222B] དད་པས་འོད་པ་རྒལ་བར་འགྱུར། །བག་ཡོད་པས་ནི་རྒྱ་མཚོ་རྒལ། །བརྩོན་པས་སྡུག་བསྔལ་སྤོང་འགྱུར་ཏེ། །ཤེས་རབ་ཀྱིས་ནི་ཡོངས་དག་འགྱུར། །བདེན་དུལ་གཏོང་བ་མ་གཏོགས་ པའི༑ ༑ཆོས་གཞན་འགའ་ཞིག་ཡོད་དམ་ཞེས། །དགེ་སྦྱོང་བྲམ་ཟེ་སོ་སོ་ལ། །གཞན་དང་གཞན་དུ་ཁྱོད་དྲིས་ཤིག་གནོད་སྦྱིན་གྱིས་གསོལ་པ། དགེ་སྦྱོང་བྲམ་ཟེ་སོ་སོ་ལ། །ཅི་སླད་གཞན་དུ་ བདག་འདྲི་བགྱིད། །འདི་ལྟར་དཔའ་ཆེན་ཁྱོད་ཀྱིས་ནི། །ཆོས་འདི་ལེགས་པར་རབ་ཏུ་བཤད། །ཀྱེ་མ་གནོད་སྦྱིན་བོང་བུ་པ། །གང་གིས་དེད་དཔོན་བླ་ན་མེད། །སངས་རྒྱས་བདག་ལ་བསྟན་ གྱུར་པ། །ཁྱོད་ལ་ཁོ་བོས་བྱས་པ་གཟོ། །འདི་ནས་ཁོ་བོ་གྲོང་ནས་གྲོང། །ཁྱིམ་ནས་ཁྱིམ་དུ་རྫོགས་སངས་དང། །ཆོས་ཀྱི་ཆོས་ཉིད་བཟང་པོ་ལ། །འདུད་བཞིན་དུ་ནི་སྤྱད་པར་བྱ། །དེ་ནས་བཅོམ་ ལྡན་འདས་ཀྱིས་གནོད་སྦྱིན་འབྲོག་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཞིན་བཟང། ཁྱོད་ཀྱིས་དགེ་སློང་ཤཱ་རིའི་བུ་དང། མོའུ་འགལ་གྱི་བུ་གཉིས་ལ་ཟན་བྱིན་པས། སུམ་ཅུ་རྩ་གསུམ་ པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བྱ་བ་ལས། ཁྱོད་ཀྱིས་སྨོན་ལམ་ལོག་པར་བཏབ་པས། གནོད་སྦྱིན་གདུག་པ་རྣམས་ཀྱི་ནང་དུ་སྐྱེས་ཏེ། ད་ལྟར་དྲག་ཤུལ་ཅན། ལག་པ་ཁྲག་གིས་གོས་པ། ཉམས་ པ་དང་རབ་ཏུ་ཉམས་པ་ལ་ཞེན་པ། གཞན་གྱི་སྲོག་འཕྲོག་པ་གཞན་གྱི་སྲོག་སྤྱོད་པས་འཚོ་བར་བྱེད་དེ། འདི་ནས་ཤི་འཕོས་ན་ཁྱོད་ཀྱི་འགྲོ་བ་ནི། ཅིར་འགྱུར། སྐྱེ་བ་ནི། ཅིར་འགྱུར། ཚེ་ཕྱི་མ་ནི་ [223A]༄༅། །ཅིར་འགྱུར། དེས་གསོལ་པ། བཅོམ་ལྡན་འདས། བདག་གིས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། བཞིན་བཟང། ཚུར་ཤོག་ཁྱོད་ངའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང། བསླབ་ པའི་གཞི་དག་ལོངས་ལ་འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ལ་མི་འཇིགས་པ་བྱིན་ཅིག་བཙུན་པ། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་མཆི་བ་དང། བསླབ་པའི་གཞི་དག་ ལེན་ཅིང། དེང་སླན་ཆད་འབྲོག་གནས་ན་གནས་པའི་སྐྱེ་བོའི་ཚོགས་ལ་མི་འཇིགས་པ་སྩོལ་ཏོ། །དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་བླངས་ཏེ། དེས་ བསླབ་པའི་གཞི་དག་བླངས་ནས་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་སྟོན་པ་བདག་དོན་དུ། །སྡུམ་པར་ཡང་དག་གཤེགས་གྱུར་ཏེ། །བདག་གིས་དེ་རིང་ཕྱི་མ་ཡི། །དོན་ནི་རབ་ཏུ་ཤེས་པར་གྱུར། །དེ་ ནས་ཁྱིམ་བདག་དེས་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་ཟས་ཀྱིས་བཀང་སྟེ། ཁྱེའུ་དེ་ཡང་ཤིང་རྟར་བཅུག་ནས་བྲོ་དང། གླུ་དང་རོལ་མོའི་སྒྲས་གནོད་སྦྱིན་གྱི་དྲུང་དུ་འཕགས་པ་དང། བྲམ་ཟེ་དང་ ཁྱིམ་བདག་ཁ་ཅིག་གིས་ཐོས་ནས་སྨྲས་པ། ཤེས་ལྡན་དག། བྲོ་དང། གླུ་དང། རོལ་མོའི་སྒྲ་འདི་ཅི་ཡིན། ཁ་ཅིག་གིས་སྨྲས་པ་ཁྱོད་ཀྱིས་མི་ཤེས་སམ། འདི་ནི། ཁྲག་གི་ཐིགས་པ་དེ་གནོད་ སྦྱིན་གྱི་གན་དུ་ཁྱེར་བ་ཡིན་ནོ། །སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཏེ་སྨྲས་པ། ཤེས་ལྡན་དག། ཁྲག་གི་ཐིགས་པ་འདིས་གནོད་སྦྱིན་མི་མགུ་བས། གལ་ཏེ་འདི་མ་ལྡོག་ན། གདོན་མི་ཟ་བར་ [223B] བདག་ཅག་ཐམས་ཅད་ལ་གནོད་པ་བྱེད་པར་འགྱུར་གྱི། འདི་ལྡོག་པར་བྱའོ། །ཞེས་དེ་དག་གིས་དེ་ལྡོག་པར་བརྩམས་པ་དང། དེས་སྨྲས་པ། ཤེས་ལྡན་དག་ཚོགས་ ཀྱིས་ཁྲིམས་སུ་བྱ་བ་བཅས་པ་ལས། བདག་ཉིད་འགྲོ་བར་བྱ་བའམ་བུ་གཏང་བར་བྱའི་ཞེས་བྱུང་བས། འདི་ཁོ་བོའི་བུ་ཡིན་ན། ཅིའི་ཕྱིར་ལྡོག་པར་བྱེད། མི་ལྡོག་པར་འགྲོའོ། །དེ་དག་ཅང་མི་སྨྲ་བར་འཁོད་ དོ༑ ༑བཅོམ་ལྡན་འདས་ཀྱིས་གྲོ་དང། གླུ་དང། རོལ་མོའི་སྒྲ་དེ་གསན་ཏོ། །གསན་ནས་ཀྱང་གནོད་སྦྱིན་འབྲོག་གནས་ལ་བཀའ་སྩལ་པ་གྲོང་དཔོན། གྲོ་དང། གླུ་དང། རོལ་མོའི་སྒྲ་འདི་ཅི་ཡིན། བཙུན་པ་ བདག་དམ་པ་མ་ལགས་པའི་ཆོས་སྡིག་པ་དེ་ལས་སླར་ལོག་ཀྱང། སྐྱེ་བོ་དག་གིས་ད་དུང་དེ་བཞིན་དུ་འཛིན་པར་བགྱིད་ན། ཇི་ལྟར་བསྒྲུབ་པར་བགྱི་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོང་ དཔོན། འདི་ཅི་ཡིན། དེས་ཇི་ལྟར་གྱུར་པ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོང་དཔོན། དེང་ཟས་དང། སྐོམ་ལོངས་ལ་མི་ཡང་མ་ལེན། གླང་ཡང་མ་ལེན་ཅིག་དེས་བསམ་པ་ འོངས་ཀྱང་རུང་གི། བདག་གི་ཟན་ཐ་མ་འདི་བཅོམ་ལྡན་འདས་ལ་བསོད་སྙོམས་དབུལ་ལོ། །སྙམ་མོ། །ཁྱིམ་བདག་དེས་ཁྱེའུ་དེ་ཤིང་རྟ་ནས་ཕྱུང་སྟེ་གནོད་སྦྱིན་ལ་བྱིན་ནོ། །གནོད་སྦྱིན་གྱིས་ཀྱང་བཅོམ་ ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཕ་ལ་སྩལ་ཏོ་།དེ་ནས་ཕས་གསོལ་པ། བཅོམ་ལྡན་འདས། ཁྱེའུ་འདིའི་མིང་ཅིར་གདགས། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའི་ [224A]༄༅། །དབྱངས་ཀྱིས་བཀའ་སྩལ་པ། བྱིས་པ་གང་ཚེ་གནོད་སྦྱིན་གྱི། ལག་ནས་ང་ཡི་ལག་ཏུ་ཐོབ། །ང་ཡི་ལག་ནས་ཕ་ཡི་ལག། དེ་ཡི་ཕྱིར་ན་ལག་བརྒྱུད་ཡིན། །དེའི་མིང་ལག་ བརྒྱུད་ཅེས་བྱ་བར་བཏགས་སོ། །ཁྱིམ་བདག་དེས་དེ་ཁྱེར་ཏེ་འབྲོག་གནས་སུ་སོང་བ་དང། སྐྱེ་བོའི་ཚོགས་ཀྱིས་མཐོང་ནས་སྨྲས་པ་ཤེས་ལྡན་དག་འདི་འདི་ལྟར་གྱུར་ཅིང། ཁྲག་གི་ཐིགས་པ་དེ་ ཁྱེར་ཏེ་འོངས་པ་ལས་ན། གོར་མ་ཆག་པར་འདིས་གནོད་སྦྱིན་འཁྲུགས་པར་བྱས་སོ། །དེས་སྨྲས་པ། ཤེས་ལྡན་དག་གནོད་སྦྱིན་ག་ལ་འཁྲུགས་ཏེ། བཅོམ་ལྡན་འདས་ཁྱེའུ་འདི་ལ་ཐུགས་བརྩེ་ བའི་སླད་དུ་དེའི་གནས་སུ་མཚན་མོ་གནས་པར་ཞལ་གྱིས་བཞེས་ནས་བཅོམ་ལྡན་འདས་ཀྱིས་དེ་བཏུལ་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལ་བཞག་ནས་དེས་འབྲོག་གནས་ ན་གནས་པའི་སྐྱེ་བོའི་ཚོགས་ལ་མི་འཇིགས་པ་བྱིན་གྱི། འཚེར་འགྲིབ་མེད་པར་གྱིས་ཤིག་དེ་དག་ཤིན་ཏུ་དགའ་སྟེ་སྨྲས་པ། ཁྱེའུ་འདི་སྐྱེས་མ་ཐག་ཏུ་གནོད་སྦྱིན་འབྲོག་གནས་བཏུལ་ བས། ཁྱེའུ་འདིའི་མིང་ལག་བརྒྱུད་འབྲོག་གནས་ཞེས་བྱའོ། །ཞེས་དེའི་མིང་ལག་བརྒྱུད་འབྲོག་གནས་ཞེས་བྱ་བར་བཏགས་སོ། །དེ་ཆེན་པོར་གྱུར་ནས་ཡི་གེ་དང། ཡིག་འབྲུ་དག་དང་ སྒྱུ་རྩལ་གཞན་དག་ལ་ཡང་ཤིན་ཏུ་མཁས་པར་གྱུར་ཏོ། །གང་གི་ཚེ་སྔོ་སངས་ཅན་མགོ་བསྒྱུར་རན་པར་གྱུར་པ་དེའི་ཚེ་ན་དེ་སློང་བ་རྒྱལ་པོ་དག་དང། ནོར་ཅན་དག་དང། ཚོང་དཔོན་དག་ [224B] དེད་དཔོན་དག་དང། ཤཱཀྱ་དག་དང། ཀོའུ་དྱ་དག་དང། ལི་ཙ་བྱི་དག་དང། གཞན་ཡང་མང་པོ་དག་ལྷགས་པར་གྱུར་ནས་ཁྱིམ་བདག་གདངས་ཅན་འདི་སྙམ་དུ་མང་པོ་དག་སྔོ་བསངས་ཅན་སློང་སྟེ་ གང་དག་ལ་མ་བྱིན་པ་དེ་དག་བདག་གི་དགྲ་བོར་འགྱུར་རོ། །སྙམ་ནས་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ་སྔོ་བསངས་ཅན་གྱིས་དེ་མཐོང་ནས་སྨྲས་པ། ཡབ། ཁྱོད་ཅིའི་སླད་ དུ་ཕྱག་ལ་ཞལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། བུ་མོ། ཁྱོད་སློང་བ་རྒྱལ་པོ་དག་དང། ནོར་ཅན་དག་དང། ཚོང་དཔོན་དག་དང། དེད་དཔོན་དག་དང། ཤཱཀྱ་དག་དང་ ཀོའུ་དྱ་དག་དང། ལི་ཙ་བྱི་དག་དང། གཞན་ཡང་མང་པོ་དག་ལྷགས་པས། གང་དག་ལ་ཁྱོད་མ་བྱིན་པ་དེ་དག་ངའི་དགྲར་འགྱུར་ན། ཁོ་བོ་ཇི་ལྟར་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་ དུ་ཆུད་ཅིང་མི་འདུག་ཏུ་རུང། དེས་སྨྲས་པ། ཡབ། གལ་ཏེ་དེ་ལྟ་ན་མི་དགྱེས་པར་མ་མཛད་ཅིག་དང། དེང་ནས་གདུགས་བདུན་ན་ངན་བུ་རང་གིས་གནས་བཙལ་བར་བགྱིའོ། །དེས་སྨྲས་པ་ བུ་མོ། དེ་ལྟར་གྱིས་ཤིག་འོན་ཀྱང་རེ་ཞིག་ལྷ་ལ་ཞུ་བར་བྱའོ་།ཞེས་དེ་བད་སའི་རྒྱལ་པོ་ཤར་པའི་གན་དུ་སོང་སྟེ་སྨྲས་པ་ལྷ། དེང་ནས་གདུགས་བདུན་ན་སྔོ་བསངས་ཅན་རང་གིས་ གནས་ཚོལ་བར་འགྱུར་གྱི། ལྷས་གནང་བར་མཛོད་ཅིག་རྒྱལ་པོས་བསམ་པ། དེས་ང་མ་གཏོགས་པ་གཞན་སུ་ཞིག་ལ་གནས་ཚོལ་བར་འགྱུར་སྙམ་ནས་གནང་ངོ། །དེས་གནང་ནས་ [225A]༄༅། །བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གྲོང་ཁྱེར་མཛེས་པར་བྱེད་དུ་ཆུག་ལ་འདི་སྐད་ཅེས། དེང་ནས་ཉི་མ་བདུན་ན་སྔོ་སངས་ཅན་རང་གིས་གནས་ཚོལ་བར་ འགྱུར་རོ། །ཞེས་དྲིལ་སྒྲོགས་ཤིག། བློན་པོ་རྣམས་ཀྱིས་གྲོང་ཁྱེར་དེ་རྡོ་བ་དང། གསེག་མ་དང། གྱོ་མོ་མེད་པར་རྣམ་པར་བཞག་ནས་ཙནྡན་གྱི་ཆུས་ཆག་ཆག་བཏབ་སྟེ་བདུག་སྤོས་དྲི་ཞིམ་ པོའི་སྣོད་ཉེ་བར་བཞག་ནས་དར་གྱི་ཆུན་པོ་དཔྱངས་ཏེ་རྒྱལ་མཚན་དང། བ་དན་བསྒྲེངས་ནས་མེ་ཏོག་སྣ་ཚོགས་བཀྲམ་སྟེ་ལྷའི་སྐྱེད་མོས་ཚལ་དགའ་བའི་ཚལ་ལྟར་དགའ་བར་འགྱུར་བར་ བྱས་ནས་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ་འདི་སྐད་ཅེས། ཀོའུ་ཤམྦྷི་ན་གནས་པ་དང། ཕོ་བྲང་འཁོར་གྱི་མི་དང་ཡུལ་ཐ་དད་པ་དག་གནས་ལྷགས་པའི་སྐྱེ་བོའི་ཚོགས་ཤེས་ལྡན་དག་ཉོན་ ཅིག་དེང་ནས་ཉི་མ་བདུན་ན་སྔོ་བསངས་ཅན་རང་གིས་གནས་འཚོལ་བར་འགྱུར་གྱི། དེའི་ཕྱིར་ཁྱེད་ཅག་གིས་འབྱོར་པ་ཇི་ལྟ་བ་བཞིན་འདུ་བར་བྱའོ། །ཞེས་བསྒོའོ། །དེ་ནས་སྲོག་ ཆགས་འབུམ་ཕྲག་དུ་མ་དག་འདུས་པར་གྱུར་པ་ན། ཉི་མ་བདུན་པ་ལ་སྔོ་བསངས་ཅན་རྒྱན་ཐམས་ཅད་ཀྱིས་ཀླུབས་ཏེ་ཤིང་རྟ་ལ་ཞོན་ནས་མེ་ཏོག་ཕྲེང་གི་ཆུན་པོ་ཐོགས་ཏེ་ཕྱིར་བྱུང་ནས་ སྐྱེ་བོ་ཕལ་པོ་ཆེའི་ཚོགས་ལ་བརྟགས་པར་བརྩམས་པ་དང། བད་སའི་རྒྱལ་པོ་ཤར་བ་འདི་སྙམ་དུ་འདིས་གོར་མ་ཆག་པར་བདག་གི་སྟེང་དུ་མེ་ཏོག་ཕྲེང་གི་ཆུན་པོ་འཕེན་པར་འགྱུར་རོ། །སྙམ་ [225B]སྔོ་བསངས་ཅན་གྱིས་ཀུན་ཏུ་སྐྱེ་བོའི་ཚོགས་ལ་རྣམ་པར་བལྟས་ནས་དྲིས་པ། ཤེས་ལྡན་དག་གླང་པོ་ཆེའི་རྒྱབ་ཏུ་ཞོན་པ་འདི་དག་གང་གང་ཡིན་ དེ་དག་གིས་སྨྲས་པ། འདི་ནི། རྒྱལ་པོ་གཟུགས་ཅན་སྙིང་པོའོ། །འདི་ནི། རྒྱལ་པོ་གསལ་རྒྱལ་ལོ། །འདི་ནི། རྒྱལ་པོ་ཚངས་བྱིན་ནོ་།འདི་ནི། བད་སའི་རྒྱལ་པོ་ཤར་པའོ། །དེ་བཞིན་དུ་ནོར་ཅན་ དག་དང། ཚོང་དཔོན་དག་དང། དེད་དཔོན་དག་དང། ཀོའུ་དྱ་དག་དང། ཤཱཀྱ་དག་དང། ལི་ཙ་བྱི་དག་དང། གཞན་ཡང་མང་པོ་ཐམས་ཅད་སོ་སོར་དྲིས་ནས་དེའི་འོག་ཏུ་སྨྲས་པ། ཤེས་ལྡན་ དག། ལག་བརྒྱུད་འབྲོག་གནས་ཞེས་བྱ་བ་གང་ཡིན་པ། བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ལས་ཐར་པར་བྱས་པ་དེ་འདིར་ཤོག་ཅིག། སྐྱེ་བོའི་ཚོགས་ཀྱིས་སྨྲས་པ། དེ་མ་འོངས་སོ། །དེ་ ཕྱོགས་གང་ན་འདུག་ག་གེ་མོ་ཞིག་ནའོ། །དེས་དེའི་ཕྱོགས་སུ་ཁ་བལྟས་ཏེ། དེ་བདག་གི་ཁྱིམ་ཐབ་ཡིན་ནོ། །ཞེས་མེ་ཏོག་ཕྲེང་གི་ཆུན་པོ་འཕངས་པ་དང། རྒྱལ་པོ་དག་དང། ནོར་ ཅན་དག་དང། ཚོང་དཔོན་དག་དང། དེད་དཔོན་དག་དང། ཀོའུ་དྱ་དག་དང། ཤཱཀྱ་དག་དང། ལི་ཙ་བྱི་དག་དང། གཞན་ཡང་མང་པོ་འདུས་པ་དག་ཕྱིར་ཕྱོགས་ཏེ་རང་རང་གི་ཡུལ་དུ་དོང་ ངོ༑ ༑ཁྱིམ་བདག་གདངས་ཅན་བག་ཚ་ཞིང་ཡིད་མི་བདེ་ནས་སྔོ་བསངས་ཅན་ལ་སྨྲས་པ། བུ་མོ། གལ་ཏེ་ཁྱོད་ཀྱིས་ལག་བརྒྱུད་འདམ་པས་ཁོ་བོ་ལ་རྒྱལ་པོ་དག་གནོད་པ་བྱེད་པར་གྱུར་ [226A]༄༅། །ན་མི་རུང་གི་མྱུར་དུ་སོང་ཞིག་དེས་སྨྲས་པ། ཡབ། མ་ནོངས་ཀྱི། དེ་བཞིན་བགྱིའོ། །ཁྱིམ་བདག་གདངས་ཅན་གྱིས་དེ་བཞིན་པ་བཟང་པོ་སྦྱར་ཏེ་རྒྱན་རྣམ་པ་སྣ་ཚོགས་ ཀྱིས་བརྒྱན་ནས་འཁོར་དང་བཅས་ཏེ་འབྲོག་གནས་སུ་བཏང་ངོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མཁྱེན་པ་དང་མ་གཟིགས་པ་དང། མ་རིག་པ་དང། རྣམ་པར་མི་ མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་བུ་པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ། གཉིས་སུ་མི་ གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབ་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་ པ༑ ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་ པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ་ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་ གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་ [226B] སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི། ཉིན་ལན་གསུམ། མཚན་ ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་གང་ནི། ཉམས་པར་གྱུར། གང་ནི། འཕེལ་བར་གྱུར། གང་ནི་གནོད་པར་གྱུར། གང་ནི། ཉམ་ང་བར་འགྱུར། གང་ནི་ མི་བདེ་བར་གྱུར། གང་ནི། གནོད་པ་དང། ཉམ་ང་བ་དང། མི་བདེ་བར་གྱུར། གང་ནི། ངན་སོང་ལ་གཞོལ། གང་ནི། ངན་སོང་ལ་འབབ། གང་ནི། ངན་སོང་ལ་བབ། ངས་གང་ནི། ངན་སོང་གི་ ལམ་ནས་བསླང་སྟེ་མཐོ་རིས་དང་ཐར་པ་དང། འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི། དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་གང་ནི། འཕགས་ པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གིས་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི། འབྲས་བུ་དང་བཅས་པར་བྱ་གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི། བསྐྱེད་པར་བྱ་ གང་གི་དགེ་བའི་རྩ་བ་དག་བསྐྱེད་པ་ནི། ཡོངས་སུ་སྨིན་པར་བྱ་ཡོངས་སུ་སྨིན་པ་གང་ནི། རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང། གཟིགས་པ་འཇུག་གོ་སྨྲས་པ། ཆུ་སྲིན་གནས་ཀྱི་དུག་ཅན་ པ༑ ༑དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། ། [227A]༄༅། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡི། བཞོན་མ་འདུལ་བའི་བེའུ་ཚོལ་ མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་ལག་བརྒྱུད་འབྲོག་གནས་ཀྱིས་བདེན་པ་མ་ མཐོང་བར་སྔོ་བསངས་ཅན་མཐོང་བར་གྱུར་ན། བདེན་པ་དག་གི་གནོད་དུ་མི་འགྱུར་གྱི། དེ་ལ་ཕན་གདགས་པའི་ཕྱིར་འབྲོག་གནས་སུ་འགྲོའོ། །སྙམ་དུ་རིག་ནས། མ་ག་དྷ་དག་ཏུ་ལྗོངས་རྒྱུ་ ཞིང་གཤེགས་པ་ན། འབྲོག་གནས་སུ་བྱོན་ནས་འབྲོག་གནས་སུ་མཚན་མོ་བ་ལང་གི་ལམ་དུ་རྩྭ་བཏིང་བ་ལ་གནས་པར་ཞལ་གྱིས་བཞེས་སོ་།བ་ལང་རྫི་དག་དང། ཕྱུགས་རྫི་དག་དང། རྩྭ་ འཐུན་དག་དང། ཤིང་འཐུན་དག་དང། ལམ་གྱིས་འཚོ་བ་དག་དང་ལམ་གོལ་བས་འཚོ་བའི་མི་དག་གིས། བཅོམ་ལྡན་འདས་མཚན་མོ་བ་ལང་གི་ལམ་ན་རྩྭ་བཏིང་བ་ལ་གནས་པར་ཞལ་ གྱིས་བཞེས་པ་མཐོང་ངོ། །མཐོང་ནས་ཀྱང་མྱུར་བ་མྱུར་བར་ལག་བརྒྱུད་འབྲོག་གནས་གྱི་གན་དུ་དོང་སྟེ་སྨྲས་པ། ཁྱིམ་བདག་གང་གིས་ཁྱོད་གནོད་སྦྱིན་ལས་ཐར་པར་མཛད་པའི་བཅོམ་ ལྡན་འདས་དེ་འབྲོག་གནས་སུ་བྱོན་ནས་མཚན་མོ་བ་ལང་གི་ལམ་ན་རྩྭ་བཏིང་བ་ལ་གནས་པར་ཞལ་གྱིས་བཞེས་སོ། །ལག་བརྒྱུད་འབྲོག་གནས་ཀྱིས་བསམ་པ། གལ་ཏེ་སངས་འགྲོ་བར་བྱ་ [227B] བཅོམ་ལྡན་འདས་གཞན་དུ་གཤེགས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱི། དེང་ཉིད་དུ་འགྲོའོ། །སྙམ་དུ་རིག་ནས་མྱུར་བ་མྱུར་བར་འཕགས་པ་དང། ཇི་ཙམ་ན་སྒོ་ཆོད་ དོ༑ ༑དེའི་སྐབས་སུ་སྔོ་བསངས་ཅན་ཡང་སྒོ་དྲུང་དུ་ཕྱིན་པ་དང། དེས་ཀྱང་ནང་དུ་མ་ཆུད་དེ་སྒོ་དྲུང་དུ་མཚན་མོ་གནས་པར་ཁས་བླངས་སོ། །ནམ་ནངས་ནས་ལག་བརྒྱུད་འབྲོག་གནས་མྱུར་བ་མྱུར་བར་ ཁོ་ནར་ཤིང་རྟ་ལ་ཞོན་ཏེ་འབྲོག་གནས་ནས་ཕྱིར་བྱུང་བ་དང་སྔོ་བསངས་ཅན་ཡང་ཤིང་རྟ་ལ་ཞོན་ཏེ། ནང་དུ་འཇུག་པ་ན་ལག་བརྒྱུད་འབྲོག་གནས་ཀྱིས་སྨྲས་པ། ཤིང་རྟ་ཟུར་ཅིག་སྔོ་བསངས་ཅན་ གྱིས་ཀྱང་སྨྲས་པ། ཁྱོད་ཀྱི་ཤིང་རྟ་ཟུར་ཅིག་དེས་ཀྱང་མ་བཟུར། གཅིག་ཤོས་ཀྱིས་ཀྱང་མ་བཟུར་ནས། སྔོ་བསངས་ཅན་གྱིས་བརྟགས་ཏེ་སྨྲས་པ། ཁྱོད་ལག་བརྒྱུད་འབྲོག་གནས་ཡིན་ནམ། དེས་ སྨྲས་པ། ཁོ་བོ་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །ལག་བརྒྱུད་འབྲོག་གནས་ཀྱིས་ཀྱང་སྨྲས་པ། ཁྱོད་ཀྱང་སྔོ་བསངས་ཅན་ཡིན་ནམ། དེས་ཀྱང་སྨྲས་པ། བདག་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། ། ལག་བརྒྱུད་འབྲོག་གནས་ཀྱིས་སྨྲས་པ། ཁོ་བོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོའི། །ཤིང་རྟ་ཟུར་ཅིག་ཁྱོད་ཀྱང་རེ་ཞིག་ཁྱིམ་དུ་སོང་ཞིག་སྔོ་བསངས་ཅན་གྱིས་སྨྲས་པ། སྐྱེས་བུ་དམ་པའི་ གན་དུ་སོང་ཞིག་ཅེས་སྔོ་བསངས་ཅན་གྱི་ཤིང་རྟ་མཐའ་གཅིག་ཏུ་བཟུར་ཏོ། །ལག་བརྒྱུད་འབྲོག་གནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་ [228A]༄༅། །གིས་སོ་སོར་ཀུན་དགའ་བར་བྱ་བས། བཅོམ་ལྡན་འདས་ཇི་ལྟར་བདེ་བར་གཟིམས་སམ་ཞེས་སོ་སོར་ཀུན་དགའ་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་བརྒྱུད་ འབྲོག་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་བརྒྱུད། འཇིག་རྟེན་ན་གང་དག་བདེ་བར་ཉལ་བར་བྱེད་པ་དེ་དག་གི་ནང་ན་ང་ཡང་འགའ་ཞིག་ཡིན་ནོ། །བཙུན་པ། དོག་ས་སྲ་ཞིང་བ་ལང་གི་ རྩིད་པའི་གཞི་ཅན་དུ་རས་སྲབ་མོའི་གདན་བཤམས་ཤིང་དགུན་སྨད་ཀྱི་དུས་ཀྱི་ཚེ་ཚེས་བརྒྱད་ཀྱི་བར་ལ་འོད་མ་འགས་པའི་བསེར་མ་དག་ལྡང་ལ། ཁྱོད་ཀྱི་ན་བཟའ་ངུར་སྨིག་འདི་དག་ནི། སྲབ་ པས་སྐུ་ཡོངས་སུ་གདུང་བར་བགྱིད་ཀྱང་བཅོམ་ལྡན་འདས། དེ་སྐད་ཅེས། འཇིག་རྟེན་ན། གང་དག་བདེ་བར་ཉལ་བར་བྱེད་པ་དེ་དག་གི་ནང་ན་ང་ཡང་འགའ་ཞིག་ཡིན་ནོ། །ཞེས་གསུངས་སམ་ ལག་བརྒྱུད། དེའི་ཕྱིར་ཁྱོད་ཉིད་ལ་དྲིའི། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལན་ཐོབ་ཅིག་ལག་བརྒྱུད། འདི་ལྟ་སྟེ། དཔེར་ན་འདི་ན་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་ཕྱུག་ པ༑ ནོར་མང་བ། ལོངས་སྤྱོད་ཆེ་བ་འགའ་ཞིག་ཡོད་པར་གྱུར་ལ་དེའི་དོན་དུ་ཁང་བཟང་རྩིག་ཏུ་བཅུག་ཅིང། ཁང་བཟང་དེར་ཁང་པ་བརྩེགས་པ་དེ་རྩིག་ཏུ་བཅུག་ལ། ཁང་པ་བརྩེགས་པ་དེར་ ཁྲི་ཤུར་བུས་བླས་པ། སྟན་སྦྱར་བ་བཏིང་བ། སྟན་ནང་ཚངས་ཅན་བཏིང་བ། སྟན་ཁྲ་བོ་བཏིང་བ། སྟན་ཆེན་པོ་བཏིང་བ། སྟན་བཟང་པོ་བཏིང་བ། སུ་མཚན་གྱི་གོས་ཀྱི་སྟེང་གཡོགས་བཏིང་བ་ [228B] གཉིས་སུ་རྒྱབ་རྟེན་དམར་པོར་བཞག་པ་བཤམས་ཤིང། ཏིལ་མར་གྱི་མར་མེ་མཚན་ཐུབ་བཙུགས་ནས་ཆུང་མ་ཡིད་དུ་འོང་བ་ཞིག་འདི་ལྟ་སྟེ། དགའ་མགུར་སྤྱད་པར་བྱ་ པའི་ཕྱིར་ཉེ་བར་བཞག་ན། ལག་བརྒྱུད། འདི་ཇི་སྙམ་དུ་སེམས། མི་དེའི་མལ་བཅས་པ་བདེ་བའམ། སྡུག་བསྔལ་བ་ཡིན་སྙམ། བཙུན་པ་བདག་འདི་སྙམ་བགྱིད་དེ། འཇིག་རྟེན་ན་གང་དག་བདེ་བར་མཆིས་ ཉལ་བ་དེ་དག་གི་ནང་ན་མི་དེ་འགའ་ཞིག་ལགས་སྙམ་བགྱིད་དོ་།ལག་བརྒྱུད། འདི་ཇི་སྙམ་དུ་སེམས། འདི་ལྟར། མི་དེ་ལྟ་བུའི་བདེ་བ་དང། དེ་ལྟ་བུའི་ཡིད་དུ་འོང་བ་དང་ལྡན་པ་དེ་ལ་འདོད་པ་ལས་སྐྱེས་ པའི་ཡོངས་སུ་གདུང་བ་དང། ཞེ་སྡང་ལས་སྐྱེས་པ་དང། གཏི་མུག་ལས་སྐྱེས་པའི་ཡོངས་སུ་གདུང་བ་དག་སྐྱེ་ཞིང། ཡོངས་སུ་གདུང་བ་དེ་དག་གིས་ཡོངས་སུ་གདུངས་པ་ན། མི་དེ་སྡུག་བསྔལ་བར་ཉམ་ ཞིང་བདེ་བར་མི་ཉལ་བའི་འདོད་པ་ལས་སྐྱེས་པའི་ཡོངས་སུ་གདུང་བ་དང། ཞེ་སྡང་དང། གཏི་མུག་ལས་སྐྱེས་པའི་ཡོངས་སུ་གདུང་བ་དེ་དག་དེ་བཞིན་གཤེགས་པས་ཡོངས་སུ་མཁྱེན་ཅིང་རྩ་བ་ནས་བཅད་ དེ་ཏ་ལའི་མགོ་བཞིན་དུ་མི་སྣང་བ་དང། གཞི་མེད་པ་དང། ཕྱིས་ཀྱང་མི་སྐྱེ་བའི་ཆོས་ཉིད་དུ་མཛད་པས་དེའི་ཕྱིར་ང་དེ་སྐད་ཅེས་འཇིག་རྟེན་ན། གང་དག་བདེ་བར་ཉལ་བ་དེ་དག་གི་ནང་ན་ང་ཡང་འགའ་ ཞིག་ཡིན་ནོ། །ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། བྲམ་ཟེ་མྱ་ངན་ཡོངས་འདས་པ། །གང་ཞིག་འདོད་པས་མ་གོས་ཤིང། །ཕུང་པོ་དག་ལས་རྣམ་ [229A]༄༅། །གྲོལ་བ། །རྣམ་ཀུན་བདེ་བར་ཉལ་བ་ཡིན། །འདི་ལ་འདོད་པ་ཀུན་བཅད་ཅིང། །སྙིང་གི་རིམ་ནད་བསལ་གྱུར་བ། །ཉེར་ཞི་ཞི་བ་ཐོབ་པ་ཡི། །སེམས་ཀྱིས་བདེ་བར་ཉལ་བ་ཡིན། །དེ་ནས་ བཅོམ་ལྡན་འདས་ལག་བརྒྱུད་འབྲོག་གནས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། །ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་ དག་པར་རབ་ཏུ་དགའ་བར་མཛད་ཅིང། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དུས་སྔར་མཛད་པའི་ཆོས་དང་ལྡན་པའི་བཀའ་མཆིད་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་བཀའ་མཆིད་དང། ཚུལ་ཁྲིམས་ཀྱི་བཀའ་ མཆིད་དང། མཐོ་རིས་ཀྱི་བཀའ་མཆིད་དང། འདོད་པ་རྣམས་ཀྱི་རོ་མྱང་བའི་ཉེས་དམིགས་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། ངེས་པར་འབྱུང་བ་དང། རབ་ཏུ་དབེན་པའི་ཕན་ཡོན་དང། རྣམ་པར་ བྱང་བའི་ཕྱོགས་དང་མཐུན་པའི་ཆོས་དག་རྒྱ་ཆེར་སྟོན་པར་མཛད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སེམས་རངས་པ་དང་སེམས་ཉམས་བདེ་བ་དང། སེམས་དགའ་བ་དང། སེམས་ལ་སྒྲིབ་པ་མེད་པ་དང་ ཡང་དག་ཕུལ་གྱི་ཆོས་བསྟན་པ་ཀུན་ཤེས་པའི་སྐལ་བ་དང་ལྡན་ཞིང་མཐུ་ཡོད་པར་གཟིགས་པ་དེའི་ཚེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་ཕུལ་གྱི་ཆོས་བསྟན་པ་གང་ཡིན་པ་འདི་ལྟ་སྟེ་ འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང། ཀུན་འབྱུང་དང་འགོག་པ་དང། ལམ་དག་རྒྱ་ཆེར་སྟོན་པ་མཛད་དོ། །འདི་ལྟ་སྟེ་དཔེར་ན། གོས་དག་པ། ནག་ནོག་མེད་པ། བསྒྱུར་དུ་རུང་བ་ཚོན་དུ་བཅུག་ན་ [229B]འབྲོག་གནས་ཀྱིས་ཀྱང་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་ མངོན་པར་རྟོགས་པར་གྱུར་ཏོ། །དེ་ནས་ལག་བརྒྱུད་འབྲོག་གནས་ཆོས་མཐོང་བ་དང། ཆོས་ཐོས་པ་དང། ཆོས་རིག་པ་དང། ཆོས་ཀྱི་གཏིང་སླེབ་པ་དང། སོ་མ་ཉི་ལས་བརྒལ་བ་དང། ཐེ་ཙོམ་ལས་བརྒལ་བ་དང། སྟོན་པའི་བསྟན་ པ་ལ་གཞན་གྱི་དྲིང་མི་འཇོག་པ་དང། གཞན་གྱིས་མི་བཀྲི་ཞིང་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང་དགེ་སློང་གི་དགེ་འདུན་ ལ་སྐྱབས་སུ་མཆི་ཡི། །བདག་དགེ་བསྙེན་དུ་གཟུང་དུ་གསོལ། །དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་མངོན་པར་དད་པས་སྐྱབས་སུ་མཆིའོ། །དེ་ནས་ལག་བརྒྱུད་འབྲོག་གནས་ཀྱིས། བཅོམ་ལྡན་འདས་ཀྱི་སྤྱན་ སྔ་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་བླངས་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་སྟེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་དེང་ཁོ་ན་སྔོ་བསངས་ཅན་གྱིས་བཙལ་ཅིང། བདག་གིས་དེང་ ཁོ་ན་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བགྱིས་ན། འདི་ལ་ཇི་ལྟར་བསྒྲུབ་པར་གྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་བརྒྱུད་སོང་ཞིག་ཁྱོད་ཀྱི་བསླབ་པ་ནི། འདི་ཡིན་ནོ། །སྡོ་བསངས་ཅན་ཡང་ཇི་ལྟར་ [230A]༄༅། །ཁས་བླངས་པ་བཞིན་ཟས་དང། གོས་ཀྱིས་མཁོ་བ་སྟོབས་ཤིག་དེ་ནི། འཇིག་རྟེན་གྱི་ཆོས་ཉིད་ཡིན་ནོ། །དེ་ནས་ལག་བརྒྱུད་འབྲོག་གནས་ཀྱིས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ མགོ་བོས་ཕྱག་འཚལ་ཏེ་རང་གི་ཁྱིམ་དུ་སོང་ནས་དེས་སྔོ་བསངས་ཅན་ལ་སྨྲས་པ། ཁོ་བོ་དེང་ཁོ་ན་ཁྱོད་ཀྱིས་བཙལ་ན། ཁོ་བོས་ཀྱང་དེང་ཁོ་ན་བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་ གཞི་དག་བླངས་ཤིང། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་གྱི། དེའི་ཕྱིར་གལ་ཏེ་ཁྱོད་འདོད་ན། ཕའི་ཁྱིམ་དུ་སོང་ཞིག་།གལ་ཏེ་མི་འདོད་ན། འདི་ཉིད་དུ་འདུག་ཅིག་དང། ཟས་དང་གོས་ཀྱི་མཁོ་བ་བསྟབ་པར་ བྱའོ༑ ༑དེས་བསམ་པ། གལ་ཏེ་སོང་བར་གྱུར་ན། སྐྱེ་བོ་དག་ལག་བརྒྱུད་ཀྱིས་འདི་བཀྲ་མི་ཤིས་པར་རིག་ནས་མ་བླངས་སོ། །ཞེས་ཟེར་གྱི། འདི་ནི། སངས་རྒྱས་ཀྱི་སྲས་ཡིན་པས། འདི་ཉིད་ལ་བསྙེན་བཀུར་བྱེད་ཅིང་འདིར་ འདུག་གོ། སྙམ་ནས་དེ་དེ་ཉིད་དུ་འདུག་གོ། ལག་བརྒྱུད་འབྲོག་ནས་ཀྱིས་ཀྱང་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཙུག་ལག་ཁང་རྩིག་ཏུ་བཅུག་སྟེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ ནས་འདི་ལྟར་གནས་བརྟན་དག་གིས་ཀྱང། བཅོམ་ལྡན་འདས་འབྲོག་གནས་ན་འབྲོག་གི་ནགས་མཆོག་ན་བཞུགས་སོ། །ཞེས་མདོ་སྡེའི་མཐའ་ཉེ་བར་སྦྱར་བར་བྱས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ དོན་ལྔ་པ། དེ་ནས་དུས་གཞན་ཞིག་ན་ལག་བརྒྱུད་འབྲོག་གནས་ནད་ཀྱིས་བཏབ་སྟེ་སྡུག་བསྔལ་ཞིང། ནད་ཚབས་ཆེ་བར་གྱུར་ནས། དེ་ནས་ལག་བརྒྱུད་འབྲོག་གནས་ནད་དེ་ཉིད་ཀྱིས་དུས་ལ་བབ་ [230B] ༑དེ་དུས་ལ་བབ་མ་ཐག་ཏུ་མི་གདུང་བའི་ལྷའི་རིས་སུ་སྐྱེས་སོ། །དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་གནས་འདི་སྙམ་སེམས་ཏེ། གང་གི་ཕྱིར་བདག་ཡོངས་སུ་གནས་པ་བསྟེན་ཏེ་བཅོམ་ལྡན་འདས་ལ་ བལྟ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི། བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱི། བདག་ཡོངས་སུ་གནས་པ་མ་བསྟེན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང། བསྙེན་བཀུར་བྱ་བའི་ ཕྱིར་ཉེ་བར་འགྲོའོ། །སྙམ་མོ། །དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་གནས་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམས་པ་ལས་བརྐྱངས་པ་དང། བརྐྱངས་པ་ལས་བསྐུམ་པ་ ཙམ་གྱིས་མི་གདུང་བའི་ལྷའི་རིས་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པ་དང། འདི་ལྟར། ལྷའི་བུ་ལག་བརྒྱུད་འབྲོག་གནས་ཀྱི་ལུས་ས་ལ་མི་ཐོགས་ཤིང་ཐིམ་པར་གྱུར་ ཏེ༑ འདི་ལྟ་སྟེ། དཔེར་ན། ཞུན་མར་རམ། འབྲུ་མར་ཕྱེ་མ་འམ་ཐལ་བའི་སྟེང་དུ་བླུགས་པ་མི་ཐོགས་ཤིང་ཐིམ་པར་འགྱུར་བ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ལག་བརྒྱུད་འབྲོག་ གནས་ལ་བཀའ་སྩལ་པ། ལག་བརྒྱུད། རེ་ཞིག་ལུས་རགས་པར་མངོན་པར་སྤྲུལ་ལ། སའི་འདུ་ཤེས་བསྐྱེད་དེ་འདུག་པའི་མཚན་མ་ཡིད་ལ་གྱིས་ཤིག་དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་ གནས་ཀྱིས་ལུས་རགས་པར་མངོན་པར་སྤྲུལ་ཏེ། སའི་འདུ་ཤེས་བསྐྱེད་ཅིང་འདུག་པའི་མཚན་མ་ཡིད་ལ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ [231A]༄༅། །གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང། འདི་ལྟར། ལྷའི་བུ་ལག་བརྒྱུད་འབྲོག་གནས་ཀྱི་ཁ་དོག་གི་མཐུས། འབྲོག་གི་ནགས་མཆོག་ཐམས་ ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ལག་བརྒྱུད་འབྲོག་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ། ཇི་ལྟར་ཁྱོད་སྔོན་ མིར་གྱུར་པ་ན་ཆོས་གང་དག་སྟོན་ཅིང་ལོབས་པ་དེ་དག་ད་ལྟར་ལོབས་སམ། བཙུན་པ། བདག་སྔོན་མིར་གྱུར་པ་ན་ཆོས་གང་དག་སྟོན་ཅིང་ལོབས་པ་དེ་དག་ད་ལྟར་ཏེ་པོར་ལོབས་ཏེ་ བཙུན་པ། བདག་སྔོན་མིར་གྱུར་པ་ན་ཆོས་གང་དག་བཏོན་ཅིང་མ་ལོབས་པ་དེ་དག་ཀྱང་ད་ལྟར་ལོབས་པར་གྱུར་ཏེ། འདི་ལྟར། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ནི། བདེ་ བར་གྱུར་པས་མངོན་པར་བརྗོད་པར་བགྱིད་དོ། །ཇི་ལྟར་བཅོམ་ལྡན་འདས་འྫམྦུའི་གླིང་ན་འཁོར་བཞི་པོ་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་རྣམས་ཀྱིས་ བསྐོར་ཅིང་བཞུགས་པ་ན། བཅོམ་ལྡན་འདས་བདག་ཅག་ལ་ཆོས་གང་དང་གང་སྟོན་པར་འགྱུར་བའི་ཆོས་དེ་དང་དེ་བདག་ཅག་གིས་མཉན་ནས་དེ་ལྟ་དེ་ལྟར་བསྒྲུབ་པར་བྱ་སྟེ། དེ་ནི། བདག་ ཅག་ལ་ཡུན་རིང་པོའི་དོན་དང། ཕན་པ་དང། བདེ་བར་འགྱུར་རོ་།སྙམ་པ་དེ་བཞིན་དུ། བཙུན་པ། བདག་ཀྱང་མི་གདུང་བའི་ལྷའི་རིས་ན་མི་གདུང་བའི་ལྷའི་རིས་ཀྱི་ལྷ་རྣམས་ཀྱིས་ཡོངས་སུ་ [231B] ལྷའི་བུ་ལག་བརྒྱུད་འབྲོག་གནས་བདག་ཅག་ལ་ཆོས་གང་དང་གང་སྟོན་པར་འགྱུར་བའི་ཆོས་དེ་དང་དེ་བདག་ཅག་གིས་མཉན་ནས་དེ་ལྟ་དེ་ལྟར་བསྒྲུབ་པར་བྱ་སྟེ། དེ་ནི་བདག་ ཅག་ལ་ཡུན་རིང་པོའི་དོན་དང། ཕན་པ་དང། བདེ་བར་འགྱུར་སྙམ་དུ་སེམས་སོ། །ལག་བརྒྱུད། ཁྱོད་ཆོས་དུ་དག་གིས་མ་ངོམས་ཤིང་ཕྱིར་མ་སྤངས་པས། ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་སུ་ སྐྱེས་པར་གྱུར། བཙུན་པ། བདག་ཆོས་གསུམ་གྱིས་མ་ངོམས་ཤིང་སླར་མ་སྤངས་པས། ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་སུ་སྐྱེས་ཏེ་གསུམ་གང་ལགས་ཤེ་ན། བཙུན་པ། བདག་བཅོམ་ ལྡན་འདས་ལ་བལྟ་བས་མ་ངོམས་ཤིང་སླར་མ་སྤངས་པས། ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་སུ་སྐྱེས་སོ། །བཙུན་པ། བདག་ཆོས་མཉན་པས་མ་ངོམས་ཤིང་སླར་མ་སྤངས་པས། ལུས་ཞིག་ ནས་མི་གདུང་བའི་ལྷའི་རིས་སུ་སྐྱེས་སོ། །བཙུན་པ། བདག་དགེ་འདུན་ལ་བསྙེན་བཀུར་བགྱི་བས་མ་ངོམས་ཤིང་སླར་མ་སྤངས་པས། ལུས་ཞིག་ནས་མི་གདུང་བའི་ལྷའི་རིས་སུ་སྐྱེས་སོ། །དེ་ནས་ ལྷའི་བུ་ལག་བརྒྱུད་འབྲོག་གནས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་དག་སྨྲས་པ། བདག་ནི་བཅོམ་ལྡན་བལྟ་བ་དང། །དམ་ཆོས་ཉན་དང་དགེ་འདུན་ལ། །བསྙེན་བཀུར་བགྱིད་པས་ལན་འགའ་ཡང་ ངོམས་ཤིང་ཕྱིར་སྤོང་མ་མྱོང་ངོ། །འཕགས་པའི་ཆོས་རྣམས་ཡང་དག་བླངས། །སེར་སྣ་འདུལ་ལ་བརྩོན་གྱུར་ཅིང། །ཆོས་གསུམ་ཆོག་མི་ཤེས་པ་ཡིས། །ལག་བརྒྱུད་མི་གདུང་སྐྱེས་པར་གྱུར། ། [232A]༄༅། །དེ་ནས་ལྷའི་བུ་ལག་བརྒྱུད་འབྲོག་གནས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང། རྗེས་སུ་ཡི་རང་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ ལ་མགོ་བོས་ཕྱག་འཆལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་འབྲོག་གནས་ལས་དྲི་མ་ཅན་དང་ཕྲལ་ཏེ་སྐྱབས་སུ་མཆི་བ་དང་བསླབ་པའི་གཞི་དག་ལ་བཀོད་པ་ལ་གཟིགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་ སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང་འཁྲུག་པ་དག་ལས་ཡོངས་སུ་གྲོལ་ཞིང། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་ཐམས་ཅད་ལ་མངའ་ བརྙེས་པས་གནོད་སྦྱིན་འབྲོག་གནས་ལས་དྲི་མ་ཅན་དང་ཕྲལ་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལ་བཞག་པ་འདི་ལ་ངོ་མཚར་ཅི་ཆེ། ང་འདས་པའི་དུས་ན་འདོད་ཆགས་དང་བཅས་པ་ ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དག་ [232B]ལས་དྲི་མ་ཅན་དང་ཕྲལ་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལ་བཞག་སྟེ། དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་ཝཱ་ར་ཎཱི་ སི་ན་དེད་དཔོན་དཔའ་ཆེན་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་བྱུང་བར་ གྱུར་ཏེ། དེ་དུས་གཞན་ཞིག་ན་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་དགོན་པའི་ལམ་དུ་ཞུགས་པ་དང། ལམ་དེ་སྲིན་པོ་སྤུ་རལ་ཅན་གྱིས་བསྡིགས་ཤིང་བགགས་པར་གྱུར་ནས་དེད་དཔོན་དཔའ་ཆེན་དོན་མཐུན་གྱི་ མདུན་དུ་འགྲོ་བར་བརྩམས་པ་དང། ཇི་ཙམ་ན་སྲིན་པོ་སྤུ་རལ་ཅན་དེ་བྲམ་ཟེའི་ཆ་ལུགས་སུ་མངོན་པར་སྤྲུལ་ནས་ལམ་ཀར་འདུག་སྟེ་དེད་དཔོན་དཔའ་ཆེན་ལ་སྨྲས་པ། དེད་དཔོན། ལམ་འདི་སྲིན་པོ་ སྤུ་རལ་ཅན་གྱིས་བསྡིགས་ཤིང་བགགས་ནས་ཁོ་བོ་ཡང་ཚོགས་ཆེན་པོས་འོངས་ཀྱི། ལམ་གཞན་དུ་སོང་ཞིག་དེས་སྨྲས་པ། བྲམ་ཟེ་སྙིང་ལས་ཆུང་ངུར་གྱིས་ཤིག་དེས་ཁོ་བོ་ལ་བྱར་ཅི་ཡོད་འགྲོའོ། །དེ་ སྐད་ཅེས་སྨྲས་པ་དང། སྲིན་པོ་སྤུ་རལ་ཅན་དེ་འཁྲུགས་ནས་བཞིན་བསྒྱུར་ཏེ་ལག་པ་གཉིས་བརྐྱང་ནས་རལ་པ་ས་ལ་བླགས་ཏེ་མིག་དམར་པོར་བྱས་ནས་མིག་གཉིས་བགྲད་དེ་སྨྲས་པ། དེད་དཔོན། ཇེ་ཁོ་བོ་ ལ་རྒོལ་ལ་ཕྱིས་སོང་ཞིག་དེ་ནས་དེད་དཔོན་དཔའ་ཆེན་གྱིས་ཤིན་ཏུ་འཇིགས་སུ་རུང་བ་དེ་མཐོང་ནས་གཞུ་རྣ་དྲུང་དུ་ཐུག་པར་བཀང་སྟེ་མདའ་དག་འཕང་བར་བརྩམས་པ་དང། དེ་དག་ཐམས་ཅད་རལ་ [233A]༄༅། །པ་དག་ལ་ཐོགས་སོ། །གཞུ་འཕངས་པ་དང། དེ་ཡང་ཐོགས་སོ། །དེ་བཞིན་དུ་ཤིང་དང། བོང་བ་ལ་སོགས་པ་དག་འཕངས་ན། དེ་དག་ཀྱང་རལ་པ་དག་ལ་ཐོགས་སོ། ། དེ་ནས་ཚམ་ཚོམ་མེད་པར་མཐུས་པ་བརྒལ་བ་དང་ལུས་ཐམས་ཅད་རལ་པ་དག་ལ་ཐོགས་ནས་སྲིན་པོས་ཚིགས་སུ་བཅད་པ་སྨྲས་པ། ཁྱོད་ཀྱི་ལག་གཉིས་རྐང་གཉིས་དང། ལྔ་པ་མགོ་ཡང་ཐོགས་ གྱུར་ཅིང། །ལུས་ཀྱང་ང་ཡི་ལུས་ལ་ཐོགས། །ཕྱིན་མ་ཐོགས་ཅི་ཞིག་ཡོད། །དེད་དཔོན་གྱིས་ཀྱང་ཚིགས་སུ་བཅད་པ་དག་སྨྲས་པ། ང་ཡི་ལག་གཉིས་རྐང་གཉིས་དང། ལྔ་པ་མགོ་ཡང་ཐོགས་ གྱུར་ཅིང། །ལུས་ཀྱང་ཁྱོད་ཀྱི་ལུས་ལ་ཐོགས། །ཕྱིན་མ་ཐོགས་སེམས་ཡོད་དོ། །གསང་བ་ཇི་སྲིད་ཁོ་བོ་ཡི། །སེམས་དང་བརྩོན་འགྲུས་མ་ཉམས་པ། །དེ་སྲིད་ཁྱོད་ཀྱང་དགྱེས་བྱ་སྟེ། །བརྟན་ བྱས་ང་ལ་མི་གནོད་དོ། །སྲིན་པོས་ཀྱང་ཚིགས་སུ་བཅད་པ་དག་སྨྲས་པ། གང་གི་བརྩོན་པ་འདི་འདྲ་བ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་བརྩོན་འགྲུས་འདི་འདྲ་བས། །སྡུག་བསྔལ་ ཀུན་ལས་འབྲོས་པར་ནུས། །དཔའ་ཆེན་ཁྱོད་དང་འདྲ་བ་ཡི། །གང་ཟག་མེད་པར་བདག་གིས་ཤེས། །ཁྱོད་ཀྱི་མཐུ་ཡིས་ཚོང་བ་དག། བདེ་ལེགས་སུ་ནི་འདོང་ལ་རག། འབྱུང་པོ་ཀུན་ལ་སྙིང་ བརྩེ་བ། །དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་མཐུ་ཡིས་ཚོང་པ་དག་ཞི་བ་ཉིད་དུ་འདོང་ལ་རག་དེ་ལྟར་དེ་ན་དེད་དཔོན་དཔའ་ཆེན་གྱིས། སྲིན་པོ་སྤུ་རལ་ཅན་ལ་གང་ཐོས་ནས་སྲིན་ [233B]ལྔ་པོ་དག་ལ་བཞག་པ་དེ་འདྲ་བའི་ཆོས་བསྟན་པར་བྱས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན། དེད་དཔོན་དཔའ་ཆེན་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། ། དེའི་ཚེ་དེའི་དུས་ན་སྲིན་པོ་སྤུ་རལ་ཅན་གང་ཡིན་པ་དེ་ནི། གནོད་སྦྱིན་འབྲོག་གནས་ཡིན་ཏེ། དེའི་ཚེ་ཡང་ངས་འདི་ལས་དྲི་མ་ཅན་དང་ཕྲལ་ཏེ་བརྟུལ་ཞུགས་ལྔ་ལ་བཞག་ལ། ད་ལྟར་ཡང་ངས་འདི་ ལས་དྲི་མ་ཅན་དང་ཕྲལ་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལ་བཞག་གོ་ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་ བཙུན་པ། ལག་བརྒྱུད་འབྲོག་གནས་ཀྱིས་ལས་ཅི་བགྱིས་ན། དེས་སྐྱེས་མ་ཐག་ཏུ་གནོད་སྦྱིན་གྱི་གཏོར་མར་སྩལ་ཅིང། བཅོམ་ལྡན་འདས་དེ་ཐར་པར་བགྱི་བའི་སླད་དུ་བརྩོན་པར་གྱུར། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལག་བརྒྱུད་འབྲོག་གནས་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་ བར་འགྱུར་བ་དག་བྱས་ཤིང་བསགས་པས། ལག་བརྒྱུད་འབྲོག་གནས་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་ བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་ཏེ། འདི་ལྟར། ལས་ [234A]༄༅། །དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་རོ། །ལས་རྣམས་བསྐལ་ པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་བ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་ བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་ཉེ་ བར་བརྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་དགེ་བསྙེན་དུ་གྱུར་ཏོ། །རི་བྲག་ཅིག་ན་རྒྱལ་པོ་ཞིག་འདུག་པ་དེ། ཤིན་ཏུ་བྱ་གག་ལ་དགའ་ནས་གང་ཡང་རུང་བ་ལ་རྒྱལ་པོའི་ཕོ་ བྲང་དུ་བྱ་བ་ཅུང་ཟད་བྱུང་ན། དེ་གསུག་ཏུ་བྱ་གག་ཐོགས་ཏེ་རྒྱལ་པོའི་གན་དུ་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་དགེ་བསྙེན་དག་རྒྱལ་པོའི་ཕོ་བྲང་དུ་བྱ་བ་ཅུང་ཞིག་བྱུང་ནས་དེ་དེ་ བཞིན་སོང་བ་དང། རྒྱལ་པོ་དེས་དེའི་དགོས་པ་མ་བསྒྲུབས་ནས་གཞན་དག་གིས་དེ་ལ་སྨྲས་པ། རྒྱལ་པོ་འདི་བྱ་གག་ལ་དགའ་བས་གལ་ཏེ་ཁྱོད་ལ་དགོས་པ་འགྲུབ་དགོས་ན། དེ་ལ་ [234B]དེས་རྒྱལ་པོ་ལ་བྱ་གག་ཅིག་ཕུལ་བ་དང་རྒྱལ་པོས་དེ་ཕྱག་ཚང་གི་ཚང་བང་དུ་གཏད་ནས་དགེ་བསྙེན་དེའི་དགོས་པ་ཡང་བསྒྲུབས་སོ། །དགེ་བསྙེན་དེས་བསམ་པ། བདག་ གིས་བྱ་གག་ཕུལ་བ་མ་ལེགས་པ་བྱས་ཀྱི། སོང་ལ་རིན་གྱིས་བླུའོ་།སྙམ་ནས། དེས་ཕྱག་ཚང་གི་ལག་པར་རིན་བྱིན་ཏེ་བྱ་གག་ཐར་བར་བྱས་ནས་སྨོན་ལམ་བཏབ་པ། བདག་གིས་རྙེད་པ་འདོད་ པའི་ཕྱིར་རྒྱལ་པོ་ལ་བྱ་གག་ཕུལ་བ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མི་འགྱུར་བར་བདག་གིས་བྱ་གག་ཕོངས་པར་གྱུར་པ་ཐར་པར་བྱས་པའི་དགེ་བའི་རྩ་བ་འདིས། བདག་ཕོངས་པར་ གྱུར་པ་ཐར་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་བརྩོན་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་དགེ་བསྙེན་གང་ཡིན་པ་དེ་ནི། ལག་བརྒྱུད་འབྲོག་གནས་འདི་ ཡིན་ཏེ། དེས་རྙེད་པ་འདོད་པའི་ཕྱིར་རྒྱལ་པོ་ལ་བྱ་གག་ཕུལ་བ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་གནོད་སྦྱིན་གྱི་གཏོར་མར་བྱིན་ནོ། །ཕྱིས་འགྱོད་པ་སྐྱེས་ནས་ཐར་པར་བྱས་ཤིང་ སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས། ང་འདི་ཐར་པར་བྱ་བའི་ཕྱིར་བརྩོན་པར་གྱུར་ཅིང། ངས་འདི་གནོད་སྦྱིན་ལས་ཐར་པར་བྱས་སོ། །ཡང་དགེ་སློང་རྣམས་ཐེ་ ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ལག་བརྒྱུད་འབྲོག་གནས། སྔོ་བསངས་ཅན་ལས་ཐར་པ་མཛད་ [235A]༄༅། །ནས་ཕྱིར་མི་འོང་བའི་འབྲས་བུ་ལ་བཞག་པ་ལ་གཟིགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་ དུས་ན་ཡང་ངས་འདི་གཟུགས་ཅན་མ་ལས་ཐར་བར་བྱས་ནས། མངོན་པར་ཤེས་པ་ལྔ་ལ་བཞག་སྟེ། དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་ རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་མོ་དང། འཐབ་པ་དང། ཕྱི་དགྲ་དང། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང། མུ་གེ་དང། ནད་ དང་བྲལ་བ། སཱ་ལུ་དང། བུ་རམ་ཤིང་གི་ཕྲེང་བ་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ་ཆོས་དང་ལྡན་པའི་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ་།དེའི་མདུན་ ན་འདོན་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་ མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས། ཁྱེའུ་རྐང་ལག་དྲ་བས་འབྲེལ་བ་ཞིག་བྱུང་ངོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་མིང་ཅིར་གདགས་ཞེས་དེས་མིང་འདོགས་པར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ [235B]ཁྱེའུ་མིང་རྐང་ལག་དྲ་བ་ཅན་ཞེས་བྱའོ། །ཞེས་དེའི་མིང་རྐང་ལག་དྲ་བ་ཅན་ཞེས་བྱ་བར་བཏགས་སོ། །ཡང་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་ མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་རྐང་ལག་དྲ་བས་མ་འབྲེལ་བ་ཞིག་བྱུང་ངོ། །དེའི་ཉེ་ དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ་ གང་གི་ཕྱིར་ཁྱེའུ་འདི་རྐང་ལག་དྲ་བས་འབྲེལ་པ་མེད་པ་དེའི་ཕྱིར་ཁྱེའུ་མིང་རྐང་ལག་དྲ་བ་མེད་ཅེས་བྱའོ། །ཞེས་དེའི་མིང་རྐང་ལག་དྲ་བ་མེད་ཅེས་བྱ་བར་བཏགས་སོ། །དེ་གཉིས་བསྲིངས་ཤིང་བསྲིང་ བསྐྱེད་དེ་ཆེན་པོར་གྱུར་ཏོ། །ཇི་ཙམ་ན་བུ་ཐུ་བོ་རྐང་ལག་དྲ་བ་ཅན་གྱིས་ཕ་ཆོས་དང་ཆོས་མ་ཡིན་པས་མདུན་ན་འདོན་བྱེད་དུ་འཇུག་པ་མཐོང་ནས་དེས་བསམ་པ། བདག་འདི་འདས་ནས་མདུན་ན་ འདོན་དུ་གྱུར་ན། བདག་ཀྱང་ཆོས་དང་ཆོས་མ་ཡིན་པས་མདུན་ན་འདོན་བྱེད་དུ་འཇུག་པར་འགྱུར་ན། བདག་ཆོས་དང་ཆོས་མ་ཡིན་པས་མདུན་ན་འདོན་བྱེད་དུ་བཅུག་ནས་སེམས་ཅན་དམྱལ་བ་ལ་གཞོལ་ བར་གྱུར་ན་མི་རུང་གི་རྣམ་པ་ཐམས་ཅད་དུ་རབ་ཏུ་འབྱུང་ངོ་།སྙམ་ནས། དེ་ཕའི་གན་དུ་སོང་སྟེ་སྨྲས་པ། ཡབ་བདག་རབ་ཏུ་འབྱུང་བར་ཅི་གནང། ཕས་སྨྲས་པ། བུ། གང་གི་ཕྱིར་མཆོད་སྦྱིན་ [236A]༄༅། །སྦྱིན་པར་བྱེད། སྦྱིན་སྲེག་སྲེག་པར་བྱེད། དཀའ་ཐུབ་ཀྱིས་གདུང་བར་བྱེད་པའི་མདུན་ན་འདོན་དེ་ཁྱོད་ཀྱི་ལག་མཐིལ་དུ་འོངས་ན། ཅིའི་ཕྱིར་རབ་ཏུ་འབྱུང་བར་བྱེད། དེས་ ཚིགས་སུ་བཅད་དེ་སྨྲས་པ། ནགས་ན་ཤིང་ཤུན་ཤུན་པའི་གོས་གྱོན་འབྲས་བུ་ཟ། །རི་དྭགས་སྡུག་པ་རྣམས་དང་ལྷན་ཅིག་གནས་པ་བླའི་།མཁས་པ་འཇིག་རྟེན་ཕ་རོལ་འཇིགས་པས་རྒྱལ་སྲིད་ ཕྱིར། །གསད་དང་བཅིང་དང་བརྡེག་པའི་ལས་དག་བྱར་མི་རུང་།ཕས་དེ་དུས་ཀྱིས་འཆུ་བར་ཤེས་ནས་གནང་བ་དང། དེ་དྲང་སྲོང་རྣམས་ཀྱི་གན་དུ་སོང་སྟེ་རབ་ཏུ་བྱུང་ནས་དེས་སྤྲོ་བ་དང། འབད་ པ་དང། བརྩལ་བར་བྱས་པས་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་ཏོ། །བུ་གཉིས་པ་རྐང་ལག་དྲ་བ་མེད་ནི། གསང་ཚིག་གི་ཕྱིར་གསང་ཚིག་ཚོལ་དུ་ཡུལ་གཞན་དུ་སོང་ངོ། །ལྷོ་ལམ་ན་ རི་བྲག་ཅིག་ན། བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད། རྩེ་བར་བྱེད། དགའ་ བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལས་བུ་མོ་ཞིག་བཙས་ནས་དེས་བསམ་པ། བདག་གི་བུ་མོ་འདི་རིགས་ཀྱི་ཕྱིར་ཡང་མི་སྦྱིན། ནོར་གྱི་ཕྱིར་ཡང་མི་སྦྱིན་གྱི། རིག་ བྱེད་བཞི་ཀློག་པ་ལ་སྦྱིན་པར་བྱ་སྟེ། གང་གིས་བདག་གི་དྲུང་ནས་རིག་བྱེད་བཞི་བཀླགས་པ་དེ་ལ་བདག་གིས་བུ་མོ་ཞིག་སྦྱིན་ནོ་།སྙམ་མོ། །ཇི་ཙམ་ན་བྲམ་ཟེའི་ཁྱེའུ་རྐང་ལག་དྲ་བ་མེད་དེ་ཕན་ [236B] ལྷོ་ལམ་དུ་ཕྱིན་ནས་དེས་ཕྱོགས་གཞན་ཞིག་ཏུ་ལམ་གྱིས་དུབ་པ་ངལ་བསོས་ཏེ་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་བྲམ་ཟེ་དེ་ཐོས་ནས་དེའི་གན་དུ་སོང་སྟེ་མངོན་དུ་སྨྲ་བ་བྱས་ ནས་སྨྲས་པ། བདག་མཁན་པོའི་ཞབས་ལ་བསྙེན་བཀུར་བགྱིད་པར་འཚལ་ལོ། །ཅིའི་ཕྱིར། རིག་བྱེད་བཀླག་པའི་སླད་དུའོ། །བུ། དེ་བཞིན་གྱིས་ཤིག་དེས་དེའི་གན་དུ་རིག་བྱེད་ཀློག་པར་ བརྩམས་པ་དང། དེ་སྤྱོད་པ་གསལ་བས་དེའི་དྲུང་ནས་དུས་ཅུང་ཟད་ཅིག་གིས་རིག་བྱེད་བཞི་ལྷོགས་སོ། །ལྷོགས་ནས་བྲམ་ཟེ་དེས་དེ་ལ་བུ་མོ་བྱིན་ནོ། །བྲམ་ཟེའི་ཁྱེའུ་དེ་དེ་དང་ལྷན་ཅིག་ཁང་ཐོག་ ན་ཉལ་བའི་ཚེ་ཇི་ཙམ་ན་བུ་མོ་དེའི་བསིལ་ཡབ་ཤོད་དུ་ལྷུང་བ་དང། དེས་ལག་པ་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ་དེ་བླངས་པ་དང། དེས་དེ་མཐོང་ནས་སྡངས་པར་གྱུར་ཏོ། །ཡང་མར་མེ་ཤི་ལ་ཐུག་ པ་དང། དེས་ལག་པ་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ་དེ་གསོས་སོ། །དེ་ཡང་དེས་མཐོང་ནས་ཡང་རྒྱ་ཆེར་སྡངས་པར་གྱུར་ཏེ། དེ་དང་ལྷན་ཅིག་བག་ཡངས་སུ་དགའ་མགུར་སྤྱོད་པར་མི་བྱེད་དོ། །བུ་ མོས་སྨྲས་པ། རྗེའི་སྲས། ཁྱོད་ཅིའི་ཕྱིར་བདག་མཐོང་ན། དབང་པོ་རྣམས་སྡུད་ཅིང་བདག་དང་ལྷན་ཅིག་བག་ཡངས་སུ་གཅུགས་པར་མི་བྱེད། ཁྱེའུ་སྨྲས་པ། ཁྱོད་ཀྱིས་འཆི་བདག་དང་ལྷན་ ཅིག་གཅུགས་པར་བྱེད་པ་འགའ་མཐོང་ངམ། བུ་མོས་སྨྲས་པ། རྗེའི་སྲས། མ་འཇིགས་ཤིག་ཁོ་མོ་ཁྱིམ་ཐབ་ལ་འཁུ་བའི་སེམས་མི་བསྐྱེད་དོ། །ཁྱེའུ་སྨྲས་པ། འདི་ལ་ཁོ་བོས་དུས་ [237A]༄༅། །ཤེས་པར་བྱའོ། །བུ་མོ་དེ་སྐྱེངས་ནས་དེ་གཉིད་ལོག་པ་ལ་སྡོད་ཅིང་འདུག་གོ་ཁྱེའུ་དེས་གཉིད་མ་ལོག་བཞིན་དུ་གཉིད་ལོག་པའི་ཆ་ལུགས་སུ་བྱས་ཏེ་ འདུག་པ་དང། བུ་མོ་དེས་དེ་གཉིད་ལོག་པར་རིག་ནས་གཟུགས་ཅན་མ་རྣམས་ཀྱི་ནང་དུ་སོང་ངོ། །ཁྱེའུ་དེ་ཡང་དལ་བུས་ལངས་ཏེ་དེའི་རྗེས་བཞིན་དུ་སོང་བ་དང། ཇི་ཙམ་ གཟུགས་ཅན་མ་དེ་དག་ཐམས་ཅད་སྒྲེན་མོར་བྱུང་ཞིང་སྐྲ་བཤིག་སྟེ་འཇིགས་འཇིགས་ལྟར་འདུག་པ་དག་མཐོང་ནས་དེ་ཤིན་ཏུ་སྡངས་ཤིང་སྐྲག་ནས་ཕྱིར་ལོག་གོ་དེ་ཡང་དེའི་ རྗེས་བཞིན་དུ་འོངས་པ་དང། དེས་སྨྲས་པ། བཟང་མོ། ཁོ་བོ་འདུག་མི་ཕོད་ཀྱི། འགྲོའོ། །དེས་དེ་གདོན་མི་ཟ་བར་དུས་ཀྱིས་འཆུ་བར་ཤེས་ནས་སྨྲས་པ། རྗེའི་སྲས། གལ་ཏེ་ངེས་ པ་ཁོ་ནར་འགྲོ་འདོད་ན། སོང་ལ་སུ་ལ་ཡང་མ་ཟེར་ཅིག་དེ་ཡང་མ་ཟེར་བར་བྲམ་ཟེ་དེའི་གན་དུ་སོང་སྟེ་སྨྲས་པ། མཁན་པོ། ཁྱོད་བལྟས་ཀྱིས་མཆིའོ། །དེས་སྨྲས་པ། གལ་ ཏེ་དེ་ལྟར་ན། བུ་མོ་ཡང་ཁྲིད་ལ་སོང་ཞིག་མཁན་པོ། བདག་དེ་ཉིད་ཀྱིས་འཇིགས་པས་མཆིའོ། །བུ། ཅིའི་ཕྱིར་ཁྱོད་དེས་འཇིགས་མཁན་པོ། དེ་གཟུགས་ཅན་མ་ལགས་སོ། །བུ། ཅིའི་ ཕྱིར་དེ་དེ་ལྟར་འགྱུར། དེ་ཅང་མི་སྨྲ་བར་སོང་ངོ། །བྲམ་ཟེ་དེས་བུ་མོ་ལ་སྨྲས་པ། བུ་མོ། ཁྱོད་ཁྱིམ་ཐབ་ཀྱང་རྗེས་སུ་མི་སྲུང་ངམ། ཡབ། དེ་ཇི་སྐད་མཆི། བུ་དེ་ན་རེ། ཁྱོད་གཟུགས་ [237B] །ཡབ། བདག་གཟུགས་ཅན་མ་མ་ལགས་ཏེ་དེས་བདག་ལ་ཤོ་བེས་སྐུར་བ་བཏབ་སྟེ་མཆིས་སོ། །དེ་ཅང་མི་སྨྲ་བར་འདུག་གོ་གཟུགས་ཅན་མ་དེ་ཡང་ཀུན་ནས་དཀྲིས་ པ་དྲག་པོས་ཀུན་ནས་དཀྲིས་པར་གྱུར་ནས་རྐང་ལག་དང་མིག་བསྒྱུར་ཏེ་ལམ་གར་སོང་ནས་དེའི་མདུན་དུ་འདུག་སྟེ་སྨྲས་པ། བུ་ཟན་མའི་བུ། ཁྱོད་ལ་ཁོ་མོས་སུ་ལ་ཡང་མ་ཟེར་ཅིག་ཅེས་བྱས་ན། ཁྱོད་ ཀྱིས་ཁོ་མོའི་ཕ་ཉིད་ལ་བྱས་ཀྱི། ད་ནི། ཁྱོད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །ཞེས་དེས་དེ་ལ་གནོད་པ་བྱ་བར་བརྩམས་པ་དང། དེ་སྐྲག་པས་སྒྲ་ཆེན་པོ་བྱུང་སྟེ། འཕགས་པ་རྐང་ལག་དྲ་བ་ཅན་ལ་ཕྱག་ འཚལ་ལོ། །འཕགས་པ་རྐང་ལག་དྲ་བ་ཅན་ལ་ཕྱག་འཚལ་ལོ་།ཕྱག་འཚལ་ལོ། །ཞེས་བརྗོད་པ་དང། དེ་ནས་རྐང་ལག་དྲ་བ་ཅན་ལ་མངོན་པར་དགའ་བའི་ལྷ་མོ་གང་ཡིན་པ་དེ་མྱུར་བ་མྱུར་བར་ སོང་སྟེ་རྐང་ལག་དྲ་བ་ཅན་ལ་སྨྲས་པ། འཕགས་པ། ཁྱོད་ཀྱི་གཅུང་པོ་གནོད་པ་དང། ཉམ་ང་བ་དང། མི་བདེ་བར་གྱུར་གྱི། དེ་ལ་དགོངས་སུ་གསོལ། དེ་རྫུ་འཕྲུལ་གྱིས་དེའི་གན་དུ་སོང་སྟེ་ སྨྲས་པ། བུ་མོ། འདི་ལ་གནོད་པར་མ་བྱེད་ཅིག་འདིས་ཁྱོད་ལ་ཅི་ཉེས། བདག་གིས་འདི་བཟློག་ན། འདིས་བདག་གི་ཕ་ལ་བདག་གཟུགས་ཅན་མ་ལགས་སོ། །ཞེས་བགྱིས་ཀྱི། བདག་ གིས་འདི་བཟའི། ཁྱོད་བཞུད་ཅིག་དེས་སྨྲས་པ། སྲིང་མོ། འདི་ནི་བཀྲེན་པ་ཡིན་པས་འཁྲུག་པས་ཆོག་གི་ཐོང་ཞིག་དེས་སྨྲས་པ་འཕགས་པ། དམ་ཚིག་གིས་གཏང་བར་བགྱི་སྟེ། གལ་ཏེ་རབ་ཏུ་འབྱུང་ནའོ། ། [238A]༄༅། །དེས་སྨྲས་པ། སྲིང་མོ། ཐོང་ཞིག་དང་རབ་ཏུ་འབྱུང་ངོ། །དེས་དེ་བཏང་ནས་དེས་ཀྱང་དེ་རབ་ཏུ་ཕྱུང་སྟེ། གདམས་ངག་བྱིན་ནས་དེས་སྤྲོ་བ་དང། འབད་པ་དང། བརྩལ་ བ་བྱས་པས་མངོན་པར་ཤེས་པ་ལྔ་བསྒྲུབས་པར་གྱུར་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་མདུན་ན་འདོན་གྱི་བུ་ཐུ་བོ་རྐང་ལག་དྲ་བ་ཅན་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ ན་དེའི་ནུ་བོ་རྐང་ལག་དྲ་བ་མེད་པ་གང་ཡིན་པ་དེ་ནི། ལག་བརྒྱུད་འབྲོག་གནས་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་གཟུགས་ཅན་མ་གང་ཡིན་པ་དེ་ནི། སྔོ་བསངས་ཅན་འདི་ཡིན་ཏེ། ངས་དེའི་ཚེ་ ཡང་ལག་བརྒྱུད་འབྲོག་གནས་འདི། གཟུགས་ཅན་མ་ལས་ཐར་པར་བྱས་ཏེ་མངོན་པར་ཤེས་པ་ལྔ་ལ་བཞག་ལ། ད་ལྟར་ཡང་ངས་འདི་སྔོ་བསངས་ཅན་ལས་ཐར་པར་བྱས་ཏེ་ཕྱིར་མི་ལྡོག་ པའི་འབྲས་བུ་ལ་བཞག་གོ་གང་གི་ཚེ་ལག་བརྒྱུད་འབྲོག་གནས་དུས་ལ་བབ་པ་དེའི་ཚེ་ན་སྔོ་བསངས་ཅན་ཀོའུ་ཤམྦྷིར་སོང་ནས་ཀོའུ་ཤམྦྷིའི་ཚོགས་ཀྱིས། གང་གི་ཉིན་མོ་སྔོ་བསངས་ཅན་གྱིས་ལག་ བརྒྱུད་འབྲོག་གནས་བཙལ་བ་དེའི་ཉིན་མོ་ལག་བརྒྱུད་འབྲོག་གནས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པས། བུ་མོ་དེས་མ་རྨས་པ་ཁོ་ནར་འདིར་འོངས་སོ། །ཞེས་ཐོས་ནས། ཐོས་པ་ གཅིག་ནས་གཅིག་ཏུ་བརྒྱུད་པས་བད་སའི་རྒྱལ་པོ་ཤར་པས་ཐོས་པ་དང། དེས་ཁྱིམ་བདག་གདངས་ཅན་པོས་ཏེ་སྨྲས་པ། ཁྱིམ་བདག་གང་གི་ཉིན་མོ་སྔོ་བསངས་ཅན་གྱིས་ལག་ [238B] ལག་བརྒྱུད་འབྲོག་གནས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་བུ་མོ་དེ་མ་རྨས་པ་ཁོ་ནར་འདིར་འོངས་ཞེས་གྲག་ན། ཅི། དེ་བདེན་ནམ། འོན་ཏེ་རྫུན། དེས་ སྨྲས་པ། ལྷ། མད་དོ། །གལ་ཏེ་དེ་ལྟ་ན། ཅིའི་ཕྱིར་ང་ལ་མི་སྦྱིན། ལྷ། གསོལ་ལོ། །རྒྱལ་པོས་བཙུན་མོའི་འཁོར་གྱི་ནང་དུ་བཅུག་སྟེ་བསྙེན་བཀུར་མ་ལྔ་བརྒྱ་ཡང་བྱིན། ཉི་མ་རེ་རེ་ཞིང་དྲི་དང་ཕྲེང་བ་རྒྱུའི་ རིན་ཀརཤ་པ་ཎ་སྟོང་སྟོང་ཡང་བྱིན། ཁང་བཟང་མེ་ཏོག་གི་སོ་ཞེས་བྱ་བ་ཡང་བྱིན་ནོ། །དེ་ལ་བུ་མོ་མངག་གཞུག་མ་སྒུར་མཆོག་ཅེས་བྱ་བ་ཞིག་ཡོད་པ་དེ་ཉི་མ་རེ་རེ་ཞིང་ཀརཤ་པ་ཎ་སྟོང་སྟོང་གིས་དྲི་ དང་ཕྲེང་བ་རྒྱུ་དག་ཉོ་བར་བྱེད་དོ། །དེ་དུས་གཞན་ཞིག་ན་སྤོས་ཚོང་གི་ཁྱེའུ་ཞིག་དང་ལྷན་ཅིག་བསྟན་པར་གྱུར་ནས་དེས་ཀརཤ་པ་ཎ་ལྔ་བརྒྱས་ནི། དྲི་དང། མེ་ཏོག་ཕྲེང་དག་ཉོ་བར་བྱེད། ལྔ་བརྒྱ་ནི། དེ་ དང་ལྷན་ཅིག་ཟ་བར་བྱེད་དོ། །སྤོས་ཚོང་གི་ཁྱེའུ་དེ་དད་པ་ཅན་ཡིན་པས་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་སྒུར་མཆོག་ལ་ སྨྲས་པ། ཁོ་བོ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱི། ཁྱོད་ཀྱང་ཤོག་ལ་བྲིམས་ཤིག་དེས་དེའི་མཚན་མོ་བཅའ་བ་དང། །བཟའ་བ་ གཙང་ཞིང་བསོད་པ་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ་སྤྱན་འདྲེན་བཏང་ནས་བཅོམ་ལྡན་འདས་ལ། བཙུན་པ། གདུགས་ཚོད་གཡར་དགོངས་འཚལ་ན་ [239A]༄༅། །བཅོམ་ལྡན་འདས་ཀྱིས་དེ་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་ བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ཏེ་སྤོས་ཚོང་གི་ཁྱེའུ་བཀད་ས་ག་ལ་བ་དེར་གཤེགས་ནས་དགེ་སློང་གི་དགེ་འདུན་ གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་སྤོས་ཚོང་གི་ཁྱེའུ་སྒུར་མཆོག་དང་བཅས་པས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རང་ གི་ལག་ནས་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱེད། སྟོབ་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་ པར་བྱས་ཤིང་བསྟབས་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཞིང་ཕྱག་བཅབས། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་ བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། བཅོམ་ལྡན་འདས་ཀྱིས་སྒུར་མཆོག་གི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཐུགས་སུ་ ཆུད་ནས་གང་ཐོས་ནས་སྒུར་མཆོག་གིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིགས་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ [239B]དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་གསོལ་པ། བཙུན་པ། བདག་གིས་དགེ་བའི་ བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས་ ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་ མ་བགྱིས་ཏེ། ཁྲག་དང། མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང། ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་ བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང། མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བགྱིས་ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱིས་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ། བཙུན་པ་བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་ནི། མངོན་ པར་ཞུགས་པ་ལགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ [240A]༄༅། །ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་ཆོས་བསྟན་པ་མཛད་ནས་གཤེགས་སོ།། སྒུར་མཆོག་གིས་སྤོས་ཚོང་གི་ཁྱེའུ་དེ་ལ་སྨྲས་པ། རྗེའི་སྲས་ད་ནི། བདག་གིས་གཞན་གྱི་ཏིལ་གྱི་ཕུབ་མ་ཡང་མ་བྱིན་པར་ལེན་པའི་རྡོ་མི་ཐོགས་ཀྱི། ཀརཤ་པ་ཎ་སྟོང་གི་ཡོ་བྱད་དག་སྩོལ་ ཅིག་དེས་སྨྲས་པ། མ་ཉེས་ཀྱི་ཞེས་དེས་དེ་ལ་ཀརཤ་པ་ཎ་སྟོང་གི་ཡོ་བྱད་དག་བྱིན་ནོ། །དེས་དེ་ཁྱེར་ཏེ་སྔོ་བསངས་ཅན་གྱི་གན་དུ་སོང་བ་དང། དེས་སྨྲས་པ། སྒུར་མཆོག། ཁྱོད་ཀྱིས་དེང་ འདིར་མགོ་ཕྱིར་བསྟན་ཏེ་ཉལ་བ་གང་ལས་ཐོབ། དེས་སྨྲས་པ། ཇོ་མོ། །སྔོན་ནི། བདག་གིས་བརྐུས་ཀྱི། ད་ནི། བདག་གིས་སླན་ཆད་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་ཏུ་སྤྱོད་པར་མི་འགྱུར་བའི་ ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་རྟོགས་སོ། །ཁྱོད་ཀྱིས་དེང་ཅི་བྱས་དེ་ཐོས་པ་འཛིན་པ་ཡིན་པས། སྐབས་དེ་རྒྱས་པར་སྨྲས་པ་དང་དེས་སྨྲས་པ། སྒུར་མཆོག་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ ནས་ཆོས་མཉན་ནས་ཁོ་མོ་ལ་སྨོས་ཤིག་ཁྱོད་ཀྱི་ལས་ནི། དེ་ཡིན་ནོ། །དེས་སྨྲས་པ། མ་ནོངས་ཀྱི། དེ་ལྟར་བགྱིའོ། །དེ་ནས་སྒུར་མཆོག་གིས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་ མཉན་ནས་དེ་ལ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་སྒུར་མཆོག་ལ་རྨས་པ། སྒུར་མཆོག། ཁྱོད་བཙུན་མོའི་འཁོར་ལ་ཆོས་སྟོན་ཏམ། བཅོམ་ལྡན་འདས། སྟོན་ཏོ། ཇི་ལྟར་སྟོན། བཅོམ་ [240B] བདག་ནི། འགྲེང་སྟེ་སྟོན་ལ། དེ་དག་ནི། མཆིས་ཏེ་ཉན་ཏོ། །བཀའ་སྩལ་པ། གལ་ཏེ་དེ་དག་སྒུར་མཆོག་ཆོས་སྟོན་ཅིག་ཅེས་ཟེར་ན། མི་སྟོན་ཏོ། །ཞེས་བརྗོད་པར་བྱའོ། །ཅིའི་ ཕྱིར་ཞེས་ཟེར་ན། འདི་ལྟར། བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱོད་པ་འབུམ་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་ཡིན། བདག་ཁྱེད་ཅག་གུས་པ་མེད་པ། རྗེས་མེད་པ། སྟན་ཆོས་མཐོན་པོ་ལ་འཁོད་པ་རྣམས་ལ་ག་ལ་སྟོན་ཅེས་བརྗོད་པར་བྱའོ། །ཇི་ཙམ་དུས་གཞན་ ཞིག་ན་སྒུར་མཆོག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་མཉན་ནས་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་དང། དེ་དག་གིས་དེ་ལ་སྨྲས་པ། སྒུར་མཆོག། ཆོས་སྟོན་ཅིག་དེས་སྨྲས་ པ། མི་སྟོན་ཏོ། །ཅིའི་ཕྱིར། འདི་ལྟར་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་འབུམ་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་ མཛད་ནས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་ན། བདག་ཁྱེད་ཅག་གུས་པ་མེད་པ་དང། རྗེ་ས་མེད་པ། སྟན་ཆེས་མཐོན་པོ་ལ་འཁོད་པ་རྣམས་ལ་ག་ལ་སྟོན། སྔོ་བསངས་ཅན་གྱིས་ ཐོས་ནས་སེངྒེའི་ཁྲི་བཙུགས་སོ། །གཞན་དག་གིས་ཀྱང་སྟན་ནང་ཚངས་ཅན་བཏིང་ངོ། །གཞན་དག་གིས་ཀྱང་བཏེག་སྟེ་དེར་བཞག་ནས་སྒུར་མཆོག་སེངྒེའི་ཁྲི་ལ་འདུག་སྟེ། དེ་དག་ལ་གང་ [241A]༄༅། །གང་ཐོས་ནས་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱས་ཁྱད་པར་ཆེན་པོ་རྟོགས་ཏེ། ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པར་བྱས་སོ། །དེ་དག་སྒུར་མཆོག་ལ་ཆོས་ཀྱི་རྒྱུ་ལས་ བྱུང་བའི་དད་པ་སྐྱེས་ནས་དེ་དག་གིས་བད་སའི་རྒྱལ་པོ་ཤར་པ་ལ་སྨྲས་པ། ལྷ། བདག་ཅག་སངས་རྒྱས་མཐོང་བར་འཚལ་ལོ། །དེས་སྨྲས་པ། དེ་ལྟར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ ཇེ་འགྲོའོ། །ཞེས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་ བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་ཤར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མཆིས་བྲང་གི་འཁོར་བཅོམ་ལྡན་འདས་མཐོང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བཙུན་མོའི་འཁོར་གྱི་ནང་དུ་མི་འཇུག་གོ་དེས་སོང་སྟེ་དེ་ དག་ལ་སྨྲས་པ་དང། སྔོ་བསངས་ཅན་གྱིས་སྨྲས་པ། ལྷ། གལ་ཏེ་བཅོམ་ལྡན་འདས་བཙུན་མོའི་འཁོར་གྱི་ནང་དུ་མི་གཤེགས་ན། ཁང་བཟང་མེ་ཏོག་གི་སོ་ལ་སྐར་ཁུང་མང་པོ་དག་གདོད་ [241B] བདག་ཅག་སྐར་ཁུང་དག་ནས་བཅོམ་ལྡན་འདས་ལ་ལྟ་བར་ཅི་གནང། རྒྱལ་པོས་ཁང་བཟང་མེ་ཏོག་གི་སོ་ལ་སྐར་ཁུང་ལྔ་བརྒྱ་བཏོད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཕྱོགས་དེར་གཤེགས་པ་དེའི་ ཚེ་ན། བཙུན་མོའི་འཁོར་དེ་དག་གིས་བཅོམ་ལྡན་འདས་སྐར་ཁུང་ནས་མཐོང་ནས་མཆོད་པ་དང། བསྙེན་བཀུར་བྱེད་ཅིང། མེ་ཏོག་དག་དང་སྤོས་དག་དང། ན་བཟའ་དག་དང། མེ་ཏོག་ཕྲེང་གི་ཆུན་པོ་ དག་ཀྱང་འཐོང་བར་བྱེད་དོ། །སྣ་ཚོགས་གདུལ་ན་ཀུན་ཏུ་རྒྱུ་མ་དུ་ཞེས་བྱ་བ་དེ་ལ། ཆུང་མ་བུར་མ་ཞེས་བྱ་བ་ཞིག་ཡོད་པ་དེ་ལས། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡན་ལག་ དང། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས་དེའི་རུས་པ་དག་ཕྲ་ཞིང་ཤིན་ཏུ་ཕྲ་ལ་དཔེ་བྱ་བར་མི་ནུས་སོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་ བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་བུ་མོའི་མིང་ཅིར་ཡང་གདགས་ཞེས་དེའི་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ཀྱིས་སྨྲས་པ། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡན་ ལག་དང། ཉིང་ལག་ཐམས་ཅད་དང་ལྡན་ཞིང། འདིའི་རུས་པ་དག་ཕྲ་ཞིང་ཤིན་ཏུ་ཕྲ་ལ་དཔེ་བྱ་བར་མི་ནུས་པས། བུ་མོ་འདི་ལ་དཔེ་མེད་པས་འདིའི་མིང་དཔེ་མེད་མ་ཞེས་བྱ་བར་གདགས་སོ། །ཞེས་དེའི་ མིང་དཔེ་མེད་མ་ཞེས་བྱ་བར་བཏགས་སོ། །དེ་བསྲིངས་བསྐྱེད་ནས་ཆེན་པོར་གྱུར་ཏོ། །མ་དུས་བསམ་པ། བདག་གི་བུ་མོ་འདི་སུ་ལ་ཡང་རིགས་ཀྱི་ཕྱིར་ཡང་མི་སྦྱིན། ནོར་གྱི་ཕྱིར་ཡང་མི་སྦྱིན་ [242A]༄༅། །ཐོས་པའི་ཕྱིར་ཡང་མི་སྦྱིན་གྱི། བདག་གིས་གང་འདི་དང་གཟུགས་མཉམ་པའམ། ལྷག་པ་དེ་ལ་སྦྱིན་ནོ། །སྙམ་མོ། །དེའི་སྐབས་སུ་བཅོམ་ལྡན་འདས་སྒྲ་མི་སྙན་དག་ཏུ་ ལྗོངས་རྒྱུ་ཞིང་གཤེགས་པ་ན་སྣ་ཚོགས་གདུལ་དུ་བྱོན་ནས་སྣ་ཚོགས་གདུལ་ན་སྒྲ་མི་སྙན་གྱི་གྲོང་རྡལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་ གོས་བསྣམས་ཏེ་སྣ་ཚོགས་གདུལ་དུ་བསོད་སྙོམས་ལ་ཞུགས་སོ། །སྣ་ཚོགས་གདུལ་དུ་བསོད་སྙོམས་རྒྱུས་ནས་ཟས་ཀྱི་བྱ་བ་མཛད་དེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་སླར་ལོག་པས་ཇི་ལྟར་ ལོངས་སྤྱད་པའི་གནས་མལ་མཁོས་སུ་ཕབ་སྟེ། ཤིང་ལྗོན་པ་ཞིག་གི་དྲུང་དུ་བརྟེན་ནས་བྲང་འགྲོའི་རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེའི་ཚེ་ན་ཀུན་ཏུ་རྒྱུ་ མ་དུ་མེ་ཏོག་དང། ཡམ་བསྲེག་ཤིང་གི་ཕྱིར་ཕྱི་རོལ་ཏུ་བྱུང་བ་དང། ཀུན་ཏུ་རྒྱུ་མ་དུས་ཐག་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་ཤིང་ལྗོན་པ་ཞིག་གི་དྲུང་ན་བརྟེན་ཅིང་བྲང་འགྲོའི་རྒྱལ་པོ་ཉལ་ བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀླུང་བཅས་ཏེ་བཞུགས་པ། མཛེས་པ། དད་པར་འགྱུར་བ། དབང་པོ་ཞི་བ། ཐུགས་ཞི་བ། མཆོག་ཏུ་སེམས་དུལ་བ། ཉེ་བར་ཞི་བ་དང་ལྡན་པ། གསེར་ གྱི་མཆོག་སྡོང་ལྟར་འབར་བ་མཐོང་ངོ། །མཐོང་ནས་དགའ་བ་དང། མཆོག་ཏུ་དགའ་ཕ་སྐྱེས་ཏེ་བསམ་པ། དགེ་སྦྱོང་མཛེས་པ་དད་པར་བྱ་བ་འདི་ལྟ་བུ་འདི་ནི། ཛམྦུའི་གླིང་མཐའ་དག་གི་ [242B] དཔེ་མེད་མའི་བདག་པོར་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་གིས་མག་པ་རྙེད་དོ། །སྙམ་དུ་རིག་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆུང་མ་ལ་སྨྲས་པ། བཟང་ མོ། ཤེས་པར་གྱིས་ཤིག་ངས་བུ་མོའི་མག་པ་རྙེད་ཀྱི། རྒྱན་བྱོས་ཤིག་དང། དཔེ་མེད་པ་སྦྱིན་ནོ། །དེས་སྨྲས་པ། སུ་ལ་སྦྱིན། དེས་སྨྲས་པ། དགེ་སྦྱོང་གོའུ་ཏ་མ་ལའོ། དེས་སྨྲས་པ། །ཇེ་བལྟར་འདོང་ ངོ༑ ༑ཞེས་དེ་མ་དུ་དང་ལྷན་ཅིག་འཕགས་པ་དང། ལམ་གར་དེ་ལ་དྲན་པ་སྐྱེས་ནས་དེས་ཚིགས་སུ་བཅད་པ་སྨྲས་པ། བྲམ་ཟེ་བདག་གིས་དྲང་སྲོང་ཆེན་པོ་དེ། སྣ་ཚོགས་གདུལ་དུ་བསོད་སྙོམས་ཞུགས་ མཐོང་ནས། །དེས་མནན་ས་ཕྱོགས་མཐོན་པོ་དམར་འགྱུར་ཞིང། བཏེག་ན་དམའ་བའང་མཐོན་པོ་ཉིད་དུ་འགྱུར། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱི། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང། །དེས་ ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་བསྟེན་ པར་འགྱུར། །དེས་དཔེ་མེད་མ་གོས་དང། རྒྱན་དག་གིས་བརྒྱན་ཏེ་འཕགས་པ་དང། བཅོམ་ལྡན་འདས་ཀྱང་ནགས་ཁྲོད་དེ་ནས་ནགས་ཁྲོད་གཞན་དུ་གཤེགས་སོ། །ཀུན་ཏུ་རྒྱུ་མ་དུས་བཅོམ་ལྡན་ འདས་ཀྱིས་གདན་རན་བཏིང་བ་མཐོང་ངོ། །མཐོང་ནས་ཀྱང་ཆུང་མ་ལ་སྨྲས་པ། བཟང་མོ། ཤེས་པར་གྱིས་ཤིག། འདི་ནི། བུ་མོའི་མག་པའི་སྟན་རྩྭ་བཏིང་བ་ཡིན་ནོ། །དེས་ཚིགས་སུ་བཅད་པ་སྨྲས་ [243A]༄༅། །པ༑ ཆགས་པར་གྱུར་པའི་མལ་ནི་འཁྲུགས་པར་འགྱུར་།སྡང་བའི་མལ་ནི་གྱ་ཚོམ་བུར་མར་འགྱུར། །རྨོངས་པའི་མལ་ནི་རྐང་པའི་མཐར་འགྲོར་འགྱུར། །འདི་ནི་ཤིན་ཏུ་ཆགས་ བྲལ་གནས་ཡིན་ཏེ། ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱི། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་ དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་བསྟེན་པར་འགྱུར། །ཀུན་ཏུ་རྒྱུ་མ་དུས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་རྗེས་དག་ མཐོང་ངོ། །མཐོང་ནས་ཀྱང་ཆུང་མ་ལ་སྨྲས་པ། བཟང་མོ། འདི་ནི། བུ་མོ་འདིའི་མག་པའི་རྗེས་དག་ཡིན་ནོ། །དེས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་ཆགས་པའི་རྗེས་ནི་གསལ་མི་ འགྱུར། ཞེ་སྡང་ལྡན་པའི་རྗེས་ནི་ཟབ་པ་ཡིན། །རྨོངས་པར་གྱུར་པའི་རྗེས་ནི་ནོག་པར་འགྱུར། །ཤིན་ཏུ་ཆགས་བྲལ་རྗེས་ནི་འདི་འདྲ་སྟེ། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱི། །ཕྱིར་ལོག་ རང་གི་སྡུམ་པ་ཉིད་དུ་འདོང། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤེས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་ གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་བསྟེན་པར་འགྱུར། །བཅོམ་ལྡན་འདས་ཀྱིས་གསུང་བསལ་བའི་སྒྲ་མཛད་པ་དང་ཀུན་ཏུ་རྒྱུ་མ་དུས་བཅོམ་ལྡན་འདས་ཀྱིས་གསུང་བསལ་བའི་སྒྲ་ [243B] །ཐོས་ནས་ཀྱང་ཆུང་མ་ལ་སྨྲས་པ། བཟང་མོ་འདི་ནི། བུ་མོའི་མག་པའི་སྐད་བསལ་བའི་སྒྲ་གྲག་པ་ཡིན་ནོ། །དེས་ཚིགས་སུ་བཅད་པ་སྨྲས་པ། ཆགས་པའི་མི་ཡི་སྐད་ནི་འདར་འདར་པོ་།སྡང་ བའི་མི་ཡི་སྐད་ནི་རྩུབ་པ་ཡིན། །རྨོངས་པའི་མི་ཡི་སྐད་ནི་འཁྲུགས་པར་འགྱུར། །ཚངས་པའི་རྔ་སྒྲ་འདི་ནི་སངས་རྒྱས་ཏེ་།ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱི། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང། ། དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ་གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་བསྟེན་ པར་འགྱུར། །བཅོམ་ལྡན་འདས་ཀྱིས་ཐག་རིང་པོ་ཁོ་ན་ནས་ཀུན་ཏུ་རྒྱུ་མ་དུ་ལ་གཟིགས་པ་དང། ཀུན་ཏུ་རྒྱུ་མ་དུས་བཅོམ་ལྡན་འདས་གཟིགས་པ་མཐོང་ངོ། །མཐོང་ནས་ཀྱང་ཆུང་མ་ལ་སྨྲས་པ་བཟང་མོ་ འདི་ནི། བུ་མོའི་མག་པ་ལྟ་བ་ཡིན་ནོ། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཆགས་པའི་མི་ནི་རིག་རིག་ལྟ་བར་བྱེད། །སྡང་བའི་མི་ནི་དུག་དྲག་སྦྲུལ་བཞིན་ལྟ། །རྨོངས་པའི་མི་ནི་མུན་ཁྲོད་རྟོག་ བཞིན་ལྟ། །ཤིན་ཏུ་ཆགས་བྲལ་གཉའ་ཤིང་ཙམ་དུ་ལྟ། ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱི། ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་ པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་བསྟེན་པར་འགྱུར། །བཅོམ་ལྡན་འདས་འཆག་པར་མཛད་པ་དང་ཀུན་ [244A]༄༅། །ཏུ་རྒྱུ་མ་དུས། བཅོམ་ལྡན་འདས་འཆག་པ་མཐོང་ངོ་།མཐོང་ནས་ཀྱང་ཆུང་མ་ལ་སྨྲས། །བཟང་མོ། འདི་ནི། བུ་མོའི་མག་པ་འཆག་པ་ཡིན་ནོ། །དེས་ཚིགས་སུ་བཅད་ པ་སྨྲས་པ། ཇི་ལྟར་འདི་སྤྱན་ཇི་ལྟར་གཟིགས་པ་དང། །ཇི་ལྟར་འདི་སྐུ་བརྟན་པར་གཤེགས་པ་དང། ཇི་ལྟར་འདི་ཡི་སྒྲོས་དང་ཞལ་དག་ནི། །རྡུལ་དང་བྲལ་བ་ཉིད་དུ་སྣང་བ་ལས། །ཁྱིམ་ཐབ་དེ་ ནི་གཞོན་ནུ་མི་སྟེན་གྱི། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང། །དེས་ཀྱང་ཚིགས་སུ་བཅད་པ་དག་སྨྲས་པ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། ། གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་བསྟེན་པར་འགྱུར། །གནས་འཇོག་གསེར་མདོག་ཨོ་ཏ་ལ་དག་ཀྱང། །བུ་ཡི་དོན་དུ་འདོད་པས་རྨོངས་གྱུར་ཏེ། །འདི་ ནི་ཆོས་བཞིན་ཕུལ་བས་ཐུབ་རྣམས་ཀྱིས། །རྟག་པར་རྒྱུན་ཏུ་བུ་དག་བསྐྱེད་པར་འགྱུར། །དེ་ནས་ཀུན་ཏུ་རྒྱུ་མ་དུས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བདག་གི་བུ་མོ་དམ་པ་གཟུགས་ལྡན་ཞིང། །དར་བབ་བརྒྱན་པ་འདོད་པ་དོན་གཉེར་བ། །ཁྱོད་ལ་འབུལ་བ་འདི་ལ་ཁྱོད་གཟིགས་ཤིང། །མཁའ་ལ་དགུང་ཟླ་སྨིན་དྲུག་མཇལ་བ་ ལྟར། །འདི་དང་ལྷན་ཅིག་ལེགས་པར་ཁྱོད་དགྱེས་མཛོད། །བཅོམ་ལྡན་འདས་ཀྱིས་དགོངས་པ། །གལ་ཏེ་ངས་དཔེ་མེད་མ་ལ་རྗེས་སུ་ཆགས་པའི་ཚིག་བརྗོད་ན། དཔེ་མེད་མ་འདོད་ཆགས་ཀྱིས་ [244B]གནས་ཡོད་པར་འགྱུར་གྱི། བདག་གིས་འདི་ལ་ཁོང་ཁྲོ་བའི་ཚིག་བརྗོད་པར་བྱའོ། །སྙམ་དུ་རིག་ནས་ཚིགས་སུ་བཅད་པ་བཀའ་སྩལ་པ་ བྲམ་ཟེ་ང་ཡི་བདུད་ཀྱི་བུ་མོ་ནི། །སྲེད་མ་དགའ་བྱེད་དེ་བཞིན་དགའ་མོ་དག། ཕམ་བྱས་འདོད་པ་དག་ལ་ལན་འགའ་ཡང། །ང་ཡིས་འདུན་པའི་སེམས་བསྐྱེད་མ་གྱུར་པས། །བཤང་དང་གཅི་བས་གང་བ་ འདི་ལ་ནི། །རྐང་པས་རེག་པར་སྤྲོ་བའང་མི་བསྐྱེད་དོ། །མ་དུས་ཚིགས་སུ་བཅད་པ་གསོལ་པ། བདག་གི་བུ་མོ་ཡན་ལག་ཉམས་གྱུར་ཅིང་།འདོད་ལྡན་ཡོན་ཏན་བྲལ་བར་གཟིགས་སམ་ཅི། །ཇི་སླད་ འདོད་སྤྱོད་ཡིད་འོང་གཟུགས་དག་ལ། །འདུན་དྲག་བགྱིད་ལྟར་འདི་ལ་ཁྱོད་མི་མཛད། །བཅོམ་ལྡན་འདས་ཀྱིས་ཀྱང་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། བྲམ་ཟེ་རྨོངས་པ་གང་ཞིག་ཡུལ་འདོད་ པ༑ ༑དེ་ནི་ཁྱོད་ཀྱི་བུ་མོ་འདི་སྒྲུབ་ཅིང། །ཡུལ་ལ་ཆགས་ཤིང་ཁྲོ་བར་ཞུགས་གྱུར་པ། །འདི་ལ་རབ་རྨོངས་སྐྱེ་བོ་ཆགས་བྲལ་མིན། །ང་ནི་སངས་རྒྱས་ཐུབ་གཙོ་མངའ་བདག་སྟེ། །ང་ཡིས་བྱང་ཆུབ་ བླ་མེད་ཞི་བ་རྙེད། །ཇི་ལྟར་པདྨ་ཆུས་མི་ཆགས་པ་ལྟར་།ཆགས་པ་མེད་པ་ཉིད་དུ་འཇིག་རྟེན་རྒྱུ། །ཨུཏྤ་ལ་སྔོན་པོ་རྫབ་དང་ཆུ་ནང་ན། །རྫབ་དང་ཆུ་ཡིས་གོས་པ་མེད་པ་ལྟར། །བྲམ་ཟེ་དེ་ བཞིན་ང་ཡང་འཇིག་རྟེན་ན། །འདོད་པ་དག་ལ་རྣམ་གྲོལ་སེམས་ཀྱིས་སྤྱོད། །དེ་ནས་དཔེ་མེད་མ། བཅོམ་ལྡན་འདས་ཀྱི་བཤང་པ་དང། གཅི་བ་ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་པས་འདུས་པ་ [245A]༄༅། །དང་བྲལ་ཏེ་ཡིད་མི་བདེ་བར་གྱུར་ནས་དེའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་གང་ཡིན་པ་དེ་མེད་པར་གྱུར་ཅིང། ཞེ་སྡང་གི་ཀུན་ནས་དཀྲིས་པ་སྐྱེས་པས། རུས་པ་ དག་སྦོམ་པོར་གྱུར་ཅིང། མིག་གཉིས་ཀྱང་མཆིང་བུ་ལྟ་བུར་གྱུར་ཏོ། །དེའི་ཚེ་ན་རྒན་ཞུགས་ཤིག་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ ལ་རྒན་ཞུགས་དེས་འདི་སྐད་ཅེས་གསོལ་ཏོ། །ཀུན་ཏུ་གཟིགས་པ་བུད་མེད་བླང་མཛད་དེ། །བཅོམ་ལྡན་འདས་དེ་ནི་བདག་ལ་སྩལ་དུ་གསོལ་།དཔའ་བོ་བདག་གིས་དྲེགས་པས་བརྒྱན་པ་འདི། ཅི་ནས་ རྗེས་སུ་མཐུན་པར་སྤྱད་པར་བགྱི། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་རྒན་ཞུགས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་གཏི་མུག་ཅན་ངའི་མདུན་ན་མ་འདུག་པར་ཕར་སོང་ ཞིག་དེས་ཁྲོས་ཏེ་ཚིགས་སུ་བཅད་པ་སྨྲས་པ། ཁྱོད་ཀྱི་ལྷུང་བཟེད་འདི་དང་ཆོས་གོས་འདི། །འཁར་བ་རིལ་བ་འདི་ཡང་ཟད་གྱུར་ཅིག། བསླབ་པ་འདི་ཡང་ཇི་ལྟར་མ་མ་ཡི། །ཕང་པར་གཞོན་ནུ་ འཛིན་ལྟར་རང་སྲེལ་ཅིག་རྒན་ཞུགས་དེས། དེ་སྐད་ཅེས་སྨྲས་ནས་བསླབ་པ་ཕུལ་ཏེ་ཉམས་པའི་ཕྱིར་ཞུགས་ནས་ཀུན་ཏུ་རྒྱུ་མ་དུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀུན་ཏུ་རྒྱུ་མ་དུ་ལ་འདི་སྐད་ཅེས་སྨྲས་ སོ༑ ༑མ་དུ། དཔེ་མེད་མ་ཁོ་བོ་ལ་བྱིན་ཅིག་དེ་ཁྲོས་ཏེ་སྨྲས་པ་རྒན་ཞུགས། ཁྱོད་ལ་བལྟ་བ་ཡང་མི་སྦྱིན་ན། རེག་པ་ལྟ་སྨོས་ཀྱང་ཅི་དགོས། དེ་སྐད་ཅེས་སྨྲས་པ་དང། རྒན་ཞུགས་དེ་ཀུན་ཏུ་ [245B] དེས་ཁྲག་ཚ་བ་སྐྱུགས་ནས་དུས་ལ་བབ་སྟེ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དོན་དྲུག་ པ༑ དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་དཔེ་མེད་མ་རྙེད་པ་ན། མ་བཞེས་པ་ལ་གཟིགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ད་ལྟར་དུ་མ་ཟད་དེ། འདི་ལྟར། འདས་པའི་དུས་ན་ཡང་ངས་འདི་རྙེད་པ་ན། མ་བླངས་ཏེ། དེ་ཉོན་ཅིག་དགེ་སློང་དག། སྔོན་བྱུང་བ་རི་བྲག་ ཅིག་ན། ལྕགས་མགར་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། རྩེ་བར་བྱེད། དགའ་བར་ བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ་ མཛེས་པ་ཞིག་བྱུང་ནས་དེས་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །ལྕགས་མགར་དེས་བསམ་པ། བདག་གིས་བུ་མོ་འདི་སུ་ལ་ཡང་རིགས་ཀྱི་ཕྱིར་ཡང་མི་སྦྱིན། གཟུགས་ཀྱི་ཕྱིར་ཡང་མི་སྦྱིན་ ནོར་གྱི་ཕྱིར་ཡང་མི་སྦྱིན་གྱི། འདི་ལྟར། གང་བདག་དང་བཟོ་མཉམ་པའམ། ལྷག་པ་དེ་ལ་བདག་གིས་འདི་སྦྱིན་པར་བྱའོ། །སྙམ་མོ། །ཇི་ཙམ་ན་བྲམ་ཟེའི་ཁྱེའུ་ཞིག་སློང་མོའི་དོན་དུ་དེའི་ཁྱིམ་དུ་ཞུགས་ [246A]༄༅། །པ་དང། བུ་མོ་དེས་ཟས་ཁྱེར་ཏེ་ཕྱིར་བྱུང་བ་ན། བྲམ་ཟེའི་ཁྱེའུ་དེས་མཐོང་ནས་སྨྲས་པ། བུ་མོ། ཁྱོད་འགའ་ཞིག་ལ་བྱིན་ནམ། འོན་ཏེ་མ་བྱིན། དེས་སྨྲས་པ། བདག་གིས་ ཕ་ཇི་སྐད་ཟེར་བ་དང་སྦྱར་ན། དེས་བདག་སུ་ལ་ཡང་སྦྱིན་པར་དཀའོ། །ཁྱོད་ཀྱི་ཕ་ཇི་སྐད་ཟེར། བདག་གི་བུ་མོ་འདི་སུ་ལ་ཡང་རིགས་ཀྱི་ཕྱིར་ཡང་མི་སྦྱིན། གཟུགས་ཀྱི་ཕྱིར་ཡང་མི་སྦྱིན། ནོར་ གྱི་ཕྱིར་ཡང་མི་སྦྱིན་གྱི། འདི་ལྟར་གང་བདག་དང་བཟོ་མཉམ་པའམ། ལྷག་པ་དེ་ལ་བདག་གིས་འདི་སྦྱིན་པར་བྱའོ། །ཞེས་ཟེར་རོ་།ཁྱོད་ཀྱི་ཕས་བཟོ་ཇི་ལྟ་བུ་ཤེས། ཁབ་གང་ཆུའི་སྟེང་ན་ འཕྱོ་བ་དེ་ལྟ་བུ་ཤེས་སོ། །བྲམ་ཟེའི་ཁྱེའུ་དེས་བསམ་པ། འདི་ལྟར། བདག་འདི་དོན་དུ་མི་གཉེར་མོད་ཀྱི། འདིའི་ང་རྒྱལ་བཅག་པར་བྱའོ། །སྙམ་ནས་དེ་མཁས་པ་ཡིན་པས། དེས་བཟོའི་གནས་དང་ ལས་ཀྱི་གནས་དེ་དག་ནས་ལྕགས་མགར་གྱི་མགར་སྤྱད་དག་བརྙེས་ཏེ་ཁབ་གང་དག་ཆུའི་སྟེང་ན་འཕྱོ་བ་དེ་ལྟ་བུ་དག་བརྡུངས་ཤིང་ཁབ་སྦོམ་པོ་གཅིག་བརྡུངས་ནས་དེའི་མིག་ཏུ་ཁབ་ཕྲ་མོ་བདུན་བཅུག་ན་དེ་དང་ ལྷན་ཅིག་ཆུའི་སྟེང་ན་འཕྱོ་བ་བརྡུངས་སོ། །དེ་དེ་དག་བརྡུངས་ནས་ལྕགས་མགར་དེའི་ཁྱིམ་དུ་འོངས་ཏེ་སྨྲས་པ། ཁབ་སུ་ཉོ། ཁབ་སུ་ཉོ་ཞེས་བྱས་པ་དང། བུ་མོ་དེས་མཐོང་ནས་དེས་ཚིགས་སུ་བཅད་ དེ་སྨྲས་པ། གྲོགས་པོ་ཁྱོད་ནི་སྨྱོས་པའམ། །འོན་ཏེ་སེམས་མེད་གྱུར་པ་ཡིན། །གང་ཕྱིར་ལྕགས་མགར་ཁྱིམ་དུ་ཁྱོད། །ཁབ་དག་ཚོང་དུ་འོངས་པར་གྱུར། །དེས་ཀྱང་ཚིགས་སུ་བཅད་པ་དག་ [246B] བཟང་མོ་ཁོ་བོ་སྨྱོས་པ་མིན། །སེམས་མེད་གྱུར་པའང་མ་ཡིན་ཏེ། །ང་རྒྱལ་བཅག་པར་བྱ་བའི་ཕྱིར། །ཁོ་བོས་བཟོ་དག་ཉེ་བར་བསྒྲུབས། །གལ་ཏེ་ཁོ་བོའི་བཟོ་འདྲ་བ། །ཁྱོད་ཀྱི་ཕ་ ཡིས་ཤེས་གྱུར་ན། །ཁྱོད་དང་ནོར་གྱི་རྣམ་པ་ནི། །མང་པོ་གཞན་ཡང་སྦྱིན་པར་གྱིས། །དེས་སྨྲས་པ། ཁྱོད་ཀྱིས་བཟོ་ཇི་ལྟ་བུ་ཤེས། ཁབ་གང་དག་ཆུའི་སྟེང་ན་འཕྱོ་བ་དེ་ལྟ་བུ་དག་ཤེས་སོ། ། དེས་མ་ལ་སྦྲན་པ། ཡུམ། བཟོ་བོའི་བུ་ཞིག་མཆིས་སོ། །དེས་སྨྲས་པ། འཇུག་ཏུ་ཆུག་ཅིག་དེས་འཇུག་ཏུ་བཅུག་པ་དང། ལྕགས་མགར་གྱི་ཆུང་མས་སྨྲས་པ། ཁྱོད་བཟོ་བོ་ཇི་ལྟ་བུ་ཤེས་ དེས་སྨྲས་པ་དང། ཁྱིམ་ཐབ་ལ་སྦྲན་པ། རྗེའི་སྲས། བཟོ་བོའི་ཁྱེའུ་འདི་བཟོ་འདི་ལྟ་བུ་འཚལ་ཏོ། །དེས་སྨྲས་པ། གལ་ཏེ་དེ་ལྟར་ན། ཆུ་འོན་ཅིག་དང་བལྟའོ། །དེས་ཆུས་སྣོད་བཀང་སྟེ་ཕུལ་ བ་དང། དེས་ཁབ་ཅིག་བཅུག་ན། དེ་འཕྱོ་བར་བརྩམས་སོ། །དེ་བཞིན་དུ་ཁབ་གཉིས་པ་དང། གསུམ་པ་ནས་བདུན་པའི་བར་དུ་བཅུག་ན། དེ་ཡང་འཕྱོ་བར་བརྩམས་སོ། །དེས་ཁབ་སྦོམ་པོ་དེ་བཅུག་ ན༑ དེ་ཡང་འཕྱོ་བར་བརྩམས་སོ། །ཡང་དེར་ཁབ་གཅིག་བཅུག་སྟེ་བཅུག་ན། དེ་ལྟ་ན་ཡང་འཕྱོ་བར་བརྩམས་སོ། །དེ་བཞིན་དུ་ཁབ་གཉིས་པ་དང། གསུམ་པ་ནས་བདུན་པའི་བར་དག་བཅུག་སྟེ་བཅུག་ ན༑ དེ་ལྟ་ན་ཡང་འཕྱོ་བར་བརྩམས་སོ། །ལྕགས་མགར་གྱིས་བསམ་པ། འདི་བདག་པས་བཟོ་ཆེས་ལྷག་པ་ཡིན་གྱི། འདི་ལ་བུ་མོ་སྦྱིན་ནོ་།སྙམ་དུ་རིག་ནས་བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་ཀླུབས་ཏེ་ [247A]༄༅། །ལག་པ་གཡོན་པས་བཟུང་ནས་ལག་པ་གཡས་པས་རིལ་བ་བཧིང་གར་ཐོགས་ཏེ་བྲམ་ཟེའི་ཁྱེའུ་དེའི་མདུན་དུ་འདུག་ནས་སྨྲས་པ། བྲམ་ཟེའི་ཁྱེའུ། ཁྱོད་ལ་ཁོ་བོས་བུ་མོ་འདི་ ཆུང་མར་སྦྱིན་ནོ། །དེས་སྨྲས་པ། ཁོ་བོ་འདི་དོན་དུ་མི་གཉེར་ཏེ་འདི་ལྟར་རོ། །ཁོ་བོ་ཁྱོད་ཀྱི་ང་རྒྱལ་བཅག་པར་བྱ་བའི་ཕྱིར་བཟོ་ཉེ་བར་བསྟན་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་ལྕགས་མགར་གང་ཡིན་པ་དེ་ནི། ཀུན་ཏུ་རྒྱུ་མ་དུ་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་ལྕགས་མགར་གྱི་ཆུང་མ་གང་ཡིན་པ་དེ་ནི། བུར་མ་འདི་ཡིན་ ནོ༑ ༑དེའི་ཚེ་དེའི་དུས་ན་ལྕགས་མགར་གྱི་བུ་མོ་གང་ཡིན་པ་དེ་ནི་དཔེ་མེད་མ་འདི་ཡིན་ཏེ། དེའི་ཚེ་ཡང་ངས་དཔེ་མེད་མ་འདི་རྙེད་པ་ན། མ་བླངས་ལ། ད་ལྟར་ཡང་ངས་འདི་རྙེད་པ་ན། མ་བླངས་ སོ༑ ༑ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རྒན་ཞུགས་འདི་དཔེ་མེད་མ་ལ་བརྟེན་ནས་ཚུལ་མ་ལགས་པས་སྡུག་ བསྔལ་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་འདི་དཔེ་མེད་མ་ལ་བརྟེན་ནས་བཙུན་མོའི་ འཁོར་དང་བཅས་པ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏེ། དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་རྒྱལ་པོའི་ཕོ་བྲང་སེངྒེ་ལྟ་བུ་ན་རྒྱལ་པོ་སེངྒེའི་རལ་པ་ཅན་གྱིས། རྒྱལ་སྲིད་འབྱོར་ [247B] བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་མོ་དང། འཐབ་པ་དང། ཕྱི་དགྲ་དང། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང། མུ་གེ་དང། ནད་དང་བྲལ་བ། སཱ་ ལུ་དང། བུ་རམ་ཤིང་གི་ཕྲེང་བ་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ་དེའི་ཚེ་ན་རྒྱལ་པོའི་ཕོ་བྲང་སེངྒེ་ ལྟ་བུ་ན། དེད་དཔོན་སེངྒེ་ཞེས་བྱ་བ་ཕྱུག་པ། ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ ཞིག་འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་ སྤྱོད་པ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དོ། །ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང། མངལ་ན་གནས་པ་ཞུགས་པ་ཤེས་པ་དང། གང་ལས་མངལ་ན་གནས་པ་དེ་ཞུགས་པ་ཤེས་པ་དང། ཁྱེའུ་ ཤེས་ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན། དཀུ་གཡས་པར་བརྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན། དཀུ་གཡོན་པར་བརྟེན་ཅིང་འདུག་པའོ། །དེ་ཡིད་དགའ་ཞིང་ཡིད་དགའ་ནས་ [248A]༄༅། །ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས། མཁྱེན་པར་མཛོད་ཅིག་བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ནི། འདི་ལྟར། བདག་གི་དཀུ་གཡས་པར་བརྟེན་ཅིང་མཆིས་པས་ ངེས་པར་ཁྱེའུ་འགྱུར་རོ། །དེ་ཡང་ཡིད་དགའ་ཞིང་ཡིད་དགའ་ནས་འདི་སྐད་ཅེས། ཁོ་བོ་ཡུན་རིང་ནས་མངོན་པར་འདོད་པ། བུའི་ངོ་མཐོང་བ་དང། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་ སྐྱེ་བ་དང། ཁོ་བོའི་བྱ་བ་དག་བྱེད་པ་དང། གསོས་པས་ཕྱིར་གསོ་བ་དང། བགོ་སྐལ་ལ་སྤྱོད་པ་དང། ཁོ་བོའི་རིགས་རྒྱུད་ཡུན་རིང་དུ་གནས་པར་འགྱུར་བ་དང། བདག་ཅག་ཤི་ཞིང་དུས་ལ་ བབ་པ་དག་ལ་ཉུང་ངུའམ། མང་པོ་ཡང་རུང་བའི་སྦྱིན་པ་དག་བྱིན་ཞིང། བསོད་ནམས་དག་བྱས་ནས་འདི་དེ་གཉིས་གང་དུ་སྐྱེས་བར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གི་ཡོན་བཤད་ པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་འདི་ལྟ་སྟེ། མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟང་ གི་གཞིར་གཏོགས་པར་གྲང་པ་ན་གྲང་བའི་ཡོ་བྱད་དག་དང། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང། སྨན་པས་བཅས་པའི་ཟས་ཧ་ཅང་མི་ཁ་བ་དང། ཧ་ཅང་མི་སྐྱུར་བ་དང། ཧ་ཅང་ལན་ཚྭ་མི་ ཆེ་བ་དང། ཧ་ཅང་མི་མངར་བ་དང། ཧ་ཅང་མི་ཚ་བ་དང། ཧ་ཅང་མི་བསྐ་བ་དང། ཁ་བ་དང། སྐྱུར་བ་དང། ལན་ཚྭ་དང་མངར་བ་དང། ཚ་བ་དང། བསྐ་བ་རྣམ་པར་སྤངས་པའི་ཟས་དག་ [248B] དོ་ཤལ་དང། སེ་མོ་དོ་དང། རྒྱན་གྱིས་ཀླུབས་པའི་ལུས་ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་ཁྲི་ནས་ཁྲིར་དང། ཁྲིའུ་ནས་ཁྲིའུ་དང། ཤོད་ཀྱིས་གཞིར་མ་འབབ་པ་དང་ དེ་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་འཇུག་གོ་དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ གསལ་བ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ་ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཛར་བ། སྣའི་གཟེངས་མཐོ་བ་ཞིག་བྱུང་ངོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེའི་ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་ཁྱེའུ་འདི་དེད་ དཔོན་སེངྒེའི་བུ་ཡིན་པ་དེའི་ཕྱིར་ཁྱེའུ་མིང་སིངྒ་ལ་ཞེས་བྱའོ། །ཞེས་དེའི་མིང་སིངྒ་ལ་ཞེས་བྱ་བར་བཏགས་སོ། །ཁྱེའུ་སིངྒ་ལ་མ་མ་བརྒྱད་པོ་བང་ན་འཚོ་བའི་མ་མ་གཉིས་དང། ནུ་མ་སྣུན་ པའི་མ་མ་གཉིས་དང། དྲི་མ་འཕྱི་བའི་མ་མ་གཉིས་དང། རྩེད་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ ཁུ་དང། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང། རྫིང་ན་གནས་པའི་པདྨ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །གང་གི་ཚེ་ཆེན་པོར་གྱུར་པ་ [249A]༄༅། །དེའི་ཚེ་ཡི་གེ་དང། གྲངས་དང། རྩིས་དང། ལག་རྩིས་དང། དབྱུང་བ་དང། གཞུག་པ་དང། གཞག་པ་ལ་ཉེ་བར་ཞུགས་ནས་དེ་ཡི་གེའི་མཐར་ཕྱིན་ཅིང། འབྱེད་པ་དང། ཀློག་པ་དང་ མཁས་པ་དང། སྤྱོད་པ་གསལ་བ་དང། བརྟག་པ་བརྒྱད་པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང། གཞི་བརྟག་པ་དང། གོས་བརྟག་པ་དང། ཤིང་རྟ་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང། རྟ་བརྟག་པ་དང། བུད་ མེད་བརྟག་པ་དང། སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ། །ཕས་དེའི་ཆུང་མའི་འཁོར་གསུམ་པོ་རབ་དང། འབྲིང་དང། ཐ་མ་དག་རྣམ་པར་བཞག་གོ། འདུག་པའི་གནས་གསུམ་པོ་དགུན་གྱི་དང། དཔྱིད་ཀྱི་ དང༑ དབྱར་ཀྱི་དག་བྱེད་དུ་བཅུག་གོ་སྐྱེད་མོས་ཚལ་གསུམ་པོ་དགུན་གྱི་དང། དཔྱིད་ཀྱི་དང། དབྱར་གྱི་དག་བྱེད་དུ་བཅུག་གོ་དེ་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན། སྐྱེས་པ་མེད་པར་སིལ་སྙན་ གྱིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ་།དེས་དུས་གཞན་ཞིག་ན་ཕ་ལ་སྨྲས་པ། ཡབ། བདག་རྒྱ་མཚོ་ཆེན་པོར་འཇུག་པར་ཅི་གནང། དེས་སྨྲས་པ། བུ། རེ་ཞིག་ཁོ་བོ་ ལ་ནོར་གྱི་རྣམ་པ་མང་དུ་ཡོད་དེ། གལ་ཏེ་ཁྱོད་ཏིལ་དང། འབྲས་དང། རྒྱ་ཤུག་དང། རྒྱ་སྲན་ལ་སོགས་པ་ལ་སྤྱོད་པ་བཞིན་དུ་རིན་པོ་ཆེ་དག་ལ་སྤྱོད་པར་བྱེད་ཀྱང་དེ་ལྟར་ན་ཡང་ཁོ་བོའི་ལོངས་སྤྱོད་སྲབ་ པ་ཉིད་དང། ཡོངས་སུ་ཟད་པ་དང། ཡོངས་སུ་གཏུགས་པར་མི་འགྱུར་གྱི། དེའི་ཕྱིར་ཇི་སྲིད་དུ་ཁོ་བོ་གསོན་པ་དེ་སྲིད་དུ་ཁྱོད་རྩེ་བར་གྱིས། དགའ་བར་གྱིས། དགའ་མགུར་སྤྱོད་པར་གྱིས་ལ་ཁོ་བོ་འདས་པ་ [249B] ནོར་སྒྲུབ་པར་གྱིས་ཤིག་དེ་ཡང་དང་ཡང་དུ་སྨྲས་པ། ཡབ། བདག་རྒྱ་མཚོ་ཆེན་པོར་འཇུག་པར་ཅི་གནང། དེས་གདོན་མི་ཟ་བར་དུས་ཀྱིས་འཆུ་བར་ཤེས་ནས་སྨྲས་པ། བུ། དེ་ལྟར་གྱིས་ཤིག་ཇི་ལྟར་ ཁྱོད་ཀྱིས་འཇིགས་པ་དང། འཇིགས་སུ་རུང་བ་དག་བཟོད་པར་བྱའོ་།དེས་རྒྱལ་པོའི་ཕོ་བྲང་སེངྒེ་ལྟ་བུར་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ། རྒྱལ་པོའི་ཕོ་བྲང་སེངྒེ་ལྟ་བུ་ན་གནས་པ་དང། ཡུལ་ཐ་དད་པ་ནས་ལྷགས་ པའི་ཚོང་པ་ཤེས་ལྡན་དག་ཉོན་ཅིག་དེད་དཔོན་སིངྒ་ལ་རྒྱ་མཚོ་ཆེན་པོར་འཇུག་པར་འགྱུར་གྱི། ཁྱེད་ཅག་ལས་གང་དེད་དཔོན་སིངྒ་ལ་དང་ལྷན་ཅིག་ཤོ་གམ་མེད་པ་དང། ལ་གཅན་མེད་པ་དང་གྲུ་བཙས་ མེད་པར་རྒྱ་མཚོ་ཆེན་པོར་འཇུག་པར་འདོད་པ་དེས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་གྱིས་ཤིག་ཅེས་བསྒོའོ། །ཚོང་པ་ལྔ་བརྒྱས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་བྱས་སོ། །དེ་ནས་དེད་དཔོན་སིངྒ་ལས་ ཕ་མ་དང། གཞན་ཡང་སྙིང་དུ་སྡུག་ཅིང་འབྲེལ་བའི་རྩ་ལག་དག་ལ་བལྟས་ནས་ཉི་མ་དང། ཚེས་གྲངས་དང། ཡུད་ཙམ་དང་སྦྱོར་བས། དགེ་མཚན་དང། བཀྲ་ཤིས་དང། བདེ་ལེགས་སུ་འགྱུར་བ་བྱས་ནས་ ཤིང་རྟ་དག་དང། ཁུར་དག་དང། གླེ་བ་དག་དང། སྤྱད་དག་དང། རྔ་མོ་དག་དང། བ་ལང་དག་དང། བོང་བུ་མང་པོ་དག་གིས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་ཁྱེར་ཏེ་ཚོང་པ་ལྔ་བརྒྱའི་འཁོར་དང་ལྷན་ཅིག་འཕགས་ སོ༑ ༑དེ་མཐར་གྱིས་གྲོང་དང། གྲོང་ཁྱེར་དང། གྲོང་རྡལ་དང་ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་དག་ཏུ་ཚོང་རྡལ་དག་ལ་རྣམ་པར་ལྟ་ཞིང་འགྲོ་བ་ན། རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ཏོ། །དེས་སྙིང་ [250A]༄༅། །པ་ལྔ་བརྒྱས་གྲུ་སྦྱར་ནས་ཞོ་ཤས་འཚོ་བ་ལྔ་པོ་སྟོབ་པར་བྱེད་པ་དང། སེལ་བར་བྱེད་པ་དང། གྲུ་བ་དང། རྒྱལ་ཆེན་པོ་དང། རླུང་ཡོར་ཐོགས་པ་དག་ཁྲིད་དེ། ལན་གསུམ་དྲིལ་སྒྲོག་ པ་བྱས་ཏེ་རྒྱ་མཚོ་ཆེན་པོར་འཇུག་པར་བརྩམས་སོ། །དེ་ནས་ཚོང་པ་དེ་དག་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་རྣམས་ལ་འདི་ལྟ་སྟེ། ཕན་ཚུན་བདེ་བ་ ཉིད་ཀྱིས་ངེས་པར་རྒལ་བ་ཤེས་པར་དཀའི། བདག་ཅག་ནོར་སྒྲུབ་པ་དག་གིས་སོ་སོ་སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུར་རྐྱལ་བ་དག་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་པར་བྱའི། །བདག་ཅག་ལས། ཁ་ཅིག་ གིས་ནི། ཤལ་མ་ལའི་སྤང་ལེབ་དག་བཀུར། ཁ་ཅིག་གིས་ནི། སྔས་ཤིང་བལ་ཅན་དག་བཀུར། ཁ་ཅིག་གིས་ནི། ཀུ་བའི་གཟིངས་དག་བཀུར་ཁ་ཅིག་གིས་ནི། ར་རྐྱལ་དག་བཀུར་རོ། །སྙམ་ནས། དེ་ ནས་ནོར་སྒྲུབ་པ་དེ་དག་གིས་དེ་ལྟར་སོ་སོར་བརྟགས་ནས། སོ་སོ་སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུར་རྐྱལ་པ་ཁ་ཅིག་གིས་ནི། ཤལ་མ་ལའི་སྤང་ལེབ་དག་ཁ་ཅིག་གིས་ནི། སྔས་ཤིང་བལ་ཅན་དག་ ཁ་ཅིག་གིས་ནི། ཀུ་བའི་གཟིངས་དག་ཁ་ཅིག་གིས་ནི། ར་རྐྱལ་དག་ཁྱེར་ཏེ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་དག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་ན་ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བཅག་གོ། དེ་དག་ རྒྱ་མཚོའི་གྲུ་བཅག་པ་ན། སོ་སོ་སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུར་རྐྱལ་བ་ཁྱེར་ཏེ་འོངས་པ་དག་ལ་ཞོན་ཏེ་འདི་ལྟ་སྟེ་ཁ་ཅིག་གིས་ནི། ཤལ་མའི་སྤང་ལེབ་དག་ལ་ཞོན། །ཁ་ཅིག་གིས་ནི་ [250B] ཁ་ཅིག་གིས་ནི། ཀུ་བའི་གཟིངས་དག་ལ་ཞོན། ཁ་ཅིག་གིས་ནི། ར་རྐྱལ་དག་ལ་ཞོན་ཏེ་ཆུའི་སྟེང་ན་འཕྱོའོ། །དེ་དག་གི་ལས་ཀྱི་རྣམ་པར་སྨིན་པས་བྱང་ཕྱོགས་ ནས་རླུང་ལངས་ནས། དེས་དེ་དག་ལྷོ་ཕྱོགས་ཀྱི་ལམ་དུ་བདས་པ་དང། ཟངས་གླིང་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་དག་འཁོད་པ་དེ་དག་ཚོང་པ་གྲུ་ཆག་པ་རྣམས་ལ་གཏམ་སྙན་པ་དང། ། དགའ་བའི་ཚུལ་གྱིས་སླུ་བར་བྱེད་དོ། །དེ་དག་ལ་རྒྱལ་མཚན་དགའ་བའི་གནས་དང་མཐུན་པ་དང། ཕོངས་པའི་གནས་དང་མཐུན་པ་གཉིས་ཡོད་དེ། ཇི་ཙམ་ན་དགའ་བའི་གནས་དང་མཐུན་པའི་རྒྱལ་མཚན་ གཡོ་བར་བརྩམས་པ་དང། དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་།དགའ་བའི་གནས་དང་མཐུན་པའི་རྒྱལ་མཚན་གཡོས་པས། ཛམྦུའི་གླིང་པའི་ཚོང་པ་དག་གིས་རྒྱ་མཚོའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་ གྲུ་བཅག་སྟེ་འོང་གོར་མ་བཅག་གི། བཙལ་ལོ། །ཞེས་དེ་དག་གིས་རྒྱ་མཚོའི་འགྲམ་དུ་བཙལ་བར་བརྩམས་པ་དང། ཇི་ཙམ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཆུར་རྐྱལ་བ་སྣ་ཚོགས་དག་གིས་རྐྱལ་ཞིང་འོང་ བ་མཐོང་ངོ། །མཐོང་ནས་ཀྱང་བདག་ཉིད་གཟུགས་བཟང་མོར་མངོན་པར་སྤྲུལ་ནས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་ལྷའི་གོས་དང་ཕྲེང་བ་རྒྱུས་ཀླུབས་ནས་རྒྱ་མཚོའི་འགྲམ་ནས་འབོད་པར་བརྩབས་པ། ཇོ་ བོ་དག་ཚུར་སྤྱོན། བཞིན་བཟང་དག་ཚུར་སྤྱོན། བདག་ཅག་ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་མཛོད་ཅིག་བདག་པོ་མ་མཆིས་པ་རྣམས་ཀྱི་བདག་པོ་མཛོད་ཅིག་གནས་མ་མཆིས་པ་རྣམས་ [251A]༄༅། །ཀྱི་གནས་མཛོད་ཅིག། གླིང་མ་མཆིས་པ་རྣམས་ཀྱི་གླིང་མཛོད་ཅིག་སྐྱོབ་པ་མ་མཆིས་པ་རྣམས་ཀྱི་སྐྱོབ་པ་མཛོད་ཅི་།སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་མཛོད་ཅིག་ དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་མཛོད་ཅིག་འདི་དག་ནི། ཁྱེད་ཀྱི་ཟས་ཀྱི་གནས་དག་དང། སྐོམ་གྱི་གནས་དག་དང། གོས་ཀྱི་གནས་དག་དང། གནས་མལ་གྱི་གནས་དག་དང་ ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་དང། ནགས་ཚལ་དགའ་བར་འགྱུར་པ་དག་དང། རྫིང་བུ་དགའ་བར་འགྱུར་བ་དག་དང། ཛམྦུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དང། མུ་ ཏིག་དག་དང། བཻ་ཌཱུརྱ་དག་དང། མན་ཤེལ་དཀར་པོ་དག་དང། བྱི་རུ་དག་དང། དངུལ་དག་དང། གསེར་དག་དང། རྡོའི་སྙིང་པོ་དག་དང། སྤུག་དག་དང། དམར་པོ་དག་དང། གཡས་སུ་འཁྱིལ་བ་ དག་ལགས་ཀྱི། ཁྱེད་ཅག་ཚུར་སྤྱོན། བདག་ཅག་དང་ལྷན་ཅིག་རྩེ་བ་དང། དགའ་བ་དང། དགའ་མགུར་སྤྱོད་པར་མཛོད་ཅིག་ཁྱེད་ཅག་ལས་འགའ་ཡང་ཤིན་ཏུ་མྱོས་པར་གྱུར་ཀྱང། ལྷོ་ལམ་ དུ་འགྲོ་བར་མི་བྱའོ། །ཞེས་ཟེར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངས་འདི་ལྟ་སྟེ། སྐྱེས་པ་ལ་བུད་མེད་ཀྱི་གཟུགས་ཇི་ལྟར་ཆགས་པར་འགྱུར་བ་དང། རྒྱགས་པར་འགྱུར་བ་དང་ འདོད་པར་འགྱུར་བ་དང། སྡུག་པར་འགྱུར་བ་དང། བྱམས་པར་འགྱུར་བ་དང། རྔོན་པར་འགྱུར་བ་དང། རྒྱལ་བར་འགྱུར་བ་དང། འཆིང་བར་འགྱུར་བ་དང། སྒྲུབ་པར་འགྱུར་བ་དང། ཀུན་ [251B]ཡང་དག་པར་རྗེས་སུ་མ་མཐོང་ངོ། །ཞེས་གསུངས་པས། དེ་དག་སྲིན་མོ་དེ་དག་གིས་བརྗོད་པ་ན། རྒྱ་མཚོ་ཆེན་པོ་ལས་བརྒལ་ཏེ་དེ་དག་དང་ལྷན་ ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ་།དེ་དག་དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དག་ལ་བརྟེན་པའི་རྒྱུ་ལས་བུ་དང་བུ་མོ་དག་ཀྱང་ བྱུང་ངོ། །དེ་ནས་དེད་དཔོན་སིངྒ་ལ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བུད་མེད་འདི་དག་ལྷོ་ལམ་ཤིན་ཏུ་སྲུང་བར་སེམས། བདག་བུད་མེད་འདི་དང་ལྷན་ཅིག་ཉལ་ཞིང། དེ་གཉིད་ལོག་པ་དང་ལམ་དུ་ཞུགས་ པར་རིག་ནས་ཁད་ཀྱིས་དལ་བུ་དལ་བུས་མལ་ཆེན་པོ་ལས་བབས་ཏེ། རལ་གྲི་རྣོན་པོ་མཆན་དུ་བཅུག་ནས་ལྷོ་ལམ་དུ་འགྲོའོ། །སྙམ་མོ། །དེ་ནས་དེད་དཔོན་སིངྒ་ལ་བུད་མེད་གང་དང་ལྷན་ཅིག་ཉལ་བ་དེ་གཉིད་ ལོག་ཅིང་མལ་དུ་ཞུགས་པར་རིག་ནས་ཁད་ཀྱིས་དལ་བུ་དལ་བུས་མལ་ཆེན་པོ་ནས་བབས་ཏེ། རལ་གྲི་རྣོན་པོ་མཆན་དུ་བཅུག་ནས་ལྷོ་ལམ་དུ་སོང་བ་དང། དེས་དེ་ན་སྐྱེ་བོ་ཕལ་པོ་ཆེ་སྨྲེ་སྔགས་འདོན་པའི་སྒྲ། ཀྱི་ ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་ཕུ་ནུ། ཀྱི་ཧུད་བུ་སྲིང། ཀྱི་ཧུད་ཛམྦུའི་གླིང་དགའ་བར་འགྱུར་བ་སྣ་ཚོགས། ཛམྦུའི་གླིང་དགའ་བར་འགྱུར་བ་ཁྱོད་ཀྱིས་བདག་ཅག་སྤངས་སམ་ཞེས་ཟེར་བ་ཐོས་སོ་།ཐོས་ནས་ཀྱང་ དེ་འཇིགས་པ་དང། སྐྲག་པ་དང། སྡངས་པ་དང། སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། །དེ་ནས་དེད་དཔོན་སིངྒ་ལ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་སྟེ། འཇིགས་པ་དང། སྐྲག་པ་དང། སྡངས་པ་དང། སྤུ་ [252A]༄༅། །ཟིང་ཞེས་བྱེད་པ་དེ་དག་བསལ་ནས་ལྷོ་ལམ་དེ་ཉིད་དུ་སོང་བ་དང། དེས་དེ་ན་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་འཕང་མཐོ་བ། ཐ་གྲུ་ཆེ་བ་ཞིག་མཐོང་ནས། དེ་གྲོང་ཁྱེར་དེ་ལ་སྒེའུ་ཆུང་ འགའ་ཞིག་ཡོད་དམ་སྙམ་ནས། ཁོ་ར་ཁོར་ཡུག་ཏུ་བྱུལ་ན། དེས་གྲོང་ཁྱེར་དེའི་ཁོར་ཁོར་ཡུག་ཏུ་བྱུལ་བ་ན་གྲོང་ཁྱེར་དེ་ལ་ཐ་ན་བྱི་ལ་འཛུལ་བ་ཙམ་གྱི་སྒེའུ་ཆུང་ཡང་མ་རྙེད་དོ་།དེའི་བྱང་ཕྱོགས་ཀྱི་ ངོས་ན་ཤིང་ལྗོན་པ་ཤི་རི་ཤ་ཆེན་པོ་འཕང་མཐོ་བ། ཐ་གྲུ་ཆེ་བ་དག་ཡོད་ནས་དེ་ཤིང་ལྗོན་པ་ཤི་རི་ཤ་ཆེན་པོ་འཕང་མཐོ་བ། ཐ་གྲུ་ཆེ་བ་དེ་ལ་འཛེགས་ཏེ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེ་ལ་འདི་སྐད་ཅེས་སྨྲས་ སོ༑ ༑ཤེས་ལྡན་དག། ཁྱེད་ཅིའི་ཕྱིར་ཀྱི་ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་ཕུ་ནུ། ཀྱི་ཧུད་བུ་སྲིང། ཀྱི་ཧུད་ཛམྦུའི་གླིང་དགའ་བར་འགྱུར་པ་སྣ་ཚོགས། ཛམྦུའི་གླིང་དགའ་བར་འགྱུར་བ་ཁྱོད་ཀྱིས་བདག་ཅག་སྤངས་ སམ་ཞེས་ཤིན་ཏུ་སྨྲེ་སྔགས་འདོན་པར་བྱེད། དེ་དག་གིས་སྨྲས་པ་བཟོད་ལྡན། ཁོ་བོ་ཅག་ནི། ཛམྦུའི་གླིང་པའི་ཚོང་པ་ནོར་སྒྲུབ་པ་རྒྱ་མཚོའི་གྲུ་བསྒྲུབས་ཏེ་རྒྱ་མཚོ་ཆེན་པོར་འཇུག་འདོད་ནས་ཁོ་ བོ་ཅག་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག། བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་རྣམས་ལ་འདི་ལྟ་སྟེ། ཕན་ཚུན་བདེ་བ་ཉིད་ཀྱིས་ངེས་པར་རྒལ་བར་ཤེས་པར་དཀའི། བདག་ཅག་ནོར་ སྒྲུབ་པ་དག་གིས་སོ་སོ་སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུར་རྐྱལ་པ་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་པར་བྱའི། བདག་ཅག་ལས། ཁ་ཅིག་གིས་ནི། ཤལ་མ་ལའི་སྤང་ལེབ་དག་བཀུར། ཁ་ཅིག་ [252B] སྔས་ཤིང་བལ་ཅན་དག་བཀུར། ཁ་ཅིག་གིས་ནི། ཀུ་བའི་གཟིངས་དག་བཀུར། ཁ་ཅིག་གིས་ནི། ར་རྐྱལ་དག་བཀུར་རོ་།སྙམ་ནས། དེ་ནས་ནོར་སྒྲུབ་པ་བདག་ཅག་གིས་དེ་ལྟར་སོ་སོར་ བརྟགས་ནས་སོ་སོ་དག་ནས་ཕོངས་པའི་དོན་དུ་ཆུ་རྐྱལ་པ་ཁ་ཅིག་གིས་ནི། ཤལ་མ་ལའི་སྤང་ལེབ་དག་ཁ་ཅིག་གིས་ནི། སྔས་ཤིང་བལ་ཅན་དག་ཁ་ཅིག་གིས་ནི། ཀུ་བའི་གཟིངས་དག། ཁ་ཅིག་གིས་ནི་ ར་རྐྱལ་དག་ཁྱེར་ནས་རྒྱ་མཚོ་ཆེན་པོར་ཞུགས་སོ། །བདག་ཅག་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་ན་ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བཅག་གོ་བདག་ཅག་རྒྱ་མཚོའི་གྲུ་བཅག་པ་ན་སོ་སོ་སོ་སོ་དག་ནས་ ཕོངས་པའི་དོན་དུ་ཆུར་རྐྱལ་པ་ཁྱེར་ཏེ་འོངས་པ་དག་ལ་ཞོན་ཏེ་འདི་ལྟ་སྟེ། ཁ་ཅིག་གིས་ནི། ཤལ་མ་ལའི་སྤང་ལེབ་དག་ལ་ཞོན་ཁ་ཅིག་གིས་ནི། སྔས་ཤིང་བལ་ཅན་དག་ལ་ཞོན། ཁ་ཅིག་གིས་ནི་ཀུ་ བའི་གཟིངས་དག་ལ་ཞོན། ཁ་ཅིག་གིས་ནི། ར་རྐྱལ་དག་ལ་ཞོན་ཏེ་ཆུའི་སྟེང་ན་འཕྱོའོ། །བདག་ཅག་གི་ལས་ཀྱི་རྣམ་པར་སྨིན་པས་བྱང་ཕྱོགས་ནས་རླུང་ལངས་ནས། དེས་བདག་ཅག་ལྷོ་ཕྱོགས་ཀྱི་ འགྲམ་དུ་བདས་པ་དང། ཟངས་གླིང་འདི་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་འཁོད་པ་དེ་དག་བདག་ཅག་ཚོང་པ་གྲུ་ཆག་པ་རྣམས་ལ་གཏམ་སྙན་པ་དང། དགའ་བའི་ཚུལ་གྱིས་སླུ་བར་བྱེད་དོ། ། དེ་དག་ལ་རྒྱལ་མཚན་དགའ་བའི་གནས་དང་མཐུན་པ་དང། ཕོངས་པའི་གནས་དང་མཐུན་པ་གཉིས་ཡོད་དེ། ཇི་ཙམ་ན་དགའ་བའི་གནས་དང་མཐུན་པའི་རྒྱལ་མཚན་གཡོ་བར་བརྩམས་པ་དང། དེ་དག་ [253A]༄༅། །གིས་སྨྲས་པ། ཕུ་ནུ་མོ་དག། དགའ་བའི་གནས་དང་མཐུན་པའི་རྒྱན་མཚན་གཡོས་པས། ཛམྦུའི་གླིང་པའི་ཚོང་པ་དག་གིས་རྒྱ་མཚོའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་ ཏེ་འོང་གོར་མ་ཆག་གི། བཙལ་ལོ། །ཞེས་དེ་དག་གིས་རྒྱ་མཚོའི་འགྲམ་དུ་བཙལ་བར་བརྩམས་པ་དང། ཇི་ཙམ་ན་བདག་ཅག་ཚོང་པ་ཕལ་པོ་ཆེའི་ཚོགས་ཆུར་རྐྱལ་པ་སྣ་ཚོགས་དག་གིས་རྐྱལ་ཞིང་ འོང་བ་མཐོང་ངོ། །མཐོང་ནས་ཀྱང་བདག་ཉིད་གཟུགས་བཟང་མོར་མངོན་པར་སྤྲུལ་ནས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་ལྷའི་གོས་དང། ཕྲེང་བ་རྒྱུས་ཀླུབས་ནས་རྒྱ་མཚོའི་འགྲམ་ནས་འབོད་པར་ བརྩམས་པ། ཇོ་བོ་དག་ཚུར་སྤྱོན། བཞིན་བཟང་དག་ཚུར་སྤྱོན་བདག་ཅག་ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་མཛོད་ཅིག་།བདག་པོ་མ་མཆིས་པ་རྣམས་ཀྱི་བདག་པོ་མཛོད་ཅིག་ གནས་མ་མཆིས་པ་རྣམས་ཀྱི་གནས་མཛོད་ཅིག་གླིང་མ་མཆིས་པ་རྣམས་ཀྱི་གླིང་མཛོད་ཅིག་སྐྱོབ་པ་མ་མཆིས་པ་རྣམས་ཀྱི་སྐྱོབ་པ་མཛོད་ཅིག་སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་ མཛོད་ཅིག་དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་མཛོད་ཅིག་འདི་དག་ནི། ཁྱེད་ཀྱི་ཟས་ཀྱི་གནས་དག་དང། སྐོམ་གྱི་གནས་དག་དང། གོས་ཀྱི་གནས་དག་དང། གནས་ མལ་གྱི་གནས་དག་དང། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་དང་ནགས་ཚལ་དགའ་བར་འགྱུར་བ་དག་དང། རྫིང་བུ་དགའ་བར་འགྱུར་བ་དག་དང། ཛམྦུའི་གླིང་པའི་རིན་པོ་ [253B] ནོར་བུ་དག་དང། མུ་ཏིག་དག་དང་བཻ་ཌཱུརྱ་དག་དང། མན་ཤེལ་དཀར་པོ་དག་དང། བྱི་རུ་དག་དང་དངུལ་དག་དང། གསེར་དག་དང། རྡོའི་སྙིང་པོ་དག་དང། སྦུག་དག་དང་ དམར་པོ་དག་དང། གཡས་སུ་འཁྱིལ་བ་དག་ལགས་ཀྱི། ཁྱེད་ཅག་ཚུར་སྤྱོན། བདག་ཅག་དང་ལྷན་ཅིག་རྩེ་བ་དང། དགའ་བ་དང། དགའ་མགུར་སྤྱོད་པར་མཛོད་ཅིག་ཁྱེད་ཅག་ལས། འགའ་ ཡང་ཤིན་ཏུ་མྱོས་པར་གྱུར་ཀྱང་ལྷོ་ལམ་དུ་འགྲོ་བར་མི་བྱའོ་།ཞེས་ཟེར་རོ། །བདག་ཅག་སྲིན་མོ་དེ་དག་གིས་བརྗོད་པ་ན། རྒྱ་མཚོ་ཆེན་པོ་ལས་བརྒལ་ཏེ་དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་ བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །བདག་ཅག་དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དག་ལ་བརྟེན་པའི་རྒྱུ་ལས་བུ་དང་བུ་མོ་དག་ཀྱང་བྱུང་ངོ། ། བུད་མེད་དེ་དག་བདག་ཅག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ན། ཇི་སྲིད་དུ་ཛམྦུའི་གླིང་པའི་ཚོང་པ་མང་པོ་གཞན་དག་ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་ བཅག་སྟེ་འོང་བར་མ་ཐོས་ཀྱི་བར་དུ་དེ་དག་བདག་ཅག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ་།གང་གི་ཚེ་དེ་དག་གིས་ཛམྦུའི་གླིང་པའི་ཚོང་པ་མང་པོ་གཞན་ དག་ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བཅག་སྟེ་འོང་བར་ཐོས་པ་དེའི་ཚེ་ན། དེ་དག་བདག་ཅག་གི་གན་དུ་འོངས་ཤིང་བདག་ལས་གཞན་དག་ཟོས་ནས་འདི་ལྟས་སྐྱེས་བུ་ཟ་བ་ན། སྐྲ་དང་ [254A]༄༅། །སྦུ་དང། སེན་མོ་དང། སོའི་ལྷག་མ་གང་དག་ཡིན་པ་དེ་དག་ཀྱང་མ་ལུས་པར་ཟ་བར་བྱེད་ཅིང། དེ་དག་སྐྱེས་བུ་ཟ་བ་ན་ཁྲག་དྲོན་མོའི་ཐིགས་པ་ས་ལ་ལྷུང་བ་གང་དག་ ཡིན་པ་དེ་དག་ཀྱང་སོར་མོའི་རྩེ་མོས་བྱོགས་ཤིང་བྱོགས་ཤིང་དང་བཅས་བཞིན་དུ་ཁར་འཛུད་པར་བྱེད་དོ། །མ་ཟོས་པ་དེ་དག་གི་ལྷག་མ་ནི། ཁོ་བོ་ཅག་ཡིན་ཏེ། ལྕགས་ཀྱི་མཁར་ཆེན་པོ་འདིར་ བཅུག་སྟེ། བཟོད་ལྡན། བུད་མེད་དེ་དག་ནི། སྲིན་མོ་ཡིན་གྱི། བཟོད་ལྡན། ཁྱོད་ཀྱང་བདག་ཉིད་སྲུངས་ཤིག། སིངྒ་ལས་སྨྲས་པ་ཤེས་ལྡན་དག། གང་གིས་ཁྱེད་ཅག་དང། ཁོ་བོ་ཅག་བདེ་ ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་འགའ་ཡོད་དམ། དེ་དག་གིས་སྨྲས་པ། བཟོད་ལྡན། ཁོ་བོ་ཅག་ལ་ནི། གང་གིས་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་ གླིང་དུ་ཕྱིན་པར་འགྱུར་བའི་ཐབས་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གིས་གལ་ཏེ་འདི་སྙམ་དུ། ཀྱེ་མ། བདག་ཅག་ལྕགས་ཀྱི་གྲོང་ཁྱེར་འདིའི་འོག་བརྟོལ་ཏེ་འབྲོས་སོ། ། སྙམ་ན་དེ་འོག་ཉིས་འགྱུར་སུམ་འགྱུར་དུ་སྐྱེ་ལ། གལ་ཏེ་འདི་སྙམ་དུ། ཀྱེ་མ། བདག་ཅག་ལྕགས་ཀྱི་གྲོང་ཁྱེར་འདིའི་སྟེང་ནས་བརྒལ་ཏེ་འབྲོས་སོ། །སྙམ་ནས། དེའི་སྟེང་ཉིས་འགྱུར་སུམ་འགྱུར་ དུ་སྐྱེ་བའི་ཕྱིར་ཏེ། བཟོད་ལྡན། དེའི་ཕྱིར་ཁོ་བོ་ཅག་ལ་གང་གིས་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་འགའ་ཡང་མེད་དོ། །ཁྱེད་ཅག་ལ་ནི། གང་གིས་ [254B] བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་ཡོད་དོ། །ཤེས་ལྡན་དག། གང་གིས་ཁོ་བོ་ཅག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་ དེ་གང་ཡིན། བཟོད་ལྡན། འདི་ན་བདག་ཅག་གི་སྟེང་ན་ལྷ་དག་རྣམ་པར་རྒྱུ་བའི་སྒྲ་ཐོས་པས། ཀྱེ་ཛམྦུ་གླིང་པའི་ཚོང་པ་བྱིས་པ་དང། འདི་ཉིད་ཀྱི་གསོ་སྦྱོང་བཅོ་ལྔ་པ་ལ་བྱང་ལམ་དུ་དེངས་ཤིག་ དང། དེ་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟོས་ནས་བདེ་བ་དང། ནད་མེད་པ་དང། སྟོབས་དང་ལྡན་པ་དང། དབང་པོ་ཚིམ་པས་ངོ་སྟོད་བསྲང་སྟེ་ ཕ་རོལ་ཏུ་སུ་འགྲོ། ཕ་རོལ་ཏུ་སུ་འགྲོ། སུ་ཞིག་ཕ་རོལ་ཏུ་བཀུར་བར་བྱ། སུ་ཞིག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་བྱ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་ ཀྱི༑ ཁྱེད་ཅག་དེའི་གན་དུ་སོང་ལ་འདི་སྐད་ཅེས། བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་ཁྱེར་ཅིག་བདག་ཅག་བདེ་ལེགས་དང། བདེ་བ་དག་ཏུ་ ཛམྦུའི་གླིང་དུ་ཕྱིན་པར་གྱིས་ཤིག། ཅེས་བརྗོད་པར་བྱའོ། །ཞེས་ཟེར་བ་ཐོས་ཀྱི། བཟོད་ལྡན། གང་གིས་ཁྱེད་ཅག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་གྱུར་པའི་ཐབས་ ནི༑ དེ་ཡིན་ནོ། །དེ་ནས་དེད་དཔོན་སིངྒ་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྨྲས་པའི་ཚིག་དེ་ལེགས་པར་ཤིན་ཏུ་བཟུང་སྟེ་ཀུན་ཆུབ་པར་བྱས་ནས་ཁད་ཀྱིས་དལ་བུ་དལ་བུས་ཤིང་ལྗོན་པ་ཤི་རི་ [255A]༄༅། །ཤ་ཆེན་པོ་དེ་ལས་བབས་ནས་ཡང་མལ་དེ་ཉིད་དུ་སོང་ངོ། །དེ་ནས་དེད་དཔོན་སིངྒ་ལས་བུད་མེད་གང་དང་ལྷན་ཅིག་ཉལ་བ་དེ་གཉིད་ལོག་ཅིང་མལ་དུ་ཞུགས་པར་རིག་ནས་ ཁད་ཀྱིས་དལ་བུ་དལ་བུས་ཉལ་ལོ། །དེ་ནས་དེད་དཔོན་སིངྒ་ལ་ནང་པར་སྔར་ལངས་ཏེ་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་ འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཚུར་ཤོག་སྐྱེད་མོས་ཚལ་དབེན་པ་ཞིག་ཡོད་པ་དེར་ཁོ་བོ་ཁྱེད་ཅག་དང་ཕག་ཏུ་གསང་སྟེ་སྨྲ་བ་ཅུང་ཞིག་ཡོད་ཀྱི། ཁྱེད་ཅག་ལས་གང་གིས་ཀྱང་ ཤིན་ཏུ་མྱོས་པར་གྱུར་ན་ཡང་ཁྱེའུ་དང་བུ་མོ་དག་ཁྲིད་དེ་མ་འོངས་ཤིག། དེ་ནས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ནང་པར་སྔར་ལངས་ནས་སྐྱེད་མོས་ཚལ་དབེན་པ་ག་ལ་བ་དེར་སོང་ངོ། །དེ་ནས་ དེད་དཔོན་སིངྒ་ལས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེ་དང་བར་སྐབས་སུ་གཏམ་ཅི་བྱས་པ་དེ་དག་ཐམས་ཅད་རྒྱས་པར་བརྗོད་ནས་སྨྲས་པ། ཤེས་ལྡན་དག་ འདི་དག་ནི། བུད་མེད་མ་ཡིན་གྱི། འདི་དག་ནི། སྲིན་མོ་ཡིན་པས་བདག་ཉིད་སྲུང་ཤིག་དེ་ནས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་དག་དེ་ཉིད་ཀྱི་གསོ་སྦྱོང་བཅོ་ལྔ་པ་ལ་བྱང་ལམ་དུ་དོང་ངོ། །དེའི་ ཚེ་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟ་ཞིང་འདུག་གོ། ཚོང་པ་བརྟག་པའི་རང་བཞིན་ཅན་ཞིག་གིས། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་མ་རྨོས་མ་ [255B]།མཐོང་ནས་ཀྱང་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་འདི་མ་ རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟ་ཞིང་འདུག་གི། འདིའི་གན་དུ་སོང་ལ་འདི་སྐད་ཅེས། བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་ཁྱེར་ཅིག། བདག་ ཅག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་གྱིས་ཤིག། ཅེས་བརྗོད་པར་བྱའོ། །དེ་ནས་དེད་དཔོན་སིངྒ་ལས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་འདི་སྐད་ཅེས་སྨྲས་སོ་།ཤེས་ལྡན་ དག། ཁོ་བོས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེས་སྨྲས་པའི་དོན་ཤེས་པས། ད་དུང་བདག་ཅག་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་གན་དུ་སོང་སྟེ་འདི་སྐད་ཅེས། བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་ རོལ་དུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་ཁྱེར་ཅིག། བདག་ཅག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་གྱིས་ཤིག་ཅེས་བརྗོད་པར་བྱ་བའི་དུས་ལ་མ་བབ་བོ། །འདི་ལྟར་ཁོ་བོ་ཕལ་པོ་ ཆེའི་ཚོགས་དེས་སྨྲས་པའི་དོན་ཤེས་ཏེ། གང་གི་ཚེ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟོས་ནས་བདེ་བ་དང། ནད་མེད་པ་དང། སྟོབས་དང་ལྡན་པ་དང་དབང་ པོ་ཚིམ་པས་རོ་སྟོད་བསྲང་སྟེ། ཕ་རོལ་ཏུ་སུ་འགྲོ། ཕ་རོལ་ཏུ་སུ་འགྲོ། སུ་ཞིག་ཕ་རོལ་དུ་བཀུར་བར་བྱ། སུ་ཞིག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་བྱ་ཞེས་ལན་གསུམ་ཆེད་ [256A]༄༅། །དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་པ་དེའི་ཚེ་ན། བདག་ཅག་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་གན་དུ་སོང་སྟེ་འདི་སྐད་ཅེས། བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་ རོལ་ཏུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་ཁྱེར་ཅིག་བདག་ཅག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ ཅན་གྱིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟོས་ནས་བདེ་བ་དང། ནད་མེད་པ་དང། སྟོབས་དང་ལྡན་པ་དང། དབང་པོ་ཚིམ་པས་རོ་སྟོད་བསྲང་སྟེ། ཕ་རོལ་ཏུ་སུ་འགྲོ། ཕ་རོལ་ཏུ་སུ་འགྲོ། སུ་ ཞིག་ཕ་རོལ་ཏུ་བཀུར་བར་བྱ། སུ་ཞིག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་བྱ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེ་ནས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་ མང་པོ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་ཁྱེར་ཅིག་བདག་ཅག་བདེ་ ལེགས་དང། བདེ་བ་དག་ཏུ་འྫམྦུའི་གླིང་དུ་ཕྱིན་པར་གྱིས་ཤིག་།དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་ཤེས་ལྡན་དག་བུད་མེད་དེ་དག་ཆེས་གཟུགས་ [256B] ཆེས་བལྟ་ན་སྡུག་པ་དང། ཆེས་མཛེས་པར་བསྒྱུར་པ་ན་ཁྱེའུ་དང་བུ་མོ་དག་ཐོགས་ཏེ་འདི་སྐད་ཅེས། ཇོ་བོ་དག་ཚུར་སྤྱོན། བཞིན་བཟང་དག་ཚུར་སྤྱོན། བདག་ཅག་ཁྱིམ་ཐབ་མ་མཆིས་པ་ རྣམས་ཀྱི་ཁྱིམ་ཐབ་མཛོད་ཅིག་བདག་པོ་མ་མཆིས་པ་རྣམས་ཀྱི་བདག་པོ་མཛོད་ཅིག་གནས་མ་མཆིས་པ་རྣམས་ཀྱི་གནས་མཛོད་ཅིག་།གླིང་མ་མཆིས་པ་རྣམས་ཀྱི་གླིང་མཛོད་ཅིག་སྐྱོབ་པ་མ་མཆིས་པ་ རྣམས་ཀྱི་སྐྱོབ་པ་མཛོད་ཅིག་སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་མཛོད་ཅིག་དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་མཛོད་ཅིག་འདི་དག་ནི། ཁྱེད་ཀྱི་ཟས་ཀྱི་གནས་དག་དང། སྐོམ་གྱི་ གནས་དག་དང། གོས་ཀྱི་གནས་དག་དང། གནས་མལ་གྱི་གནས་དག་དང་ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་དང། ནགས་ཚལ་དགའ་བར་འགྱུར་བ་དག་དང། རྫིང་བུ་དགའ་བར་འགྱུར་བ་ དག་དང། ཛམྦུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང། མུ་ཏིག་དག་དང། བཻ་ཌཱུརྱ་དག་དང། མན་ཤེལ་དཀར་པོ་དག་དང། བྱི་རུ་དག་དང། དངུལ་དག་དང། གསེར་དག་དང་རྡོའི་སྙིང་ པོ་དག་དང། སྤུག་དག་དང། དམར་པོ་དག་དང། གཡས་སུ་འཁྱིལ་བ་དག་ལགས་ཀྱི། ཚུར་སྤྱོན། ཁྱེད་ཅག་བདག་ཅག་དང་ལྷན་ཅིག་རྩེ་བ་དང། དགའ་བ་དང། དགའ་མགུར་སྤྱོད་པར་མཛོད་ ཅིག་གལ་ཏེ་ཁྱེ་གཅག་ལས་སུ་ཡང་བདག་ཅག་དོན་དུ་མི་གཉེར་ན། རེ་ཞིག་རང་རང་གི་ཁྱེའུ་དང། བུ་མོ་འདི་དག་བསྣམས་ཏེ་བཞུད་ཅིག་ཅེས་ཟེར་བར་འགྱུར་གྱི། དེ་ལ་ཁྱེད་ཅག་ལས་གང་དག་འདི་སྙམ་དུ་ [257A]༄༅། །བདག་གི་ཆུང་མའམ། བུའམ། བུ་མོའམ། ཟས་ཀྱི་གནས་དག་གམ། སྐོམ་གྱི་གནས་དག་གམ། གོས་ཀྱི་གནས་དག་གམ། གནས་མལ་གྱི་གནས་དག་གམ། ཀུན་དགའ་ ར་བ་དགའ་བར་འགྱུར་བ་དག་གམ། ནགས་ཚལ་དགའ་བར་འགྱུར་བ་དག་གམ། རྫིང་བུ་དགའ་བར་འགྱུར་བ་དག་གམ། ཛམྦུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང། མུ་ཏིག་ དག་དང། བཻ་ཌཱུརྱ་དག་དང། མན་ཤེལ་དཀར་པོ་དག་དང། བྱི་རུ་དག་དང། དངུལ་དག་དང། གསེར་དག་དང། རྡོའི་རྙིང་པོ་དག་དང། སྤུག་དག་དང། དམར་པོ་དག་དང། གཡས་སུ་འཁྱིལ་བ་ དག་ཡིན་ནོ། །སྙམ་དུ་སེམས་པ་དེ་དག་ནི། ངའི་ཤུལ་ལམ། རྒྱབ་ཏུ་ཞོན་པར་གྱུར་ཏུ་ཟིན་ཀྱང་དེ་དག་ཤིང་ཐོག་སྨིན་པ་རྩ་བ་དག་ལས་འབྲུལ་བ་བཞིན་དུ་ལྟུང་བར་འགྱུར་ཞིང། བུད་མེད་དེ་དག་འོངས་ ཤིང་འོངས་ཤིང་ཟ་བར་འགྱུར་ཏེ། འདི་ལྟར་སྐྱེས་བུ་ཟ་བ་ན་སྐྲ་དང། སྤུ་དང། སེན་མོ་དང། སོའི་ལྷག་མ་གང་དག་ཡིན་པ་དེ་དག་ཀྱང་མ་ལུས་པར་ཟ་བར་འགྱུར་ལ། དེ་དག་སྐྱེས་བུ་ཟ་བ་ ན་ཁྲག་དྲོན་མོའི་ཐིགས་པ་ས་ལ་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་སོར་མོའི་རྩེ་མོས་བྱོགས་ཤིང་བྱོགས་ཤིང་ས་དང་བཅས་པར་ཁར་འཇུག་པར་འགྱུར་རོ། །དེ་ལ་ཁྱེད་ཅག་ལས་གང་དག་འདི་ སྙམ་དུ། བདག་གི་ཆུང་མའམ། བུའམ། བུ་མོའམ། ཟས་ཀྱི་གནས་དག་གམ། སྐོམ་གྱི་གནས་དག་གམ། གོས་ཀྱི་གནས་དག་གམ། གནས་མལ་གྱི་གནས་དག་གམ། ཀུན་དགའ་ར་ [257B] ནགས་ཚལ་དགའ་བར་འགྱུར་བ་དག་གམ། རྫིང་བུ་དགའ་བར་འགྱུར་བ་དག་གམ། ཛམྦུའི་གླིང་བའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དང། མུ་ཏིག་དག་དང། བཻ་ ཌཱུརྱ་དག་དང། མན་ཤེལ་དཀར་པོ་དག་དང། བྱི་རུ་དག་དང་དངུལ་དག་དང། གསེར་དག་དང། རྡོའི་སྙིང་པོ་དག་དང། སྦུག་དང། དམར་པོ་དག་དང། གཡས་སུ་འཁྱིལ་བ་དག་ཡིན་ནོ། ། སྙམ་དུ་མི་སེམས་པ་དེ་དག་ནི། ངའི་སྦུ་དག་ལ་འཇུས་པར་གྱུར་ཏུ་ཟིན་ཀྱང་དེ་དག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་འགྱུར་རོ། །ཞེས་ལེགས་པར་ཤིན་ཏུ་ཡང་དག་པར་བསྒོ་ ཡང་དག་པར་བསྟན་ཏོ། །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ལ་ལེགས་པར་ཤིན་ཏུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས་རྒྱབ་བཟེད་པ་ དང། དེ་ནས་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་དག་ལས་ཁ་ཅིག་ནི། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་རྒྱབ་ཏུ་ཞོན་ཁ་ཅིག་ནི། ཤུལ་དུ་ཞོན། ཁ་ཅིག་ནི། སྤུ་དག་ལ་འཇུས་སོ། །དེ་ ནས་རྟའི་རྒྱལ་པོའི་སྤྲིན་གྱི་ཤུགས་ཅན་གྱིས་མཐར་གྱིས་ལུས་མཐུ་དང་སྟོབས་བསྐྱེད་ནས་དེའི་འོག་ཏུ་སྟེང་གི་ནམ་མཁའ་ལ་སོང་ངོ་།སྲིན་མོ་དེ་དག་ཕོངས་པའི་གནས་དང་མཐུན་པའི་རྒྱལ་མཚན་ གཡོ་བར་བརྩམས་པ་དང། དེ་དག་གིས་བསམ་པ། འདི་ལྟར། བདག་ཅག་གི་ཕོངས་པའི་གནས་དང་མཐུན་པའི་རྒྱལ་མཚན་གཡོས་པ་ལས་ན་ཛམྦུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ [258A]༄༅། །དག་བྱེར་བར་གྱུར་གོར་མ་ཆག་སྙམ་ནས་དེ་དག་དེ་ནས་ཆེས་གཟུགས་བཟང་བ་དང། ཆེས་བལྟ་ན་སྡུག་པ་དང། ཆེས་མཛེས་པར་བསྒྱུར་ནས་ཁྱེའུ་དང་བུ་མོ་དག་ཐོགས་ ཏེ་འདི་སྐད་ཅེས། ཇོ་བོ་དག་ཚུར་སྤྱོན། བཞིན་བཟང་དག་ཚུར་སྤྱོན། བདག་ཅག་ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་མཛོད་ཅིག་བདག་པོ་མ་ཡིན་པས་རྣམས་ཀྱི་བདག་པོ་མཛོད་ ཅིག་གནས་མ་མཆིས་པ་རྣམས་ཀྱི་གནས་མཛོད་ཅིག་གླིང་མ་མཆིས་པ་རྣམས་ཀྱི་གླིང་མཛོད་ཅིག་སྐྱོབ་པ་མ་མཆིས་པ་རྣམས་ཀྱི་སྐྱོབ་པ་མཛོད་ཅིག་སྐྱབས་མ་མཆིས་པ་རྣམས་ཀྱི་ སྐྱབས་མཛོད་ཅིག་དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་མཛོད་ཅིག་འདི་དག་ནི། ཁྱོད་ཀྱི་ཟས་ཀྱི་གནས་དག་དང། སྐོམ་གྱི་གནས་དག་དང། གོས་ཀྱི་གནས་དག་དང་ གནས་མལ་གྱི་གནས་དག་དང། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་དང། ནགས་ཚལ་དགའ་བར་འགྱུར་བ་དག་དང། རྫིང་བུ་དགའ་བར་འགྱུར་བ་དག་དང། ཛམྦུའི་གླིང་པའི་རིན་ པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང། མུ་ཏིག་དག་དང། བཻ་ཌཱུརྱ་དག་དང། མན་ཤེལ་དཀར་པོ་དག་དང། བྱི་རུ་དག་དང་དངུལ་དག་དང། གསེར་དག་དང། རྡོའི་སྙིང་པོ་དག་དང་ སྤུག་དག་དང། དམར་པོ་དག་དང། གཡས་སུ་འཁྱིལ་བ་དག་ལགས་ཀྱི་ཚུར་སྤྱོན། ཁྱེད་ཅག་བདག་ཅག་དང་ལྷན་ཅིག་རྩེ་བ་དང། དགའ་བ་དང། དགའ་མགུར་སྤྱད་པ་མཛོད་ཅིག་ [258B] རེ་ཞིག་རང་རང་གི་ཁྱེའུ་དང་བུ་མོ་འདི་དག་བསྣམས་ཏེ་བཞུད་ཅིག་།ཅེས་ཟེར་རོ། །དེ་ལ་དེ་དག་ལས། གང་དག་འདི་སྙམ་དུ། བདག་གི་ ཆུང་མའམ། བུའམ། བུ་མོའམ། གོས་ཀྱི་གནས་དག་གམ། གནས་མལ་གྱི་གནས་དག་གམ། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་གམ། ནགས་ཚལ་དགའ་བར་འགྱུར་བ་དག་གམ་ རྫིང་བུ་དགའ་བར་འགྱུར་པ་དག་གམ། ཛམྦུའི་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང། མུ་ཏིག་དག་དང། བཻ་ཌཱུརྱ་དག་དང། མན་ཤེལ་དཀར་པོ་དག་དང། བྱི་རུ་དག་དང་ དངུལ་དག་དང། གསེར་དག་དང། རྡོའི་སྙིང་པོ་དག་དང། སྤུག་དག་དང། དམར་པོ་དག་དང། གཡས་སུ་འཁྱིལ་བ་དག་ཡིན་ནོ། །སྙམ་དུ་སེམས་པ་དེ་དག་ནི། དེའི་ཤུལ་ལམ། རྒྱབ་ཏུ་ཞོན་ པར་གྱུར་ཏུ་ཟིན་ཀྱང་དེ་དག་ཤིང་ཐོག་སྨིན་པ་རྩ་བ་དག་ལས་འབྲུལ་བ་བཞིན་དུ་ལྟུང་བར་གྱུར་ཅིང། བུད་མེད་དེ་དག་འོངས་ཤིང་འོངས་ཤིང་ཟོས་པར་གྱུར་ཏེ། འདི་ལྟར། སྐྱེས་བུ་ཟ་བ་ན་སྐྲ་ དང། སྤུ་དང། སེན་མོ་དང། སོའི་ལྷག་མ་གང་དག་ཡིན་པ་དེ་དག་ཀྱང་མ་ལུས་པར་ཟོས་པར་གྱུར་ལ། དེ་དག་སྐྱེས་བུ་ཟ་བ་ན། ཁྲག་དྲོན་མོའི་ཐིགས་པ་ས་ལ་ལྟུང་བ་གང་དག་ཡིན་པ་དེ་དག་ ཀྱང་སོར་མོའི་རྩེ་མོས་བྱོགས་ཤིང་བྱོགས་ཤིང་ས་དང་བཅས་པར་ཁར་འཇུག་པར་གྱུར་ཏོ། །དེ་ལ་དེ་དག་ལས། གང་དག་འདི་སྙམ་དུ་བདག་གི་ཆུང་མའམ། བུའམ། བུ་མོའམ། ཟས་ཀྱི་ [259A]༄༅། །གནས་དག་གམ། སྐོམ་གྱི་གནས་དག་གམ། གོས་ཀྱི་གནས་དག་གམ། གནས་མལ་གྱི་གནས་དག་གམ། ཀུན་དགའ་ར་བ་དགའ་བར་འགྱུར་བ་དག་གམ། ནགས་ཚལ་དགའ་ བར་འགྱུར་བ་དག་གམ། རྫིང་བུ་དགའ་བར་འགྱུར་པ་དག་གམ་།ཛམྦུ་གླིང་པའི་རིན་པོ་ཆེ་མང་པོ་འདི་ལྟ་སྟེ། ནོར་བུ་དག་དང། མུ་ཏིག་དག་དང། བཻ་ཌཱུརྱ་དག་དང། མན་ཤེལ་དཀར་པོ་ དག་དང། བྱི་རུ་དག་དང། དངུལ་དག་དང། གསེར་དག་དང། རྡོའི་སྙིང་པོ་དག་དང། སྤུག་དག་དང། དམར་པོ་དག་དང། གཡས་སུ་འཁྱིལ་བ་དག་ཡིན་ནོ། །སྙམ་དུ་མི་སེམས་པ་དེ་དག་ནི། དེའི་སྤུ་ དག་ལ་འཇུས་པར་གྱུར་ཏུ་ཟིན་ཀྱང་དེ་དག་བདེ་ལེགས་དང། བདེ་བ་དག་ཏུ་ཛམྦུའི་གླིང་དུ་ཕྱིན་པར་གྱུར་ཏོ། །དགེ་སློང་དེ་དག་དེ་བཞིན་དུ་ཁྱེད་ཅག་ལས། གང་དག་བདག་མིག་གོ་བདག་གི་མིག་ གོ་བདག་རྣ་བའི། །སྣའོ། །ལྕེའོ། །ལུསོ། ཡིད་དོ། བདག་གི་ཡིད་དོ་།བདག་གཟུགས་སོ། །བདག་གི་གཟུགས་སོ། །བདག་སྒྲའོ། །དྲིའོ། རོའོ་རེག་བྱའོ། ཆོས་སོ། །བདག་གིས་ཆོས་སོ། ། བདག་སའི་ཁམས་སོ། །བདག་གི་སའི་ཁམས་སོ། །བདག་ཆུའི་ཁམས་སོ་།མེའི་ཁམས་སོ། །རླུང་གི་ཁམས་སོ། །ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་སོ། །བདག་གི་རྣམ་པར་ཤེས་ པའི་ཁམས་སོ། །བདག་གཟུགས་ཀྱི་ཕུང་པོའོ། །བདག་གི་གཟུགས་ཀྱི་ཕུང་པོའོ། །བདག་ཚོར་བའི་ཕུང་པོའོ། །འདུ་ཤེས་ཀྱི་ཕུང་པོའོ་།འདུ་བྱེད་ཀྱི་ཕུང་པོའོ། །རྣམ་པར་ཤེས་པའི་ཕུང་པོའོ་ [259B] །བདག་གི་རྣམ་པར་ཤེས་པའི་ཕུང་པོའོ། །སྙམ་དུ་སེམས་པ་དེ་དག་ནི། སྲིན་མོ་རྣམས་ཀྱི་ཚོང་པ་དག་སྡུག་བསྔལ་བར་འགྱུར་བ་ཇི་བཞིན་ནོ། །དགེ་སློང་དག་ཁྱེད་ཅག་ལས། གང་དག་བདག་ མིག་གོ་བདག་གི་མིག་གོ་བདག་རྣ་བའོ། །སྣའོ། །ལྕེའོ། ལུས་སོ་ཡིད་དོ། །བདག་གི་ཡིད་དོ། །བདག་གཟུགས་སོ། །བདག་གི་གཟུགས་སོ། །བདག་སྒྲའོ། དྲིའོ། །རོའོ། རེག་བྱའོ། ཆོས་སོ། །བདག་གི་ཆོས་ སོ༑ ༑བདག་སའི་ཁམས་སོ། །བདག་གི་སའི་ཁམས་སོ། །བདག་ཆུའི་ཁམས་སོ། །མེའི་ཁམས་སོ། །རླུང་གི་ཁམས་སོ། །ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་སོ། །བདག་གི་རྣམ་པར་ ཤེས་པའི་ཁམས་སོ། །བདག་གཟུགས་ཀྱི་ཕུང་པོའོ། །བདག་གི་གཟུགས་ཀྱི་ཕུང་པོའོ། །བདག་ཚོར་བའི་ཕུང་པོའོ། འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་ཀྱི་ཕུང་པོའོ། །རྣམ་པར་ཤེས་པའི་ཕུང་པོའོ། ། བདག་གི་རྣམ་པར་ཤེས་པའི་ཕུང་པོའོ། །སྙམ་དུ་མི་སེམས་པ་དེ་དག་ནི། སྤྲིན་ཤུགས་ཅན་གྱི་ཚོང་པ་དག་བདེ་ལེགས་ཕ་རོལ་འགྲོ་བ་བཞིན། །མི་གང་བྱིས་པ་འདྲ་བ་དག། སངས་རྒྱས་བསྟན་ལ་ མ་དད་པ། །སྲིན་མོ་རྣམས་ཀྱི་ཚོང་པ་དག་སྡུག་བསྔལ་འགྱུར་བ་ཇི་བཞིན་ནོ། །མི་གང་ཤེས་རབ་ལྡན་པ་དག་སངས་རྒྱས་བསྟན་ལ་དད་བྱེད་པ། །སྤྲིན་ཤུགས་ཅན་གྱི་ཚོང་བ་དག་བདེ་ལེགས་ ཕ་རོལ་འགྲོ་བ་བཞིན། ཚོང་པ་དེ་དག་ཐམས་ཅད་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལས་ལྷུང་ནས་སྲིན་མོ་དེ་དག་གིས་ཟོས་སོ། །དེད་དཔོན་སིངྒ་ལ་འབའ་ཞིག་བདེ་ལེགས་དང། བདེ་བ་དག་ཏུ་ [260A]༄༅། །ཛམྦུའི་གླིང་དུ་ཕྱིན་ཏོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དོན་བདུན་པ། དེད་དཔོན་སིངྒ་ལའི་ཆུང་མ་སྲིན་མོ་དེ་ལ་སྲིན་མོ་གཞན་དག་གིས་སྨྲས་པ། ཁོ་མོ་ཅག་ གིས་ནི། །རང་རང་གི་ཁྱིམ་ཐབ་དག་ཟོས་ན། ཁྱོད་ཀྱིས་རང་གི་ཁྱིམ་ཐབ་བཏང་གི། གལ་ཏེ་ཇེ་ཁྲིད་དེ་འོངས་ན། དེ་ལྟ་ན་ལེགས་གལ་ཏེ་མི་འོང་ན། ཁྱོད་ཉིད་བཟའ་བར་བྱའོ། །དེ་སྐྲག་ནས་སྨྲས་པ། གལ་ཏེ་ ཁྱེད་ཅག་དེ་ལྟར་དང་ན་དུས་བྱེད་ན། མི་རིངས་པར་སྡོད་ཅིག་དང། ཁྲིད་དེ་འོང་ངོ། །དེ་དག་གིས་སྨྲས་པ། མཉེས་ཀྱི། དེ་བཞིན་གྱིས་ཤིག་དེ་མཆོག་ཏུ་འཇིགས་སུ་རུང་བའི་གཟུགས་སུ་སྤྲུལ་ནས་མྱུར་བ་ མྱུར་བ་ཁོ་ནར་སོང་སྟེ་དེད་དཔོན་སིངྒ་ལའི་མདུན་དུ་འདུག་པ་དང། དེད་དཔོན་སིངྒ་ལས་རལ་གྲི་ཤུབས་ནས་ཕྱུང་སྟེ་བསྡིགས་པ་དང། དེ་སྐྲག་སྟེ་བྲོས་སོ། །ཇི་ཙམ་ན་ཡུལ་དབུས་ནས་དོན་མཐུན་འོངས་པ་ དང༑ སྲིན་མོ་དེ་དེད་དཔོན་གྱི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། དེད་དཔོན། བདག་ནི། ཟངས་གླིང་གི་རྒྱལ་པོའི་བུ་མོ་དེད་དཔོན་སིངྒ་ལའི་མཆིས་བྲང་དུ་སྩལ་བ་ལགས་ན། དེ་རྒྱ་མཚོ་ཆེན་པོའི་ནང་ དུ་མཆིས་པའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་ནས་དེས་བདག་བཀྲ་མི་ཤིས་སོ། །ཞེས་བོར་ན། དེའི་སླད་དུ་བདག་ལ་ཐུགས་བརྩེ་བས་བཟོད་པ་བགྱིད་དུ་སྩལ་བར་ཅིག་གནང། དེས་བཟོད་པ་བྱེད་དུ་ གཞུག་གོ་ཞེས་དང་དུ་གླངས་སོ། །དེ་དེའི་གན་དུ་སོང་ནས་བག་དབབ་པའི་གཏམ་བརྗོད་པས་ཡུད་ཙམ་ཞིག་བསྡད་དེ་སྨྲས་པ། ཤེད་མཐུན། ཁྱོད་ཀྱིས་ཟངས་གླིང་གི་རྒྱལ་པོའི་བུ་མོ་བླངས་པ་དེ་ [260B]དེས་སྨྲས་པ། ཤེད་མཐུན། དེ་ནི། རྒྱལ་པོའི་བུ་མོ་མ་ཡིན་ཏེ། ཟངས་གླིང་ནས་འོངས་པའི་སྲིན་མོ་ཡིན་ནོ། །འོ་ན་འདིར་ཇི་ལྟར་འོངས་དེས་ཇི་ལྟར་གྱུར་ པ་བརྗོད་པ་དང། དེ་ཅང་མི་སྨྲ་བར་འདུག་གོ་དེད་དཔོན་སིངྒ་ལ་མཐར་གྱིས་རང་གི་ཁྱིམ་དུ་ཕྱིན་པ་དང། སྲིན་མོ་དེ་ཡང་བུ་ཐོགས་ཏེ་རྒྱལ་པོའི་ཕོ་བྲང་སེངྒེ་ལྟ་བུར་ཕྱིན་ནས་དེད་དཔོན་སིངྒ་ལའི་ཁྱིམ་གྱི་སྒོ་དྲུང་ན་ སྡོད་དོ། །སྐྱེ་བོའི་ཚོགས་ཀྱིས་ཁྱེའུ་དེ་མཐོང་ནས་བཞིན་གཟུགས་ལས་ངོ་ཤེས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག། ཁྱེའུ་འདི་ནི། དེད་དཔོན་སིངྒ་ལའི་བུ་ཡིན་པར་ཤེས་སོ། །སྲིན་མོས་སྨྲས་པ་ཤེས་ ལྡན་དག། ཁྱོད་ཀྱིས་ཤེས་ཏེ། འདི་ནི། དེའི་བུ་ཡིན་ནོ། །དེ་དག་གིས་སྨྲས་པ། སྲིན་མོ། ཁྱོད་ག་ལས་འོངས། ཁྱོད་སུའི་ཡིན། དེས་སྨྲས་པ། ཤེས་ལྡན་དག། བདག་ནི། ཟངས་གླིང་གི་རྒྱལ་པོའི་བུ་མོ་དེད་དཔོན་ སིངྒ་ལའི་ཆུང་མར་བྱིན་པ་ཡིན་ན། དེ་རྒྱ་མཚོ་ཆེན་པོར་སོང་བའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་ནས་དེས་བདག་བཀྲ་མི་ཤིས་སོ། །ཞེས་གནས་མ་ཡིན་པར་བོར་ནས་འདིར་ཇི་ལྟ་ཞིག་ཏུ་ཕྱིན་ཏེ་བུ་ཆུང་ངུ་ དང། བདག་ལ་དེད་དཔོན་སིངྒ་བཟོད་པ་བགྱིད་དུ་སྩལ་པའི་རིགས་སོ། །དེ་དག་གིས་དེའི་ཕ་མ་གཉིས་ལ་སྦྲན་པ་དང། །དེ་གཉིས་ཀྱིས་དེ་ལ་སྨྲས་པ། བུ། རྒྱལ་པོའི་བུ་མོ་དེ་མ་དོར་བར་བུ་ཆུང་ངུ་དང། ཉོན་ མོངས་མ་འདི་ལ་བཟོད་པ་གྱིས་ཤིག་ཡབ་ཡུམ་གཉིས། འདི་ནི། རྒྱལ་པོའི་བུ་མོ་མ་ལགས་ཏེ། འདི་ནི། ཟངས་གླིང་ནས་མཆིས་པའི་སྲིན་མོ་ལགས་སོ། །དེ་གཉིས་ཀྱིས་སྨྲས་པ། བུ། བུད་མེད་ལྟ་ཞིག་ [261A]༄༅། །ཐམས་ཅད་ཀྱང་སྲིན་མོ་ཡིན་གྱི། བཟོད་པ་གྱིས་ཤིག་དེས་སྨྲས་པ། ཡབ་ཡུམ་གཉིས། གལ་ཏེ་ཁྱེད་ཅག་འདི་ལ་དགྱེས་ན། འདི་ཁྱིམ་དུ་སྲེལ་ཅིག་བདག་ནི། གཞན་དུ་ མཆིའོ། །དེ་གཉིས་ཀྱིས་སྨྲས་པ། བུ། ངེད་ཀྱིས་ཁྱོད་ཀྱི་དོན་དུ་འདི་ཤིན་ཏུ་བསྲེལ་བ་ཡིན་ན། གལ་ཏེ་ཁྱོད་འདི་མི་འདོད་ན། ངེད་ཀྱིས་འདི་ཅིའི་ཕྱིར་མི་བསྐྲད་ཅེས་དེ་གཉིས་ཀྱིས་དེ་བསྐྲད་དོ། །དེ་ ནས་སྲིན་མོ་དེ་རྒྱལ་པོ་སེངྒེ་རལ་པ་ཅན་གྱི་གན་དུ་སོང་བ་དང། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྦྲན་པ། ལྷ། བུད་མེད་གཟུགས་འདི་ལྟ་བུ་ལང་ཚོ་ལ་བབ་པ་ཞིག་རྒྱལ་པོའི་ཆབ་སྒོ་ན་སྡོད་དོ། །རྒྱལ་ པོས་སྨྲས་པ། བལྟའི། འཇུག་ཏུ་ཆུག་ཅིག་དེ་དག་གིས་དེ་འཇུག་ཏུ་བཅུག་གོ་བུད་མེད་ཀྱི་གཟུགས་ནི། དབང་པོ་རྣམས་འཕྲོག་པ་ཡིན་པས་རྒྱལ་པོས་དེ་མཐོང་ནས་འདོད་ཆགས་ཀྱིས་གཟིར་བས་ འོངས་པ་ལེགས་སོ། །ཞེས་བྱ་བའི་ཀུན་ཏུ་སྤྱད་པས་དེ་ལ་ཀུན་ཏུ་སྤྱད་ནས་སྨྲས་པ། བཟང་མོ། ཁྱོད་ག་ལས་འདིར་འོངས། ཁྱོད་སུའི་ཡིན། དེས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ། བདག་ ནི༑ ཟངས་གླིང་གི་རྒྱལ་པོའི་བུ་མོ་དེད་དཔོན་སིངྒ་ལའི་མཆིས་བྲང་དུ་སྩལ་པ་ལགས་ན། དེ་རྒྱ་མཚོ་ཆེན་པོའི་ནང་དུ་མཆིས་པའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་ནས་དེས་བདག་བཀྲ་མི་ཤེས་སོ། །ཞེས་ གནས་མ་ལགས་པར་པོར་ཏེ་ཇི་ལྟ་ཞིག་ཏུ་འདིར་མཆིས་ན། ལྷས་བུ་ཆུང་ངུ་དང། བདག་ལ་དེད་དཔོན་སིངྒ་ལ་བཟོད་པ་བགྱིད་དུ་སྩལ་པར་ཅི་གནང། རྒྱལ་པོས་དེའི་བག་ཕབ་ནས་བློན་པོ་རྣམས་ལ་བསྒོ་བ་ [261B]དེངས་ལ་དེད་དཔོན་སིངྒ་ལ་བོས་ཤིག་དེ་དག་གིས་དེ་བོས་པ་དང། རྒྱལ་པོས་དེ་ལ་སྨྲས་པ། སིངྒ་ལ། རྒྱལ་པོའི་བུ་མོ་འདི་མ་དོར་བར་བུ་ཆུང་དུ་དང། འདི་ལ་བཟོད་པ་གྱིས་ཤིག་དེས་ སྨྲས་པ། ལྷ། འདི་ནི། རྒྱལ་པོའི་བུ་མོ་མ་ལགས་ཏེ། འདི་ནི། ཟངས་གླིང་ནས་མཆིས་པའི་སྲིན་མོ་ལགས་སོ། །རྒྱལ་པོས་སྨྲས་པ། དེད་དཔོན། བུད་མེད་ལྟ་ཞིག་ཐམས་ཅད་ཀྱང་སྲིན་མོ་ཡིན་གྱི། འདི་ ལ་བཟོད་པ་གྱིས་ཤིག་འོན་ཏེ་ཁྱོད་མི་འདོད་ན་ནི། ང་ལ་བྱིན་ཅིག་།དེས་སྨྲས་པ། ལྷ། འདི་ནི། སྲིན་མོ་ལགས་པས་བདག་མི་དབུལ། མི་བཟློག་གོ་རྒྱལ་པོས་དེ་བཙུན་མོའི་འཁོར་གྱི་ནང་དུ་བཅུག་ ནས་དེས་རྒྱལ་པོ་དབང་དུ་བྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་དེས་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་ཉིད་ལོག་པར་བྱས་ནས་ཟངས་གླིང་དུ་སྲིན་མོ་དེ་དག་གི་གན་དུ་སོང་སྟེ་སྨྲས་པ། ཕུ་ ནུ་མོ་དག་ཁྱེད་ལ་དེད་དཔོན་སིངྒ་ལས་ཅི་བྱ། ཁོ་མོས་རྒྱལ་པོ་སེངྒ་རལ་པ་ཅན་བཙུན་མོའི་འཁོར་དང་བཅས་པ་གཉིད་ལོག་པར་བྱས་ཀྱི། ཚུར་ཤོག་དེ་བཟའ་བར་བྱའོ། །དེ་དག་གི་རྐང་ལག་དང་ མིག་བསྒྱུར་ཏེ་བདག་ཉིད་འཇིགས་པ་དང། འཇིགས་སུ་རུང་བ་ཆེན་མོར་མངོན་པར་སྤྲུལ་ནས་མཚན་མོ་རྒྱལ་པོའི་ཕོ་བྲང་སེངྒེ་ལྟ་བུར་ལྷགས་ཏེ། དེ་དག་གི་རྒྱལ་པོ་སེངྒེ་རལ་པ་ཅན་འཁོར་དང་བཅས་ པ་ཟོས་སོ། །མཚན་མོ་ནམ་ནངས་པ་ན་རྒྱལ་པོའི་ཕོ་བྲང་གི་སྒོ་འབྱེད་པ་མེད་དེ་མ་ཕྱེད་པ་ན། རྒྱལ་པོའི་ཕོ་བྲང་གི་སྟེང་ནས་མི་རོ་ཟ་བའི་བྱ་མང་པོ་དག་རྒྱུ་བར་བརྩམས་སོ། །བློན་པོ་དང་ཁྲོམ་གྱི་རུ་ [262A]༄༅། །སྣ་དང། གྲོང་རྡལ་གྱི་མི་དག་ཀྱང་རྒྱལ་པོའི་ཕོ་བྲང་གི་སྒོ་ན་སྡོད་དོ། །རྒྱལ་པོའི་ཕོ་བྲང་སེངྒེ་ལྟ་བུ་ཀུན་ཏུ་སྒྲ་འདི་སྐད་ཅེས། རྒྱལ་པོའི་ཕོ་བྲང་གི་སྒོ་འབྱེད་པ་མེད་དེ་མ་ཕྱེད་ པ་ན། རྒྱལ་པོའི་ཕོ་བྲང་གི་སྟེང་ནས་མི་རོ་ཟ་བའི་བྱ་མང་པོ་དག་རྒྱུ་ཞིང། བློན་པོ་དང། ཁྲོམ་གྱི་རུ་སྣ་དང། གྲོང་རྡལ་གྱི་མི་དང། ཡུལ་གྱི་མི་དག་ཀྱང་རྒྱལ་པོའི་ཕོ་བྲང་གི་སྒོ་ན་སྡོད་ཅིང་འཁོད་དོ།། ཞེས་བྱ་བ་དེ་ལྟ་བུ་གྲགས་པར་གྱུར་ཏོ། །དེད་དཔོན་སིངྒ་ལས་དེ་ཐོས་ནས་དེ་མྱུར་བ་མྱུར་བ་ཁོ་ནར་རལ་གྲི་མཚན་དུ་བཅུག་སྟེ་སོང་ནས་སྨྲས་པ། ཤེས་ལྡན་དག་སྲིན་མོ་དེས་རྒྱལ་པོ་ཟོས་ཀྱི་ཐབས་ སོམས་ཤིག་བློན་པོ་རྣམས་ཀྱིས་སྨྲས་པ། འདི་ལ་ཇི་ལྟར་བསྒྲུབ་པར་བྱ། ཡ་གད་འོན་ཅིག་དང། འཛེགས་ཏེ་བལྟ་བར་བྱའོ། །ཞེས་དེ་དག་གིས་ཁྱེར་ཏེ་འོངས་པ་དང། དེད་དཔོན་སིངྒ་ལ་རལ་ གྲི་ཐོགས་ཏེ་འཛེགས་ནས་དེས་དེ་དག་བསྡིགས་པ་དང། སྲིན་མོ་དེ་དག་ཁ་ཅིག་ནི། མིའི་རྐང་ལག་དག་ཐོགས་ཏེ་བྱེར། ཁ་ཅིག་ནི། མགོ་དག་ཐོགས་ཏེ་བྱེར་རོ། །དེ་ནས་དེད་དཔོན་སིངྒ་ལས་རྒྱལ་ པོའི་ཕོ་བྲང་གི་སྒོ་དག་ཕྱེ་ནས། བློན་པོ་རྣམས་ཀྱིས་རྒྱལ་པོའི་ཕོ་བྲང་བྱི་དོར་བྱས་ནས་ཕོ་བྲང་འཁོར་གྱི་མི་དང། བློན་པོ་དང། ཡུལ་མི་དག་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་བཙུན་ མོའི་འཁོར་དང་བཅས་པ་སྲིན་མོས་ཟོས་ཏེ་གཞོན་ནུ་ཡང་མེད་ན། སུ་ཞིག་རྒྱལ་པོར་དབང་བསྐུར་བར་བྱ། དེ་ནས་ཁ་ཅིག་གིས་སྨྲས་པ་གང་སྟོབས་ཅན་ཤེས་རབ་དང་ལྡན་པའོ། །ཁ་ཅིག་ [262B] དེད་དཔོན་སིངྒ་ལ་ལས་སྙིང་སྟོབས་ཅན་ཤེས་རབ་དང་ལྡན་པ་སུ་ཞིག་ཡོད་ཀྱི། དེད་དཔོན་སིངྒ་ལ་རྒྱལ་པོར་བསྐུར་བར་བྱའོ། །དེ་ལྟར་བྱའོ། །ཞེས་དེ་དག་གིས་དེད་དཔོན་སིངྒ་ལ་ལ་སྨྲས་པ། དེད་ དཔོན། རྒྱལ་སྲིད་ལོངས་ཤིག་དེས་སྨྲས་པ། ཁོ་བོ་ནི། ཚོང་པའི་ཐ་སྙད་ཀྱིས་འཚོ་བ་ཡིན་པས། ཁོ་བོ་ལ་རྒྱལ་སྲིད་ཀྱིས་ཅི་བྱ་དེ་དག་གིས་སྨྲས་པ། དེད་དཔོན་གཞན་གྱིས་རྒྱལ་སྲིད་བྱེད་དུ་འཇུག་མི་ནུས་ཀྱི་ ལོངས་ཤིག་དེས་སྨྲས་པ། དམ་ཚིག་གིས་བླང་བར་བྱ་སྟེ། གལ་ཏེ་ཁྱེད་ཅག་ཁོ་བོའི་ཚིག་བཞིན་བྱེད་ནའོ། །དེ་དག་གིས་སྨྲས་པ་བྱེད་ཀྱི། ལོངས་ཤིག། མ་ཉེས་སོ། །དེ་དག་གིས་གྲོང་ཁྱེར་མཛེས་པར་བྱས་ནས་ དེད་དཔོན་སིངྒ་ལ་བཀུར་སྟི་ཆེན་པོས་རྒྱལ་སྲིད་ལ་དབང་བསྐུར་ཏོ། རྒྱལ་པོ་སིངྒ་ལས་ཡུལ་ཐ་དད་པ་ན་གནས་པའི་རིག་སྔགས་སྨྲ་བ་དག་བོས་ཏེ་རིག་སྔགས་རྒྱ་ཆེར་སློབ་ཏུ་བཅུག་གོ། དེ་བཞིན་དུ་ཡུལ་ཐ་དད་པ་ན་ གནས་པའི་འཕོང་གི་སློབ་དཔོན་དག་ཀྱང་པོས་ཏེ་རྒྱ་ཆེར་འཕོང་སློབ་ཏུ་བཅུག་ནས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག་སྲིན་མོ་དེ་དག་ཟངས་གླིང་ནས་སྐྲོད་ དུ་འདོང་ངོ། །བློན་པོ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་རྒྱལ་པོ་སིངྒ་ལས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་བའི་ཚོགས་དང། རྟ་བའི་ཚོགས་དང། ཤིང་རྟ་བའི་ཚོགས་ དང། དཔུང་བུ་ཆུང་གི་ཚོགས་གྲུར་བཙུད་དེ་ཟངས་གླིང་དུ་འཕགས་སོ། །མཐར་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང། སྲིན་མོ་དེ་དག་གིས་ཕོངས་པའི་གནས་དང་མཐུན་པའི་རྒྱལ་མཚན་གཡོ་བར་བརྩམས་ [263A]༄༅། །ནས་དེ་དག་གིས་གྲོས་བྱ་བར་བརྩམས་པ། ཕུ་ནུ་མོ་དག་།ཕོངས་པའི་གནས་དང་མཐུན་པའི་རྒྱལ་མཚན་གཡོས་པ་ལས་ན་ཛམྦུའི་གླིང་པའི་མི་གཡུལ་འགྱེད་པར་འདོད་པ་ དག་ལྷགས་གོར་མ་ཆག་གི། བལྟའོ། །ཞེས་དེ་དག་རྒྱ་མཚོའི་འགྲམ་དུ་དོང་བ་དང། ཇི་ཙམ་ན་གྲུ་བོ་ཆེ་བ་དུ་མ་དག་རྒྱ་མཚོའི་འགྲམ་དུ་ཕྱིན་པ་མཐོང་ངོ། །མཐོང་ནས་སྲིན་མོ་དེ་དག་གིས་ཀྱང་གཡུལ་ བཤམས་པ་དང། དེ་ནས་རིག་སྔགས་སྨྲ་བ་དག་གིས་རིག་སྔགས་དག་གིས་ཕབ་ནས་འཕོང་གི་སློབ་དཔོན་དག་གིས་ཕལ་ཆེར་བསད་དོ། །ལྷག་མ་རྣམས་ཀྱིས་རྒྱལ་པོ་སིངྒ་ལའི་རྐང་པ་གཉིས་ལ་གཏུགས་ ཏེ་སྨྲས་པ། ལྷ། བཟོད་པར་གསོལ། དེས་སྨྲས་པ། དམ་ཚིག་གིས་བཟོད་པར་བྱ་སྟེ། གལ་ཏེ་ཁྱེད་ཅག་གི་གྲོང་ཁྱེར་འདི་ཕྱུང་སྟེ་གཞན་དུ་འདོང་ཞིང། ངའི་ཡུལ་དུ་གནོད་པ་འགའ་ཡང་མི་བྱེད་ན་ བཟོད་དོ། །དེ་དག་གིས་སྨྲས་པ། དེ་ལྟར་བགྱིའོ། །མཉེས་སོ། །དེ་དག་གིས་གྲོང་ཁྱེར་དེ་དག་ཕྱུང་ནས་གཞན་དུ་དོང་སྟེ་འཁོད་དོ་།རྒྱལ་པོ་སིངྒ་ལས་ཀྱང་དེར་གྲོང་ཁྱེར་བརྩིགས་ནས་རྒྱལ་པོ་སིངྒ་ ལས་གནས་བཅས་པས། སིངྒ་ལའི་གླིང། སིངྒ་ལའི་གླིང་ཞེས་བྱ་བའི་མིང་དུ་གྱུར་ཏོ། །དགེ་སློང་དག། དེའི་ཚེ་དེའི་དུས་ན་དེད་དཔོན་སིངྒ་ལ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་ པོ་སེངྒེ་རལ་པ་ཅན་གང་ཡིན་པ་དེ་ནི། རྒན་ཞུགས་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་སྲིན་མོ་གང་ཡིན་པ་དེ་ནི། དཔེ་མེད་མ་འདི་ཡིན་ཏེ། དེའི་ཚེ་ཡང་དཔེ་མེད་མ་འདིས་འདིའི་བཙུན་མོ་འཁོར་དང་ [263B] ད་ལྟར་ཡང་འདིས་འདི་ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱས་སོ། །ཀུན་ཏུ་རྒྱུ་མ་དུས་དཔེ་མེད་མ་ཁྲིད་དེ་ཀོའུ་ཤམྦྷིར་འོངས་ནས་སྐྱེད་མོས་ཚལ་ཞིག་ ན་འདུག་གོ། །སྐྱེད་མོས་ཚལ་སྲུང་བའི་མིས་རྒྱལ་པོ་ཤར་པ་ལ་སྦྲན་པ། ལྷ། བུད་མེད་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་སྐྱེད་མོས་ཚལ་ན་མཆིས་ཏེ། དེ་ནི། ལྷ་ལ་འོས་པ་ལགས་སོ་།རྒྱལ་པོས་ ཐོས་ནས་སྐྱེད་མོས་ཚལ་དུ་སོང་བ་དང། དེས་མཐོང་ངོ། །བུད་མེད་ཀྱི་ཡུལ་ནི། དབང་པོ་རྣམས་འཕྲོག་པ་ཡིན་པས། མཐོང་མ་ཐག་ཏུ་ཆགས་པར་གྱུར་ནས་དེས་ཀུན་ཏུ་རྒྱུ་མ་དུ་ལ་སྨྲས་པ། མ་དུ། འདི་སུའི་བུ་མོ་ ཡིན། ལྷ། བདག་གི་བུ་མོ་ལགས་སོ། །སུ་ལ་བྱིན། ལྷ། སུ་ལ་ཡང་མ་སྩལ་ཏོ། །ང་ལ་ཅིའི་ཕྱིར་མི་སྦྱིན། ལྷ། གསོལ་ལོ། །རྒྱལ་པོས་བག་མར་བླངས་ཏེ་བཙུན་མོའི་འཁོར་གྱི་ནང་དུ་བཅུག་ནས་དེ་ལ་ཁང་ བཟང་མེ་ཏོག་གི་སོའི་ཕྱེད་ཀྱང་བྱིན། བསྙེན་བཀུར་མ་ལྔ་བརྒྱ་ཡང་བྱིན། ཉི་མ་རེ་རེ་ཞིང་དྲི་དང་ཕྲེང་བ་རྒྱུའི་རིན་ཀརཤ་པ་ཎི་ལྔ་བརྒྱ་ལྔ་བརྒྱ་ཡང་བྱིན་ནོ། །ཀུན་ཏུ་རྒྱུ་མ་དུ་ཡང་བློན་པོའི་མཆོག་ཏུ་བཅུག་གོ་དེའི་ ཚེ་ན་བད་སའི་རྒྱལ་པོ་ཤར་པ་ལ་བློན་པོའི་མཆོག་གསུམ་ཡོད་དེ་སྦྱོར་བ་འཛིན་དང། གདངས་ཅན་དང། མ་དུའོ། །ཇི་ཙམ་དུས་གཞན་ཞིག་ན་བད་སའི་རྒྱལ་པོ་ཤར་བའི་གན་དུ་མི་ཞིག་འོངས་ནས་རྒྱལ་ པོས་དྲིས་པ། ཁྱོད་སུ་ཡིན། དེས་སྨྲས་པ། ལྷ། བདག་སྙན་སྨྲ་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་།སྙན་སྨྲ་ལ་འཚོ་བ་བྱིན་ཅིག་དེ་དག་གིས་དེ་ལ་འཚོ་བ་བྱིན་ནོ། །ཇི་ཙམ་ [264A]༄༅། །ན་ཡང་རྒྱལ་པོའི་གན་དུ་མི་ཞིག་འོངས་ནས། རྒྱལ་པོས་དེ་ལ་དྲིས་པ། ཁྱོད་སུ་ཡིན། དེས་སྨྲས་པ། ལྷ། བདག་མི་སྙན་སྨྲ་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ་ ཤེས་ལྡན་དག་མི་སྙན་སྨྲ་ལ་འཚོ་བ་བྱིན་ཅིག་དེ་དག་གིས་སྨྲས་པ། ལྷ། གལ་ཏེ་ན་ལྷས་མི་སྙན་པ་གསན་པར་འགྱུར་ཡང་དག་པས་འདི་ལ་འཚོ་བ་མི་སྩལ་ལོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ རྒྱལ་པོའི་བྱ་བ་དག་ནི། རྒྱ་ཆེའི། བྱིན་ཅིག་དེ་དག་གིས་དེ་ལ་ཡང་འཚོ་བ་བྱིན་ནོ། །ཇི་ཙམ་དུས་གཞན་ཞིག་ན། བད་སའི་རྒྱལ་པོ་ཤར་བ་བཙུན་མོ་སྔོ་བསངས་ཅན་དང། དཔེ་མེད་མ་དང་ལྷན་ཅིག་ འདུག་པ་ན། དེ་ན་རྒྱལ་པོ་སྦྲིད་པ་བྱུང་བ་དང། སྔོ་བསངས་ཅན་གྱིས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་སྨྲས་པ་དང། དཔེ་མེད་མས་ལྷ་ལ་ཕྱག་འཚལ་ལོ། །ཞེས་བྱས་ཏེ་སྨྲས་པ། ལྷ། སྔོ་བསངས་ ཅན། ལྷའི་འཚལ་མ་འཚལ་ཞིང། དགེ་སྦྱོང་གོའུ་ཏ་མ་ལ་ཕྱག་འཚལ་བ་ལ་གཟིགས། རྒྱལ་པོས་སྨྲས་པ། དཔེ་མེད་མ། འདི་ལ་ཉེས་པ་མེད་དེ། སྔོ་བསངས་ཅན་དགེ་བསྙེན་མ་ཡིན་པས། ལོས་ཀྱང་ དགེ་སྦྱོང་གོའུ་ཏ་མ་ལ་ཕྱག་འཚལ། དེ་ཅང་མི་སྨྲ་བར་འདུག་གོ། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། གང་གི་ཚེ་ལྷ་སྔོ་བསངས་ཅན་དང། ཁོ་མོ་དང་ལྷན་ཅིག་དབེན་པ་ན་ཞུགས་པ་ དེའི་ཚེ་ན། ཁྱོད་ཀྱིས་ཐེམ་སྐས་ནས་ཁར་ཕོར་རྦབ་ཏུ་ཐོང་ཞིག་དེས་ཇོ་མོ། བཀའ་བཞིན་འཚལ་ཞེས་གང་གི་ཚེ་དེ་དག་ལྷན་ཅིག་འདུག་པ་དེའི་ཚེ་ན། ཐེམ་སྐས་ནས་ཁར་ཕོར་རྦབ་ཏུ་བཏབ་པ་ན་ [264B] །ཞེས་སྨྲས་པ་དང། དཔེ་མེད་མས་ལྷ་ལ་ཕྱག་འཚལ་ལོ། །ཞེས་བྱས་ཏེ་སྨྲས་པ། ལྷ། སྔོ་བསངས་ཅན། ལྷའི་འཚལ་མ་འཚལ་ཞིང། དགེ་སྦྱོང་གོའུ་ ཏ་མ་ལ་ཕྱག་འཚལ་བ་ལ་གཟིགས། རྒྱལ་པོས་སྨྲས་པ། དཔེ་མེད་མ་ཐོང་ཞིག་ཉེས་རྩོམ་མ་བྱེད་ཅིག་འདི་ལ་ཉེས་པ་མེད་དེ། སྔོ་བསངས་ཅན་དགེ་བསྙེན་མ་ཡིན་པས། ལོས་ཀྱང་དགེ་སྦྱོང་གོའུ་ ཏ་མ་ལ་ཕྱག་འཚལ། དེ་ཅང་མི་སྨྲ་བར་འདུག་གོ་རྒྱལ་པོ་ཤར་པ་ཉི་མ་གཅིག་ན། སྔོ་བསངས་ཅན་གྱི་གན་དུ་ཟན་ཟ་ལ། ཉི་མ་གཉིས་པ་ལ་ནི། དཔེ་མེད་མའི་གན་དུ་ཟན་ཟའོ། །དཔེ་མེད་མས་བྱ་བ་ལ་ བསྒོ་བ། གང་གི་ཉིན་མོ་ལྷ་སྔོ་བསངས་ཅན་གྱི་གན་དུ་བཤོས་གསོལ་བའི་རེས་བབ་པ་དེའི་ཉིན་མོ་གོང་མ་སྲེག་གསོན་པོ་དབུལ་བར་བྱའོ། །བྱ་བས་གང་གི་ཉིན་མོ་རྒྱལ་པོ་སྔོ་བསངས་ཅན་གྱི་གན་དུ་ཟན་ ཟ་བ་དེའི་ཉིན་མོ་རྒྱལ་པོ་ལ་གོང་མ་སྲེག་གསོན་པོ་ཕུལ་བ་དང་རྒྱལ་པོས་སྨྲས་པ། དཔེ་མེད་མ་ལ་གཏོད་ཅིག་དཔེ་མེད་མས་ཐོས་ནས་དེས་སྨྲས་པ། ལྷ། བདག་གི་རེས་མ་ལགས་ཏེ། སྔོ་བསངས་ ཅན་གྱི་རེས་ལགས་སོ། །རྒྱལ་པོས་སྨྲས་པ། ཀྭའི་བྱ་བ། སོང་ལ་སྔོ་བསངས་ཅན་ལ་གཏོད་ཅིག་དེས་སྔོ་བསངས་ཅན་ལ་ཕུལ་ཏེ་སྨྲས་པ། ལྷའི་དོན་དུ་གཡོས་མཛོད་ཅིག་དེས་སྨྲས་པ། ཅི། ཁོ་མོ་བྱ་ བ་མོའམ། ཁོ་མོ་སྲོག་གཅོད་པར་མི་བྱེད་ཀྱི། སོང་ཞིག་དེས་རྒྱལ་པོའི་གན་དུ་སོང་སྟེ་སྨྲས་པ། ལྷ། སྔོ་བསངས་ཅན་གྱི་མཆིད་ནས་ཅི། ཁོ་མོ་བྱ་པ་མོའམ། ཁོ་མོ་སྲོག་གཅོད་པར་མི་བྱེད་ཀྱི། སོང་ཞིག་ [265A]༄༅། །ཅེས་མཆིའོ། །དཔེ་མེད་མས་མཐོང་ནས་སྨྲས་པ། ལྷ། གལ་ཏེ་དེ་ལ་དགེ་སྦྱོང་གོའུ་ཏ་མའི་སླད་དུ་གཡོས་གྱིས་ཤིག་ཅེས་བགྱིས་ན་ནི། ད་ཙམ་འཁོར་དང་བཅས་ཏེ་གཡོས་བགྱིད་ པར་འགྱུར་རོ། །རྒྱལ་པོས་བསམ་པ། དེ་ལྟར་འགྱུར་བ་སྙམ་ཞེས་མི་དེ་ལ་སྨྲས་པ། ཀྭའི་བྱ་བ། སོང་ལ་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱི་ཕྱིར་གཡོས་གྱིས་ཤིག་ཅེས་བྱོས་ཤིག་དེ་འཕགས་པ་ དང། དཔེ་མེད་མས་ལྐོག་ཏུ་སོད་ལ་ཕུལ་ཅིག་ཅེས་བསྒོ་ནས། དེས་བསད་དེ་སྔོ་བསངས་ཅན་ལ་ཕུལ་ནས་སྨྲས་པ། ལྷའི་ཞལ་ནས་བཅོམ་ལྡན་འདས་ཀྱི་ཕྱིར་གཡོས་གྱིས་ཤིག་ཅེས་བྱུང་ངོ། །སྔོ་ བསངས་ཅན་འཁོར་དང་བཅས་པས་གཡོས་བྱ་བར་བརྩམས་སོ། །བྱ་བས་སོང་སྟེ་རྒྱལ་པོ་ལ་སྨྲས་པ། ལྷ། སྔོ་བསངས་ཅན་འཁོར་དང་བཅས་པས་གཡོས་བགྱི་བར་བརྩམས་སོ། །དཔེ་མེད་མས་སྨྲས་ པ༑ ལྷས་གསན་ཏམ། གལ་ཏེ་སྲོག་གཅོད་པར་མི་བགྱིད་ན་ནི། དགེ་སྦྱོང་གོའུ་ཏ་མའི་སླད་དུ་ཡང་མི་བགྱིད་ལ། ལྷའི་སླད་དུ་ཡང་མི་བགྱིད་པའི་རིགས་ན། དགེ་སྦྱོང་གོའུ་ཏ་མའི་སླད་དུ་ནི། བགྱིད་ལ་ ལྷའི་སླད་དུ་ནི། མི་བགྱིད་པ་དེ་ཇི་ལྟ་བུ་ཞིག་རྒྱལ་པོ་ཁྲོས་པར་གྱུར་ནས་གཞུ་བཀང་སྟེ་འཕགས་སོ། །འཇིག་རྟེན་ནི། མཛའ་བཤེས་དང། དགྲ་བོ་དང། ཐ་མལ་པ་ཡིན་པས། ཁ་ཅིག་གིས་ནི། སྔོ་སངས་ ཅན་ལ་སྨྲས་པ། ལྷ་ཤིན་ཏུ་ཁྲོས་ནས་གཞུ་བཀང་སྟེ་འོང་གི་ཐབས་སོམས་ཤིག་དེས་རང་གི་འཁོར་ལ་སྨྲས་པ། ནུ་མོ་དག་ཁྱེད་ཅག་ཐམས་ཅད་བྱམས་པ་ལ་སྙོམས་པར་ཞུགས་ཤིག་དེ་དག་ཐམས་ [265B] །རྒྱལ་པོས་གཞུ་རྣ་དྲུང་དུ་ཐུག་པར་བཀང་སྟེ་མདའ་འཕངས་པ་དང། དེ་ལ་མ་ཕྱེད་དུ་ལྟུང་ངོ། །མདའ་གཉིས་པ་འཕངས་པ་དང། དེ་ཕྱིར་ལོག་སྟེ་རྒྱལ་པོའི་དྲུང་དུ་ལྟུང་ངོ། ། མདའ་གསུམ་པ་འཕང་བར་བརྩམས་པ་དང། སྔོ་བསངས་ཅན་གྱིས་སྨྲས་པ། ལྷ། མ་འཕེན་ཅིག་ཁྱོད་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པར་འགྱུར་བ་མ་མཛད་ཅིག་རྒྱལ་པོ་སྐྲག་སྟེ་སྨྲས་པ་ཁྱོད་ལྷ་ མོའམ། ཀླུ་མོའམ། གནོད་སྦྱིན་མོའམ། དྲི་ཟ་མོའམ། ནམ་མཁའ་ལྡིང་མོའམ། མིའམ་ཅི་མོའམ། ལྟོ་འཕྱེ་ཆེན་མོའམ། སུ་ཡིན། དེས་སྨྲས་པ། ལྷ། བདག་ནི། ལྷ་མོ་ཡང་མ་ལགས། ཀླུ་མོ་ཡང་མ་ལགས་ གནོད་སྦྱིན་མོ་ཡང་མ་ལགས། དྲི་ཟ་མོ་ཡང་མ་ལགས། མིའམ་ཅི་མོ་ཡང་མ་ལགས། ལྟོ་འཕྱེ་ཆེན་མོ་ཡང་མ་ལགས་སོ། །འོ་ན་ཁྱོད་སུ་ཡིན། ལྷ། བདག་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་ཕྱིར་མི་འོང་ བ་སྟེ། བདག་གིས་བཅོམ་ལྡན་འདས་ཀྱི་དྲུང་ནས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བགྱིས་སོ། །བུད་མེད་ལྔ་བརྒྱ་པོ་འདི་དག་གིས་ཀྱང་བདེན་པ་དག་མཐོང་ངོ། །རྒྱལ་པོ་མངོན་པར་དད་པར་གྱུར་ནས་ སྨྲས་པ། ཁྱོད་ལ་དམ་པ་ཅི་ཞིག་སྦྱིན་པར་བྱ་བ་སྨྲོས་ཤིག་།དེས་སྨྲས་པ། གལ་ཏེ་ལྷ་བདག་ལ་མངོན་པར་དད་ན། གང་གི་ཚེ་ལྟ་བཙུན་མོའི་འཁོར་གྱི་ནང་དུ་གཤེགས་པ་དེའི་ཚེ་ན། བདག་ལ་སྲིང་མོའི་འདུ་ ཤེས་ཉེ་བར་ཞོག་ཅིག་རྒྱལ་པོས་སྨྲས་པ། མ་ཉེས་ཀྱི། དེ་བཞིན་བྱའོ། །རྒྱལ་པོ་དེ་དཔེ་མེད་མ་དང་ལྷན་ཅིག་རྩེ་བ་དང། དགའ་བ་དང། དགའ་མགུར་སྤྱོད་པར་བྱེད་པ་ཉམས་སུ་མྱོང་བར་བྱེད་དོ་།སྔོ་བསངས་ [266A]༄༅། །ཅན་ལ་ཆོས་ཀྱི་རྒྱུ་ལས་བྱུང་བའི་དད་པ་སྐྱེད་པར་བྱེད་ཅིང། དེ་ལ་ལོ་ཐོག་གསར་པ་དང། འབྲས་བུ་གསར་པ་དང། དུས་ཚིགས་གསར་པ་གང་དག་འགྲུབ་པ་དེ་དག་ནི། དང་པོ་ ཁོ་ནར་སྔོ་བསངས་ཅན་ལ་འབུལ་བར་བྱེད་དོ། བུད་མེད་ཀྱི་ཡུལ་ནི་ཕྲག་དོག་གི་རང་བཞིན་ཅན་ཡིན་པས། དཔེ་མེད་མས་བསམ་པ། རྒྱལ་པོ་འདི། བདག་དང་ལྷན་ཅིག་རྩེ་བ་དང། དགའ་བ་དང། དགའ་ མགུར་སྤྱོད་པར་བྱེད་པ་ཉམས་སུ་མྱོང་བར་བྱེད་ལ། འདི་ལ་ལོ་ཐོག་གསར་པ་དང། འབྲས་བུ་གསར་པ་དང། དུས་ཚིགས་གསར་པ་གང་དག་འགྲུབ་པ་དེ་དག་ནི། དང་པོ་ཁོ་ནར་སྔོ་བསངས་ཅན་ལ་འབུལ་ བར་བྱེད་པས། གང་གིས་སྔོ་བསངས་ཅན་འདི་གསོད་པར་འགྱུར་བ་དེ་ལྟ་བུའི་ཐབས་ཀྱི་རྣམ་པ་ཞིག་བྱའོ། །སྙམ་ནས་དེ་གསད་པའི་ཕྱིར་ཀླན་ཀ་ཚོལ་ཞིང་དེ་ལྷུར་ལེན་ཞིང་འདུག་གོ་ཇི་ཙམ་ན་དུས་གཞན་ ཞིག་ན་བད་སའི་རྒྱལ་པོ་ཤར་པའི་རི་བྲག་པ་ཞིག་ལོག་ནས། དེས་དེར་རུ་གཅིག་བཏང་ན། དེ་བཅོམ་ཞིང་རབ་ཏུ་བཅོམ་སྟེ་འོངས་སོ། །དེ་བཞིན་དུ་རུ་གཉིས་པ་དང། གསུམ་པ་བཏང་ན། དེ་ཡང་བཅོམ་ཞིང་ རབ་ཏུ་བཅོམ་སྟེ་འོངས་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷའི་དཔུང་ནི། ཉམས་ཤིང་རི་བྲག་པའི་དཔུང་ནི། སྐྱེས་ཏེ། གལ་ཏེ་ལྷ་རང་ཉིད་མ་གཤེགས་ན། དེ་ཕེབས་དཀའ་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་ གནས་མཆིས་པར་འགྱུར་རོ། །དེས་ཀོའུ་ཤམྦྷིར་དྲིལ་སྒྲོག་པ་བྱེད་དུ་བཅུག་སྟེ། ངའི་ཡུལ་ན་གང་དག་མཚོན་ཆས་འཚོ་བ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས་འདོང་བར་བྱའོ། །ཞེས་བསྒོས་ཏེ་དེ་ནས་ [266B] །རྒྱལ་པོས་སྦྱོར་བ་འཛིན་ལ་སྨྲས་པ། ཁྱོད་སྔོ་བསངས་ཅན་ལ་མཁོ་བ་སྟོབ་ཅིང་འདི་ཉིད་ན་འདུག་ཅིག་དེས་སྨྲས་པ། ལྷ། དེ་ལྟར་མི་རུང་སྟེ། བདག་ཀྱང་ལྷ་ཉིད་དང་ཐབས་ཅིག་མཆིའོ། །རྒྱལ་པོས་གདངས་ ཅན་ལ་སྨྲས་པ། ཁྱོད་སྔོ་བསངས་ཅན་ལ་མཁོ་བ་སྟོབ་ཅིང་འདི་ཉིད་ན་འདུག་ཅིག་དེས་ཀྱང་སྨྲས་པ། ལྷ། དེ་ལྟར་མི་རུང་སྟེ་བདག་ཀྱང་ལྷ་ཉིད་དང་ཐབས་ཅིག་མཆིའོ། །རྒྱལ་པོས་མ་དུ་བཞག་སྟེ་སྨྲས་པ། ཁྱོད་སྔོ་ བསངས་ཅན་ལ་མཁོ་བ་སྟོབ་ཅིང་འདི་ཉིད་ན་འདུག་ཅིག་ཅེས་བསྒོས་ཏེ་འཕགས་པ་དང། དེས་ཀྱང་ཕྱི་བཞིན་སྐྱེལ་བཞིན་དུ་ལྷ། དེ་ལྟར་མི་རུང་སྟེ། བདག་ཀྱང་ལྷ་ཉིད་དང་ཐབས་ཅིག་མཆིའོ་།ཞེས་ལན་གསུམ་ གྱི་བར་དུ་གསོལ་ཀྱང་རྒྱལ་པོས་མ་གནང་ནས་དེས་ཁས་བླངས་སོ་།མ་དུ་དཔེ་མེད་མའི་གན་དུ་སོང་བ་དང། དེས་དྲིས་པ། ཡབ། ལྷས་འདིར་སུ་བཞག་བདག་བཞག་གོ་དེས་བསམ་པ། མ་ཉེས་ཀྱི། གྲོགས་ འདིས་འཁོན་གྱི་ཤ་གླན་པར་ནུས་སོ། །སྙམ་དུ་རིག་ནས་སྨྲས་པ་ཡབ། སྔོ་བསངས་ཅན་བདག་གི་ཅིར་འོང་མཁྱེན་ཏམ། བུ་མོ། འཚལ་ཏེ། ཆེན་མའོ། །ཡབ། བུད་མེད་ཀྱི་ཡུལ་ལ་ཆོས་གང་ཤིན་ཏུ་གནོད་པ་ མཁྱེན་ཏམ། བུ་མོ། །འཚལ་ཏེ། ཕྲག་དོག་དང། སེར་སྣའོ། །ཡབ་གལ་ཏེ་དེ་ལྟ་ན། སྔོ་བསངས་ཅན་ཁུམ་ཞིག་བུ་མོ། ཅི། བདག་ལ་མགོ་གཉིས་མཆིས་སམ། རྒྱལ་པོས་ལན་གསུམ་གྱི་བར་དུ་སྔོ་བསངས་ ཅན་ལ་མཁོ་བ་སྟོབས་ཤིག་ཅེས་བཀའ་སྩལ་གྱི། ཁྱོད་ཀྱི་མིང་ཡང་མ་སྨྲོས་སོ། །དེས་སྨྲས་པ། ཡབ། ཁྱོད་འདི་ལྟར་གླན་ནམ། བུ་མོའི་དོན་དུ་ཕ་ལ་ཅུང་ཟད་འཚོལ་བ་སུ་ཡོད་དེ། རྒྱུ་མེད་པར་ཡང་དེ་ལ་བྱམས་ [267A]༄༅། །པར་བྱེད་དོ། །དེའི་ཕྱིར་གལ་ཏེ་ཇེ་དེ་གསོད་ན། དེ་ལྟ་ན་ལེགས། གལ་ཏེ་མི་གསོད་ན། ཁོ་མོས་ཁྱོད་སྔོན་གྱི་གནས་ཉིད་དུ་གཞག་པར་བྱའོ། །དེ་སྐྲག་སྟེ་བསམ་པ། རྒྱལ་པོ་དེ་བུད་མེད་ ཀྱི་དབང་དུ་སོང་བ་ཡིན་པས་དེ་ལྟར་འགྱུར་རོ། །སྙམ་དུ་རིག་ནས་སྨྲས་པ། བུ་མོ། །གྱི་ན་དེ་བཞིན་དུ་གསད་པར་མི་ནུས་ཏེ། འདི་ལྟར། ཐབས་ཀྱི་རྣམ་པ་ཞིག་བྱའོ། །དེས་སྨྲས་པ། མ་ཉེས་ཀྱི་དེ་བཞིན་གྱིས་ཤིག་ དེས་སྔོ་བསངས་ཅན་ལ་སྨྲས་པ། ལྷ་མོ། ཅི་བགྱི་བ་བཀའ་སྩལ་ཅིག་དེས་སྨྲས་པ། མ་དུ། བྱ་བ་ཅུང་ཟད་ཀྱང་མེད་དེ། འདི་ལྟར་བུ་མོ་འདི་དག་མཚན་མོ་མེ་མར་ལ་སངས་རྒྱས་ཀྱི་བཀའ་ཀློག་པས་དེར་གྲོ་བ་ དང། འབྲུ་མར་དང། སྣག་ཚ་དང། སྙུག་གུ་དང། ཤིང་བལ་དགོས་སོ། །དེས་སྨྲས་པ། ལྷ་མོ། མ་ནོངས་ཀྱི། སྦྱོར་དུ་སྩལ་ཏོ། །ཞེས་དེས་མང་པོ་སྦྱོར་དུ་བཅུག་སྟེ་ནང་དུ་བསྐྱལ་ནས་སྒོ་ཁང་དུ་ཕུང་པོར་བཅེར་ ཏེ་བཞག་གོ་སྔོ་བསངས་ཅན་གྱིས་སྨྲས་པ། མ་དུ། ཆོག་གི་ཐོང་ཞིག་མ་དུས་སྨྲས་པ། ལྷ་མོ། འཇུག་ཏུ་སྩལ་ཏེ། སླན་ཆད་ཡང་དང་ཡང་དུ་འཇུག་ཏུ་མི་སྩལ་བར་བགྱིའོ། །ཞེས་དེས་འཇུག་ཏུ་བཅུག་ནས་ གྲོ་བའི་ཁུར་ཕྱི་མར་མེ་བཅུག་སྟེ་འཇུག་ཏུ་བཅུག་པ་དང། མེ་འབར་བ་དེས་སྒོ་ཁང་ལ་མཆེད་ནས་ཀོའུ་ཤམྦྷི་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མེ་གསོད་དུ་རྒྱུགས་པ་དང། མ་དུས། རལ་གྲི་ཤུབས་ནས་ ཕྱུང་སྟེ་ཁྱེད་ཅག་ཅིའི་ཕྱིར་རྒྱལ་པོའི་བཙུན་མོའི་འཁོར་གྱི་ནང་དུ་འཇུག་པར་འདོད། སྡོད་ཅིག་ཅེས་སྐྱེ་བོའི་ཚོགས་ཕྱིར་བཟློག་པར་བརྩམས་སོ། །འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་གྱིས་སྨྲས་ [267B] ཁོ་བོས་སྒོ་ཁང་ལ་མེ་མཆེད་པ་འདི་འཁྲུལ་འཁོར་གྱིས་གནས་གཞན་དུ་སྤོ་བར་བྱའོ། །མ་དུས་དེ་ཡང་དེ་ཇི་བཞིན་དུ་ཕྱིར་བཟློག་གོ། །སྔོ་བསངས་ཅན་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གྱེན་དུ་འཕགས་ ཏེ་སྨྲས་པ། ནུ་མོ་དག་བདག་ཅག་གིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། བདག་ ཅག་གིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང། བར་སྣང་རྒྱ་མཚོའི་ནང་དང་ནི། །རི་ཡི་སུལ་དུ་ཞུགས་གྱུར་ཏམ། །གང་དུ་གནས་ ན་ལས་རྣམས་ཀྱིས། །མི་ཚུགས་འགྱུར་བའི་ས་ཕྱོགས་མེད། །ཅེས་གསུངས་པས་བདག་ཅག་ལ་ལས་དེ་གཞོལ་བར་འགྱུར་རོ། །ཞེས་སྨྲས་ནས། ཚིགས་སུ་བཅད་པ་སྨྲས་པ། བདག་གིས་རྩིག་དོས་ དཀར་ཁུང་ནས། །བཅོམ་ལྡན་འདས་ནི་མཐོང་གྱུར་ཏེ། །སངས་རྒྱས་ཀྱི་ནི་བསྟན་པ་ལ། །བདེན་པ་དག་ན་ཀུན་ཤེས་བྱས། །དེ་དག་ཕྱེ་མ་ལེབ་བཞིན་དུ་གྱེན་དུ་མཆོང་ཞིང་མཆོང་ཞིང་མེར་ལྷུང་བར་གྱུར་ ཏོ༑ ༑དེ་ན་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ནི། ཚིག་གོ་སྒུར་མཆོག་ནི། ཆུའི་སྟོར་ཁུང་ནས་བྲོས་སོ། །མ་དུས་བུད་མེད་ལྔ་བརྒྱ་པོ་དེ་དག་གི་རོ་དུར་ཁྲོད་དུ་བོར་ནས་རྒྱལ་པོའི་ཕོ་བྲང་ ནང་དང་ཕྱི་རོལ་དང་བཅས་པའི་ཕྱིར་དོར་བྱས་ཏེ་ཀོའུ་ཤམྦྷི་ན་གནས་པ་དང། ཡུལ་ཐ་དད་པ་ནས་ལྷགས་པའི་སྐྱེ་བོའི་ཚོགས་དུ་མ་དག་བཟློག་གོ་དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་ [268A]༄༅། །བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཀོའུ་ཤམྦྷི་ར་བསོད་སྙོམས་ལ་ཞུགས་པ་དང། དགེ་སློང་རབ་ཏུ་མང་པོ་དག་ཀོའུ་ཤམྦྷིར་བསོད་སྙོམས་ལ་རྒྱུ་བས། བད་སའི་རྒྱལ་ པོ་ཤར་པ་ལྗོངས་སུ་སོང་བའི་བཙུན་མོའི་འཁོར་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཙམ་མེས་ཚིག་ཅེས་ཐོས་སོ། །ཐོས་ནས་ཀྱང་ཀོའུ་ཤམྦྷིར་བསོད་སྙོམས་རྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་ལོངས་སྤྱོད་པའི་གནས་མཁོས་སུ་ཕབ་སྟེ་རྐང་པ་གཉིས་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་ བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་འཚལ་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཀོའུ་ཤམྦྷིར་བསོད་སྙོམས་ལ་ཞུགས་ན། བཙུན་པ། བདག་ཅག་དགེ་སློང་རབ་ ཏུ་མང་པོ་ཀོའུ་ཤམྦྷིར་བསོད་སྙོམས་ལ་རྒྱུ་བ་དག་གིས་བད་སའི་རྒྱལ་པོ་ཤར་པ་ལྗོངས་སུ་མཆིས་པའི་མཆིས་བྲང་གི་འཁོར་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཙམ་ཞུགས་ ཀྱིས་དྲལ་ཅེས་ཐོས་སོ། །དགེ་སློང་དག་གང་གིས་བད་སའི་རྒྱལ་པོ་ཤར་པ་ལྗོངས་སུ་སོང་བའི་བཙུན་མོའི་འཁོར་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཙམ་མེས་བསྲེགས་པའི་མི་ [268B] །དགེ་སློང་དག་འདི་ལྟར། མི་གཏི་མུག་ཅན་དེས་བསོད་ནམས་མ་ཡིན་པ་མང་པོ་བསྐྱེད་མོད་ཀྱི། བུད་མེད་དེ་དག་ནི། འབྲས་བུ་མེད་པར་དུས་ལ་བབ་པ་མ་ཡིན་ནོ་ དེ་ཅིའི་ཕྱིར་ཞེ་ན། བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་གིས་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་རྫུས་ཏེ་སྐྱེས་ཤིང་དེར་ཡོངས་སུ་མྱ་ངན་ལས་འདའ་བ། ཕྱིར་མི་འོང་བ། ཡང་འཇིག་རྟེན་འདིར་ ཕྱིར་མི་ལྡོག་པའི་ཆོས་ཅན་དེ་ལྟ་བུའི་བུད་མེད་དག་བཙུན་མོའི་འཁོར་དེ་ན་ཡོད་པ་དང། བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་གིས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས། འདོད་ཆགས་དང། ཞེ་སྡང་དང་ གཏི་མུག་བསྲབས་པའི་ཕྱིར་ལན་གཅིག་ཕྱིར་འོང་བ། ལན་གཅིག་འཇིག་རྟེན་འདིར་འོངས་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེ་ལྟ་བུའི་བུད་མེད་དག་ཀྱང་བཙུན་མོའི་འཁོར་དེ་ན་ཡོད་པ་དང་ བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་གིས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་ཏུ་ཞུགས་པ་ལོག་པར་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ལ་ངེས་པར་གཞོལ་བ། རེ་ལྟར་ཐོགས་ན་སྲིད་པ་ ལན་བདུན་པ་ལན་བདུན་ལྷ་དང་མི་རྣམས་སུ་མཚམས་སྦྱར་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེ་ལྟ་བུའི་བུད་མེད་དག་ཀྱང་བཙུན་མོའི་འཁོར་དེ་ན་ཡོད་པ་དང། བཙུན་མོའི་འཁོར་དེ་ན་བུད་མེད་གང་ དག་རང་གི་སྲོག་གི་ཕྱིར་ཡང་བསླབ་པ་དག་ལས་འདའ་བར་མི་བྱེད་པ་དེ་ལྟ་བུའི་བུད་མེད་དག་ཀྱང་བཙུན་མོའི་འཁོར་དེ་ན་ཡོད་པ་དང། བཙུན་མོའི་འཁོར་དེ་ན་བུད་མེད་གང་དག་ང་ལ་སེམས་དད་པས་དུས་ [269A]༄༅། །བྱས་ཤིང་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་དེ་ལྟ་བུའི་བུད་མེད་དག་ཀྱང་བཙུན་མོའི་འཁོར་དེ་ལ་ཡོད་པའི་ཕྱིར་རོ། །དགེ་སློང་དག་ཚུར་ ཤོག་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་པོ་དག་གིས་རོ་ག་ལ་བ་དེར་འདོང་ངོ། །དགེ་སློང་རྣམས་ཀྱིས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ཏོ། །དེ་ནས་ བཅོམ་ལྡན་འདས་དགེ་སློང་རབ་ཏུ་མང་པོ་དག་དང་ཐབས་ཅིག་བུད་མེད་ལྔ་བརྒྱ་པོ་དེ་དག་གི་རོ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བུད་མེད་ལྔ་ བརྒྱའི་རོ་འདི་དག་ནི། གང་ལ་བད་སའི་རྒྱལ་པོ་ཤར་པ་ཆགས་པ་དང། ཞེན་པ་དང། འཆུམས་པ་དང། མདུད་པ་བོར་བ་དང། བརྒྱལ་པ་དང། ལྷག་པར་ཆགས་པ་དང། ལྷག་ པར་ཆགས་ཤིང་འདུག་པ་དག་ཡིན་ན། ད་ནི། འདི་དག་ལ་རྐང་པ་དག་གིས་རེག་པར་ཡང་སུ་ཞིག་བྱེད། ཚིགས་སུ་བཅད་པ་ཡང་བཀའ་སྩལ་པ། འཇིག་རྟེན་སྙིང་པོ་མེད་བྲེལ་ལ། །སྐལ་ ལྡན་གཟུགས་བཞིན་ལྟ་བར་བྱེད། །བྱིས་པ་ཉོན་མོངས་བཅིངས་གྱུར་ཅིང། །མུན་པས་ཡོངས་སུ་བསྐོར་བ་དག་དམ་པ་མིན་ལ་དམ་པར་ལྟ་།མཐོང་བ་རྣམས་ལ་ཅི་ཡང་མེད། །དགེ་སློང་དག་ དེ་ལྟ་བས་ན། ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། ཀ་བ་ཚིག་པ་གང་ཡིན་པ་ལ་ཡང་སེམས་རབ་ཏུ་སྡང་བར་མི་བྱ་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགེ་ [269B]ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཀོའུ་ཤམྦྷི་ན་གནས་པ། ཕོ་བྲང་འཁོར་གྱི་མི་དག་འདུས་ཏེ་གྲོས་བྱ་བར་བཙམས་པ། ཤེས་ལྡན་དག་རྒྱལ་པོ་ལ་གནོད་པ་འདི་ལྟ་བུ་བྱུང་ན། བདག་ཅག་ལས་ གང་གིས་རྒྱལ་པོ་ལ་བརྗོད་པར་བྱ། དེ་ན་ཁ་ཅིག་གིས་སྨྲས་པ་མི་སྙན་སྨྲ་གང་ཡིན་པ་དེ་བརྗོད་དུ་གཞུག་གི་འབོད་དོ། །གཞན་དག་གིས་སྨྲས་པ། མ་ཉེས་ཀྱི། དེ་ལྟར་བྱའོ། །ཞེས་དེ་དག་གིས་དེ་བོས་ ཏེ་སྨྲས་པ། ལྷ་ལ་མི་སྙན་པ་འདི་གོ་རིམ་བཞིན་དུ་གསོལ་ཅིག་དེས་སྨྲས་པ། དེའི་ཚེ་ཁྱེད་ཅག་ན་རེ། ཅི་ཕྱིར་མི་སྙན་སྨྲ་ལ་འཚོ་བ་སྦྱིན་པར་བྱ་ཞེས་ཟེར་ན། ང་དེའི་དུས་འདི་ཡིན་གྱི་ཁྱེད་ཅག་ཉིད་ཀྱིས་གསོལ་ ཅིག་དེ་དག་གིས་སྨྲས་པ། དེའི་དོན་ཉིད་དུ་ཁྱོད་ལ་འཚོ་བ་བྱིན་པ་ཡིན་ན། གཞན་སུ་ཞིག་གསོལ་བར་བྱེད། ཁྱོད་ཀྱིས་གསོལ་ཅིག་དེས་སྨྲས་པ། དམ་ཚིག་གིས་གསོལ་བར་བྱ་སྟེ། ཁོ་བོ་ཅི་ཟེར་བ་དེ་བཞིན་ གྱིས་ཤིག་དང། གསོལ་བར་བྱའོ། །སྨྲོས་ཤིག་དང། དེ་བཞིན་བྱའོ་།གོ་རིམ་འདི་ལྟར་གསོལ་བར་བྱ་སྟེ། ཁོ་བོ་ལ་གླང་པོ་ཆེ་ལྔ་བརྒྱ་དང། བལ་གླང་མོ་ལྔ་བརྒྱ་དང། རྟ་ལྔ་བརྒྱ་དང་རྒོད་མ་ལྔ་བརྒྱ་དང་ གཞོན་ནུ་ལྔ་བརྒྱ་དང། གཞོན་ནུ་མ་ལྔ་བརྒྱ་དང། གསེར་འབུམ་དང། རས་ལ་ཀོའུ་ཤམྦྷིའི་གནས་དང། ཁང་བཟང་མེ་ཏོག་སོ་དང། ཇི་ལྟར་མ་དུས་གྲོ་བ་དང། འབྲུ་མར་དང། སྣག་ཆེ་དང་སྨྱུ་གུ་ དང། ཤིང་བལ་བསྐྱས་ཤིང། གྲོ་བའི་ཁུར་ཕྱི་མའི་ནང་དུ་མེ་བཅུག་པར་དང། ཇི་ལྟར་སྒོ་ཁང་ལ་མེ་མཆེད་པ་དང། ཇི་ལྟར་ཀོའུ་ཤམྦྷི་ན་གནས་པའི་སྐྱེ་པོའི་ཚོགས་ཀྱིས་མེ་གསོད་དུ་རྒྱུགས་པ་དང། མ་ [270A]༄༅། །དུས་རལ་གྲི་ཤུབས་ནས་ཕྱུང་སྟེ་ཕྱིར་བཟློག་པ་དང་ཇི་ལྟར་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱིས་སློབ་དཔོན་གྱིས་སྒོ་ཁང་ལ་མེ་མཆེད་པ་འཁྲུལ་འཁོར་གྱིས་གནས་གཞན་དུ་སྤོའོ།། ཞེས་ཟེར་བ་ན། མ་དུས་དེ་བཞིན་དུ་ཕྱིར་བཟློག་པ་དང། ཇི་ལྟར་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཕྱེ་མ་ལེབ་བཞིན་དུ་གྱེན་དུ་མཆོང་ཞིང་མཆོང་ཞིང་མེར་ལྟུང་བ་དག་རི་མོར་བྲིས་ཏེ་བྱིན་ཅིག་དེ་ དག་གིས་སྨྲས་པ། དེ་ལྟར་བྱའོ། །ཞེས་དེ་དག་གིས་དེ་ལ་གླང་པོ་ཆེ་ལྔ་བརྒྱ་དང། བལ་གླང་པོ་ལྔ་བརྒྱ་དང། རྟ་ལྔ་བརྒྱ་དང། རྒོད་མ་ལྔ་བརྒྱ་དང། གཞོན་ནུ་ལྔ་བརྒྱ་དང། གཞོན་ནུ་མ་ལྔ་བརྒྱ་དང་ གསེར་འབུམ་དང། རས་ལ་ཀོའུ་ཤམྦྷིའི་གནས་དང། ཁང་བཟང་མེ་ཏོག་གི་སོ་དང། ཇི་ལྟར་མ་དུས་གྲོ་བ་དང། འབྲུ་མར་དང། སྣག་ཚ་དང། སྨྱུ་གུ་དང། ཤིང་བལ་བསྐྱས་ཤིང། གྲོ་བའི་ཁུར་ཕྱི་ མའི་ནང་དུ་མེ་བཅུག་པ་དང། ཇི་ལྟར་སྒོ་ཁང་ལ་མེ་མཆེད་པ་དང། ཇི་ལྟར་ཀོའུ་ཤམྦྷི་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མེ་གསོད་དུ་རྒྱུགས་པན། མ་དུས་རལ་གྲི་ཤུབས་ནས་ཕྱུང་སྟེ་ཕྱིར་བཟློག་ པ་དང། ཇི་ལྟར་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་གྱི་སྒོ་ཁང་ལ་མེ་མཆེད་པ་འཁྲུལ་འཁོར་གྱིས་གནས་གཞན་དུ་སྤོའོ་།ཞེས་ཟེར་བ་ན། མ་དུས་དེ་བཞིན་དུ་ཕྱིར་བཟློག་པ་དང། ཇི་ ལྟར་སྡོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཕྱེ་མ་ལེབ་བཞིན་གྱེན་དུ་མཆོང་ཞིང་མཆོང་ཞིང་མེར་ལྟུང་བ་དག་རི་མོར་བྲིས་ཏེ་བྱིན་ནོ། །དེ་ནས་མི་སྙན་སྨྲས་བློན་པོ་རྣམས་ལ་ཡི་གེ་སྤྲིང་ [270B] རྒྱལ་པོ་ལ་གནོད་པ་འདི་ལྟ་བུ་བྱུང་བ། ཁོ་བོས་ཐབས་འདིས་བརྗོད་པར་བྱའོ། །ཁྱོད་ཀྱིས་གྲོགས་ཀྱི་ཤིག་ཅེས་བྱས་སོ་།དེས་དེ་དག་ལ་ཡི་གེ་སྤྲིང་ནས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ ཏེ་ཕྱོགས་གཞན་ཞིག་ཏུ་སོང་ནས་དེར་བསྡད་དེ། རྒྱལ་པོ་ཤར་པ་ལ་འཕྲིན་ཡིག་འདི་སྐད་ཅེས། ལྷ། བདག་ནི། ཡུལ་ག་གེ་མོ་ཞིག་གི་རྒྱལ་པོ་སྟེ། བདག་གི་བུ་འཆི་བདག་གིས་འཕྲོག་ནས་དེའི་ཕྱིར་ བདག་དེ་དང་ལྷན་ཅིག་གཡུལ་སྤྲོད་པར་བྱེད་དེ། གལ་ཏེ་རེ་ཞིག་གཡུལ་སྤྲད་པས་དེ་ཕམ་པར་ནུས་ན། དེ་ལྟ་ན་ལེགས། གལ་ཏེ་མ་ནུས་ན། གླང་པོ་ཆེ་ལྔ་བརྒྱ་དང། བལ་གླང་མོ་ལྔ་བརྒྱ་དང་རྟ་ལྔ་ བརྒྱ་དང། རྒོད་མ་ལྔ་བརྒྱ་དང། གཞོན་ནུ་ལྔ་བརྒྱ་དང་གཞོན་ནུ་མ་ལྔ་བརྒྱ་དང། གསེར་འབུམ་ཕུལ་ནས་བ་བླངས་ཏེ་འོང་ངོ། །ཞེས་བྲིས་ཏེ་བསྐུར་རོ། །རྒྱལ་པོ་ཤར་པའི་རི་བྲག་པ་དེ་དཔུང་དང་ལྡན་ པས་མ་ཕེབས་ནས། དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་།རྒྱལ་པོ་དེ་འདི་ལྟར་བླུན་པ་ལ་ལྟོས། འཆི་བདག་གི་བུ་འཕྲོག་པ་ཕྱིར་ཁུགས་པར་ནུས་པ་འགའ་ཡང་ཡོད་རེ་སྐན། དེ་ནི། འཇལ་ གྱི༑ དེ་ལ་འཕྲིན་ཡིག་འདི་སྐད་ཅེས། ཁོ་བོའི་རི་བྲག་པ་ཞིག་ལོག་པ་མ་ཕེབས་ཀྱི། ཁྱོད་ཀྱིས་ཇེ་ཁོ་བོའི་གྲོགས་གྱིས་ཤིག་དང། ཁོ་བོས་ཀྱང་ཕྱིས་ཁྱོད་ཀྱི་གྲོགས་བྱའོ། །ཞེས་བྲིས་ཏེ་སྐུར་ཅིག་བློན་ པོ་རྣམས་ཀྱིས་དེ་ལ་འཕྲིན་ཡིག་དེ་སྐད་ཅེས་བྲིས་ཏེ་བསྐུར་བ་དང་དེས་འཕྲིན་ཡིག་བཀླགས་ནས་བཀླགས་མ་ཐག་ཏུ་རི་བྲག་དེར་འོངས་ཏེ་དེ་དག་ཐག་མི་རིང་བ་ཞིག་ན་འདུག་པ་དང། རི་བྲག་པ་དག་གིས་ [271A]༄༅། །ཐོས་ནས་བསམ་པ། བདག་ཅག་རྒྱལ་པོ་དག་གིས་ཕྱོགས་བཅུ་དག་ནས་བསྐོར་བར་ཆད་དེ། རྒྱལ་པོ་གཉིས་པ་འདི་ཡང་ཉེ་བར་འོངས་ཀྱི། ཡུལ་ནི། རྣམ་པ་ཐམས་ཅད་དུ་ཕྱིར་ཐོབ་ པར་ཡང་རུང་གི། སྲོག་ནི། ཕྱིར་ཐོབ་པར་མི་རུང་གི། ཕྱིར་འབྱུང་ངོ། །སྙམ་ནས་དེ་དག་རལ་གྲི་མགུལ་ནས་ཕོག་སྟེ་ཕྱིར་བྱུང་ནས་རྒྱལ་པོ་ཤར་པའི་རྐང་པ་གཉིས་ལ་གཏུགས་པ་དང་རྒྱལ་པོ་ཤར་ པས་དེ་དག་ལོ་ཐང་དང། དཔྱ་འཇལ་དུ་བཅུག་གོ་དེ་ནས་མི་སྙན་སྨྲ་རྒྱལ་པོའི་ཡོ་ལང་གིས་རྒྱལ་པོ་ཤར་བའི་གན་དུ་སོང་སྟེ་སྨྲས་པ། ལྷ་བདག་གི་བུ་འཆི་བདག་གིས་འཕྲོག་སྟེ། ལྷས་བདག་གི་ གྲོགས་གྱིས་ཤིག་དང། བདག་དེ་དང་ལྷན་ཅིག་གཡུལ་སྤྲོད་པར་བྱེད་དོ། །གལ་ཏེ་རེ་ཞིག་གཡུལ་སྤྲད་པས་དེ་ཕམ་པར་ནུས་ན། དེ་ལྟ་ན་ལེགས། གལ་ཏེ་མ་ནུས་ན། དེ་ལ་གླང་པོ་ཆེ་ལྔ་བརྒྱ་དང་ བལ་གླང་མོ་ལྔ་བརྒྱ་དང། རྟ་ལྔ་བརྒྱ་དང། རྒོད་མ་ལྔ་བརྒྱ་དང། གཞོན་ནུ་ལྔ་བརྒྱ་དང། གཞོན་ནུ་མ་ལྔ་བརྒྱ་དང། གསེར་འབུམ་ཕུལ་ཏེ་བུ་བླང་བར་བྱའོ། །རྒྱལ་པོ་ཤར་པས་སྨྲས་པ། ཤེད་ མཐུན། ཁྱོད་གླེན་པ་ཞིག་སྟེ། འཆི་བདག་ལས་ཕྱིར་ལེན་པར་ནུས་པ་འགའ་ཡང་ཡོད་རེ་སྐན། དེས་སྨྲས་པ། ལྷ། མི་ནུས་སམ། མི་ནུས་སོ་།གལ་ཏེ་དེ་ལྟ་ན། རི་མོ་འདི་ལྟོས་ཤིག་དེས་ རི་མོ་བརྐྱང་སྟེ་རྒྱལ་པོས་རི་མོ་བརྟགས་ནས་གནད་དུ་བསྣུན་པ་དང་འདྲ་བར་གདུང་བཞིན་དུ་སྨྲས་པ། ཀྱེ། ཇི་སྐད་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་མེས་ཚིག་ཅེས་ཟེར་རམ། དེས་ [271B] ཐོར་ཚུགས་ཕོག་སྟེ་ཚིགས་སུ་བཅད་པ་སྨྲས་པ། བདག་ནི་རྒྱལ་པོ་མ་ལགས་རྒྱལ་སྲིད་མིན། །ལྷ་ཁྱོད་ཞམ་འབྲིང་ཞབས་ཀྱིས་འཚོ་བ་སྟེ། །མི་སྙན་དོན་འདི་ཁྱོད་ལ་གསོལ་སླད་དུ། །བདག་ འདིར་ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་མཆིས། །རྒྱལ་པོས་ཤིན་ཏུ་བརྟགས་ནས་འདི་ནི། ཀོའུ་ཤམྦྷིའོ། །འདི་ནི། རྒྱལ་པོའི་ཕོ་བྲང་ངོ། །འདི་ནི། ཁང་བཟང་མེ་ཏོག་གི་སོའོ། །འདི་ནི། མ་དུའོ། །འདི་ནི། གྲོ་ བ་ལ་སོགས་པའི་སྦྱོར་བས་སྲེག་པའོ། །འདི་དག་ནི། སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ཕྱེ་མ་ལེབ་བཞིན་གྱེན་དུ་མཆོང་ཞིང་མཆོང་ཞིང་མེར་ལྟུང་བ་དག་གོ་ཞེས་རྣམ་པར་དཔྱོད་པར་ བྱེད་དོ། །རྣམ་པར་དཔྱད་ནས་སྨྲས་པ། ཀྭའི་ནང་རྗེ། ཇི་སྐད་སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་མེས་ཚིག་ཅེས་ཟེར་རམ། ལྷ། བདག་དེ་སྐད་མི་མཆིའི། །འདི་ལྟར། ལྷ་ཉིད་དེ་སྐད་གསུང་ ངོ༑ ༑ཀྭའི་ནང་རྗེ། ཁྱོད་ཀྱིས་ངལ་ཐབས་ཀྱི་ས་གསོལ་བར་ཟད་ཀྱི། གཞན་དུ་ན། ངས་ཁྱོད་ཀྱི་མགོ་དྲུངས་ནས་བཅད་དེ་ས་ལ་བསྒྱེལ་བར་འགྱུར་རོ། །ཞེས་སྨྲས་ནས་རྒྱལ་པོ་ས་ལ་བསྒྱེལ་ཏོ་།དེ་ནས་ཆུས་ བཏབ་པས་དབུགས་ཕྱིར་བྱུང་ནས་སྨྲས་པ། ཤེས་ལྡན་དག་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག་ཀོའུ་ཤམྦྷི་ར་འདོང་ངོ་།བློན་པོ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་ བསྐོན་ནས་རྒྱལ་པོ་ཀོའུ་ཤམྦྷིར་འཕགས་ཏེ་མཐར་གྱིས་ཀོའུ་ཤམྦྷིར་ཕྱིན་པ་དང། དེས་ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་ནང་ན། ཆེས་རྒྱུས་མཁས་པ་ཐམས་ཅད་ལ་རྨས་སོ། །དེ་ནས་བློན་པོའི་མཆོག་ [272A]༄༅། །སྦྱོར་བ་འཛིན་ལ་བསྒོ་བ། སྦྱོར་བ་འཛིན། སོང་ལ་མ་དུ་རྒྱ་སྐྱེགས་ཀྱི་ཁང་པར་ཆུག་ལ་སྲེགས་ཤིག་དཔེ་མེད་མ་ཡང་རྟེའུ་མ་ཐུལ་བའི་རྐང་པ་ལ་ཐོགས་ལ་འོར་ཅིག་སྦྱོར་བ་ འཛིན་གྱིས་མ་དུ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་སོ་།དེ་ནས་བསམ་པ། དཔེ་མེད་མ་ནི། གལ་ཏེ་རྒྱལ་པོས་བསམ་ནས་དཔེ་མེད་མ་འོན་ཅིག་ཅེས་ཟེར་ན། བདག་གིས་ཇི་ལྟར་བྱའི་ རེ་ཞིག་སྡོད་ཅིག་སྙམ་ནས། དེས་དཔེ་མེད་མ་ས་ཁང་དུ་བཅུག་སྟེ་བཞག་གོ་རྒྱལ་པོ་ཉི་མ་བདུན་པ་ལ་མྱ་ངན་སངས་ནས། དེས་མྱ་ངན་སངས་པས་སྨྲས་པ། སྦྱོར་བ་འཛིན། དཔེ་མེད་མ་ག་རེ་ དེས། ལྷ། བདག་གིས་རྟེའུ་མ་ཐུལ་བའི་རྐང་པ་ལ་བཏགས་ཏེ་བོར་རོ། །རྒྱལ་པོས་སྨྲས་པ། མ་ཉེས་སོ། །མ་དུས་ནི། སྔོ་བསངས་ཅན་བསད་ན། ཁྱོད་ཀྱིས་ཀྱང་དཔེ་མེད་མ་བསད་ཀྱི། ད་ང་རབ་ཏུ་ དབྱུང་བར་བྱའོ། །སྦྱོར་བ་འཛིན་གྱིས་སྨྲས་པ། ལྷ། དེ་ཉིད་ཀྱི་སླད་དུ་བདག་གིས་དཔེ་མེད་མས་ཁང་དུ་སྩལ་ཏེ་བཞག་གོ་གལ་ཏེ་གསོན་ན། བལྟའོ། །དེས་དེ་ས་ཁང་ནས་ཕྱུང་བ་དང། གནས་ སྐབས་དེ་ཁོ་ན་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པ་དང། ལུས་མ་རྙིང་པར་འདུག་གོ་རྒྱལ་པོས་མཐོང་ནས་བསམ་པ། ཇི་ལྟར་འདི་གནས་སྐབས་དེ་ཁོ་ན་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་ པ་དང། ལུས་མ་རྙིང་པར་འདུག་ལ། ན་ཡང་མིན། ཟས་ཀྱང་མི་ཟ་བ་ལས་ན། གོར་མ་ཆག་པར་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱད་དོ། །སྙམ་དུ་རིག་ནས་སྨྲས་པ། དཔེ་ [272B] ཁྱོད་ཀྱིས་འཁྲུལ་པ་བྱས་སོ། །དེས་སྨྲས་པ། ལྷ་སྡིག་པ་ཅི་ཞིག། བདག་དེ་ལྟ་མི་བགྱིད་དོ། །ཅི་མངོན། ལྷ། ཁྱོད་བཅོམ་ལྡན་འདས་ལ་མངོན་པར་དད་དམ། རྒྱལ་པོས་སྨྲས་པ། དེ་ནི་ འཇལ་ཏེ། ཁྱོད་དེའི་ཚེ་ན་ནི། དགེ་སྦྱོང་གོའུ་ཏ་མ་ཞེས་ཟེར་ལ་ད་ནི། བཅོམ་ལྡན་འདས་ཞེས་ཟེར་མོད། འདི་ལྟར་ང། རོ་དང་འདྲ་བ་ཁྱོད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་མི་ཞུའི། སྔོ་བསངས་ཅན་གྱི་དོན་ དུ་བཅོམ་ལྡན་འདས་ལ་ཞུའོ། །ཞེས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ ཏུ་འདུག་ནས་བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་ཤར་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། སྔོ་བསངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱས་ལས་ཅི་བགྱིས་ན། དེས་ཞུགས་ཀྱིས་དྲལ་ཅིང་ སྒུར་མཆོག་ནི། ཆབ་ཀྱི་གཏོར་ཁུང་ནས་བྲོས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་པ། འོད་པ་བཞིན་ དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། རྒྱལ་པོ་ཆེན་པོ་ ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ [273A]༄༅། །ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་ བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །རྒྱལ་པོ་ཆེན་པོ། སྔོན་བྱུང་བ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན། རྒྱལ་པོ་ཚངས་བྱིན་ ཞེས་བྱ་བས་རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ་སྐྱེ་བོ་དང། མི་མང་པོས་གང་བ། འཐབ་མོ་དང། འཐབ་པ་དང་ཕྱི་དགྲ་དང། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང། མུ་གེ་ དང༑ ནད་དང་བྲལ་བ། སཱ་ལུ་དང། བུ་རམ་ཤིང་གི་ཕྲེང་བ་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་རྒྱལ་སྲིད་བྱེད་དུ་ བཅུག་གོ་སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་ རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ། །ཇི་ཙམ་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་ཝཱ་ར་ཎཱ་སིར་ཕྱིན་ནས་སྐྱེད་མོས་ཚལ་ཞིག་ན་སྤྱིལ་བུ་ན་གནས་སོ། །རྒྱལ་པོ་ཚངས་ བྱིན་གྱི་བཙུན་མོའི་འཁོར་ལྔ་བརྒྱ་སྐྱེད་མོས་ཚལ་དེར་བྱུང་ནས། བཙུན་མོའི་འཁོར་དེ་དག་རྩེ་མོའི་རྫིང་དུ་ཁྲུས་བྱས་ནས་གྲང་བས་སྤྲེབས་ནས། དེ་ན་བཙུན་མོ་དམ་པས་བུ་མོ་མངག་གཞུག་མ་ [273B] བུ་མོ། ཤིན་ཏུ་གྲང་བས་སྦྲེབས་ཀྱི། སོང་ལ་སྤྱིལ་བུ་འདི་ལ་མེ་ཐོང་ཞིག་དེས་སྒྲོན་མེ་སྦར་ཏེ་སོང་བ་དང་རང་སངས་རྒྱས་དེ་མཐོང་ནས་དེས་བཙུན་མོའི་མཆོག་ལ་སྨྲས་པ་ལྷ་མོ། འདི་ན་རབ་ཏུ་ བྱུང་བ་ཞིག་མཆིས་སོ། །དེས་སྨྲས་པ། རབ་ཏུ་བྱུང་བ་འདུག་ཀྱང་རུང། གཞན་འདུག་ཀྱང་རུང་གི། མེ་ཐོང་ཞིག། དེས་མ་བཏང་བར་བྲོས་པ་དང། དེ་ནས་བཙུན་མོའི་མཆོག་དེ་འཁྲུགས་ནས་དེ་རང་གིས་མེ་བཏང་བ་ དང༑ རང་སངས་རྒྱས་དེ་ཕྱིར་བྱུང་ངོ། །བཙུན་མོའི་འཁོར་གཞན་དག་གིས་ཀྱང། ལྷ་མོ། ཁྱོད་ཀྱིས་ཞུགས་བཏང་བ་ལེགས་པ་བགྱིས་ཏེ། བདག་ཅག་ཐམས་ཅད་ཞུགས་བདེའོ། །ཞེས་རྗེས་སུ་ཡི་རང་བ་བྱས་ སོ༑ ༑རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམ་པ། བཙུན་མོའི་འཁོར་ཉོན་མོངས་མ་འདི་དག་ཧ་ཅང་རྨས་པ་དང། ཉམས་པར་གྱུར་ན་མི་རུང་གི། འདི་དག་ལ་ལག་ནས་དྲང་བ་སྦྱིན་ནོ། །སྙམ་ ནས་དེས་དང་པའི་རྒྱལ་པོ་འདབ་མ་བརྐྱང་པ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་པ་དང། གསལ་བ་དང། ཆར་འབེབས་པ་དང། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་ སོ༑ ༑སོ་སོའི་སྐྱེ་བོ་ནི། རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། བཙུན་མོའི་འཁོར་དེ་དག་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་རང་སངས་རྒྱས་དེའི་རྐང་པའི་དྲུང་དུ་འགྱེལ་ནས་སྨྲས་པ་ ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་ཅག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། རང་སངས་རྒྱས་དེ་བཙུན་ [274A]༄༅། །མོའི་འཁོར་དེ་དག་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་དག་གིས་དེ་ལ་མཆོད་པ་བྱས་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ ཅེས། བདག་ཅག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་ཅག་ འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང། ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན་ རྒྱལ་པོ་ཚངས་བྱིན་གྱི་བཙུན་མོ་དམ་པ་གང་ཡིན་པ་དེ་ནི། སྔོ་བསངས་ཅན་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་བུད་མེད་གཞན་བཞི་བརྒྱ་དགུ་བཅུ་རྩ་དགུ་པོ་གང་དག་ཡིན་པ་དེ་དག་ནི། བུད་མེད་གཞན་ བཞི་བརྒྱ་དགུ་བཅུ་རྩ་དགུ་པོ་འདི་དག་ཡིན་ནོ། །དེའི་ཚེ་དེའི་དུས་ན་བུ་མོ་མངག་གཞུག་མ་གང་ཡིན་པ་དེ་ནི། སྒུར་མཆོག་འདི་ཡིན་ནོ་།དེ་དག་གིས་རང་སངས་རྒྱས་ཀྱི་སྤྱིལ་བུ་བསྲེགས་ཤིང། རྗེས་ སུ་ཡི་རང་བ་བྱས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ལོ་མང་པོ་དག་ཏུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་བསྲེགས་ནས་ད་ལྟར་བདེན་པ་མཐོང་གི་བར་དུ་ཡང་མེས་ཚིག་པར་གྱུར་ ཏོ༑ ༑སྒུར་མཆོག་མེ་གཏོང་དུ་མ་བཏུབ་པས་ནི། ད་ལྟར་ཆུའི་སྟོར་ཁུང་ནས་བྲོས་པར་གྱུར་ཏོ། །དེ་དག་གིས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེས་ནི། ད་ [274B] དེ་དག་གིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །རྒྱལ་པོ་ ཆེན་པོ། དེ་ལྟར་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི། གཅིག་ཏུ་ནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་ རྣམས་ཀྱི་རྣམ་པར་སྨྲིན་པ་ཡང་འདྲེན་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་དང། འདྲེན་མ་རྣམས་སྤངས་ནས་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་ སྟེ༑ རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བད་སའི་རྒྱལ་པོ་ཤར་པས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་ འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དོན་བརྒྱད་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྒུར་མཆོག་གིས་ལས་ཅི་བགྱིས་ན། དེས་ན་སྒུར་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག་སྒུར་མཆོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་ཉིད་ཀྱིས་ [275A]༄༅། །ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་ རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར། ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་ དག་ནི་ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་ རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་།སྔོན་བྱུང་བ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན། རྒྱལ་པོ་ཚངས་བྱིན་ཞེས་བྱ་བས། རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་ མི་མང་པོས་གང་བ། འཐབ་མོ་དང། འཐབ་པ་དང། ཕྱི་དགྲ་དང། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང། མུ་གེ་དང། ནད་དང་བྲལ་བ། སཱ་ལུ་དང། བུ་རམ་ཤིང་གི་ཕྲེང་བ་དང། བ་ལང་དང། མ་ཧེ་ ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ་ཇི་ཙམ་དུས་གཞན་ཞིག་ན་ལྟས་པ་དག་གིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པར་ ལུང་བསྟན་ནས། རྒྱལ་པོ་ཚངས་བྱིན་གྱིས་ཝཱ་ར་ཎཱ་སིར་དྲིལ་སྒྲོག་པར་བྱེད་དུ་བཅུག་སྟེ་འདི་སྐད་ཅེས། གང་ལ་ལོ་བཅུ་གཉིས་ཀྱི་ཟན་ཡོད་པ་དེ་ནི་གནས་པར་བྱའོ། །གང་ལ་མེད་པ་དེ་ [275B] གཞན་དུ་འགྲོ་བར་བྱ་ཞིང། ལོ་བཅུ་གཉིས་འདས་ནས་ཕྱིར་ཡང་འོང་བར་བྱའོ། །ཞེས་བསྒོའོ། །དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་གཟུངས་བྱེད་ཅེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ། ཁོ་བོ་འཁོར་ དང་བཅས་པའི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ་།མཆིས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ་ བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ། །ཇི་ཙམ་ན་རང་སངས་རྒྱས་ལྔ་བརྒྱ་ལྗོངས་རྒྱུ་ཞིང་འདོང་བ་ན་ཝཱ་ར་ཎཱ་ སིར་ཕྱིན་ནས་དེ་དག་ཁྱིམ་བདག་གཟུངས་བྱེད་ཀྱི་གན་དུ་དོང་སྟེ་ཕྱིན་ནས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་ལོ་བཅུ་གཉིས་སུ་མཁོ་བ་སྟོབ་པར་ནུས་སམ་ དེས་སྨྲས་པ། འཕགས་པ་དག་ཇེ་མཛོད་པ་ལ་རྨས་ཏེ་སླད་ཀྱིས་གསོལ་ལོ། །ཞེས་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ། ཁོ་བོ་འཁོར་དང་བཅས་པ་དང། རབ་ཏུ་བྱུང་བ་ལྔ་བརྒྱ་ པོ་འདི་དག་གི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །ཁྱིམ་བདག་གཟུངས་བྱེད་ཀྱིས་རང་སངས་རྒྱས་ལྔ་བརྒྱ་པོ་དེ་དག་ལ་སྨྲས་པ། འཕགས་པ་དག་མཆིས་ཀྱི་ [276A]༄༅། །བཞུགས་ཤིག་དང་གསོལ་ལོ། །དེ་དག་དེ་ཉིད་དུ་འཁོད་དོ་།ཇི་ཙམ་ན་རང་སངས་རྒྱས་གཞན་ལྔ་བརྒྱ་ལྗོངས་རྒྱུ་ཞིང་འདོང་བ་ན་ཝཱ་ར་ཎཱ་སིར་ཕྱིན་ནས་དེ་དག་ཀྱང་ཁྱིམ་ བདག་གཟུངས་བྱེད་ཀྱི་གན་དུ་དོང་སྟེ་ཕྱིན་ནས་སྨྲས་པ། ཁྱིམ་བདག། ཁྱོད་ཀྱིས་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་ལོ་བཅུ་གཉིས་སུ་མཁོ་བ་སྟོབ་པར་ནུས་སམ། དེས་སྨྲས་པ། འཕགས་ པ་དག། ཁྱེད་ཅག་ལ་གསོལ་ལགས་ན། ཅིའི་སླད་དུ་ཡང་སྒྲུབ་པར་མཛད། ཁྱིམ་བདག་དེ་དག་ཀྱང་གཞན་ལ། ཁོ་བོ་ཅག་ཀྱང་གཞན་ནོ། །འཕགས་པ་དག། ཇེ་མཛོད་པ་ལ་རྨས་ཏེ་སླད་ ཀྱིས་གསོལ་ལོ། །ཞེས་དེས་མཛོད་པ་བོས་ཏེ་སྨྲས་པ། ཀྭའི་ནང་རྗེ་མཛོད་པ། ཁོ་བོ་འཁོར་དང་བཅས་པ་དང། རབ་ཏུ་བྱུང་བ་སྟོང་པོ་འདི་དག་གི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ། དེས་སྨྲས་ པ༑ ཇོ་བོ། །མཆིས་སོ། །དེས་རབ་ཏུ་བྱུང་བ་གཞན་ལྔ་བརྒྱ་པོ་དེ་དག་ལ་སྨྲས་པ། འཕགས་པ་དག་མཆིས་ཀྱི། བཞུགས་ཤིག་དང་གསོལ་ལོ། །དེ་དག་ཀྱང་དེ་ན་འཁོད་དོ། །དེས་སྦྱིན་པའི་ ཁང་པ་རྩིག་ཏུ་བཅུག་སྟེ་དེས་སྦྱིན་པའི་ཞལ་ཏ་པའི་མི་དང་སྤྱན་འདྲེན་ཡང་བསྐོས་སོ། །དེར་ཉི་མ་རེ་རེ་ཞིང་རང་སངས་རྒྱས་སྟོང་སྟོང་ཟན་ཟའོ། །དེ་ནས་རང་སངས་རྒྱས་གཅིག་ན་བར་གྱུར་ ནས་དེ་དེའི་ཉིན་མོ་མ་འོངས་པ་དང། ཁྱིམ་བདག་གཟུངས་བྱེད་ལ་བུ་མོས་སྨྲས་པ། ཡབ། དེང་རབ་ཏུ་བྱུང་བ་གཅིག་མ་མཆིས་སོ། །དེས་སྨྲས་པ། བུ་མོ། ཇི་ལྟ་བུ་ཞིག། དེས་རྒྱབ་བཏུད་ [276B] ཡབ། འདི་ལྟ་བུ་ཞིག་གོ་དགེ་སློང་དག་དེའི་ཚེ་དེའི་དུས་ན། ཁྱིམ་བདག་གཟུངས་བྱེད་ཀྱི་བུ་མོ་གང་ཡིན་པ་དེ་ནི། སྒུར་མཆོག་འདི་ཡིན་ཏེ། འདིས་རང་སངས་རྒྱས་ལ་མཐོ་བརྩམས་པ་ གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་སྒུར་པོར་གྱུར་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྒུར་མཆོག་ གིས་ལས་ཅི་བགྱིས་ན། དེས་ན་ཐོས་པ་འཛིན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྒུར་མཆོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་ བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་ དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི་ འདི་ལྟར། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམ་བསྐལ་པ་བརྒྱར་ཡང་ ནི༑ ༑ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་ཁྱིམ་བདག་གཟུངས་བྱེད་ཀྱིས་སྦྱིན་གནས་རང་སངས་རྒྱས་སྟོང་པོ་དེ་དག་ [277A]༄༅། །ཉིད་ཀྱི་དགེ་འདུན་གྱི་གནས་བརྟན་གང་ཡིན་པ་དེ། རླུང་ནད་ཅན་ཡིན་པས། དེ་ལག་པ་འདར་པས་ཟན་ཟ་བ་ན། ལྷུང་བཟེད་མགུལ་ནས་གཟུངས་བྱེད་ཀྱི་བུ་མོ་དེས་ རང་གི་ལག་པ་ལས་གདུ་བུ་རྒྱན་ཅན་ཕུད་དེ། རང་སངས་རྒྱས་དེ་ལ་ཕུལ་ཏེ་སྨྲས་པ། འཕགས་པ། འདིའི་སྟེང་དུ་ལྷུང་བཟེད་གཞག་ཏུ་གསོལ། དེས་དེའི་སྟེང་དུ་ལྷུང་བཟེད་བཞག་པ་དང་མི་ གཡོ་བ་ཉིད་དུ་འདུག་ནས། དེས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ། ཇི་ལྟར་ལྷུང་བཟེད་འདི་མི་གཡོ་བར་འདུག་པ་དེ་བཞིན་དུ་བདག་གི་རྒྱུད་ལ་ཆོས་གང་དག་ཞུགས་པ་དེ་ དག་ཀྱང་མི་གཡོ་བ་ཉིད་དུ་གྱུར་ཅིག་ཅེས་བཏབ་བོ། །ལས་དེའི་རྣམ་པར་སྨིན་པས་འདི་ད་ལྟར་ཐོས་པ་འཛིན་པར་གྱུར་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་ གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྒུར་མཆོག་གིས་ལས་ཅི་བགྱིས་ན། དེས་བྲན་མོར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། སྒུར་ མཆོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་ཉིད་ཀྱིས་ལས་ བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ [277B] མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར། འདི་ལྟར། ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་ དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས་།རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ ཉིད། །དགེ་སློང་དག་དེ་ཉིད་ན་འདི་དབང་ཕྱུག་གི་དྲེགས་པས་རྒྱགས་པས། འཁོར་གྱི་མི་རྣམས་ལ་བྲན་གྱི་ཚིག་གིས་ཀུན་ཏུ་སྤྱད་པས་ལས་དེའི་རྣམ་པར་སྨིན་པས་ད་ལྟར་བྲན་མོར་གྱུར་ཏོ། ། ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དཔེ་མེད་མས་ལས་ཅི་བགྱིས་ན། དེས་གདུགས་བདུན་དུ་ཟན་མ་མཆིས་ པར་ས་ཁང་དུ་སྩལ་ཅིང་ཉོན་མོངས་པ་ཅན་མ་ལགས་པ་དང། ལུས་མ་རྙིང་པར་ཕྱུང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་དག་དཔེ་མེད་མ་ཉིད་ཀྱིས་ལས་ཚོགས་རྙེད་ པ༑ རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་ [278A]༄༅། །འགྱུར། རླུང་གི་ཁམས་ལ་མི་འགྱུར། འདི་ལྟར། ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་ དག་སྔོན་བྱུང་བ་རི་བྲག་ཅིག་ན། རྒྱལ་རིགས་ཀྱི་བུ་མོ་ཞིག་དང། བྲམ་ཟེའི་བུ་མོ་ཕན་ཚུན་བཤེས་པ་གཉིས་ཤིག་འཁོད་དོ་།སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་ པ་དང། བཀྲེས་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ། འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ། །ཇི་ཙམ་ན་རང་ སངས་རྒྱས་ཤིག་ས་ཕྱོགས་ཞི་བ་ཞིག་ཏུ་མཚན་མོ་གནས་པར་ཁས་བླངས་ནས་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རི་བྲག་དེར་བསོད་ སྙོམས་ལ་ཞུགས་པ་དང། རྒྱལ་རིགས་ཀྱི་བུ་མོ་དེས་དེའི་ཉིན་མོ་དེ་ལ་བསོད་སྙོམས་བྱིན་ནོ། །དེ་བཞིན་དུ་ཉི་མ་གཉིས་པ་དང། གསུམ་པ་དང། ཉིན་གཅིག་མི་འཆད་པར་ཡང་དེ་ལ་ བསོད་སྙོམས་སྦྱིན་པར་བརྩམས་སོ། །རྒྱལ་རིགས་ཀྱི་བུ་མོ་དེ་དུས་གཞན་ཞིག་ན། བྲམ་ཟེའི་བུ་མོ་དེས་མགྲོན་དུ་བོས་ནས་དེའི་ཁྱིམ་དུ་སོང་བ་དང། རང་སངས་རྒྱས་དེ་ཡང་བསོད་ [278B] ལ་རྒྱུ་ཞིང་རྒྱལ་རིགས་ཀྱི་བུ་མོ་དེའི་ཁྱིམ་དུ་ཞུགས་པ་ན། དེ་མེད་ནས་མཐར་གྱིས་བྲམ་ཟེའི་བུ་མོ་དེའི་ཁྱིམ་དུ་ཞུགས་པ་དང། རྒྱལ་རིགས་ཀྱི་བུ་མོ་དེས་མཐོང་ནས། དེས་བྲམ་ཟེའི་བུ་མོ་ དེ་ལ་སྨྲས་པ། བུ་མོ། འཕགས་པ་འདི་ལ་བསོད་སྙོམས་ཕུལ་ཅིག་དེས་སྨྲས་པ། ཇི་སྲིད་དུ་ལྷ་དང། བྲམ་ཟེ་དང། སྙིང་དུ་སྡུག་ཅིང་འབྲེལ་བའི་རྩ་ལག་དག་ལ་མ་ཕུལ་གྱི་བར་དུ་དགེ་སྦྱོང་མགོ་ རེག་འདི་ལ་ག་ལ་སྦྱིན། དེས་སྨྲས་པ། བུ་མོ། གལ་ཏེ་དེ་ལྟ་ན་ཁོ་མོ་རེ་ཞིག་འདི་ལ་བསོད་སྙོམས་འབུལ་དུ་འགྲོའི། །ཕུལ་ནས་ཕྱིས་འོང་ངོ། །དེས་སྨྲས་པ། ཆེ་ཞེ། གལ་ཏེ་དེ་ལྟ་ན། འདུག་ཅིག་ དང། བདག་གིས་འདི་ལ་བསོད་སྙོམས་དབུལ་ལོ། །དེས་དེ་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་ལོག་པ་བཏབ་སྟེ། བདག་གིས་དགེ་སྦྱོང་མགོ་རེག་འདི་ལ་བསོད་སྙོམས་ཕུལ་བ་གང་ ཡིན་པ་འདི་བདག་ལ་འཇིག་རྟེན་འདིར་ཡང་རྣམ་པར་སྨིན་པར་མ་གྱུར་ལ། འཇིག་རྟེན་ཕ་རོལ་ཡང་རྣམ་པར་སྨིན་པར་མ་གྱུར་ཅིག། ཅེས་བཏབ་བོ། །དགེ་སློང་དག། དེའི་ཚེ་དེའི་དུས་ན་ བྲམ་ཟེའི་བུ་མོ་གང་ཡིན་པ་དེ་ནི། དཔེ་མེད་མ་འདི་ཡིན་ཏེ། འདིས་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་ལོག་པ་འདི་སྐད་ཅེས། བདག་གིས་དགེ་སྦྱོང་མགོ་རེག་འདི་ལ་ བསོད་སྙོམས་ཕུལ་བ་གང་ཡིན་པ་འདི་འཇིག་རྟེན་འདིར་ཡང་རྣམ་པར་སྨིན་པར་མ་གྱུར་ལ། འཇིག་རྟེན་ཕ་རོལ་ཏུ་ཡང་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་བཏབ་པ་གང་ཡིན་པའི་ [279A]༄༅། །ལས་དེའི་རྣམ་པར་སྨིན་པས་འདི་ཉི་མ་བདུན་དུ་ཟན་མེད་པར་ས་ཁང་དུ་བཅུག་ཅིང། ཉོན་མོངས་པ་ཅན་མ་ཡིན་པ་དང། ལུས་མ་རྙིང་པར་ཕྱུང་ངོ། །དུས་གཞན་ ཞིག་ན་མགུ་བྱེད་རྒྱས་པར་གྱུར་ནས་དེས་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ། བདག་གིས་དགེ་སློང་གི་དགེ་འདུན་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་འདིས་ བདག་ཁྱིམ་བདག་གདངས་ཅན་གྱི་ཆུང་མའི་མཆོག་གི་མངལ་དུ་སྐྱེ་ཞིང་སྔོ་བསངས་ཅན་གྱི་ཆུ་ཞེང་ཅི་འདྲ་བ་དེ་ལྟ་བུར་བདག་ཀྱང་གྱུར་ཏེ། བད་སའི་རྒྱལ་པོ་ཤར་པ་བདག་གི་ཁྱིམ་ ཐབ་ཏུ་གྱུར་ཅིག་ཅེས་བཏབ་བོ། །དེ་ཤི་ཞིང་དུས་ལ་བབ་ནས་ཁྱིམ་བདག་གདངས་ཅན་གྱི་ཆུང་མའི་མཆོག་གི་མངལ་དུ་སྐྱེས་སོ། །གང་གི་ཉིན་མོ་སྐྱེས་པ་དེ་ཉིད་ཀྱི་ཉིན་མོ་ཁྱིམ་དེ་ དཔལ་དག་གིས་སྣང་བར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ། དགུ་འདས་ཏེ་བཙས་པ་ལས་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བྱུང་ངོ། །བྱུང་མ་ཐག་ཏུ་ཡང་དེས་ ཕའི་ཁྱིམ་རྒྱ་ཆེར་དཔལ་དག་གིས་སྣང་བར་གྱུར་ཏོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་བུ་མོ་འདིའི་ མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ཀྱིས་སྨྲས་པ། གང་གི་ཕྱིར་བུ་མོ་འདི་གང་གི་ཉིན་མོ་མའི་མངལ་དུ་ཞུགས་པ་དེ་ཉིད་ཀྱི་ཉིན་མོ་ཁྱིམ་དེ་དཔལ་དག་ [279B] བཙས་པ་ན་ཡང་འདིས་ཕའི་ཁྱིམ་རྒྱ་ཆེར་དཔལ་དག་གིས་སྣང་བར་གྱུར་པ་དེའི་ཕྱིར་བུ་མོ་འདིའི་མིང་དཔལ་ལྡན་དུ་གདགས་སོ། །ཞེས་དེའི་མིང་དཔལ་ལྡན་ཞེས་ བྱ་བར་བཏགས་སོ། །གང་གི་ཚེ་དེ་སྨྲ་ཤེས་པར་གྱུར་པ་དེའི་ཚེ་ན། དགེ་སློང་གང་དག་ཁྱིམ་དེར་བསོད་སྙོམས་ལ་ཞུགས་པ་དེ་དག་གི་གན་དུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་ སྙུན་གསོལ་བར་བྱེད་དོ། །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དེར་བསོད་སྙོམས་ལ་ཞུགས་པ་དང། དེ་དེའི་གན་དུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨྲས་པ། བཙུན་ པ་ཀུན་དགའ་བོ། །ཇི་ལྟར་བཅོམ་ལྡན་འདས་པ་དང། དགེ་སློང་གནས་བརྟན་གནས་བརྟན་ཆེ་གེ་མོ་དག་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འྪོའམ་ སྟོབས་དང་ལྡན་ནམ། བྡེའམ། ཁ་ན་མ་ཐོ་བ་མེ་མཆིས་སམ། བདེ་བ་ལ་རེག་པར་གནས་སམ། དེས་སྨྲས་པ། སྲིང་མོ། བཅོམ་ལྡན་འདས་དང། དགེ་ སློང་གནས་བརྟན་གནས་བརྟན་ཆེ་གེ་མོ་དག་གནོད་པ་ཆུང། ཉམ་ང་བ་ཉུང། བསྐྱོད་པ་ཡང། འཚོ། སྟོབས་དང་ལྡན། བདེ། ཁ་ན་མ་ཐོ་བ་མེད། བདེ་བ་ལ་རེག་པར་གནས་སོ། ། དེས་སྨྲ་བའི་ཚིག་ཐོས་ནས་ཁྱིམ་བདག་གདངས་ཅན་གྱི་ནང་མི་དག་མཆོག་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ཨ་རོག་ཁྱ་ཞེས་བྱས་ཏེ་སོང་ནས་བཅོམ་ [280A]༄༅། །ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས། ཁྱིམ་བདག་གདངས་ཅན་གྱི་ བྱིས་པ་ཞིག། བཅོམ་ལྡན་འདས་དང། དགེ་སློང་གནས་བརྟན་གནས་བརྟན་དག་ལ་སྙུན་གསོལ་ཞིང། ཁྱིམ་བདག་གདངས་ཅན་གྱི་ནང་མི་དག་གིས་དེ་ཐོས་ནས་མཆོག་ཏུ་ངོ་མཚར་སྐྱེས་ པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བུ་མོ་དེ་མི་ཤེས་སམ། བཅོམ་ལྡན་འདས། མ་འཚལ་ཏོ་།ཀུན་དགའ་བོ། དེ་ནི། མགུ་བྱེད་ཡིན་ཏེ་ སྨོན་ལམ་གྱི་དབང་གིས་ཁྱིམ་བདག་གདངས་ཅན་གྱི་ཆུང་མའི་མཆོག་གི་མངལ་དུ་སྐྱེས་ཏེ། ད་ལྟར་བུ་མོ་དཔལ་ལྡན་ཞེས་བྱའོ། །གང་གི་ཚེ་དཔལ་ལྡན་པ་ཆེན་མོར་གྱུར་པ་དེའི་ཚེ་ན་དེ་སློང་ བ༑ རྒྱལ་པོ་དག་དང། ནོར་ཅན་དག་དང། ཚོང་དཔོན་དག་དང། དེད་དཔོན་དག་དང། ཀོའུ་དྱ་དག་དང། ཤཱཀྱ་དག་དང། ལི་ཙ་བྱི་དག་དང། གཞན་ཡང་མང་པོ་དག་འོང་བར་བརྩམས་ སོ༑ ༑ཁྱིམ་བདག་གདངས་ཅན་འདི་སྙམ་དུ། དཔལ་ལྡན་སློང་བ་མང་པོ་དག་འོང་སྟེ། གང་དག་ལ་མ་བྱིན་པ་དེ་དག་བདག་གི་དགྲར་འགྱུར་རོ། །སྙམ་ནས་དེ་ལག་པ་ལ་འགྲམ་པ་གཏད་དེ་ སེམས་ཁོང་དུ་ཆུད་ཅིང་འདུག་གོ་དཔལ་ལྡན་གྱིས་དེ་མཐོང་ནས་སྨྲས་པ། ཡབ། ཁྱོད་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། བུ་མོ། ཁྱོད་སློང་ [280B] ནོར་ཅན་དག་དང། ཚོང་དཔོན་དག་དང། ཀོའུ་དྱ་དག་དང། ཤཱཀྱ་དག་དང། ལི་ཙ་བྱི་དག་དང་གཞན་ཡང་མང་པོ་དག་འོང་སྟེ། གང་དག་ལ་མ་བྱིན་པ་དེ་དག་བདག་གི་དགྲར་འགྱུར་ ན༑ ཇི་ལྟར་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་མི་འདུག་ཏུ་རུང། དེས་སྨྲས་པ། ཡབ། ཐུགས་ངན་མ་མཛད་ཅིག། བདག་གིས་ཁྱིམ་ཐབ་འཚལ་ལགས་སོ། །བུ་མོ། གང། ཡབ་ བད་སའི་རྒྱལ་པོ་ཤར་པའོ། །བུ་མོ། གལ་ཏེ་དེ་ལྟར་ན། ཇེ་གོ་རིམ་བྱའོ། །ཡབ། གོ་རིམ་ཇི་ལྟ་བུ་ལགས། བུ་མོ། ཁོ་བོས་བད་སའི་རྒྱལ་པོ་ཤར་པ་འདི་ཉིད་དུ་སྤྱན་དྲང་གི། གང་གི་ཚེ་དེས་ བཤོས་གསོལ་བ་དེའི་ཚེ་ན་ཁྱོད་སྟེང་གི་ཁང་བཟང་གི་གཞི་ན་འདུག་པས་ཕོ་ལོང་འཕང་པར་བྱའོ། །ཡབ། མ་ནོངས་ཀྱི། དེ་བཞིན་བགྱིའོ། །དེས་བད་སའི་རྒྱལ་པོ་ཤར་པ་ཁྱིམ་གཞན་དུ་མགྲོན་དུ་བོས་ ཏེ་ཟན་ཟོས་པ་དང། དཔལ་ལྡན་སྟེང་གི་ཁང་བཟང་གི་གཞི་ན་འདུག་པས་ཕོ་ལོང་འཕངས་སོ། །རྒྱལ་པོས་སྟེང་དུ་བརྟག་པར་བརྩམས་པ་དང། རྒྱལ་པོས་དེ་མཐོང་ནས་སྨྲས་པ། གདངས་ཅན་ ཁྱོད་ན་རེ་སྔོ་བསངས་ཅན་དུས་ལ་བབ་ཟེར་ན། འདི་ན་འདུག་པ་ནི་མ་ཡིན་ནམ། ལྷ། འདི་ནི། སྔོ་བསངས་ཅན་མ་ལགས་སོ། །འོ་ན་འདི་ཅིའི་མིང། ལྷ། འདི་ནི། སྔོ་བསངས་ཅན་གྱི་ནུ་མོ་དཔལ་ལྡན་ ཞེས་བགྱིའོ། །ཅི། འགའ་ཞིག་ལ་བྱིན་ནམ། ལྷ། སུ་ལ་ཡང་མ་སྩལ་ཏོ། །གལ་ཏེ་དེ་ལྟ་ན། ང་ལ་ཅིའི་ཕྱིར་མི་སྦྱིན། ལྷ་གསོལ་ལོ་།ཁྱིམ་བདག་གདངས་ཅན་གྱིས་བྱིན་ནས་པད་སའི་རྒྱལ་པོ་ [281A]༄༅། །ཤར་པས་དཔལ་གྱི་འབྱོར་པས་བག་མར་བླངས་ཏེ་བཙུན་མོའི་འཁོར་གྱི་ནང་དུ་བཅུག་གོ་དུས་གཞན་ཞིག་ན་དེས་རྒྱལ་པོ་ལ་སྨྲས་པ། ལྷ། བདག་དགེ་སློང་མཐོང་བར་ འཚལ་ལོ། །རྒྱལ་པོས་སྨྲས་པ། ཁྱོད་འདོད་མོད་ཀྱི། དགེ་སློང་དག་རྒྱལ་པོའི་ཕོ་བྲང་དུ་མི་འཇུག་གོ། ལྷ། དེ་ལྟར་ན། བདག་རྣམ་པ་ཐམས་ཅད་དུ་བཙོན་རར་སྩལ་དུ་བས་མོད། གལ་ཏེ་དགེ་ སློང་མཐོང་བར་མ་གནང་ན། དེང་སླན་ཆད་འཚལ་མ་ཡང་མི་འཚལ། ཕྱག་ཀྱང་མི་འཚལ་ལོ། །དེས་ཟན་གཅད་པ་ལ་ཞུགས་པ་དང། རྒྱལ་པོས་ཁྱིམ་བདག་གདངས་ཅན་ལ་སྨྲས་པ། ཁྱིམ་ བདག། ཁྱོད་སོ་སོར་མི་རྟོག་གམ། ལྷ། ཅི་ལགས། དཔལ་ལྡན་ཟན་གཅད་པ་ལ་ཞུགས་སོ། །ལྷ། ཅིའི་སླད་དུ། དགེ་སློང་མཐོང་བར་འདོད་ན་དགེ་སློང་དག་རྒྱལ་པོའི་ཕོ་བྲང་དུ་མི་འཇུག་ གོ༑ ལྷ། འོ་ན་འདི་ལ་ཇི་ལྟར་བསྒྲུབ་པར་བགྱི། ཁྱིམ་བདག། དེའི་ཕྱིར་ཁྱོད་ཀྱིས་བདག་ཉིད་ཀྱི་མིང་གིས་ར་བར་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་བར་དུ་སྒོ་ཐོད་ལ་བཤོས་གསོལ་ཅིག་ ཁྱིམ་བདག་གདངས་ཅན་གྱི་ཁྱིམ་རྒྱལ་པོ་དང་འདབ་ཆགས་སུ་འདུག་པས་དེས་ར་བའི་བར་དུ་སྒོ་བཏོད་ནས་སའི་བྱི་དོར་བྱེད་དུ་བཅུག་གོ་དེ་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་གདངས་ཅན་ལ་ཆོས་དང་ལྡན་པའི་ [281B] ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད་ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་ དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན་ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ ངོ༑ ༑དེ་ནས་ཁྱིམ་བདག་གདངས་ཅན་གྱིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་ དགེ་འདུན་དང་བཅས་པས། སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཁྱིམ་ བདག་གདངས་ཅན་གྱིས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ ངོ༑ ༑དེ་ནས་ཁྱིམ་བདག་གདངས་ཅན་གྱིས་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང། བཅའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ་ བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས། བཙུན་པ། གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས། ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་པ་དང་ [282A]༄༅། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི། ཞུགས་སོ། །བཅོམ་ལྡན་འདས་ནི། རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་ བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང། བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་ འཇོག་བཞེད་པ་དང། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང། ནད་པ་ལ་ལྟ་བར་བཞེད་པ་དང། གནས་མལ་ལ་རྟོག་པར་བཞེད་པ་དང་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་ པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི། བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་ སྙོམས་མངོན་པར་སྒྲུབ་པར་མཛད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འཇུག་པ་ན། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་འདུག་ནས་དེའི་ཕྱིར་ལྡོག་པར་བརྩམས་པ་དང། རྒྱལ་པོས་མཐོང་ ནས་སྨྲས་པ། འཕགས་པ་ཤཱ་རིའི་བུ། གཤེགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཞི་པོ་དག་གི་ཚིག་ནི་ མི་བཅག་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་ཚིག་དང། དགེ་བསྐོས་ [282B] རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་ཚིག་ཡིན་གྱི། ཚེ་དང་ལྡན་པ་དག་དྲན་པ་ཉེ་བར་ཞོག་ཅིག་དང་འཇུག་པར་བྱའོ། །ཞེས་དེ་ཞུགས་ནས་དགེ་སློང་གི་དགེ་འདུན་གྱི་ གོང་དུ་གདན་བཤམས་པ་ཉིད་ལ་འདུག་གོ་དེ་ནས་བཙུན་མོ་དཔལ་ལྡན་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་འཁོད་པར་རིག་ནས་རང་གི་ལག་ནས་ བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པས་ཚིམ་པ་སྟོབ་པར་བྱེད་དོ། །རྣམ་གྲངས་དུ་མར་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱས་ཤིང་བསྟབས་ནས་ཚེ་དང་ ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཅིང་ཕྱག་བཅབས། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་ཚེ་དང་ལྡན་ པ་ཤཱ་རིའི་བུ་མདུན་དུ་འདུག་གོ་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཙུན་མོ་དཔལ་ལྡན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་ དག་པར་གཟེངས་བསྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་དེས་བདེན་པ་དག་མ་མཐོང་ངོ། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ། ཅི། འདི་ལ་དགེ་བའི་རྩ་བ་དག་ཡོད་དམ། འོན་ [283A]༄༅། །ཏེ་མེད་སྙམ་ན། ཡོད་པར་མཐོང་ངོ། །སུ་ལ་རག་ལས་སྙམ་ན། བདག་ཉིད་ལ་རག་ལས་པར་མཐོང་ནས། དེ་དེ་ལ་ཆོས་སྟོན་ཅིང་རྣམ་པར་སྤྱོད་པ་ན། ཉི་མ་ནུབ་པའི་དུས་ ལ་བབ་ནས་དགེ་སློང་རྣམས་སྟན་ལས་ལངས་ཏེ་དོང་ངོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ། འདི་ལྟར། བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི། འདི་ཉིད་རྐྱེན་དུ་མཛད་ནས་གནང་བར་ འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སྙམ་ནས་དེ་གདུལ་བ་ལ་ལྟོས་པས་དེ་ཉིད་དུ་འདུག་གོ་ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་མོ་དཔལ་ལྡན་གྱི་བསམ་པ་དང། བག་ལ་ ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས། གང་ཐོས་ནས་བཙུན་མོ་དཔལ་ལྡན་གྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་ རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པར་བྱས་སོ། །དེས་བདེན་པ་མཐོང་ནས་སྨྲས་པ་འཕགས་པ། བདག་གིས་དགེ་བའི་བཤེས་གཉེན་ འཕགས་པ་ཤཱ་རིའི་བུ་ལ་བརྟེན་ནས་འཕགས་པས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་དག་གིས་ཀྱང་མ་བགྱིས་ཏེ་ [283B] མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་ དང༑ ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང་མི་རྣམས་ཀྱི་ནང་དུ་ནི། བཞག་འཁོར་བ་ནི། མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ། བཙུན་པ། བདག་ནི། མངོན་པར་ཞུགས་པ་ལགས་སོ། །བཙུན་པ། བདག་མངོན་པར་ཞུགས་པ་ལགས་ཏེ་ བཙུན་པ། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའི། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་ བ་ཐག་པ་ནས་རབ་ཏུ་དད་པས་སྐྱབས་སུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་མོ་དཔལ་ལྡན་བདེན་པ་དག་ལ་བཞག་སྟེ་སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྐབས་དེ། བཅོམ་ལྡན་འདས་ ལ་རྒྱས་པར་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རིའི་བུ། ལེགས་སོ། །ལེགས་སོ། །བདུན་པོ་དག་གི་ཚིག་ནི། མི་བཅག་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་ [284A]༄༅། །བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་ཚིག་དང། དགེ་འདུན་གྱི་གནས་བརྟན་གྱི་ཚིག་དང་ དགེ་བ་སྐོས་ཀྱི་ཚིག་དང། མཁན་པོའི་ཚིག་དང། སློབ་དཔོན་གྱི་ཚིག་དང། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་ཚིག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་ དང༑ བསླབ་པ་ལ་གུས་པ་དང། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་དེའི་ཤས་ཆེ་བ་དང། དེ་དང་འཚམ་པའི་ཆོས་ དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། སྔ་མ་ནི། བཅས་པ་ཡིན་ལ། འདི་ནི། རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་དག། ནམ་མ་ལངས། སྐྱ་རེངས་མ་ཤར། རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་ མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་ཀོར་ལས་འདའ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ། ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་ བྱ་བ་ནི། འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ནམ་མ་ལངས་ཞེས་བྱ་བ་ནི། ནམ་ནངས་པར་མ་གྱུར་པའོ། །སྐྱ་རེངས་གསུམ་པོ་སྐྱ་རེངས་དང་པོ་དང། སྐྱ་རེངས་ [284B] སྐྱ་རེངས་ཐ་མའོ། །སྐྱ་རེངས་དང་པོ་ནི་སྔོན་པོར་སྣང་བའོ། །སྐྱ་རེངས་བར་མ་ནི། སེར་པོར་སྣང་བའོ་།སྐྱ་རེངས་ཐ་མ་ནི། དམར་པོར་སྣང་བ་སྟེ། འདིར་ནི། སྐྱ་རེངས་ཐ་མ་ ཡིན་པར་དགོངས་སོ། །མ་ཤར་ཞེས་བྱ་བ་ནི། མ་བྱུང་བའོ། །རིན་པོ་ཆེ་དག་ཅེས་བྱ་བ་ལ། རིན་པོ་ཆེ་དག་ཅེས་བྱ་བ་ནི། ནོར་བུ་དག་དང། མུ་ཏིག་དག་དང། བཻ་ཌཱུརྱ་དག་དང། མན་ཤེལ་དཀར་ པོ་དག་དང། བྱི་རུ་དག་དང། གསེར་དག་དང། དངུལ་དག་དང་རྡོའི་སྙིང་པོ་དག་དང། སྤུག་དག་དང། དམར་པོ་དག་དང། གཡས་སུ་འཁྱིལ་བདག་གོ་རིན་པོ་ཆེར་སྨོས་པ་དག་ཅེས་བྱ་བ་ལ། རིན་ པོ་ཆེར་སྨོས་པ་དག་ཅེས་བྱ་བ་ནི། གཡུལ་ངོར་སྤྱད་པའི་མཚོན་ཆ་ཐམས་ཅད་དང། རོལ་མོར་སྤྱད་པའི་ཆ་སྤྱད་ཐམས་ཅད་དོ་།མ་བསྡུས་པར་ཞེས་བྱ་ནི། མ་བརྟུལ་བར་རོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་ བསྐུར་བའི་ཞེས་བྱ་བ་ནི། འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བར་གྱུར་ན། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང། བྲམ་ཟེ་དང། རྗེའུ་ རིགས་དང། དམངས་རིགས་རྒྱལ་པོ་དེ་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །སྒོ་གཏན་ནམ་ཞེས་བྱ་བ་ནི། སྒོ་གཏན་ རྣམ་པ་གསུམ་སྟེ། གྲོང་ཁྱེར་གྱི་སྒོ་གཏན་དང། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་དང། བཙུན་མོའི་འཁོར་གྱི་སྒོ་གཏན་ནོ། །སྒོ་གཏན་གྱི་ཉེན་ཀོར་ལས་ཞེས་བྱ་བ་ནི། དེའི་དྲུང་ལས་སོ། ། [285A]༄༅། །འདའ་ན་ཞེས་བྱ་བ་ནི་འགྲོ་ནའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང། དུད་ འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ་།གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་ སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ནམ་མ་ལངས་པ་ལ་ནམ་མ་ ལངས་པར་འདུ་ཤེས་པས་གྲོང་ཁྱེར་གྱི་སྒོ་གཏན་ལས་འདའ་ན། ཉེས་བྱས་སུ་འགྱུར་རོ། །ནམ་མ་ནངས་པ་ལ་ཡིད་གཉིས་ཟ་བས་གྲོང་ཁྱེར་གྱི་སྒོ་གཏན་ལས་འདའ་ན། ཉེས་བྱས་སུ་འགྱུར་ རོ༑ ༑ནམ་མ་ལངས་པ་ལ་ནམ་མ་ནངས་པར་འདུ་ཤེས་པས་གྲོང་ཁྱེར་གྱི་སྒོ་གཏན་ལས་འདའ་ན། ཉེས་བྱས་སུ་འགྱུར་རོ། །ནམ་ལངས་པ་ལ་ཡིད་གཉིས་ཟ་བས་གྲོང་ཁྱེར་གྱི་སྒོ་གཏན་ ལས་འདའ་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ནམ་མ་ནངས་པ་ལ་ནམ་མ་ནངས་པར་འདུ་ཤེས་པས་རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདའ་ན། ལྟུང་བྱེད་དུ་ འགྱུར་རོ། །ནམ་མ་ནངས་པ་ལ་ཡིད་གཉིས་ཟ་བས་རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདའ་ན། ལྟུང་བྱེད་དུ་འགྱུར་རོ། །ནམ་ནངས་པ་ལ་ནམ་མ་ནངས་པར་འདུ་ཤེས་པས་ [285B] ཉེས་བྱས་སུ་འགྱུར་རོ། །ནམ་ནངས་པ་ལ་ཡིད་གཉིས་ཟ་བས་རྒྱལ་པོའི་སྒོ་གཏན་ལས་འདའ་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ ནམ་མ་ནངས་པ་ལ་ནམ་མ་ནངས་པར་འདུ་ཤེས་པས་བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདའ་ན། ལྟུང་བྱེད་དུ་འགྱུར་རོ། །ནམ་མ་ནངས་པ་ལ་ཡིད་གཉིས་པས་བཙུན་མོའི་འཁོར་གྱི་ སྒོ་གཏན་ལས་འདའ་ན། ལྟུང་བྱེད་དུ་འགྱུར་རོ། །ནམ་ནངས་པ་ལ་མ་ནངས་པར་འདུ་ཤེས་པས་བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདའ་ན་ཉེས་བྱས་སུ་འགྱུར་རོ། །ནམ་ལངས་པ་ལ་ ཡིད་གཉིས་ཟ་བས་བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདའ་ན། ཉེས་བྱས་སུ་འགྱུར་རོ། །རྒྱལ་པོ་དང། བཙུན་མོ་དང། གཞོན་ནུ་དང་བློན་པོ་དག་གིས་བོས་པ་དང། བར་ཆད་བརྒྱད་པོ་ རྒྱལ་པོ་དང། ཆོམ་རྐུན་དང། མི་དང། མི་མ་ཡིན་པ་དང། གདུག་པ་དང། མེ་དང། ཆུ་དང། རླུང་དག་ཉེ་བར་གནས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་ འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ་།རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དེ། བརྒྱད་ཅུ་གཉིས་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་ འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་གདོན་པར་བྱའོ། །ཞེས་ [286A]༄༅། །བཀའ་སྩལ་ནས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པའི་ཚེ་དྲུག་སྡེ་དག་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམ་སྟེ་ཆོས་ཉན་པར་མི་བྱེད་ཅིང། དགེ་སློང་རྣམས་ལ་ཡང་ འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་ཅག་གིས་ད་གདོད་ཤེས་སོ། །ཞེས་ཟེར་ནས། དགེ་སློང་རྣམས་ཀྱིས་ དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་གིས་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་གདོན་ཐོས་སམ། ཅི་ན་གང་གི་ཕྱིར་དེ་སྐད་ཟེར་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ ཁོ་བོ་ཅག་ལ་ལས་དེ་ཙམ་འབའ་ཞིག་ཏུ་ཟད་དམ། འདོད་པའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་བརྟག་དགོས་སོ། །གནོད་སེམས་ཀྱི་རྣམ་པར་རྟོག་པ་དང། རྣམ་པར་འཚེ་བའི་ རྣམ་པར་རྟོག་པ་ལ་ཡང་རྣམ་པར་བརྟག་དགོས་སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་གུས་པར་ བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ [286B] དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་ ཅག་གིས་ད་གཟོད་ཤེས་སོ། །ཞེས་ཟེར་ནས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ། དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཟླ་བ་ཕྱེད་ ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་ བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམ་སྟེ་ཆོས་ཉན་པར་མི་བྱེད་ཅིང། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་ མདོའི་ནང་དུ་འདུས་པར་བདག་ཅག་གིས་ད་གདོད་ཤེས་སོ། །ཞེས་ཟེར་བ་བདེན་ནམ། བཅུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་ [287A]༄༅། །པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ན། ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་ པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་ སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ། །ཞེ་ ཟེར་ལ། དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང། ཚེ་དང་ལྡན་པ་འདི་སྔོན་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ལ་མང་དུ་ལྟ་ཅི་སྨོས་ན། ཚེ་དང་ལྡན་པ་ དེ་མི་ཤེས་པས་མི་འགྲོལ་བས། དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། གུས་པར་ བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ [287B] ཚེ་དང་ལྡན་པ། ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ། ལེགས་པ་རྙེད་པ་མ་ཡིན་ནོ། །ཞེས་འགྱོད་པར་བྱའོ། །ཚེ་དང་ལྡན་པ། དེ་ ལ་འགྱོད་པར་བྱ་བ་ནི། དེ་ཡིན་ཏེ། ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་ངོ། །སོ་སོར་ ཐར་པའི་ཞེས་བྱ་བ་ལ། སོ་སོར་ཐར་པ་ཞེས་བྱ་བ་ནི། ཕམ་པར་འགྱུར་བའི་ཆོས་བཞི་དང། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་མ་ངེས་པའི་ཆོས་གཉིས་དང། སྤང་བའི་ལྟུང་བྱེད་ཀྱི་ཆོས་ སུམ་ཅུ་དང། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང། བསླབ་པའི་ཆོས་མང་པོ་དང། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གོ་མདོ་གདོན་པ་ཞེས་ བྱ་བ་ལ། མདོ་གདོན་པ་ཞེས་བྱ་བ་ནི། ཡང་དག་པར་སྦྱོར་བའོ་།འདོན་པའི་ཚེ་ཞེས་བྱ་བ་ནི། རབ་ཏུ་སྟོན་པའི་ཚེའོ། །འདི་སྐད་ཅེས་བྱ་བ་ནི། འདི་སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་ འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ། །ཞེས་ཟེར་ལ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ཡང་ངོ་ དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ཀྱིས་ཀྱང་ངོ། །ཚེ་དང་ལྡན་པ་འདི་ཞེས་བྱ་བ་ནི། དགེ་སློང་གང་ཡིན་པ་འདིའོ། །སྔོན་གསོ་ [288A]༄༅། །སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ཞེས་བྱ་བ་ནི། འདིས་སོ་སོར་ཐར་པ་ལན་གཉིས་སམ་གསུམ་ཐས་པར་ཤེས་ཤིང་ངོ། །ལན་མང་དུ་ ལྟ་ཅི་སྨོས་ན་ཞེས་བྱ་བ་ནི། ལན་མང་དུ་འདུག་པར་ཤེས་པ་ལྟ་ཅི་སྨོས་ནའོ། །ཚེ་དང་ལྡན་པ་དེ་མི་ཤེས་པས་མི་འགྲོལ་བས་ཞེས་བྱ་བ་ནི། དེ་དེས་ལྟུང་བ་ལས་མི་འགྲོལ་བས། དེ་ལྟུང་བ་དང་ བཅས་པ་ཉིད་ཡིན་པའོ། །དེ་ལྟུང་བ་གང་བྱུང་བ་ཞེས་བྱ་བ་ནི་ལྟུང་བྱེད་དོ། །དེས་ཆོས་བཞིན་དུ་བྱེད་དུ་གཞུག་ཅེས་བྱ་བ་ནི་འཆགས་སུ་གཞུག་པའོ། །སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ ཐར་པའི་མདོ་གདོན་པ་གདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད་ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་ མི་བྱེད། སེམས་ཐམས་ཅད་ཀྱི་བསམ་སྟེ་ཆོས་ཉན་པར་མི་བྱེད་པས་ཚེ་དང་ལྡན་པ། ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ། ལེགས་པ་རྙེད་པ་མ་ཡིན་ནོ། །ཞེས་ འགྱོད་པར་བྱའོ་ཞེས་བྱ་བ་ནི། འགྱོད་དུ་གཞུག་པར་བྱ་བའོ། །ཚེ་དང་ལྡན་པ། དེ་ལ་འགྱོད་པར་བྱ་བ་ནི། དེ་ཡིན་ཏེ་ཞེས་བྱ་བ་ནི། དེ་ལྟར་འགྱོད་པར་བྱ་བའོ། ལྟུང་བྱེད་དོ། །ཞེས་བྱ་བ་ནི་ སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང་ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ [288B] སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ ཅུང་ཟད་ཕམ་པར་འགྱུར་བའི་ཆོས་བཞི་དང། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང། མ་ངེས་པའི་ཆོས་གཉིས་དང། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་ དང། སོ་སོར་བཤགས་པའི་ཆོས་བཞི་དང། བསླབ་པའི་ཆོས་མང་པོ་དང། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གདོན་པ་དག་འདོན་པའི་ཚེ། གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་ མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམ་སྟེ་ཆོས་ཉན་པར་མི་བྱེད་ཅིང། འདི་ སྐད་ཅེས། ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ། །ཞེས་ཟེར་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལམ་ གོལ་བར་རྒས་པར་གྱུར་ཅིང་ཡང་དག་པ་ཁོ་ནར་མི་ཤེས་ན། ལྟུང་བ་མེད་པའོ། ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། བསླབ་ པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དེ། བརྒྱད་ཅུ་གསུམ་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དོན་དགུ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་ [289A]༄༅། །རྒྱལ་བྱེད་ཀྱི་ཆལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་གཅེར་བུ་བའི་ཉན་ཐོས་ཆོས་ཞེས་བྱ་བ། བ་སོ་མཁན་ཞིག་འདུག་པ་དེ། གཅིར་ བུ་པ་དག་ལ་ཤིན་ཏུ་མངོན་པར་དད་དོ། །དེ་དུས་གཞན་ཞིག་ན་དགེ་སློང་བསོད་སྙོམས་པ་ཞིག་གིས་ཆོས་བསྟན་པས་བཏུལ་ནས། དེས་ཀྱང་དེ་ལས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ དག་བླངས་སོ། །ཡང་བསོད་སྙོམས་པ་དེས། དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་གྱི་བསྔགས་པ་རྒྱ་ཆེར་བརྗོད་པ་དང། དེ་མངོན་པར་དད་པར་གྱུར་ནས་སྨྲས་བ། འཕགས་ བ༑ བདག་གིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཅུང་ཟད་ཅིག་ཡང་དག་པར་བླངས་ཏེ་འཇུག་པར་བགྱིའོ། །བཞིན་བཟང། ཅི་ཞིག་བྱེད། འཕགས་པ། དགེ་སློང་གི་དགེ་ འདུན་ལ་རང་གི་བཟོས་བསྙེན་བཀུར་བགྱིའོ། །མ་ཉེས་ཀྱི། དེ་བཞིན་གྱིས་ཤིག་བསོད་སྙོམས་པས་གཙུག་ལག་ཁང་དུ་སོང་སྟེ་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ གིས་གཅེར་བུ་བའི་ཉན་ཐོས་ཆོས་ཞེས་བྱ་བ། བ་སོ་མཁན་དེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དག་ལ་བཞག་ནས། དེས་དགེ་སློང་གི་དགེ་འདུན་ལ་རང་གི་བཟོས་བསྙེན་བཀུར་ བྱེད་ཀྱི། སུ་ཅི་འདོད་པ་དེས་དེ་བྱེད་དུ་ཆུག་ཅིག་ཇི་ཙམ་ན་ཁབ་རལ་མེད་པས། དེ་དེའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟང། ཁོ་བོ་ཁབ་རལ་མེད་ཀྱི། དེ་གྱིས་ཤིག་འཕགས་པ་ [289B] །གང་བཟང་བའོ། །འཕགས་པ། བ་སོ་ལས་བགྱིས་པ་བཟང་ངོ། །བཞིན་བཟང། བ་སོ་ལས་བྱས་བགྱིས་ཤིག་།དེ་དེའི་ཁབ་རལ་བ་སོ་ལས་བྱས་པ་བྱས་ཏེ་བྱིན་ནོ། །དགེ་ སློང་དེས་དེ་དགེ་སློང་རྣམས་ལ་བསྟན་པ་དང། དགེ་སློང་གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང། གཞན་གྱིས་ཀྱང་བྱེད་དུ་བཅུག་གཞན་གྱིས་ཀྱང་བྱེད་དུ་བཅུག་པས། དེའི་བ་སོ་ཟད་ པར་གྱུར་ཏོ། །དགེ་སློང་གཞན་ཞིག་ཀྱང་འོངས་ཏེ་སྨྲས་པ། བཞིན་བཟང། ཁོ་བོའི་ཁབ་རལ་གྱིས་ཤིག་འཕགས་པ། ཇི་ལྟ་བུ་ཞིག་བགྱི། གང་བཟང་བའོ། །འཕགས་པ། བ་སོ་ལས་བགྱིས་ པ་བཟང་ན། བ་སོ་དེ་ནི། བས་སོ། །གལ་ཏེ་བཞེད་ན། རུས་པ་ལས་བགྱིས་པ་བགྱིའོ། །བཞིན་བཟང། མ་ཉེས་ཀྱི། གྱིས་ཤིག་དེས་དེའི་ཁབ་རལ་རུས་པ་ལས་བྱས་པ་བྱས་ཏེ་བྱིན་ནོ། །དགེ་ སློང་དེས་དེ་དགེ་སློང་རྣམས་ལ་བསྟན་པ་དང། དགེ་སློང་གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང། གཞན་གྱིས་ཀྱང་བྱེད་དུ་བཅུག་གཞན་གྱིས་ཀྱང་བྱེད་དུ་བཅུག་པས་དེའི་རུས་པ་ཡང་ ཟད་པར་གྱུར་ཏོ། །དགེ་སློང་གཞན་ཞིག་ཀྱང་འོངས་ཏེ་སྨྲས་པ་བཞིན་བཟང། ཁོ་བོའི་ཁབ་རལ་གྱིས་ཤིག་འཕགས་པ། ཇི་ལྟ་བུ་ཞིག་བགྱི། གང་བཟང་བའོ། །འཕགས་པ། བ་སོ་ ལས་བགྱིས་པ་བཟང་ན། བ་སོ་དེ་ནི། བས་སོ། བཞིན་བཟང། གལ་ཏེ་དེ་ལྟ་ན། རུས་པ་ལས་བྱས་པ་གྱིས་ཤིག་འཕགས་པ། རུས་པ་ཡང་བས་སོ། །གལ་ཏེ་བཞེད་ན། རྭ་ལས་བགྱིས་པ་ [290A]༄༅། །བགྱིའོ། །བཞིན་བཟང། མ་ཉེས་ཀྱི། གྱིས་ཤིག་དེ་དེའི་ཁབ་རལ་རྭ་ལས་བྱས་པ་བྱས་ཏེ་བྱིན་ནོ། །དགེ་སློང་དེས་དེ་དགེ་སློང་རྣམས་ལ་བསྟན་པ་དང། དགེ་སློང་གཞན་ གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང། གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་པས་དེའི་རྭ་ཡང་ཟད་པར་གྱུར་ཏོ། །དེ་རང་གི་ཟན་དང། རང་གི་ ཡོ་བྱད་དག་གིས་དགེ་སློང་རྣམས་ཀྱི་ལས་བྱེད་པ་ན་དབུལ་པོར་གྱུར་ཏོ། །གཅེར་པུ་པ་དག་ཆོས་འདི་གང་གིས་ཚེ་ཁོ་བོ་ཅག་ལ་མངོན་པར་དད་པར་གྱུར་པ་དེ་ཚེ་ན། འདི་ཐམས་ཅད་ ཕུན་སུམ་ཚོགས་པར་གྱུར་ན། འདི་ད་ལྟར་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ལ་མངོན་པར་དད་པས། ཟན་ཡང་སློང་བར་བྱེད་དོ། །ཞེས་འཕྱ་བ་ལ་ཞུགས་པའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། ཞེས་བྱ་བ་ སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་ འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་བ་སོ་ལས་བྱས་པ་དང། རུས་པ་ལས་བྱས་པ་དང། རྭ་ལས་བྱས་པའི་ཁབ་རལ་བྱེད་དུ་བཅུག་པ་བདེན་ནམ། བཅུག་ [290B] མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་དང། ཆོག་མི་ཤེས་པ་དང། གསོ་དཀའ་བ་དང། དགང་དཀའ་བ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ ཆུང་བ་དང། ཆོག་ཤེས་པ་དང། གསོ་སླ་བ་དང། དགང་སླ་བ་དང། ཕྲི་བ་དང། ཡོ་བྱད་བསྙུངས་པ་དང། སྦྱངས་པའི་ཡོན་ཏན་དང། མཛེས་པ་དང། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་པ་མཛད་ ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བ་སོའམ། རུས་པའམ། རྭའི་ཁབ་རལ་བྱེད་དུ་བཅུག་ན་ བཅག་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། ཆོས་འདི་པའོ། །བ་སོའམ་ཞེས་བྱ་བ་ནི། བ་སོ་ཉིད་དོ། །རུས་པའམ་ཞེས་བྱ་བ་ཡང་རུས་པ་ཉིད་དོ། །རྭའི་ཞེས་བྱ་བ་ཡང་རྭ་ཉིད་ཀྱིའོ། ། ཁབ་རལ་ཞེས་བྱ་བ་ནི། ཁབ་རལ་གཉིས་ཏེ། སྦུབ་བུ་ཅན་དང་ཆང་བ་ལྟ་བུའོ། །དོན་འདིར་ནི། གཉིས་གང་ཡིན་པར་དགོངས་སོ་།བྱེད་དུ་འཇུག་ན་ཞེས་བྱ་བ་ནི། རང་གིས་སམ་གཞན་ནོ། ། བཅག་ནས་ལྟུང་བྱེད་དོ། །ཞེས་བྱ་བ་ནི། དངོས་པོ་དེ་བཅག་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ [291A]༄༅། །ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་ སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་པ་ སོའམ། རུས་པའམ། རྭའི་ཁབ་རལ་བྱེད་དམ། བྱེད་དུ་འཇུག་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས། ཁྱོད་ཀྱིས་དངོས་པོ་དེ་བཅག་ གམ་ཞེས་དྲི་བར་བྱའོ། །མ་དྲིས་པར་འཆགས་པ་དང་དུ་ལེན་ན་ཉེས་བྱས་སུ་འགྱུར་རོ། །ལྟུང་བ་དེ་ཡང་བཤགས་པ་མ་ཡིན་པས་ཡང་བཤགས་པར་བྱའོ། །ལས་དང་པོ་པ་དང། སྨྱོས་ པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཁབ་རལ་འཆོས་པའི་ལྟུང་བྱེད་དེ། བརྒྱད་ཅུ་རྩ་བཞི་པ་རྫོགས་སོ།། །།སངས་རྒྱས་ བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན། མཉན་ཡོད་དུ་ཕྱིན་ནས་ མཉན་ཡོད་དུ་ལམ་གྱིས་དུབ་པའི་ངལ་བསོས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། དེ་སྒོ་ཁང་དུ་འདུག་གོ་དེས་ཁྲིད་དམའ་བ་ཞིག་རྙེད་ནས། དེས་དེ་ཉིད་ཀྱི་མདུན་དུ་རྐང་པ་གཉིས་བཀྲུས་ནས་ [291B]སོས་ཀའི་ཚ་བའི་དུས་ལ་བབ་པས་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཚ་བས་གདུངས་པས་བསིལ་པ་འདོད་པ་ཞིག་ཕྱོགས་དེར་བསྐྱིལ་ཏེ་ཉལ་བ་དང། །ཇི་ཙམ་ན་ དགེ་སློང་དེ་ལམ་གྱིས་དུབ་པས་ཡུར་བར་བརྩམས་ནས། དེའི་ལུས་ཡུད་ཙམ་ཡུད་ཙམ་ཞིང་འཆོག་པས་ཁྲི་ཡང་སྒྲ་རྩེག་རྩེག་ཟེར་རོ་།སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་དེས་བསམ་པ། འདི་ བདག་ལ་འཚེའོ་སྙམ་ནས། དེས་གདེངས་ཀ་བྱས་ཏེ་འདུག་གོ་ཇི་ཙམ་ན་ཡང་དེ་ལུས་འཆོག་ཅིང་ཁྲི་སྒྲ་རྩེག་རྩེག་ཟེར་ནས། དེས་དེའི་དཔྲལ་བར་བཟུང་སྟེ་སྤྱོད་ལམ་དེ་ཉིད་ཀྱིས་ཤི་ཞིང་དུས་ལ་ བབ་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་བཟང་པོ་རྣམས་ཀྱི་ནང་དུ་སྐྱེས་སོ། །དེའི་གན་དུ་ལྷའི་བུ་མོ་དག་ལྷགས་པ་དང། དེས་སེ་གོལ་གྱི་སྒྲས་དེ་དག་ཕྱིར་བཟློག་ནས་དེ་དག་ལྷའི་དབང་པོ་བརྒྱ་ བྱིན་གྱི་གན་དུ་དོང་སྟེ་སྨྲས་པ། ལྷ། འདི་ན་ལྷའི་བུ་སྐྱེས་ནས་རིང་པོ་མ་ལགས་པ་ཞིག་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་བདག་ཅག་དེའི་དྲུང་དུ་མཆིས་པ་དང། དེས་སེ་གོལ་གྱི་སྒྲས་བདག་ ཅག་སླར་བཟློག་གོ་བརྒྱ་བྱིན་གྱིས་སྨྲས་པ། ལྷ་མོ་དག་དེ་ནི་སྔོན་དགེ་སློང་ཡིན་གྱི། དེའི་མདུན་དུ་མེ་ལོང་ཟུངས་ཤིག་དང་དྲན་པ་རྙེད་པར་འགྱུར་རོ། །དེ་དག་གིས་དེའི་མདུན་དུ་མེ་ལོང་ བཟུང་བ་དང། དེས་བདག་ཉིད་དཔུང་རྒྱན་དང། རྣ་ཆ་གདུབ་ཀོར་དང། ཕྲེང་བ་རྒྱུ་དང། རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་མཐོང་ནས། དེས་དྲན་པ་རྙེད་དོ། །དེ་ནས་དེས་དེ་དག་འདོད་པར་ [292A]༄༅། །བརྩམས་པ་དང། དེ་དག་གིས་སྨྲས་པ། བཟོད་ལྡན། བདག་ཅག་དེ་བཞིན་དུ་བསྙེན་བཀུར་མི་བྱེད་དེ། གང་ལྷའི་དབང་པོ་བརྒྱ་བྱིན་ལ་ཕྱག་འཚལ་བ་དེ་ལ་བདག་ ཅག་བསྙེན་བཀུར་བྱེད་དོ། །དེས་བསམ་པ། བདག་གིས་བཅོམ་ལྡན་འདས་འདོད་པའི་དྲི་ང་བ་མེད་པ་ལ་ཕྱག་བྱས་ནས། ད་ཇི་ལྟར་ལྷའི་དབང་པོ་བརྒྱ་བྱིན་འདོད་པའི་ལོངས་སྤྱོད་ཅན་ལ་ཕྱག་ འཚལ་སྙམ་དུ་རིག་ནས་སྨྲས་པ། སྲིང་མོ་དག་གང་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་ཕྱག་འཚལ་བར་མི་བྱེད་པ་དེ་ལྟ་བུའི་ཐབས་འགའ་ཡོད་དམ། བཟོད་ལྡན། ཡོད་དེ། གང་ན་ལྷའི་དྲང་ སྲོང་དག་ཚངས་པར་སྤྱད་པ་སྤྱོད་ཅིང་འཁོད་པ་དེ་དག་གི་ནང་དུ་གང་ཚངས་པར་སྤྱད་པ་སྤྱོད་པར་བྱེད་པ་ནི། ལྷའི་དབང་པོ་བརྒྱ་བྱིན་ལ་ཕྱག་མི་འཚལ་ཏེ། ལྷའི་དབང་པོ་བརྒྱ་བྱིན་ཉིད་དེ་ལ་ཕྱག་ འཚལ་ལོ། །དེ་དག་གི་ནང་དུ་ཞུགས་པ་དང། ལྷའི་དབང་པོ་བརྒྱ་བྱིན་གྱིས། ཇི་ལྟར་དེ་ལྷའི་དྲང་སྲོང་གི་ནང་དུ་ཞུགས་ཏེ་ཚངས་པར་སྤྱད་པ་སྤྱོད་པ་ཐོས་ནས་ལྷའི་དབང་པོ་བརྒྱ་བྱིན་དེའི་ གན་དུ་སོང་སྟེ་ཕྱིན་ནས་རྐང་པ་ལ་ཕྱག་འཚལ་དེ་སོང་ངོ་།དེ་ནས་སྔོན་དགེ་སློང་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་བདག་ཡོངས་སུ་གནས་པ་བསྟེན་ཏེ། བཅོམ་ལྡན་འདས་ལ་ བལྟ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི། བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱི། བདག་ཡོངས་སུ་གནས་པ་མ་བསྟེན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་ [292B] །སྙམ་མོ། །དེ་ནས་སྔོན་དགེ་སློང་ལྷའི་བུ་རྣ་ཆ་གདུབ་ཀོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ་དོ་ཤལ་དང། སེན་མོ་དོས་བརྒྱན་པའི་ལུས་ཀྱིས་ལྷའི་ཨུཏྤ་ལ་ དང༑ པདྨ་དང། ཀུ་མུད་དང། པདྨ་དཀར་པོ་དག་གིས་ཐུབ་བཀང་སྟེ་ཁ་དོག་ཤིན་ཏུ་འདས་པས། མཚན་མོ་ལ་བབ་པ་དང། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ ལ་མེ་ཏོག་དག་གིས་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང། འདི་ལྟར་སྔོན་དགེ་སློང་ལྷའི་བུའི་ཁ་དོག་གི་མཐུས་ རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་སྔོན་དགེ་སློང་ལྷའི་བུས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྨོངས་པ་ཞེས་བགྱི་ ཚལ་དེ་ནི། །ལྷ་མོའི་ཚོགས་ཀྱིས་ཀུན་བསྒྲགས་ཤིང། །ཤ་ཟ་མོ་བཞིན་ཡོངས་བསྐོར་བ། །ཇི་ལྟར་འཆི་བ་འབྱུང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་པོ་ཞེས་བྱའི་ལམ་ དེ་ནས། །འཇིགས་མེད་ཕྱོགས་ཞེས་བྱ་བ་དེར། །སྒྲ་མེད་ཅེས་བྱའི་ཤིང་རྟ་ནི། །ཆོས་ཀྱི་རྟོགས་པས་བསྐྱོད་གྱུར་པ། །དེ་ཡི་དམིགས་པ་ངོ་ཚ་ཤེས། །དྲན་པ་དེ་ཡི་འཁོར་ཡིན་ཏེ། །ཁ་ལོ་སྒྱུར་ བ་ཤེས་རབ་ཡིན། །སྣ་འདྲེན་ཡང་དག་ལྟ་ཞེས་བྱ། །སྐྱེས་པའམ་བུད་མེད་གང་ལའང་རུང། །བཞོན་པ་འདི་འདྲ་ཡོད་གྱུར་ཅིང། །དེ་འདྲའི་བཞོན་པ་ཞོན་གྱུར་ན། །དེ་ནི་འཇིགས་མེད་ཕྱོགས་སུ་ [293A]༄༅། །འགྲོ་དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་དགེ་སློང་ལྷའི་བུའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་དགེ་སློང་ ལྷའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་ བདེན་པ་བཞི་ཡང་དག་པར་སོ་སོར་རྟོག་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ། བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། །སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་ པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་ དང་ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ནས་ནི། རྐང་པ་ཕྱུང། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་ བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ [293B] །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི་།དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ་ བར་གྱུར། །འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བ་རབ་དཀོན་པ་།ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །དེ་ནས་འདུད་བྱས་དོ་ ཤལ་རབ་འཕྱང་བས། །ཞབས་ལ་ཕྱག་འཚལ་རངས་པ་སྐྱེས་གྱུར་ནས། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང། །དེ་ནས་སྔོན་དགེ་སློང་ ལྷའི་བུ། ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང། ཞིང་པ་ལོ་ཐོག་འབྱོར་པ་ལྟ་བུ་དང། དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བ་ལྟ་བུ་དང། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་པ་ལྟ་བུར་གྱུར་ཏེ་ ཆ་ལུགས་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ། །ཇི་ཙམ་ན་མཚན་མོ་ནམ་ནངས་ནས་ཁང་སྐྱོང་གིས་སྒོ་ཕྱེ་སྟེ་ཕྱགས་མ་ཐོགས་ནས་སྒོ་ ཁང་ཕྱག་པར་བརྩམས་པ་དང། སྐྱིལ་མོ་ཀྲུང་གིས་འདུག་པ་མཐོང་ནས། དེས་སྨྲས་པ། ཚེ་དང་ལྡན་པ། ལོངས་ཤིག་ཅི། ཁྱོད་ཀྱང་སྔར་བསམ་གཏན་བྱེད་པ་ཡིན་ནམ། དེ་ཚིག་མི་སྨྲ་ནས་ དེས་དེའི་ལག་པ་གཉིས་ནས་བཟུང་སྟེ་བསྒུལ་བར་བརྩམས་པ་དང། ཇི་ཙམ་ན་དུས་ལ་བབ་པར་མཐོང་ངོ། །དེས་འདི་ཅི་ཞིག་གིས་དུས་ལ་བབ་ཅེས་བརྟག་པར་བརྩམས་པ་དང། ཇི་ཙམ་ [294A]༄༅། །ན་ཁྲི་འོག་ན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་འདུག་པ་མཐོང་ནས་དེས་སྡངས་ཏེ་དགེ་སློང་རྣམས་ཀྱི་གན་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་དགེ་སློང་ སྒོ་ཁང་དུ་ཉལ་པ་གང་ཡིན་པ་དེ། སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་བཟུང་སྟེ་དུས་ལ་བབ་པོ། །དགེ་སློང་རྣམས་ཀྱིས་དེ་དུར་ཁྲོད་དུ་བསྐྱལ་ཏེ་བསྲེགས་ནས་ཕྱིར་ལྷགས་པའི་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ཐམས་ཅད་དགེ་སློང་དག་ཁྲི་དམའ་བ་ལ་མལ་འཆའ་ ཞིང་དེའི་མདུན་དུ་རྐང་པ་གཉིས་འཁྲུ་བ་ལས་གྱུར་པ་ཡིན་ནོ་།སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་ཁྲི་དམའ་བ་ལ་མལ་བཅའ་བར་མི་བྱ་ཞིང་ ཁྲིའི་མདུན་དུ་རྐང་པ་གཉིས་བཀྲུ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁྲི་དམའ་བ་ལ་མལ་བཅའ་བར་མི་བྱ་ཞིང་ཁྲིའི་མདུན་དུ་རྐང་པ་གཉིས་བཀྲུ་བར་མི་བྱའོ། །ཞེས་བཀའ་ སྩལ་ནས་དགེ་སློང་གཞན་དག་ལ་མཆིལ་ལྷམ་མི་བདོག་པ་དེ་དག་ལ་གནོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་མཆིལ་ལྷམ་མི་བདོག་པ་དེ་དག་གིས་མགོ་ ལོགས་དང་རྐང་པའི་ལོགས་སུ་རྐང་པ་གཉིས་བཀྲུ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དྲུག་སྡེ་དག་གིས་དགེ་སློང་ཁྲི་དམའ་བ་ལ་ཉལ་བ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་ཟིན་ཏེ་ [294B]བ་ལ་མལ་བཅའ་བར་མི་བྱའོ། །ཞེས་བཀག་པ་ཐོས་ནས་དེ་དག་གིས་ཁྲི་རྐང་པ་ཁྲུ་བཅུ་གཉིས་པ་བཅས་ཏེ་ཡ་ག་ད་མཐོན་པོར་ བཙུགས་པ་དང། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅི། ཁྱེད་ཅག་བྱ་ར་བྱེད་དམ། དེ་དག་གིས་སྨྲས་པ་སུ་ཞིག་བྱ་ར་བྱེད། ཁྱེད་ཀྱིས་དགེ་སློང་སྦྲུལ་དུག་མྱུར་དུ་ ཁྱབ་བར་བྱེད་པས་ཟིན་ཏེ་དུས་ལ་བབ་པ་མ་མཐོང་ངམ། ཅི། ཁྱོད་དྲུག་སྡེ་དག་ཀྱང་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་བཟུང་སྟེ་དུས་ལ་བབ་ཅིང། ཁོ་བོ་ཅག་ཤི་བའི་ཡོ་བྱད་དག་འགེད་པར་ འདོད་དམ། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་རྣམས་ཀྱིས་བཟློག་པ་ན་དེ་དང་དེ་སྐད་ཟེར་ཞེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་ བ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་ སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱོད་དགེ་སློང་རྣམས་ཀྱིས་བཟློག་པ་ན། དེ་དང་དེ་སྐད་ཟེར་བ་བདེན་ནམ། བཙུན་པ། མད་དོ་།སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་ [295A]༄༅། །རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་།ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ གིས་དགེ་འདུན་གྱི་ཁྲིའམ་ཁྲིའུ་བྱེད་དུ་འཇུག་ན། རྩ་བ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པ་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། །ཞེས་བཅོམ་ལྡན་ འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །ཚེ་དང་ལྡན་པ་འཆར་ཀ་ཚད་ལས་ཤིན་ཏུ་འདས་པ་ཡིན་པས། དེའི་པུས་མོ་གཉིས་ཀོས་ཀོ་ལ་རེག་པའི་ སྐབས་དེ། དགེ་སྦྱོང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། བུ་གར་གཞུག་པ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བསླབ་པ་འདོད་པ་དང། བསླབ་པ་ལ་གུས་པ་དང། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང། དེའི་ཤས་ཆེ་བ་དང། དེ་དང་འཚམ་ [295B]རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི། རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་ རྣམས་ཀྱིས་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲིའུ་བྱེད་དུ་འཇུག་ན། རྩ་བ་བུ་གར་གཞུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་ སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པ་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི། ཆོས་འདི་པས་སོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་ བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཁྲིའམ་ཞེས་བྱ་བ་ནི། ཁྲི་ཉིད་ཀྱིའོ། །ཁྲིའུ་ཞེས་བྱ་བ་ཡང་ཁྲིའུ་ཉིད་དོ་།བྱེད་དུ་འཇུག་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སམ། གཞན་ ནོ༑ ༑རྩེ་བ་བུ་གར་གཞུག་པ་མ་གཏོགས་པར་ཞེས་བྱ་བ་ནི། རྩ་བ་བུ་གར་གཞུག་པ་བཞག་སྟེའོ། །བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ། །ཞེས་བྱ་བ་ལ། བདེ་ བར་གཤེགས་པ་ཞེས་བྱ་བ་ནི། སྟོན་པའོ། །དེའི་སོར་བརྒྱད་གང་དག་ཡིན་པ་དེ་ལ་ནི། ཚད་དང་ལྡན་པའི་ཁྲུ་གང་ངོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི། དེ་ལས་གོང་མའོ།། བཅད་ནས་ལྟུང་བྱེད་དོ། །ཞེས་བྱ་བ་ནི། དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བྱེད་དོ་།ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་ [296A]༄༅། །དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ ཤིང། སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན། ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ དགེ་འདུན་གྱི་ཁྲིའུ་རྩ་བ་བུ་གར་གཞུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པ་བྱེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གང་གི་ མདུན་དུ་འཆགས་པར་བྱེད་པ་དེས། ཁྱོད་ཀྱིས་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ། །མ་དྲིས་པར་འཆགས་པ་དང་དུ་ལེན་པར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །ལྟུང་བ་དེ་ཡང་མ་བཤགས་ པ་ཡིན་པས་ཡང་བཤགས་པར་བྱའོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཁྲི་རྐང་པ་འཆོས་པའི་ལྟུང་བྱེད་ དེ༑ བརྒྱད་ཅུ་རྩ་ལྔ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཉེ་ དགའ་གསར་བུ་ཡིན་པས་དེའི་ཁྲི་ཐོབ་བོ་ཅོག་ཆེས་རྒན་པས་འཕྲོག་ཅིང་གནས་མལ་བསྒོ་བའི་དུས་ལ་ཡང་བབ་ནས་དེས་བསམ་པ། གང་གིས་བདག་གི་ཁྲི་མི་འཕྲོག་པའི་ཐབས་དེ་ལྟ་བུ་ [296B] དེས་བྱ་བ་འགའ་ཞིག་གི་ཕྱིར་ཤིང་བལ་དག་ཀྱང་བླངས་ནས་དེ་ལ་བློ་སྐྱེས་པ། ཤིང་བལ་གྱིས་བདལ་ཏེ་གཞག་གོ་སྙམ་ནས་དེས་ཁྲིའི་སྟེང་དུ་ཤིང་བལ་བདལ་ཏེ་བཞག་གོ་ཇི་ཙམ་ ན་དགེ་སློང་ཆེས་རྒན་པ་ཞིག་འོངས་ནས་དེས་སྨྲས་པ། ཚེ་དང་ལྡན་པ། འདི་སུའི། ཉེ་དགས་སྨྲས་པ། ཁོ་བོའི་ཤིང་བལ་ལོ། །དེ་ན་དགེ་སློང་ཞིག་འདུག་པ་དེས་སྨྲས་པ། ཉེ་དགའ་ཇི་སྐད་ཟེར་བ་ དེ་བཞིན་ཏེ། ཤིང་བལ་ནི། ཉེ་དགའི་ཡིན་ནོ། །འདི་ལྟར་ཁྲི་ནི་དགེ་འདུན་གྱི་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང། ཉེ་དགའ་ཁྲོས་ནས་དེས་ཤིང་བལ་ཁྱེར་ཏེ། ཁྲི་དའི་སྟེང་དུ་ཤིང་བལ་ཅུང་ཟད་ བདལ་ཏེ་བཞག་གོ་དགེ་སློང་དེས་སོ་སོར་མ་བརྟགས་པ་ཉིད་དུ་དེར་ཉལ་ནས། མཚན་མོ་ནམ་ནངས་ཏེ་ལངས་པ་དང་གོས་ཐམས་ཅད་ཤིང་བལ་གྱིས་སྐྱ་བོར་གྱུར་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་ པ༑ ཅི། ཁྱོད་གཡུལ་གྱི་གཞིར་ཉལ་ལམ། དེས་ཇི་ལྟར་གྱུར་པ་བརྗོད་པ་དང། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་ཁྲིའམ། ཁྲིའུ་ལ་ཤིང་བལ་བདལ་ཏེ་འཇོག་པར་ བྱེད་ཅེས་སྨོད་པར་བྱེད། འཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་ འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་།ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་ [297A]༄༅། །བ་ལ་སོགས་པ་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་དགའ་ལ་རྨས་པ། ཉེ་དགའ། ཁྱོད་དགེ་འདུན་གྱི་ཁྲི་ལ་ཤིང་བལ་བདལ་ཏེ་ འཇོག་པ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ་རུང་པ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་ པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་ སློང་དག། དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། ངའི་ ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ། ཁྲིའུ་ལ་ཤིང་བལ་བདལ་ལམ། བདལ་དུ་འཇུག་ན། བསྡུས་ ནས་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དྒའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་ དགེ་འདུན་གྱིའོ། །ཁྲི་འམ་ཞེས་བྱ་བ་ནི། ཁྲི་ཉིད་དོ། །ཁྲིའུ་ལ་ཞེས་བྱ་བ་ནི། ཡང་ཁྲིའུ་ཉིད་ལའོ། །ཤིང་བལ་ཞེས་བྱ་བ་ནི། ལྔ་པོ། ཤལ་མ་ལིའི་དང། ཨརྐའི་དང། ཀ་ཤའི་དང། བུ་ [297B] ཨེ་ར་ཀའི་ཤིང་བལ་དག་ལས་གང་ཡང་རུང་བའོ། །བདལ་ལམ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སོ། །བདལ་དུ་འཇུག་ན་ཞེས་བྱ་བ་ནི། གཞན་ནོ། །བསྡུས་ནས་ལྟུང་བྱེད་དོ། །ཞེས་བྱ་ བ་ནི། དངོས་པོ་དེ་བསྡུས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་ པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང། སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་ སྟེ༑ དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་ཁྲིའམ། ཁྲིའུ་ལ་ཤིང་བལ་བདལ་ལམ། བདལ་དུ་འཇུག་ན་ ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས། ཁྱོད་ཀྱིས་དངོས་པོ་དེ་བསྡུས་སམ་ཞེས་དྲི་བར་བྱའོ་།མ་དྲིས་པར་འཆགས་པ་དང་དུ་ལེན་པར་བྱེད་ན། ཉེས་ བྱས་སུ་འགྱུར་རོ། །ལྟུང་བ་དེ་ཡང་བཤགས་པ་མ་ཡིན་པས། ཡང་བཤགས་པར་བྱའོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་ བ་མེད་དོ། །ཤིང་བལ་གྱིས་གོས་བར་བྱེད་པའི་ལྟུང་བྱེད་དེ་བརྒྱད་ཅུ་རྩ་དྲུག་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ [298A]༄༅། །ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གདིང་བ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཚད་ལས་ཧ་ ཅང་ལྷག་པར་བྱེད་དུ་འཇུག་ནས། དགེ་སློང་དོན་ཉུང་ངུ་དག། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གདིང་བ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་ཚད་ལས་ཧ་ཅང་ལྷག་ པར་བྱེད་དུ་འཇུག་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་ བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ་།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་ རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ་དགེ་སློང་དག་ངས་དགེ་སློང་གིས་གདིང་བ་བྱེད་དུ་ གཞུག་གོ་ཞེས་བཀའ་སྩལ་ན། ཁྱེད་ཅག་ཚད་ལས་ཧ་ཅང་ལྷག་པ་བྱེད་དུ་འཇུག་པ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་དང། ཆོག་ མི་ཤེས་པ་དང། གསོ་དཀའ་བ་དང། དགང་དཀའ་བ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང། ཆོག་ཤེས་པ་དང། གསོ་སླ་བ་དང། དགང་སླ་ [298B] ཕྲི་པ་དང། ཡོ་བྱད་བསྙུངས་པ་དང། སྦྱངས་པའི་ཡོན་ཏན་དང། མཛེས་པ་དང། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གདིང་བ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག་དེ་ལ་གདིང་བའི་ཚད་ནི། འདི་ཡིན་ཏེ། སྲིད་དུ་བདེ་བར་ གཤེགས་པའི་མཐོའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོའོ། །དེ་ལས་ལྷག་པ་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་ བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །ཚེ་དང་ལྡན་པ་འཆར་ཀ་ལུས་ཧ་ཅང་ལྷག་པས་དེའི་གདིང་བ་དེས་མི་ཆོག་ནས། དེས་གནས་མལ་བསྲུང་བའི་ཕྱིར་རྐང་པའི་མཐའ་ལོགས་ སུ་ལོ་མའི་ཆུན་པོ་དག་བཞག་གོ་སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་བཞུགས་ལ། གསོན་ཞིང་བཞེས་པ་རྣམས་ཀྱི་ཆོས་ཉིད་ནི། གདུལ་བར་གྱུར་པའི་སྐྱེ་བོ་ལ་རྗེས་སུ་བརྩེ་བས་ དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུར་གཤེགས་པ་དང། དུད་འགྲོ་རྒྱུ་བ་དང། ཡི་དྭགས་རྒྱུ་བ་དང། ལྷ་རྒྱུ་བ་དང། ལྗོངས་རྒྱུ་བ་དང། ཆུ་ཀླུང་རྒྱུ་བ་དང། རི་རྒྱུ་བ་དང། དུར་ཁྲོད་ [299A]༄༅། །རྒྱུ་བ་དང། གཙུག་ལག་ཁང་རྒྱུར་གཤེགས་པས། དོན་འདིར་ནི། སངས་རྒྱས་བཅོམ་ལྡན་འདས་གཙུག་ལག་ཁང་རྒྱུར་གཤེགས་པར་བཞེད་ནས་བཅོམ་ལྡན་འདས་ ཚེ་དང་ལྡན་པ་འཆར་ཀའི་གཙུག་ལག་ཁང་ག་ལ་དེར་གཤེགས་སོ་།བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀའི་རྐང་པའི་མཐའ་ལོགས་ན་ལོ་མའི་ཆུན་པོ་དག་བཞག་པ་གཟིགས་སོ།། གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཀུན་དགའ་བོ། འདི་སུའི་མལ། བཙུན་པ། ཚེ་དང་ལྡན་པ་འཆར་ཀའི་འོ། འོ་ན། ཅིའི་ཕྱིར་རྐང་པའི་མཐའ་ལོགས་སུ་ ལོ་མའི་ཆུན་པོ་དག་བཞག་བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གདིང་བ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག་དེ་ལ་གདིང་བའི་ཚད་ནི། འདི་ཡིན་ཏེ། སྲིད་དུ་བདེ་ བར་གཤེགས་པའི་མཐོའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོའོ་།དེ་ལས་ལྷག་པ་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། །ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་ བཅའ་བར་མཛད་ནས་ཚེ་དང་ལྡན་པ་འཆར་ཀ་ཚད་ལས་ཧ་ཅང་ལྷག་པས་དེའི་གདིང་བ་དེས་མི་འཚལ་ནས། དེས་གནས་མལ་བསྲུང་བའི་སླད་དུ་སུག་པའི་མཐའ་ལོགས་སུ་ལོ་མའི་ཆུན་པོ་ དག་བཞག་གོ་ཀུན་དགའ་བོ། དེ་ལྟ་བས་ན། སྲིད་དུ་མཐོ་གང་གིས་སྲིངས་ཤིག་དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་བསླབ་པ་ལ་གུས་པ་དང། བསླབ་པ་ལ་ཡོ་བྱད་ [299B]དང་མཐུན་པ་དང། དེའི་ཤས་ཆེ་བ་དང། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་ པ༑ དགེ་སློང་དག་དེ་ལྟ་བས་ན། སྔ་མ་ནི། བཅས་པ་ཡིན་ལ། འདི་ནི། རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གདིང་བ་ བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག་དེ་ལ་གདིང་བའི་ཚད་ནི། འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ་།ཞེང་དུ་མཐོ་ཕྱེད་དང་དོའོ། །སྲིད་དུ་མཐོ་གང་སྲིངས་ ཤིག༑ དེ་ལས་ལྷག་པ་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ་།དགེ་སློང་གིས་ཞེས་བྱ་བ་ནི། ཆོས་འདི་པས་སོ། །གདིང་བ་ཞེས་བྱ་བ་ནི། སྟེང་རིམ་དུ་གདིང་བའོ། །བྱེད་དུ་འཇུག་ན་ཞེས་བྱ་ བ་ནི། བདག་ཉིད་ཀྱིས་སམ། གཞན་ནོ། །ཚད་བཞིན་དུ་བྱེད་དུ་ཆུག་ཅིག་ཅེས་བྱ་བ་ནི། གདིང་བའི་ཚད་གང་ཡིན་པ་དེ་བཞིན་དུའོ། །དེ་ལ་གདིང་བའི་ཚད་ནི། འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་ པའི་མཐོའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོ་ཞེས་བྱ་བ་ལ་སྲིད་དུ་ཞེས་བྱ་བ་ནི། ཆུའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་མཐོའི་མཐོ་དོ་གང་ཡིན་པ་དེ་ནི། ཚེ་དང་ལྡན་པའི་ ཁྲུ་གསུམ་མོ། །ཞེང་དུ་ཞེས་བྱ་བ་ནི། རྒྱར་རོ། །མཐོ་ཕྱེད་དང་དོ་ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོ་ཕྱེད་དང་དོ་གང་ཡིན་པ་དེ་ལ་ནི། ཚད་དང་ལྡན་པའི་ཁྲུ་དོ་དང། སོར་དྲུག་གོ་སྲིད་དུ་ [300A]༄༅། །མཐོ་གང་གིས་སྲིངས་ཤིག་ཅེས་བྱ་བ་ནི། མི་ཆོག་ན་སྲིད་དུ་བདེ་བར་གཤེགས་པའི་མཐོ་གང་གིས་བསྲིངས་སྟེ་བདེ་བར་གཤེགས་པའི་མཐོ་གང་གང་ཡིན་པ་དེ་ལ་ནི་ ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་སྟེ། དེས་ན་གདིང་བའི་སྲིད་ཀྱི་ཚད་ནི། ཚད་དང་ལྡན་པའི་ཁྲུ་ཕྱེད་དང་ལྔའོ། །དེ་ལས་ལྷག་པ་བྱེད་དུ་འཇུག་ན་ཞེས་བྱ་བ་ནི། དེ་ལས་གོང་མའོ་།བཅད་ནས་ལྟུང་ བྱེད་དོ། །ཞེས་བྱ་བ་ནི། དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང་ ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང། སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ་།དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་གདིང་བ་སྲིད་དུ་ཁྲུ་ཕྱེད་དང་ལྔ། ཞེང་དུ་ཁྲུ་དོ་དང་སོར་ དྲུག་ལས་ལྷག་པ་བྱེད་དུ་འཇུག་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱི་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ། །མ་དྲིས་པར་འཆགས་པ་ དང་དུ་ལེན་པར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །ལྟུང་བ་དེ་ཡང་མ་བཤགས་པ་ཡིན་པས། །ཡང་བཤགས་པ་བྱའོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་ [300B] །གདིང་བ་ལས་གྱུར་པའི་ལྟུང་བྱེད་དེ། བརྒྱད་ཅུ་རྩ་བདུན་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་ མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་པ། དགེ་སློང་དག་ཚད་ལས་ཧ་ཅང་ལྷག་པར་ བྱེད་དུ་འཇུག་ནས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག། །ཅིའི་ཕྱིར་ཚད་ལས་ཧ་ཅང་ ལྷག་པ་བྱེད་དུ་འཇུག་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་ དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ངས་དགེ་སློང་གིས་གཡོན་པ་དགབ་པ་བྱེད་ དུ་གཞུག་གོ་ཞེས་བཀའ་སྩལ་ན། ཁྱེད་ཅག་ཚད་ལས་ཧ་ཅང་ལྷག་པ་བྱེད་དུ་འཇུག་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་དང། ཆོག་མི་ཤེས་ [301A]༄༅། །པ་དང། གསོ་དཀའ་བ་དང། དགང་དཀའ་བ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང་ཆོག་ཤེས་པ་དང། གསོ་སླ་བ་དང་ དགང་སླ་བ་དང། ཕྲི་བ་དང། ཡོ་བྱད་བསྙུངས་པ་དང་སྦྱངས་པའི་ཡོན་ཏན་དང། མཛེས་པ་དང། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག་དེ་ལ་གཡན་པ་དག་པའི་ཚད་ནི། འདི་ ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི། ཞེང་དུ་མཐོ་དོའོ། །དེ་ལས་ལྷག་པ་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི། ཆོས་འདི་པས་སོ།། གཡན་པ་དགབ་པ་ཞེས་བྱ་བ་ནི། ན་བའི་གོས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་བསམ་བཞིན་ནོ། །ཚད་བཞིན་དུ་བྱེད་དུ་ཆུག་ཅིག་ཅེས་བྱ་བ་ནི། གཡན་པ་དག་པ་ པའི་ཚད་གང་ཡིན་པ་དེ་བཞིན་དུའོ། །དེ་ལ་གཡན་པ་དགབ་པའི་ཚད་ནི། འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི། ཞེང་དུ་མཐོ་དོའོ་ཞེས་བྱ་བ་ལ་སྲིད་དུ་ཞེས་བྱ་བ་ལ་ [301B] ཆུར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི། སྟོན་པའོ། །དེའི་མཐོའི་མཐོ་བཞི་གང་ཡིན་པ་དེ་ནི་ཚད་དང་ལྡན་པའི་ཁྲུ་དྲུག་གོ། ཞེང་དུ་ཞེས་བྱ་བ་ནི། རྒྱར་རོ། །མཐོ་དོའི་ཞེས་བྱ་ བ་ལ། བདེ་བར་གཤེགས་པའི་མཐོ་དོ་གང་ཡིན་པ་དེ་ལ་ནི། ཚད་དང་ལྡན་པའི་ཁྲུ་གསུམ་མོ། །དེ་ལས་ལྷག་པ་བྱེད་དུ་འཇུག་ན་ཞེས་བྱ་བ་ནི། དེ་ལས་གོང་མའོ། །བཅད་ནས་ལྟུང་བྱེད་དོ། །ཞེས་ བྱ་བ་ནི། དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་ པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་ སྟེ༑ དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་གཡན་པ་དགབ་པ་སྲིད་དུ་ཁྲུ་དྲུག། ཞེང་དུ་ཁྲུ་གསུམ་ལས་ལྷག་པ་བྱེད་དུ་འཇུག་ ན༑ ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱིས་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ། །མ་དྲིས་པར་འཆགས་པ་དང་དུ་ལེན་པར་བྱེད་ན། ཉེས་ བྱས་སུ་འགྱུར་རོ། །ལྟུང་བ་དེ་ཡང་བཤགས་པ་མ་ཡིན་པས། ཡང་བཤགས་པར་བྱའོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་ [302A]༄༅། །མེད་དོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱད་ཅུ་རྩ་བརྒྱད་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་ བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་།བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་ དག་ཧ་ཅང་ཚད་ལས་ལྷག་པ་བྱེད་དུ་བཅུག་ནས་དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དབྱར་གྱི་གོས་རས་ཆེན་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་ དགེ་སློང་དག་ཧ་ཅང་ཚད་ལས་ལྷག་པ་བྱེད་དུ་འཇུག་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་ སློང་དག་ངས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་གཞུག་གོ། ཞེས་བཀའ་སྩལ་ན། ཁྱེད་ཚད་ལས་ཧ་ཅང་ལྷག་པ་བྱེད་དུ་འཇུག་པ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་ [302B] ཆོག་མི་ཤེས་པ་དང། གསོ་དཀའ་བ་དང། དགང་དཀའ་བ་རྣམ་པར་སྨད་པ་མཛད་དོ་།དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང། ཆོག་ཤེས་ པ་དང། གསོ་སླ་བ་དང། དགང་སླ་བ་དང། ཕྲི་བ་དང། ཡོ་བྱད་བསྙུངས་པ་དང། སྦྱངས་པའི་ཡོན་ཏན་དང། མཛེས་པ་དང་དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་ བཀའ་སྩལ་པ། དགེ་སློང་དག། དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག་དེ་ལ་དབྱར་གྱི་གོས་ རས་ཆེན་གྱི་ཚད་ནི། འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག། ཞེང་དུ་མཐོ་ཕྱེད་དང་གསུམ་མོ། །དེ་ལས་ལྷག་པ་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། །དགེ་སློང་གིས་ ཞེས་བྱ་བ་ནི། ཆོས་འདི་པས་སོ། །དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི། ཆར་པ་སྐྱོབ་པའི་གོས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སམ། གཞན་ནོ། །ཚད་བཞིན་དུ་བྱེད་ དུ་ཆུག་ཅིག་ཅེས་བྱ་བ་ནི། དབྱར་གྱི་གོས་རས་ཆེན་གྱི་ཚད་གང་ཡིན་པ་དེ་བཞིན་དུའོ། །དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག་ [303A]༄༅། །ཞེང་དུ་མཐོ་ཕྱེད་དང་གསུམ་མོ་ཞེས་བྱ་བ་ལ། སྲིད་དུ་ཞེས་པ་ནི། ཆུར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི། སྟོན་པའོ། །དེའི་མཐོའི་མཐོ་དྲུག་གང་ཡིན་པ་དེ་ལ་ནི། ཚད་དང་ ལྡན་པའི་ཁྲུ་དགུའོ། །ཞེང་དུ་ཞེས་བྱ་བ་ནི། རྒྱར་རོ། །མཐོ་ཕྱེད་དང་གསུམ་མོ། །ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོ་ཕྱེད་དང་གསུམ་གང་ཡིན་པ་དེ་ལ་ནི། ཚད་དང་ལྡན་པའི་ཁྲུ་གསུམ་དང་ སོར་བཅོ་བརྒྱད་དོ། །དེ་ལས་ལྷག་པ་བྱེད་དུ་འཇུག་ན་ཞེས་བྱ་བ་ནི། དེ་ལས་གོང་མའོ། །བཅད་ནས་ལྟུང་བྱེད་དོ། །ཞེས་བྱ་བ་ནི་དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ།། ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ།། གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་ འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དབྱར་གྱི་གོས་རས་ཆེན་གྱི་སྲིད་དུ་ཁྲུ་དགུ་དང། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ལས་ལྷག་པ་བྱེད་དུ་འཇུག་ན། ཐམས་ཅད་དུ་ལྟུང་བྱེད་དུ་ འགྱུར་རོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས། ཁྱོད་ཀྱིས་དངོས་པོ་དེ་བཅད་དམ། དྲི་བར་བྱའོ། །མ་དྲིས་པར་འཆགས་པ་དང་དུ་ལེན་པར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །ལྟུང་བ་དེ་ [303B] ཡང་བཤགས་པར་བྱའོ། །ལས་དང་པོ་པ་དང། སྤྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དབྱར་གྱི་རས་ཆེན་ལས་གྱུར་ པའི་ལྟུང་བྱེད་དེ། བརྒྱད་ཅུ་རྩ་དགུ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཆལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་ པ་ཉེ་དགའ་བཟོ་མཁན་གྱི་གན་དུ་སོང་སྟེ་ཡུད་ཙམ་ཞིག་གཏམ་འདྲི་བས་འདུག་ནས་སྨྲས་པ། བཞིན་བཟང། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་འཚེམ་ནུས་སམ། དེས་སྨྲས་པ་ འཕགས་པ། ཁྱོད་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་ཀྱིས་ཅི་བྱ། དེས་སྨྲས་པ། བཀྲན་པ། ཁྱོད་ལ་འདིར་ཅི་གོད། གལ་ཏེ་གླ་འདོད་ན། འཚེམས་ཤིག་དེས་བསམ་པ་ འདི་ཟེར་བ་མཉེས་ཏེ། བདག་ལ་འདིར་ཅི་གོད། བདག་ལ་གླ་དགོས་ཀྱི་བཙེམ་མོ། །སྙམ་དུ་རིག་ནས་སྨྲས་པ། འཕགས་པ། བཙེམ་མོ། །དེས་དེ་ལ་རས་དང་གླ་བྱིན་པ་དང། དེས་དེ་བཙེམས་སོ། །ཉེ་དགས་ ཅུང་ཞིག་གྱོན་ཏེ། ལྷག་མ་ཕྲག་པས་ཁྱེར་ཏེ་འཕགས་པ་དང། དེ་དགེ་སློང་ཞིག་གིས་མཐོང་ནས་དེས་སྨྲས་པ། གནས་བརྟན། གཏུར་བུ་གཟིགས་ཤིག་དང། ངལ་གསོར་གཞུག་གོ་ཉེ་དགས་སྨྲས་ པ༑ ཚེ་དང་ལྡན་པ། འདི་གཏུར་བུ་མ་ཡིན་ནོ། །འོན་ཅི་ལགས། བདེ་བར་གཤེགས་པའི་ཆོས་གོས་སོ། །གནས་བརྟན། ཁྱོད་བདེ་བར་གཤེགས་པའི་ཆོས་གོས་གྱོན་དུ་རུང་ངམ། དགྲ་བོ་དག་ [304A]༄༅། །གི་གཉའ་བ་རྡོག་པས་མནན་ནས་རུང་ངོ། །གནས་བརྟན་ལ་ཡང་དགྲ་བོ་དག་ཡོད་དམ། ཇེ་དང་པོར་ཁྱོད་ཁོ་བོའི་དགྲ་བོ་ཡིན་ཏེ། དེས་ན། ཁོ་བོ་བདེ་བར་གཤེགས་ པའི་ཆོས་གོས་གྱོན་པ་མི་བཟོད་དོ། །དགེ་སློང་དོན་ཉུང་ངུ་དག་།ཅིའི་ཕྱིར་དགེ་སློང་དག་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱིས་ཆོས་གོས་འཆང་བར་བྱེད་ཅེས་སྨོད་པར་བྱེད། འཕྱར་ ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་ འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་ པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ། ཁྱོད་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་པ་བདེན་ནམ། བཙུན་པ། མད་ དོ༑ ༑སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་།ཞེས་ རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ་དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་ [304B] འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་ན། ལྟུང་བྱེད་དོ་།ཞེས་བཅོམ་ལྡན་འདས་ཀྱིས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་ བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདེ་བར་གཤེགས་པའི་ཆོས་གོས་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་ བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་པ་དང། ཚེ་དང་ལྡན་པ་ཉེ་དགས་ལྷག་པ་བྱེད་དུ་བཅུག་ནས། དགེ་སློང་དོན་ཉུང་ངུ་དག་།བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདེ་བར་གཤེགས་ པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་ན། ལྟུང་བྱེད་དོ། །ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་ན། ཅིའི་ཕྱིར་དགེ་སློང་དག་དེ་བས་ལྷག་པ་ བྱེད་དུ་འཇུག་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ དགེ་སློང་དག་དེ་ལྟ་བས་ན། སྔ་མ་ནི། བཅས་པ་ཡིན་ལ། འདི་ནི། རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་ [305A]༄༅། །སློང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན། ལྟུང་བྱེད་དོ།། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི། འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ། ཞེང་དུ་མཐོ་དྲུག་སྟེ། ད་ལ་འདི་ནི། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ ཚད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དྒའམ། །གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི། སྟོན་པའོ། །དེའི་ཆོས་གོས་ཀྱི་ཚད་ཀྱི་ ཞེས་བྱ་བ་ནི། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་གང་ཡིན་པ་དེའིོ། །ཆོས་གོས་ཞེས་བྱ་བ་ནི། བདུན་པོ་བལ་གོས་དང། ཤ་ནའི་གོས་དང། ཟར་མའི་གོས་དང། ཀོའུ་ཏམ་པའི་ གོས་དང། དུ་གུ་ལའི་གོས་དང། རས་བལ་གྱི་གོས་དང། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་ནོ། །བདེ་བར་གཤེགས་ པའི་ཆོས་གོས་ལས་ལྷག་པ་བྱེད་དུ་འཇུག་ན་ཞེས་བྱ་བ་ནི། དེའི་གོང་མའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་ངན་སོང་དང། ངན་འགྲོ་ དང། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ [305B] དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི། འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ། ཞེང་དུ་མཐོ་དྲུག་ སྟེ༑ དེ་ལ་འདི་ནི། བདེ་བར་གཤེགས་པའི་ཆོས་གྲོས་ཀྱི་ཚད་དོ་།ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོ་བཅུ་གང་ཡིན་པ་དེ་ལ་ནི། ཚད་དང་ལྡན་པའི་ཁྲུ་བཅོ་ལྔའོ། །བདེ་བར་གཤེགས་ པའི་མཐོ་དྲུག་གང་ཡིན་པ་དེ་ལ་ནི། ཆད་དང་ལྡན་པའི་ཁྲུ་དགུའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་ སམ༑ བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པའི་ཆོས་གོས་བྱེད་དུ་འཇུག་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་ བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དེ། དགུ་བཅུ་པ་རྫོགས་སོ་།ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་རྫོགས་སོ།། །། འདུལ་བ་རྣལ་པར་འབྱེད་པ། བམ་པོ་བརྒྱད་ཅུ་པ། སྡོམ་ལ། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་ནི་།སངས་རྒྱས་ཕན་པ་གསུངས་པ་ཡིས། །སོ་སོར་བཤགས་ པར་བྱ་བར་གསུངས། །སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ། ཀ་ལནྡ་ཀའི་གནས་ན་བཞུགས་སོ། །རྡོ་འཇོག་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ། ལངས་སྤྱོད་ཆེ་བ། ཡོངས་སུ་ [306A]༄༅། །བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་ སེམས་ཅན་ཞུགས་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་མིག་ཨུཏྤ་ལ་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ་ ཨུཏྤ་ལའི་ཟེ་འབྲུའི་མདོག་འདྲ་བ་ཞིག་བྱུང་ངོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་བུ་མོ་འདིའི་མིང་ ཅིར་གདགས་ཞེས་དེའི་མིང་འདོགས་པར་བྱེད་དོ། །ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་བུ་མོ་འདི་མིག་ཨུཏྤ་ལ་འདྲ་ལ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེ་འབྲུའི་མདོག་འདྲ་བ་ དེའི་ཕྱིར་བུ་མོ་འདིའི་མིང། ཨུཏྤ་ལའི་མདོག་ཅེས་བྱ་བར་གདགས་སོ། །ཞེས་དེའི་མིང་ཨུཏྤ་ལའི་མདོག་ཅེས་བྱ་བར་བཏགས་སོ། །དེ་བསྲིངས་ཤིང་བསྐྱེད་ནས་ཆེན་མོར་གྱུར་ཏོ། །དེའི་ཕ་ ལ་བུ་མེད་ནས་དེས་བསམ་པ། བདག་གི་བུ་མོ་འདི་སུ་ལ་ཡང་རིགས་ཀྱི་ཕྱིར་ཡང་མི་སྦྱིན། ནོར་གྱི་ཕྱིར་ཡང་མི་སྦྱིན། གཟུགས་ཀྱི་ཕྱིར་ཡང་མི་སྦྱིན་གྱི། འདི་ལྟར་གང་བདག་གི་ཁྱིམ་ན་ [306B]།སྙམ་མོ། །རྡོ་འཇོག་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་ དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས་དེ་ཟླ་བ་བརྒྱད་ དམ༑ དགུ་འདས་ཏེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེ་ཡང་རིགས་དང་མཐུན་པའི་མིང་བཏགས་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དུས་གཞན་ཞིག་ན། དེའི་ཕ་མ་གཉིས་དུས་ ལ་བབ་ནས། དེ་ཕན་ཚུན་འཁྱམས་པ་ན་སྟེས་དབང་གིས་ཁྱིམ་བདག་དེའི་ཁྱིམ་དུ་ཕྱིན་པ་དང། ཁྱིམ་བདག་དེས་སྨྲས་པ། བུ། ཁྱོད་སུའི། །ཁྱིམ་བདག་ཆེ་གེ་མོ་ཞིག་གིའོ། །བུ། ཁྱོད་ཀྱི་ཕ་ག་རེ་ དུས་ལ་བབ་བོ། །བུ། ཁྱོད་ཀྱི་མ་ག་རེ། དེ་ཡང་དུས་ལ་བབ་བོ་།བུ། གལ་ཏེ་དེ་ལྟ་ན། ཁོ་བོས་ཁྱོད་ལ་བུ་མོ་སྦྱིན་གྱི། ཁྱོད་ཁོ་བོའི་ཁྱིམ་ན་འདུག་པའི་མག་པ་གྱིས་ཤིག་ཡབ། མ་ནོངས་ཏེ་བདག་ ཀྱང་ཕ་མ་གཉིས་དང་བྲལ་ནས་ཕན་ཚུན་འཁྱམས་ཤིང་ཡིད་ཆད་པར་གྱུར་ན། ཁྱོད་དེ་སྐད་གསུངས་པ་མ་ནོངས་ཀྱི། དེ་བཞིན་བགྱིའོ། །ཁྱིམ་བདག་དེས་དེ་ལ་ཨུཏྤ་ལའི་མདོག་བྱིན་ནས་ཉི་མ་དང་ ཚེས་གྲངས་དང། ཡུད་ཙམ་གྱི་སྦྱོར་བས་བག་མར་བཏང་ནས་ཁྱེའུ་དེས་ཀྱང་ཁྱིམ་དེར་འདུག་པར་བརྩམས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཨུཏྤ་ལའི་ཕ་དུས་ལ་བབ་ནས་དེའི་མ་ཅི་དགའ་མགུར་ [307A]༄༅། །གནས་པ་དང། རྒྱུ་བའི་སྦྱོར་བས་ཟས་དང། གོས་བཟང་པོ་དག་གིས་བརྟས་པས་ཉོན་མོངས་པ་དག་གིས་གནོད་པར་བརྩམས་པ་དང། དེས་བསམ་པ། གལ་ཏེ་ བདག་གིས་འདིར་སྐྱེས་པ་གཞན་བཀུག་ན། བདག་གི་མག་པ་འདིས་ཤེས་པར་འགྱུར་གྱི། བདག་འདི་ཉིད་དང་ལྷན་ཅིག་རྩེ་བ་དང། དགའ་བ་དང། དགའ་མགུར་སྤྱད་བ་ཉམས་སུ་ མྱོང་བར་བྱའོ། །སྙམ་ནས་དེས་དེ་ལ་མཚན་མ་བསྟན་ཏོ། །བུད་མེད་ཀྱི་ཡུལ་ནི། དབང་པོ་དག་འཕྲོག་ཅིང། དོན་དུ་གཉེར་འདོད་པར་འགྱུར་བ་ཡིན་པས། དེས་དེ་ལ་བརྟགས་པར་ གྱུར་ཏོ། །ཡང་དེས་དེ་ལ་མཚན་མ་བསྟན་པ་དང། དེ་དེ་དང་ལྷན་ཅིག་བསྟེན་པར་གྱུར་ཏོ། །དེའི་ཚེ་ན་ཨུཏྤ་ལའི་མདོག་ལ་སེམས་ཅན་ཞུགས་པར་གྱུར་ཅིང་དེ་བཙའ་བའི་དུས་ལ་ བབ་ནས། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། །སོང་ལ་ཡུམ་བོས་ཤིག་དེ་སོང་བ་དང་ཇི་ཙམ་ན་དེ་མག་པ་དང་ལྷན་ཅིག་དབེན་པ་ན་འདུག་པ་མཐོང་ནས་དེས་ཡུད་ ཙམ་ཞིག་རྟོག་ཅིང་དེར་བསྡད་པ་དང། ཇི་ཙམ་ན་དེ་ཕྱིར་བྱུང་ནས་དེས་སྨྲས་པ། ཨུཏྤ་ལའི་མདོག་ཁྱོད་ལ་འབོད་ཀྱི། བཞུད་དོ་།དེ་དེར་སོང་བ་དང། ཇི་ཙམ་ན་བུ་མོ་ཞིག་བཙས་ ནས་ཨུཏྤ་ལའི་མདོག་གིས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཁྱོད་ཅི་ཐོགས། དེས་སྨྲས་པ། ཁྱོད་ཀྱི་ཡུམ་དང་ཁྱིམ་ཐབ་ནད་མེད་པར་གྱུར་ཅིག་དེས་སྨྲས་པ། དེས་ [307B] དེ་ཇི་ལྟར་གྱུར་པ་བརྗོད་པ་དང། དེས་སྨྲས་པ། བུ་མོ། ཁྱོད་ཁོ་མོའི་མ་དང། ཁྱིམ་ཐབ་ལ་སྐུར་པ་འདེབས་སམ། དེས་སྨྲས་པ། ཇོ་མོ། ཁྱོད་ཐུགས་མི་ཆེས་ན། བདག་གིས་ ཁྱོད་ཀྱི་མངོན་སུམ་དུ་འགྱུར་བར་བགྱིའོ། །ཞེས་དེ་དེ་གཉིས་ཀྱི་སྐབས་བཙལ་བ་དེ་ལྷུར་ལེན་ཅིང་འདུག་པ་དང། ཇི་ཙམ་ན་དེ་གཉིས་དབེན་པར་འདུག་པར་གྱུར་ནས་དེས་མྱུར་བ་མྱུར་བར་ སོང་སྟེ་ཨུཏྤ་ལའི་མདོག་ལ་སྨྲས་པ། ཚུར་སྤྱོན། ད་གཟིགས་ཤིག་།དེ་ཡང་མྱུར་བ་མྱུར་བར་སོང་སྟེ་བལྟས་པ་དང། དེ་གཉིས་བསྟེན་པ་མཐོང་ནས་ཨུཏྤ་ལའི་མདོག་གིས་ བསམ་པ། སྐལ་ཆད་མ་འདིས། རྡོ་འཇོག་ན་སྐྱེས་པ་གཞན་མ་མཐོང་ངམ། ཅི་ན། གང་གི་ཕྱིར་མག་པ་དང་ལྷན་ཅིག་སྟེན་པར་བྱེད་སྐལ་ཆད་པ་འདིས་ཀྱང་རྡོ་འཇོག་ན་ བུད་མེད་གཞན་མ་མཐོང་ངམ། ཅི་ན། གང་གི་ཕྱིར་སྒྱུག་མོ་དང་ལྷན་ཅིག་སྟེན་པར་བྱེད། སྙམ་དུ་རིག་ནས་མི་བཟོད་པ་སྐྱེས་ནས་དེས་ཁྱིམ་བདག་ལ། སྐལ་ཆད་པ། ཁྱོད་ད་ཕྱིན་ ཆད་འདི་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག་ཅེས་བུ་མོ་དེ་ཕའི་གན་དུ་འཕངས་པ་དང། དེ་ཕའི་ལུས་ལས་འདྲིལ་ནས་སྒོའི་ཐེམ་པར་ལྷུང་སྟེ་ཀླད་པ་ཞོམ་མོ། །ཨུཏྤ་ལའི་མདོག་ མགོ་གཡོགས་ཏེ་ཁྱིམ་ནས་བྱུང་བ་དང། ཇི་ཙམ་ན་དོན་མཐུན་བཅོམ་བརླག་ཏུ་འཕགས་པ་མཐོང་ནས་དེ་དང་ལྷན་ཅིག་འཕགས་པ་དང་དེད་དཔོན་གྱིས་མཐོང་ནས། དེ་དེའི་གཟུགས་ [308A]༄༅། །དང་ལང་ཚོ་མཛེས་པ་ལ་ཆགས་ནས་དེས་སྨྲས་པ། སྲུ་ཁྱོད་སུའི། དེད་དཔོན། ཁོ་མོ་ལ་ཟས་དང། གོས་སྦྱིན་པ་དེའི་འོ་།དེད་དཔོན་དེས་དེ་ ཆུང་མར་བྱས་ནས་དོན་མཐུན་མཐར་གྱིས་བཅོམ་བརླག་ཏུ་ཕྱིན་པ་དང། དེས་དེ་དེ་ཉིད་དུ་བཞག་གོ་དེ་ནས་དེད་དཔོན་དེས་ཟོང་བསྒྱུར་ནས་ཟོང་གི་རིན་ཁྱེར་ཏེ་ཕྱིར་རྡོ་འཇོག་ཏུ་ འོངས་པ་དང། དེ་ན་ཚོང་པ་དེ་དག་ཕན་ཚུན་ཁྱིམ་གཞན་དུ་མགྲོན་དུ་བོས་ཏེ་སྟོན་མོ་བྱེད་པ་ན། དེད་དཔོན་དེས་འགའ་ཡང་ཟན་མ་བྱིན་ནས་ཚོང་པ་དག་གིས་སྨྲས་པ། དེད་དཔོན་ ཁྱོད་ཀྱིས་འགའ་ཡང་གཡར་དྲངས་ཏེ་འཚལ་མ་མ་སྩལ་ཏོ། །དེས་སྨྲས་པ། ཁྱོད་ཅག་ནི། ཁྱིམ་མི་མོ་དག་བདོག་པས། དེས་ན་སྟོན་མོ་བྱེད་མོད། ཁོ་བོ་ལ་ནི། གང་ བསྙེན་བཀུར་བྱེད་པ་འགའ་ཡང་མེད་པས་ཁོ་བོས་ཇི་ལྟར་ཟན་སྦྱིན་དེ་དག་གིས་སྨྲས་པ། གལ་ཏེ་དེ་ལྟར་ན། ཅིའི་སླད་དུ་བུ་མོ་མི་ཚོལ། དེས་སྨྲས་པ། ཁོ་བོའི་ཆུང་མ་ དང་འདྲ་བའི་བུ་མོ་འགའ་ཞིག་ཡོད་ན། དེ་བག་མར་བླང་ངོ། །དེ་དག་གིས་སྨྲས་པ། ཇེ་ཁྱེད་ཀྱི་བཙུན་མོ་ཅི་འདྲ་བ་བལྟའི། གསུངས་ཤིག་དེས་ཨུཏྤ་ལའི་མདོག་ གི་གཟུགས་དང་ལང་ཚོ་མཛེས་པ་བརྗོད་པ་དང། དེ་དག་གིས་སྨྲས་པ། དེད་དཔོན། དེ་ནི། བུད་མེད་རིན་པོ་ཆེ་ཞིག་སྟེ། འོན་ཀྱང་དེ་ལྟ་བུ་གཞན་འགའ་མཆིས་ཀྱང་གནས་ [308B] །ཞེས་དེ་དག་གིས་བཙལ་བར་བརྩམས་པ་དང། ཇི་ཙམ་ན་ཨུཏྤ་ལའི་མདོག་ཉིད་ཀྱི་བུ་མོ་དེ་དེ་དང་འདྲ་བར་མཐོང་ནས་དེ་དག་གིས་བུ་མོ་སློང་ངོ། །ཞེས་དེ་བསླངས་པ་དང། དེ་ དག་གིས་སྨྲས་པ། སུའི་ཕྱིར། དེད་དཔོན་ཆེ་གེ་མོ་ཞིག་ཡོད་པ་དེའི་ཕྱིར་རོ། །ཤེས་ལྡན་དག་བདག་ཅག་གིས་ནི། སྦྱིན་པ་ལ་རག་ན་འདི་ལྟར་ཁྱེད་ལ་སྐྱོན་ཡོད་དེ། ཁྱེད་ཀྱིས་ བག་མ་བླངས་ནས་བོར་ཏེ་འདོང་ངོ། །མི་འདོར་རོ། །གལ་ཏེ་དེ་ལྟ་ན། སྦྱིན་ནོ། །དེ་དག་གིས་དེ་བསླངས་ནས་དེད་དཔོན་གྱི་བག་མར་བླངས་སོ། །དེ་ནས་ཚོང་པ་དེ་དག་གི་ཟོང་བསྒྱུར་ཏེ་ཟོང་རིན་ ཁྱེར་ནས་ཡང་བཅོམ་བརླག་ཏུ་འཕགས་པ་དང། ཇི་ཙམ་ན་མཐར་གྱིས་བཅོམ་བརླག་དང་ཧ་ཅང་མི་རིང་བ་ན་རི་བྲག་ཅིག་ཡོད་པ་དེར་ཕྱིན་ཏོ། །དེད་དཔོན་དེས་ཟོང་དེ་དང་བུ་མོ་དེ་རི་བྲག་དེར་ བཞག་ནས་ཉུང་ཤས་ཤིག་དང་བཅོམ་བརླག་ཏུ་སོང་བ་དང། ཨུཏྤ་ལའི་མདོག་གིས་བྱོན་པ་ལེགས་སོ། །ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་དེ་སྨྲས་པ། དེད་དཔོན། བདེ་བར་བྱོན་ཏམ་ དེས་སྨྲས་པ། བཟང་མོ། ག་ལ་བདེ་བར་འོངས། ཁོ་བོ་བཅོམ་མོ་།རྗེའི་སྲས། ཁྱོད་གསོན་པོར་བྱོན་པ་དགྱེས་མོད། ནོར་ལྟ་སླད་ཀྱིས་ཀྱང་མཆིས་པར་འགྱུར་རོ། །དེ་དུས་ཅུང་ཟད་ཅིག་འདུག་ ནས་སྨྲས་པ། བཟང་མོ། ཁོ་བོ་བཅོམ་པའི་རྫས་ཚོལ་དུ་འགྲོའོ་།དེས་སྨྲས་པ། མ་ནོངས་ཀྱི། བཞུད་ཅིག་དེ་སོང་མ་ཐག་ཁོ་ནར་དེའི་ཤེད་མཐུན་འོངས་ཏེ། ཨུཏྤ་ལའི་མདོག་ལ་དྲིས་པ་ [309A]༄༅། །ཤད་མཐུན་མོ། །དེད་དཔོན་གར་སོང། དེས་སྨྲས་པ། བཅོམ་པའི་རྫས་ཚོལ་དུ་སོང་ངོ། །དེ་གང་དུ་སུས་བཅོམ། བདག་ཀྱང་མི་ཤེས་ཏེ། དེ་ན་རེ། ཁོ་བོ་བཅོམ་གྱི་ བཅོམ་པའི་རྫས་ཚོལ་དུ་འགྲོའོ། །ཞེས་ཟེར་རོ། །དེས་སྨྲས་པ། དེ་ད་ལྟར་ཕུན་སུམ་ཚོགས་ཤིང་འོངས་པ་དེ་ལྟར་སྔོན་འགའ་ཡང་ཕུན་སུམ་ཚོགས་ཤིང་མ་འོངས་པས་དེས་ཁྱོད་བྲིད་དོ། །ཤེད་ མཐུན། གཏམ་བྱོས་ཤིག་གཏམ་གཞན་ཅི་ཞིག་བྱ། དེས་རྡོ་འཇོག་ནས་ས་འཛིན་མ་འདི་ལྟ་བུ་ཞིག་ཁྲིད་དེ་འོངས་པས། ཁྱོད་དེའི་རྐང་པ་གཉིས་འཁྲུ་བར་ཡང་མི་རུང་ངོ། །ཤེད་མཐུན། དེ་ བདེན་ནམ། བདེན་ནོ། །དེས་སྡོད་ཅིག་ཅེས་བྱས་ཏེ་ཅང་མི་སྨྲ་བར་འདུག་གོ་ཇི་ཙམ་ན་དེད་དཔོན་དེ་འོངས་ནས། དེས་བརྙས་ཐབས་སྔོན་དུ་བཏང་སྟེ་སྨྲས་པ། རྗེའི་སྲས། ཁྱོད་ཀྱིས་བཅོམ་པའི་ རྫས་བཙལ་ཏམ། བཟང་མོ། །བཙལ་ཏོ། །རྗེའི་སྲས། ཁྱོད་ཀྱིས་ཁོ་མོ་བྲིད་དེ། ཁྱོད་གང་དུ་སུས་ཀྱང་མ་བཅོམ་གྱི། ཁོ་མོས་ཇི་ལྟར་ཁྱོད་ཀྱིས་རྡོ་འཇོག་ནས་ས་འཛིན་མ་ཞིག་ཁྲིད་དེ་འོངས་ཞེས་ ཐོས་ཀྱི། དེ་འདི་ཉིད་དུ་ཁྲིད་དེ་སྤྱོན་ཅིག་གང་གི་གནས་གཉིས་སུ་འགོད་པར་འགྱུར་བ་དེའི་ལོངས་སྤྱོད་དག་ནི། བསྲབ་པས་ཉིད་དང། ཡོངས་སུ་ཟད་པ་དང། ཡོངས་སུ་མཐར་ཐུག་པར་འགྱུར་ རོ༑ ༑བཟང་མོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་ཁྱོད་ཀྱིས་གང་གི་ཁྱིམ་ན་ཆུང་མ་གཉིས་ཡོད་པ་དེས་ལན་འགའ་ཡང་སྐྱོ་མ་གྲང་མོ་མི་འཐུང་ཞིང། འཐབ་མོ་དང། མཚང་འདྲུ་བ་དང། རྩོད་པ་ [309B] འགྱེད་པར་འགྱུར་རོ། །ཞེས་བྱ་བ་མ་ཐོས་སམ། །རྗེའི་སྲས། དེ་ཞི་བར་གྱུར་ཅིག་དེ་ལྟར་མི་འགྱུར་གྱི། དེ་ཁྲིད་དེ་སྤྱོན་ཅིག་གལ་ཏེ་ནུ་མོ་ཙམ་ཞིག་ན། ནུ་མོའི་འདུ་ཤེས་ཉེ་བར་བཞག་པར་བགྱིའོ། ། གལ་ཏེ་བུ་མོ་ཙམ་ཞིག་ན། བུ་མོའི་འདུ་ཤེས་ཉེ་བར་གཞག་པར་བགྱིའོ། །དེས་སྨྲས་པ། བཟང་མོ། གལ་ཏེ་དེ་ལྟར་ན། མ་ཉེས་ཀྱི་ཁྲིད་དེ་འོང་ངོ། །ཞེས་དེས་དེ་ཁྲིད་དེ་འོངས་པ་དང། དེས་དེ་མཐོང་ ནས་རྗེས་སུ་ཆགས་པ་སྐྱེས་སོ། །དུས་གཞན་ཞིག་ན་ཨུཏྤ་ལའི་མདོག་གིས། བུ་མོ་དེའི་སྐྲ་བླ་བར་བརྩམས་པ་དང། མགོ་ལ་སྒྲོས་ཡོད་པར་མཐོང་ངོ། །མཐོང་ནས་ཀྱང་དྲིས་པ། བུ་མོ། འདི་ཅི་ ཉེས༑ དེས་སྨྲས་པ། བདག་གིས་ཀྱང་མ་འཚལ་ཏེ། བདག་གི་ཕྱི་མོའི་མཆིད་ནས། ཁྱོད་ཀྱི་མ་ཕ་ལ་ཁྲོས་པས་ཁྱོད་འཕངས་པས་སྒོའི་ཐེམ་པར་ལྷུང་སྟེ། དེར་སྒྲོས་འདི་བྱུང་ངོ། །ཞེས་ མཆིའོ། །ཁྱོད་ཀྱི་ཕྱི་མོ་ཅི། མིང་ཆེ་གེ་མོ་ཞིག་གོ་ཁྱོད་ཀྱི་མ་ཅི་མིང། ཨུཏྤ་ལའི་མདོག་གོ་དེས་བསམ་པ། བདག་དེར་ནི། མ་དང་ཆེན་ཆུན་དུ་གྱུར་ལ། འདིར་ནི། བུ་མོ་དང་ཆེན་ཆུན་དུ་གྱུར་གྱི་ རྣམ་པ་ཐམས་ཅད་དུ་འགྲོ་བར་བྱའོ། །སྙམ་ནས་དེ་མགོ་གཡོགས་ཏེ་ཁྱིམ་ནས་བྱུང་བ་དང། ཇི་ཙམ་ན་དོན་མཐུན་ཡུལ་ཡངས་པ་ཅན་དུ་འཕགས་པ་མཐོང་ནས་དེ་ཡང་དེ་དང་ལྷན་ཅིག་འཕགས་ པ་དང། དེ་ཚོང་པ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིང་ཡངས་པ་ཅན་དུ་སོང་ངོ། །ཡངས་པ་ཅན་ན་གནས་པའི་ཚོགས་ཅན་མ་དག་གིས་སྨྲས་པ། བཅོམ་བརླག་པའི་ཚོང་པ་འདི་ [310A]༄༅། །དག་བག་ཅག་དང་ལྷན་ཅིག་རྩེད་མོ་དང། དགའ་མགུར་སྤྱོད་པ་ཉམས་སུ་མྱོང་བར་མི་བྱེད་དོ། །དེ་ན་ཚོགས་ཅན་མ་གཅིག་གིས་སྨྲས་པ། དེ་དག་གིས་ས་ འཛིན་མ་འདི་ལྟ་བུ་ཞིག་ཁྲིད་དེ་འོངས་པས་བདག་ཅག་དེའི་རྐང་པ་གཉིས་འཁྲུ་བར་ཡང་མི་ནུས་པས། ཅིའི་ཕྱིར་དེ་དག་བདག་ཅག་དང་ལྷན་ཅིག་རྩེ་བ་དང། དགའ་བ་དང། དགའ་མགུར་ སྤྱོད་པ་ཉམས་སུ་མྱོང་པར་བྱེད། ཚོགས་ཅན་མ་དེ་དག་འདུས་ཏེ་ཨུཏྤ་ལའི་མདོག་གི་གན་དུ་དོང་ནས་སྨྲས་པ། ས་འཛིན་མ། ཁྱོད་ཁོ་མོ་ཅག་གི་འཚོ་བས་འཚོ་བར་བྱེད་ན་ཅིའི་ཕྱིར་ཁོ་མོ་ ཅག་གི་ནང་དུ་མི་འཇུག་དེས་མགོ་གཡོགས་པ་བཤུས་ཏེ་སྨྲས་པ། བདག་དེང་ཕྱིན་ཆད་ཁྱེད་ཅག་གི་ནང་དུ་འཇུག་གོ། །ཞེས་དེ་དེ་དག་གི་གན་དུ་ཞུགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ ཚོགས་ཅན་མ་དེ་དག་ཆང་གྲལ་དུ་ཚོགས་ཤིང་གཏམ་ཟེར་བ་ན་སྨྲས་པ། བདག་ཅག་ལས་གང་གིས་ཚོང་པ་གང་ནོར་ཇི་ཙམ་དང་བྲལ་བར་བྱས། དེ་ན་གཅིག་གིས་སྨྲས་པ། ཁོ་མོས་ནི་ ཚོང་པ་ཆེ་གེ་མོ་ཞིག་ནོར་འདི་ཙམ་དང་བྲལ་བར་བྱས་སོ་།གཞན་དག་གིས་སྨྲས་པ། ཁོ་མོ་ཅག་གིས་ནི། ཚོང་པ་ཆེ་གེ་མོ་དག་ནོར་འདི་ཙམ་དང་བྲལ་བར་བྱས་སོ། །ཡང་གཞན་དག་གིས་ སྨྲས་པ། ཁོ་མོ་ཅག་གིས་ཀྱང་ཚོང་པ་ཆེ་གེ་མོ་དག་ནོར་འདི་ཙམ་དང་བྲལ་བར་བྱས་སོ། །ཡངས་པ་ཅན་ན་སྤོས་ཚོང་གི་ཁྱེའུ་མི་སྡུག་པ་ཐོབ་པ་ཞིག་འདུག་པ་དེ། ཚོགས་ཅན་མ་འགས་ [310B]སྨྲས་པ། བདག་ཅག་ལས་གང་གིས་སྤོས་ཚོང་གི་ཁྱེའུ་ཆེ་གེ་མོ་ཞིག་རྗེས་སུ་འཇུག་པར་བྱེད་ནུས་པའི་བུད་མེད་དེ་ནི། བུད་མེད་ཀྱི་ ཡོན་ཏན་དང་ལྡན་པར་བདག་ཅག་སྨྲའོ། །ཨུཏྤ་ལའི་མདོག་གིས་སྨྲས་པ། ཅི། དེ་སྐྱེས་པ་སྐྱེས་པའི་དབང་པོ་དང་ལྡན་པ་ཡིན་ནམ། འོན་ཏེ་མ་ཡིན། དེ་དག་གིས་སྨྲས་པ། དེ་སྐྱེས་པ་སྐྱེས་ པའི་དབང་པོ་དང་ལྡན་པ་ཡིན་ནོ། །གལ་ཏེ་ཁོ་མོས་དེ་རྗེས་སུ་འཇུག་པར་བྱས་ན། ཁྱོད་ཀྱིས་ཁོ་མོ་ཐུ་མོའི་གནས་སུ་གཞག་གམ་གཞག་གོ་གལ་ཏེ་ཁྱེད་ཀྱིས་དེ་རྗེས་སུ་འཇུག་པར་མི་ནུས་ན་ ཁྱོད་ཇི་ལྟར་བྱ། ཁོ་མོས་ཁྱེད་ལ་ཀརཤ་པ་ཎ་དྲུག་ཅུ་གཞལ་ལོ། །མ་ཉེས་ཀྱི། དེ་ལྟར་གྱིས་ཤིག་ཨུཏྤ་ལའི་མདོག་གི་ཁྱིམ་སྤོས་ཚོང་གི་ཁྱེའུ་དེའི་དྲུང་དུ་གླས་བླངས་པས། དེས་བུ་མོ་མངག་གཞུག་ མ་ལ་སློབ་ཏུ་བཅུག་སྟེ། བུ་མོ། ཁྱོད་ཀྱིས་སྤོས་ཚོང་གི་ཁྱེའུ་ཆེ་གེ་མོ་ཞིག་ལས། ཉི་མ་རེ་རེ་ཞིང་སྤོས་ཉོ་བར་བྱའོ། །གལ་ཏེ་སུའི་གན་དུ་འཁྱེར་ཞེས་ཟེར་ན། ཨུཏྤ་ལའི་མདོག་གི་གན་དུ་ རིགས་ཀྱི་བུ་ཞིག་འོངས་པ་དེའི་གན་དུ་འཁྱེར་རོ། །ཞེས་བརྗོད་པར་བྱའོ། །བུ་མོ་མངག་གཞུག་མ་དེ་སྤོས་ཚོང་གི་ཁྱེའུ་དེ་ལས་ཉི་མ་རེ་རེ་ཞིང་སྤོས་ཉོ་བར་བྱེད་དོ། །དེས་དེ་ལ་སྨྲས་པ། བུ་མོ་ ཁྱོད་ཉི་མ་རེ་རེ་ཞིང་སུའི་གན་དུ་སྤོས་འཁྱེར་བར་བྱེད། དེས་སྨྲས་པ། ཨུཏྤ་ལའི་མདོག་གི་གན་དུ་རིགས་ཀྱི་བུ་ཞིག་འོངས་པ་དེའི་གན་དུ་འཁྱེར་རོ། །ཡང་ཨུཏྤ་ལའི་མདོག་གིས་བུ་མོ་མངག་ [311A]༄༅། །གཞུག་མ་དེ་ལ་སྨྲས་པ། བུ་མོ། སྤོས་ཚོང་གི་ཁྱེའུ་དེ་ལས་སྨན་བསྐ་བ་དང། ཁ་བ་དང། ཚ་བ་དག་ཉོ་བར་བྱའོ་།གལ་ཏེ་སུའི་གན་དུ་འཁྱེར་ཞེས་ཟེར་ན་ རིགས་ཀྱི་བུ་དེ་ན་བས་དེའི་སྨན་གྱི་ཕྱིར་འཁྱེར་རོ། །ཞེས་བརྗོད་པར་བྱའོ། །གལ་ཏེ་དབྱིག་སུའི་ཡིན་ཞེས་ཟེར་ན། ཨུཏྤ་ལའི་མདོག་གི་ཡིན་ནོ། །ཞེས་བརྗོད་པར་བྱའོ། །བུ་མོ་མངག་གཞུག་ མ་དེ་ཀརཤ་པ་ཎ་དག་ཁྱེར་ཏེ་སྤོས་ཚོང་གི་ཁྱེའུ་དེའི་གན་དུ་སོང་ནས་སྨྲས་པ། སྨན་བསྐ་བ་དང། ཁ་བ་དང། ཚ་བ་དག་བྱིན་ཅིག་དེས་སྨྲས་པ། སུའི་གན་དུ་འཁྱེར། དེས་སྨྲས་པ། རིགས་ཀྱི་བུ་དེ་ན་ བས་ན། དེའི་སྨན་གྱི་ཕྱིར་འཁྱེར་རོ། །དེས་སྨྲས་པ། དབྱིག་སུའི་ཡིན། །དེས་སྨྲས་པ། ཨུཏྤ་ལའི་མདོག་གིའོ། །དེས་བསམ་པ། དེ་ནི། ན་ཆུང་ཆེན་མོ་ཞིག་སྟེ། རང་གི་སྨན་གྱིས་ བསྙེན་བཀུར་བྱེད་དོ། །སྙམ་ནས་དེ་དེ་ལ་རྗེས་སུ་ཆགས་པ་སྐྱེས་ནས་དེས་བུ་མོ་དེ་ལ་སྨྲས་པ། བུ་མོ། ཨུཏྤ་ལའི་མདོག་ལ་སྤོས་ཚོང་གི་ཁྱེའུ་དེ་ཁྱོད་ལྟ་བར་འདོད་དོ། །ཞེས་གྱིས་ཤིག་ བུ་མོ་དེས་ཨུཏྤ་ལའི་མདོག་ལ་བརྗོད་པ་དང། དེས་སྨྲས་པ། བུ་མོ་སོང་ལ་འདི་སྐད་ཅེས། ད་དུང་རིགས་ཀྱི་བུ་དེ་མ་སོས་སོ། །ཞེས་གྱིས་ཤིག་དེ་སོང་སྟེ་དེ་ལ་དེ་སྐད་བརྗོད་པ་ དང། དེ་ཡང་དང་ཡང་དུ་བུ་མོ་དེ་ལ་ཉི་མ་གང་ལ་འོང་བར་བྱ་ཞེས་འདྲིའོ། །དེས་ཨུཏྤ་ལའི་མདོག་ལ་བརྗོད་པ་དང། དེས་བསམ་པ། དེ་ལྷག་པར་ཆགས་པར་གྱུར་གྱི། ཐབས་ཀྱི་རྣམ་ [311B] །སྙམ་ནས་དེས་རྩྭ་མི་ཞིག་བྱས་ཏེ་ཁྲིའི་སྟེང་དུ་བཞག་ནས་དུར་ཁྲོད་དུ་འཁྱེར་ཏེ་བསྲེགས་ནས་དེའི་འོག་ཏུ་སྐྲ་བཤིག་ཅིང་དུ་བའི་བཞིན་གྱིས་སྤོས་ཚོང་གི་ཁྱེའུ་དེའི་ ཚོང་ཁང་དང་ཧ་ཅང་ཐག་མི་རིང་བ་ནས་འགྲོ་བར་བརྩམས་པ་དང། སྤོས་ཚོང་གི་ཁྱེའུ་དེས་དེ་མཐོང་ངོ། །བཅོམ་ལྡན་འདས་ཀྱིས། བུད་མེད་ཀྱིས་སྐྱེས་པ་རྣམ་པ་བརྒྱད་ཀྱིས་འཆིང་བར་ བྱེད་དེ། གར་དང། གླུ་དང། རོལ་མོ་དང། གད་མོ་དང། ངུ་བ་དང། ལྟ་བ་དང། རེག་པ་དང། རྨ་འབྱེད་པས་སོ། །ཞེས་གསུངས་པས། སྤོས་ཚོང་གི་ཁྱེའུ་དེ་དེ་ལ་ཤིན་ཏུ་ཆགས་པར་གྱུར་ ནས་བུ་མོ་དེ་ལ་ཡང་སྨྲས་པ། བུ་མོ། ད་འོང་ངོ། །དེས་ཨུཏྤ་ལའི་མདོག་ལ་བརྗོད་པ་དང། དེས་སྨྲས་པ། བུ་མོ་སོང་ལ་འདི་སྐད་ཅེས། རིགས་ཀྱི་བུ་དེ་དེར་དུས་ལ་བབ་སྟེ། ད་དུང་མྱ་ ངན་མ་སངས་པས་མཐོང་བར་ག་ལ་འགྱུར་ཞེས་བྱོས་ཤིག་ཨུཏྤ་ལའི་མདོག་གིས་ཇི་ལྟ་ཇི་ལྟར་བསྒྱངས་པ་དེ་ལྟ་དེ་ལྟར་སྤོས་ཚོང་གི་ཁྱེའུ་དེ་ཆགས་པ་དང་བཅས་པས་མཐོང་འདོད་པར་ གྱུར་ནས་ཨུཏྤ་ལའི་མདོག་གིས་དེ་ལ་སྡུམ་པར་མ་བྱོན་པར་སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་སྤྱོན་ཅིག་ཅེས་ཕྲིན་སྤྲིང་པ་དང། སྤོས་ཚོང་གི་ཁྱེའུ་དེ་བཟའ་བ་དང། བཏུང་བ་དང། གོས་དང་ ཕྲེང་བ་རྒྱུ་མང་པོ་ཐོགས་ཏེ་སྐྱེད་མོས་ཚལ་དེར་འོངས་ནས་དེས་ཨུཏྤ་ལའི་མདོག་དང་ལྷན་ཅིག་རེ་ཞིག་ཟོས་ཤིང་འཐུངས་པ་དང་ཇི་ཙམ་ན་དེར་རོ་ཞིང་ཆང་གི་དབང་གིས་བདག་ཉིད་མི་ [312A]༄༅། །དྲན་པར་གྱུར་ནས་ཨུཏྤ་ལའི་མདོག་གིས་བསམ་པ། ད་ནི་འདི་སྐྱེ་བོ་མང་པོས་ཚོར་བར་བྱའོ། །སྙམ་ནས་དེས་དེའི་མགོ་ལ་ཕྲེང་བ་བཏགས་ཏེ་གཉའ་བ་ བསྒྲིལ་ནས་ཁྱིམ་དུ་ཁྲིད་པ་དང། ཚོགས་ཅན་མ་དེ་དག་གིས་དེ་མཐོང་ནས་དེ་དག་མཆོག་ཏུ་ངོ་མཚར་སྐྱེས་ཏེ་སྨྲས་པ། ས་འཛིན་མ་འདིས་སྤོས་ཚོང་གི་ཁྱེའུ་མི་སྡུག་པ་ཐོབ་པ། རྗེས་ སུ་འཇུག་པར་བྱས་པ་ལེགས་སོ། །ཞེས་དེ་དག་གིས་དེ་ཐུ་མོའི་གནས་སུ་བཞག་གོ་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། ཇི་ཙམ་དུས་གཞན་ཞིག་ ན༑ དེ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །ཡངས་པ་ཅན་ན་སྒོ་བ་གཉིས་ཡོད་དེ། ཤར་ཀྱི་དང། ནུབ་ཀྱིའོ། །དེ་གཉིས་ཕན་ཚུན་བཤེས་པར་གྱུར་ནས་དེ་ན་གཅིག་གིས་སྨྲས་པ་ ཤེད་མཐུན། གང་གིས་བདག་ཅག་གཉིས་ཤི་ཞིང་དུས་ལ་བབ་ཀྱང་བཤེས་པའི་རྒྱུན་མི་འཆད་པར་འགྱུར་བ་དེ་ལྟ་བུའི་ཐབས་ཅི་ཡོད་གཅིག་ཤོས་ཀྱིས་སྨྲས་པ། ཤེད་མཐུན་ བདག་ཅག་གཉིས་ཀྱི་བུ་མོ་ཕན་ཚུན་ཤ་ཀླག་བྱ་སྟེ། གལ་ཏེ་ཁོ་བོ་ལ་བུ་ཡོད་ལ་ཁྱོད་ལ་བུ་མོ་ཡོད་ན། ཁྱོད་ཀྱི་བུ་མོ་ཁོ་བོའི་བུ་ལ་སྦྱིན་པར་བྱའོ། །གལ་ཏེ་ཁྱོད་ལ་བུ་ཡོད་ལ་ཁོ་བོ་ལ་བུ་ མོ་ཡོད་ན་ཁོ་བོའི་བུ་མོ་ཁྱོད་ཀྱི་བུ་ལ་སྦྱིན་པར་བྱ་སྟེ། དེས་ན་བདག་ཅག་གཉིས་ཤི་ཞིང་དུས་ལ་བབ་ན་ཡང་བཤེས་རྒྱུན་མི་འཆད་པར་འགྱུར་རོ། །མ་ཉེས་ཀྱི། དེ་ལྟར་བྱའོ། ། [312B] ཁྱེའུ་ཞིག་བྱུང་ནས་དེས་བསམ་པ། བུད་མེད་གང་ལ་བུ་ཆུང་ངུ་ཡོད་པ་དེ་སྐྱེས་པ་དག་གིས་འདི་ཡོངས་སུ་སྤང་ངོ། །ཞེས་ཡོངས་ སུ་སྤོང་བར་རིག་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་དང་མར་མེ་ཁྱེར་ལ་ལམ་པོ་ཆེར་སོང་སྟེ། དེར་གནས་གཅིག་ཏུ་ཁྱེའུ་བཞག་སྟེ་མར་མེ་ཚུགས་ལ་འགའ་ ཞིག་གིས་བླངས་ཀྱི་བར་དུ་མཐའ་གཅིག་ཏུ་སྡོད་ཅིག་དེས་དེ་ཁྱེར་ཏེ་ཤར་གྱི་སྒོ་བ་དང་ཧ་ཅང་ཐག་མི་རིང་བའི་གནས་ཤིག་ཏུ་བཞག་སྟེ་མར་མེ་བཙུགས་ནས་མཐའ་གཅིག་ཏུ་བསྡད་ པ་དང། ཤར་གྱི་སྒོ་བ་དེས་མར་མེ་མཐོང་ནས་ཐེ་ཚོམ་ཟ་ཞིང་དེར་སོང་བ་དང། ཇི་ཙམ་ན་ཁྱེའུ་དེ་མཐོང་ནས་དེས་དེ་བླངས་ཏེ་ཆུང་མའི་གན་དུ་སོང་ནས་སྨྲས་པ་ བཟང་མོ། ཁྱོད་ཀྱི་བུ་འདི་རེ། དེ་རབ་ཏུ་དགའ་བས་བླངས་སོ། །དེ་ནས་མཚན་མོ་ནམ་ནངས་པ་དང། ཀུན་དགའ་བར་འགྱུར་བ་བྱས་སོ་།ཁྱིམ་ཚེས་ཀྱི་སྐྱེ་བོ་དག་གིས་ ཕན་ཚུན་སྨྲས་པ། ཤེས་ལྡན་དག་ཤར་གྱི་སྒོ་བ་འདིའི་ཁྱིམ་ན་ཅི་ཞིག་གིས་ཀུན་དགའ་བར་འགྱུར་བ་བྱུང། དེ་ན་ཁ་ཅིག་གིས་སྨྲས་པ། འདིའི་བུ་བྱུང་ངོ། །ཁ་ཅིག་ གིས་སྨྲས་པ། འདིའི་ཆུང་མ་མི་སྦྲུམ་ན། འདིའི་བུ་ག་ལ་ས་བྱུང། ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་བུད་མེད་ཁ་ཅིག་གི་མངལ་ན་གནས་པ་མི་མངོན་པ་ཡང་ཡོད་དོ། ། [313A]༄༅། །ནུབ་ཀྱི་སྒོ་བས་ཐོས་ནས་དེས་བསམ་པ། དེའི་བུ་བྱུང་བས་གལ་ཏེ་བདག་ལ་བུ་མོ་ཡོང་བར་གྱུར་ན། དེ་བདག་གི་མག་པར་འགྱུར་རོ། །སྙམ་ནས། དེ་དེ་ལ་གོས་དང་ རྒྱན་དག་བསྐུར་རོ། །དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ནས་ཇི་ཙམ་ན་དེ་དགའ་འདུན་གྱི་ནང་དུ་ཞུགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཡང། ཨུཏྤ་ལའི་མདོག་ལ་སེམས་ཅན་ཞུགས་པར་ གྱུར་ནས་དེ་ཟླ་བ་དགུ་འདས་ཏེ་བཅས་པ་ལས། བུ་མོ་ཞིག་བྱུང་ནས་དེས་ཡང་བསམ་པ། བུད་མེད་གང་ལ་བུ་མོ་ཆུང་ངུ་ཡོད་པ་དེ་སྐྱེས་པ་དག་གིས་འདི་ཡོངས་སུ་སྤང་ངོ། །ཞེས་ཡོངས་སུ་སྤོང་བར་ རིག་ནས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། བུ་མོ་འདི་དང་མར་མེ་ཁྱེར་ལ་ལམ་པོ་ཆེར་སོང་སྟེ་དེར་གནས་གཅིག་ཏུ་བུ་མོ་བཞག་སྟེ་མར་མེ་ཚུགས་ལ་འགའ་ཞིག་གིས་བླངས་ཀྱི་བར་དུ་མཐའ་ གཅིག་ན་སྡོད་ཅིག་དེས་དེ་ཁྱེར་ཏེ་ནུབ་ཀྱི་སྒོ་བ་དང་ཧ་ཅང་ཐག་མི་རིང་བའི་གནས་ཤིག་ཏུ་བཞག་སྟེ། མར་མེ་བཙུགས་ནས་མཐའ་གཅིག་ཏུ་བསྡད་པ་དང། ནུབ་ཀྱི་སྒོ་བ་དེས་མར་མེ་མཐོང་ནས་ ཐེ་ཚོམ་ཟ་ཞིང་དེར་སོང་བ་དང། ཇི་ཙམ་ན་བུ་མོ་དེ་མཐོང་ནས། དེས་དེ་བླངས་ཏེ་ཆུང་མའི་གན་དུ་སོང་ནས་སྨྲས་པ། བཟང་མོ། ཁྱོད་ཀྱི་བུ་མོ་འདི་རེ། དེ་རབ་ཏུ་དགའ་བས་བླངས་སོ། །དེ་ནས་མཚན་ མོ་ནམ་ནངས་པ་དང་ཀུན་དགའ་བར་འགྱུར་པ་བྱས་སོ། །ཁྱིམ་ཚེས་ཀྱི་སྐྱེ་བོ་དག་གིས་ཕན་ཚུན་སྨྲས་པ། ཤེས་ལྡན་དག་ནུབ་ཀྱི་སྒོ་བ་འདིའི་ཁྱིམ་ན། ཅི་ཞིག་གིས་ཀུན་དགའ་བར་འགྱུར་བ་ [313B] ༑དེ་ན་ཁ་ཅིག་གིས་སྨྲས་པ། འདིའི་བུ་མོ་བྱུང་ངོ་།ཁ་ཅིག་གིས་སྨྲས་པ། འདིའི་ཆུང་མ་མི་སྦྲུམ་ན། འདིའི་བུ་མོ་ག་ལས་བྱུང། །ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་བུད་མེད་ཁ་ཅིག་གི་མངལ་ ན་གནས་པ་མི་མངོན་པ་ཡང་ཡོད་དོ། །ཤར་གྱི་སྒོ་བས་ཐོས་ནས་དེས་བསམ་པ། དེའི་བུ་མོ་བྱུང་བས། དེ་བདག་གིས་མནའ་མར་འགྱུར་རོ་།སྙམ་ནས། དེས་དེ་ལ་གོས་དང་རྒྱན་དག་བསྐུར་རོ། །དེ་བསྲིངས་ ཤིང་བསྐྱེད་དེ་ཆེན་པོར་གྱུར་ནས་ཇི་ཙམ་ན་དེ་ཡང་དགའ་འདུན་མའི་ནང་དུ་ཞུགས་སོ། །ཇི་ཙམ་དུས་གཞན་ཞིག་ན། དགའ་འདུན་ལྔ་བརྒྱ་སྐྱེད་མོས་ཚལ་དུ་འཕགས་པ་དང། དེ་དག་གིས་གྲོས་བྱ་བར་བརྩམས་ པ༑ བདག་ཅག་གྱི་ན་དེ་བཞིན་དུ་སྐྱེད་མོས་ཚལ་དུ་དོང་སྟེ་ཅི་རུང། འཇུད་མཐུན་མ་འགའ་ཞིག་བཀྲིའི། དེ་ལྟར་བྱའོ། །གང་བཀྲི་ས་འཛིན་མའོ། །མ་ཉེས་ཀྱི། འདི་ལྟར་ཁྲིམས་སུ་བྱ་བ་བཅའ་སྟེ་བདག་ ཅག་ལས་གང་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མི་བྱེད་པ་དེ་ལ་དགའ་འདུན་དག་གིས་ཀརཤ་པ་ཎ་དྲུག་ཅུ་དབབ་བོ། །དེ་དག་གིས་ས་འཛིན་མ་ཨུཏྤ་ལའི་མདོག་ཀརཤ་པ་ཎ་ལྔ་བརྒྱས་གླས་ཏེ་སྐྱེད་མོས་ཚལ་དུ་ཁྲོད་ ནས་དགའ་འདུན་དེ་དག་ཐམས་ཅད་ཀྱིས་རེས་ཀྱིས་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་དོ། །ཤར་གྱི་སྒོ་བའི་བུ་དེ་དགའ་མགུར་སྤྱོད་པར་མི་འདོད་ནས་ཨུཏྤ་ལའི་མདོག་གིས་དེ་ལ་སྨྲས་པ། རྗེའི་སྲས། དགའ་ མགུར་སྤྱོད་ཅིག་གཞན་དུ་ན་འདི་དག་གིས་ཁྱོད་ལ་ཀརཤ་པ་ཎ་དྲུག་ཅུ་ཕབ་པར་འགྱུར་རོ། །དེས་ཆད་པས་འཇིགས་པས་དགའ་མགུར་སྤྱད་པ་དང། དེ་ཨུཏྤ་ལའི་མདོག་ལ་རྗེས་སུ་ཆགས་པ་སྐྱེས་ནས་དེས་ [314A]༄༅། །དེ་གཅིག་པུས་ཆུང་མ་ཁུད་པར་བྱས་སོ། །ལི་ཙ་བྱི་དག་ཁྲོས་ནས་ཤར་གྱི་སྒོ་བའི་བུ་དེས། ཚོགས་ཀྱིས་སྤྱད་པར་བྱ་བའི་བུད་མེད་དེ་གཅིག་པུས་ཆུང་མ་ཁུད་པར་བྱས་ཀྱི་ དེ་གསོད་དུ་འདོང་ངོ། །ཞེས་ཟེར་རོ། །འཇིག་རྟེན་ན། མཛའ་བཤེས་དང། དགྲ་བོ་དང། ཐ་མལ་པ་ཡིན་པས་གཞན་ཞིག་ཤར་གྱི་སྒོ་བ་དེའི་གན་དུ་སོང་སྟེ། ཇི་ལྟར་གྱུར་པ་སྨྲས་པ་དང། ཤར་ གྱི་སྒོ་བ་དེ་སྐྲག་ནས་ལི་ཙ་བྱི་རྣམས་ཀྱི་གན་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། བུའི་སློང་མོ་སྩོལ་ཅིག་དེ་དག་གིས་སྨྲས་པ། ཀའི་ནང་རྗེ། དེས་ཅི་ཉེས། དེས་དེ་དག་ལ་རྒྱས་ པར་བརྗོད་པ་དང། དེ་ན་ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་།ཤར་གྱི་སྒོ་བ་འདི་བདག་ལ་ཡུན་རིང་པོ་ནས་ཕན་པ་བྱེད་བྱེད་པ་ཡིན་གྱི། གལ་ཏེ་འདིའི་བུ་ཚོགས་ཅན་མ་འདོད་ན། སྦྱིན་ནོ། ། གཞན་དག་གིས་སྨྲས་པ། མ་ཉེས་ཀྱི། དེ་བཞིན་བྱའོ། །ཞེས་དེ་དག་གིས་དེ་ལ་ཨུཏྤ་ལའི་མདོག་བྱིན་ནོ། །ཤར་གྱི་སྒོ་བའི་བུ་དེས་ཚོགས་ལས་ཐོབ་པས། བག་ཚ་བ་མེད་པར་ཨུཏྤ་ལའི་ མདོག་ཆུང་མར་བླངས་སོ། །དེ་ནས་དེའི་ཕས་ནུབ་ཀྱི་སྒོ་བ་ལ་སྨྲས་པ། ཤེད་མཐུན་ཁྱེའུ་ལ་བུ་མོ་བག་མར་ཐོང་ཞིག་དེས་སྨྲས་པ། ཤེད་མཐུན། ཁྱོད་ཀྱི་བུས་ཆུང་མ་བླངས་ཟིན་ན། བག་མ་ གཞན་གྱིས་ཅི་བྱ། དེས་སྨྲས་པ། ཤེད་མཐུན། སྔར་འཐམས་ཟིན་གྱི། དེ་བྱིན་ཅིག་དང། གལ་ཏེ་ཁོ་བོ་ལ་འབྱོར་པ་ཡོད་པར་གྱུར་ན་ཁོ་བོ་བུའི་ཆུང་མའི་འཁོར་རྣམ་པར་འཇོག་པར་བྱེད་ [314B] ༑ནུབ་ཀྱི་སྒོ་བས་སྔར་འཐམས་པའི་ཕྱིར་ཤར་གྱི་སྒོ་བའི་བུ་ལ་བུ་མོ་བྱིན་ནོ། །ཤར་གྱི་སྒོ་བའི་བུ་དེས་ཀྱང། ཉི་མ་དང། ཚེས་གྲངས་དང། ཡུད་ཙམ་གྱི་སྦྱོར་བས་དེ་བག་མར་བླངས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ མོའུ་འགལ་གྱི་བུ་ཆེན་པོ་ཤར་གྱི་སྒོ་བ་དེའི་ཁྱིམ་དུ་འགྲོ་བ་དེས་བུ་མོ་དེ་ལ་སྨྲས་པ། བུ་མོ། ཁྱོད་ཀྱི་ཆེན་མ་གང་ཡིན་པ་འདི་ནི། ཁྱོད་ཀྱི་མའོ། །ཁྱོད་ཀྱི་ཁྱིམ་ཐབ་གང་ཡིན་པ་འདི་ནི་ཁྱོད་ཀྱི་མིང་པོ་ཡིན་གྱི། མ་ལ་ རབ་ཏུ་སྡང་བའི་སེམས་མ་སྐྱེད་ཅིག་སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག་ཨུཏྤ་ལའི་མདོག་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། བུ་བྱུང་ ནས་བུ་མོ་དེས་ཁྱེའུ་དེ་སྒོ་ཁང་གི་ཕྱི་རོལ་དུ་རྩེར་གཞུག་པར་བརྩམས་པ་དང། ཇི་ཙམ་ན་བྲམ་ཟེ་ཞིག་ལམ་དེ་ནས་འགྲོ་བ་དེས་མཐོང་ནས་དེས་ཚིགས་སུ་བཅད་པ་སྨྲས་པ། མི་རྣམས་ནང་ན་མཆོག་གི་རབ་ཀྱི་མཆོག་ མཚུངས་མེད་རྒྱལ་བ་སྐྱོབ་པའི་ཉན་ཐོས་མ། མེ་ཏོག་མན་དཱ་ར་ཀ་རབ་འདྲ་བ། །སྲིང་མོ་ཁྱེའུ་འདི་ཁྱོད་ཀྱི་ཅི་ཞིག་ཡིན། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། བྲམ་ཟེ་འདི་ནི་བདག་གི་མིང་པོ་དང། མིང་པོའི་བུ་དང་ བུ་དང་སྐུད་པོ་ཡིན། །འདི་ཡི་ཕ་དེ་བདག་གི་ཕ་ཡིན་ཏེ། །མིང་པོར་གྱུར་ནས་ད་ལྟར་ཁྱོ་འདི་ཡིན། ཨུཏྤ་ལའི་མདོག་གིས་ཐོས་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། འདི་གཉིས་ཅི་ཟེར། དེས་སྨྲས་པ་ འདི་གཉིས་མང་པོ་མཆིའོ། །ཤོ་བེ་མི་མཆིའོ། །འདི་ལ་ཅི་བདེན་ཁྱོད་ཀྱི་བུ་བདག་གིས་ཤར་སྒོར་བོར་བ་གང་ལགས་པ་དེ་ནི། ད་ལྟར་ཁྱོད་ཀྱི་ཁྱིམ་ཐབ་འདི་ལགས་སོ། །ཁྱོད་ཀྱི་བུ་མོ་བདག་གིས་ནུབ་ [315A]༄༅། །སྒོར་བོར་བ་གང་ལགས་པ་དེ་ནི། ད་ལྟར་ཁྱོད་ཀྱི་ཆུན་མ་འདི་ལགས་སོ། །ཨུཏྤ་ལའི་མདོག་གིས་བསམ་པ། སྔོན་ནི། བདག་མ་དང་ཆེན་ཆུན་དུ་གྱུར་ནས་ ཡང་བུ་མོ་དང་ཆེན་ཆུན་དུ་གྱུར། ད་ཡང་བདག་བུ་མོ་དེང་ཆེན་ཆུན་དུ་གྱུར་ཅིང། བུ་ཁྱིམ་ཐབ་ཏུ་གྱུར་གྱི། རྣམ་པ་ཐམས་ཅད་དུ་འགྲོ་བར་བྱའོ། །སྙམ་ནས་དེ་མགོ་གཡོགས་ཏེ་ཁྱིམ་ནས་བྱུང་བ་དང་ ཇི་ཙམ་ན་དོན་མཐུན་རྒྱལ་པོའི་ཁབ་ཏུ་འཕགས་པ་མཐོང་ནས་དེ་དེ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་སོང་ངོ། །དེ་ཡང་འཇུད་མཐུན་མའི་འཚོ་བས་འཚོ་བར་བྱེད་དོ། །ཇི་ཙམ་ན་དགའ་འདུན་ལྔ་བརྒྱ་སྐྱེད་མོས་ ཚལ་དུ་འཕགས་ནས་དེ་དག་གིས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་བདག་ཅག་གྱི་ན་དེ་བཞིན་དུ་སྐྱེད་མོས་ཚལ་དུ་དོང་སྟེ་ཅི་རུང། འཇུད་མཐུན་མ་འགའ་ཞིག་བཀྲིའོ། །དེ་ལྟར་བྱའོ། །གང་ བཀྲི། ས་འཛིན་མའོ། །མ་ཉེས་སོ། །ཞེས་དེ་དག་གིས་ས་འཛིན་མ་ཨུཏྤ་ལའི་མདོག་ཀརཤ་པ་ཎ་ལྔ་བརྒྱས་གླས་ཏེ་སྐྱེད་མོས་ཚལ་དུ་ཁྲིད་དོ། །དེ་དག་ཟོས་ཤིང་འཐུངས་ནས་དེ་དང་ལྷན་ཅིག་རྩེ་བར་བྱེད་ དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ཨུཏྤ་ལའི་མདོག་གདུལ་བའི་དུས་ཤེས་ནས་དེ་དག་དང་ཧ་ཅང་ཐག་མི་རིང་བ་ན་ཤིང་ལྗོན་པ་ཞིག་གི་དྲུང་ན་ འཆག་ཅིང་འདུག་གོ་དེ་ན་དགའ་འདུན་གཅིག་གིས་སྨྲས་པ། འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་འདི་ནི། ཉོན་མོངས་པའི་འཆིང་བ་འདི་ལྟ་བུ་ལས་གྲོལ་བ་ཡིན་གྱི། བདག་ཅག་ནི། འདོད་ [315B] །ཨུཏྤ་ལའི་མདོག་གིས་སྨྲས་པ་བདག་གིས་ཡངས་པ་ཅན་དུ་སྤོས་ཚོང་གི་ཁྱེའུ་མི་སྡུག་པ་ཐོབ་པ་རྗེས་སུ་འཇུག་པར་བྱས་སོ། །དགའ་འདུན་དེས་སྨྲས་པ། དེའི་དོན་ཅི་ འདི་ཡང་རྗེས་སུ་འཇུག་པར་བྱེད་འདོད་དམ། དེས་སྨྲས་པ། ཅི། འདི་སྐྱེས་པ་སྐྱེས་པའི་དབང་པོ་དང་སྟན་པ་ཡིན་ནམ། འདི་སྐྱེས་པ་སྐྱེས་པའི་དབང་པོ་དང་ལྡན་པ་ཡིན་ནོ། །ཁོ་མོས་གལ་ཏེ་འདི་རྗེས་ སུ་འཇུག་པར་བྱ་ན། ཁྱོད་ལ་ཅི་དབབ། ཀརཤ་པ་ཎ་ལྔ་བརྒྱའོ་།གལ་ཏེ་ཁྱོད་ཀྱིས་འདི་རྗེས་སུ་འཇུག་པར་མ་ནུས་ན། ཁྱོད་ལ་ཅི་དབབ། ཁྱོད་གཅིག་པུའི་ཆུང་མ་ཁུད་པའོ། །མ་ཉེས་ཀྱི། དེ་ལྟར་གྱིས་ ཤིག་ཨུཏྤ་ལའི་མདོག་གིས་ཁས་བླངས་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བུད་མེད་ཀྱི་གཡོ་དག་དང། བུད་མེད་ཀྱི་གྱ་གྱུ་དག་དང། བུད་མེད་ཀྱི་ཡ་ཡོ་དག་དང་ བུད་མེད་ཀྱི་སྒྱུ་གང་དག་ཡིན་པ་དེ་དག་ཉེ་བར་བསྟན་པར་བརྩམས་པ་དང། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དབང་པོ་བག་ཕབ་སྟེ་འདུག་གོ་དེས་བསམ་པ། བུད་མེད་ཀྱི་ཡུལ་གྱི་རེག་པ་ནི། དུག་ ཡིན་པས། བདག་གིས་འཁྱུད་ན། འདི་དག་གི་དབང་དུ་འགྱུར་རོ། །སྙམ་ནས་དེས་འཁྱུད་པར་བརྩམས་པ་དང། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ ནམ་མཁའ་ལ་མངོན་པར་འཕགས་ནས་ཚིགས་སུ་བཅད་པ་དགྲ་སྨྲས་པ་རུས་པའི་འཁྲུལ་འཁོར་སྤྱིལ་བུ་ལ། །ཆུ་བས་ཡོངས་སུ་དཀྲིས་གྱུར་ཅིང། །མི་གཙང་རུལ་བ་དྲི་ང་བ། །གཞན་ལ་སྟེན་ཅིང་ [316A]༄༅། །བདག་གིར་བྱེད། །རྩོག་པས་གང་བའི་རྐྱལ་པ་ཁྱོད་།གསོང་ལྡོང་ཕོལ་མིག་ངལ་སྐྱེན་ལྡན། །རྒྱུན་ལམ་དགུ་ནས་རྟག་ཏུ་ནི། །མི་གཙང་རབ་ཏུ་འཛག་པ་ཡིན། །ཇི་ ལྟར་ཁོ་བོས་ཁྱོད་ཤེས་ལྟར། །སྐྱེ་བོས་ཁྱོད་ནི་ཤེས་གྱུར་ན་།དབྱར་དུས་ཕྱི་སའི་གནས་བཞིན་དུ། །ཐག་རིང་རྣམ་པར་སྤོང་བར་འགྱུར། །གང་ཕྱིར་བྱིས་པ་གཏི་མུག་གི་མུན་པས་བསྒྲིབས་པ་ མི་ཤེས་པ། །དེ་ཕྱིར་རྫབ་ལ་གླང་རྒན་བཞིན། །དེ་དག་ཁྱོད་ལ་ཆགས་པར་བྱེད། །ཨུཏྤ་ལའི་མདོག་གིས་ཀྱང་ཚིགས་སུ་བཅད་པ་དག་སྨྲས་པ། སྐལ་པ་ཆེན་པོ་དེ་ལྟ་ལགས། །འཕགས་ པས་ཇི་སྐད་གསུངས་པ་བཞིན། །རུས་པའི་འཁྲུལ་འཁོར་སྤྱིལ་བུ་ལ་།ཆུ་བས་ཡོངས་སུ་དཀྲིས་གྱུར་ཅིང། །མི་གཙང་རུས་པ་དྲི་ང་བ་།གཞན་ལ་སྟེན་ཅིང་བདག་གིར་བགྱིད། །རྩོག་པས་ གཏམས་པའི་རྐྱལ་པ་བདག་གསོང་ལྡོང་ཕོལ་མིག་ངལ་སྐྱེན་ལྡན་།རྒྱུན་ལམ་དགུ་ནས་རྟག་ཏུ་ནི། །མི་གཙང་རབ་ཏུ་འཛག་པ་ལགས་།ཇི་ལྟར་འཕགས་པས་བདག་མཁྱེན་ལྟར། །སྐྱེ་བོས་ བདག་ནི་འཚལ་གྱུར་ན། །དབྱར་དུས་སླད་སའི་གནས་བཞིན་དུ། །ཐག་རིང་རྣམ་པར་སྤོང་བར་འགྱུར། །གང་ཕྱིར་བྱིས་པ་གཏི་མུག་གི་།མུན་པས་བསྒྲིབས་པས་མ་འཚལ་བ། །དེ་ཕྱིར་རྫབ་ལ་ གླང་རྒན་བཞིན། །དེ་དག་བདག་ལ་ཆགས་པར་བགྱིད། །སྐལ་པ་ཆེན་པོ་མར་གཤེགས་ཏེ། འཕགས་པ་ཆོས་ནི་བསྟན་དུ་གསོལ། །ཤེས་རབ་མཆོག་གི་བསྟན་པ་ལ། །བདག་གིས་ཁྱོད་ཀྱི་ [316B] །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་སྟེང་གི་ནམ་མཁའི་དཀྱིལ་ནས་བབས་ནས་དེས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཁོང་དུ་ཆུད་ནས་ འདི་ལྟར་ཨུཏྤ་ལའི་མདོག་གིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིགས་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་ དེ་ལྟར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པར་བྱས་སོ། །དེས་བདེན་པ་མཐོང་ནས་སྨྲས་པ། འཕགས་པ། བདག་གིས་དགེ་བའི་བཤེས་གཉེན་ འཕགས་པ་ལ་བརྟེན་ནས་འཕགས་པས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་ གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང། མཛའ་བཤེས་དང། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ ནི། བསྐམས། རུས་པའི་རི་དག་ལས་ནི། བསྒྲལ། ངན་སོང་གི་སྒོ་དག་ནི། བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི། ཕྱེ། སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དག་ ནས་ནི། རྐང་པ་ཕྱུང། ལྷ་དང་མི་རྣམས་ཀྱི་ནང་དུ་ནི། བཞག་།ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་ [317A]༄༅། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཐོབ་སྟེ། འཕགས་པ་བདག་ནི། མངོན་པར་ཞུགས་པ་ལགས་སོ། །འཕགས་པ། བདག་ནི། མངོན་པར་ཞུགས་པ་ལགས་ ཏེ། འཕགས་པ། བདག་ནི། བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། བདག་དགེ་བསྙེན་མར་གཟུང་དུ་གསོལ། །དེང་སླན་ཆད་ནས་ཇི་སྲིད་ འཚོའི་བར་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ་།དེ་ནས་རིགས་ཀྱི་བུ་མོ་ཨུཏྤ་ལའི་མདོག་གིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་ པ༑ བཙུན་པ། མོའུ་འགལ་གྱི་བུ་ཆེན་པོ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། རྫོགས་པར་བསྙེན་པ་དགེ་སློང་མའི་དངོས་པོ་འཐོབ་ན། བདག་ བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ། །དེས་སྨྲས་པ། སྲིང་མོ། སོང་ལ་ཁྱིམ་ཐབ་དག་ལ་གསོལ་ཅིག་དེ་དེ་དག་གིས་གན་དུ་སོང་སྟེ་སྨྲས་པ། རྗེའི་སྲས་དག་བདག་ རབ་ཏུ་འབྱུང་བར་ཅི་གནང། དེ་དག་གིས་སྨྲས་པ། ས་འཛིན་མ་ཅིའི་ཕྱིར་ཁོ་བོ་ཅག་ལ་ཅོ་འདྲི་བར་བྱེད། དེས་སྨྲས་པ། མད་པར་རབ་ཏུ་འབྱུང་སྟེ། ཅོ་འདྲི་བར་མི་བགྱིད་དོ། །དེ་དག་ གིས་སྨྲས་པ། གལ་ཏེ་དེ་ལྟར་ན། རབ་ཏུ་བྱུང་ཞིག་དེ་དེ་དག་གི་གནང་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ག་ལ་བ་དེར་སོང་བ་དང། དེས་དེ་ཁྲིད་ནས་བཅོམ་ལྡན་འདས་ [317B]གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་ འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཨུཏྤ་ལའི་མདོག་འདི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། རྫོགས་པར་བསྙེན་པ་དགེ་སློང་མའི་ དངོས་པོ་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཉེས་ཀྱི། རབ་ཏུ་འབྱུང་བ་ལེགས་སོ། །ཞེས་བཀའ་སྩལ་ནས་རང་ཉིད་ཀྱིས་སྐྱེ་རྒུའི་བདག་མོ་ཆེན་མོ་ལ་འཕྲིན་ཡིག་བྲི་བར་ བརྩམས་སོ། །བཅོམ་ལྡན་འདས་འཕྲིན་ཡིག་མཛད་པ་ན། རྒྱལ་པོ་གཟུགས་ཅན་སྙིང་པོས་འོངས་ཏེ་གསོལ་བ། བཅོམ་ལྡན་འདས། འཇུད་མཐུན་མ་འདི་ཅིའི་སླད་དུ་འདིར་མཆིས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་སྐད་མ་ཟེར་ཅིག་ཁྱོད་ཀྱི་ཆོས་ཀྱི་སྲིང་མོ་འདི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། རྫོགས་པར་བསྙེན་ པ་དགེ་སློང་མའི་དངོས་པོ་འདོད་དོ། །བཅོམ་ལྡན་འདས། གང་དུ་འཕྲིན་ཡིག་མཛད། རྒྱལ་པོ་ཆེན་པོ། མཉན་ཡོད་དུ་སྐྱེ་རྒུའི་བདག་མོ་ཆེན་མོ་ལའོ། །བཅོམ་ལྡན་འདས། བདག་གིས་ཀྱང་འདི་ ལ་སེལ་བ་སྩལ་བར་བགྱིའོ། །རྒྱལ་པོ་ཆེན་པོ། མ་ཉེས་སོ། །རྒྱལ་པོས་དེའི་སེལ་བ་བསྐོས་སོ། །ཨུཏྤ་ལའི་མདོག་གིས་འཕྲིན་ཡིག་མ་ནོས་ཏེ་མཉན་ཡོད་དུ་སོང་བ་དང། སྐྱེ་རྒུའི་བདག་ [318A]༄༅། །མོ་ཆེན་མོ་གོའུ་ཏ་མིས་དེ་རབ་ཏུ་ཕྱུང། རྫོགས་པར་བསྙེན་པར་བྱས་ཏེ་གདམས་ངག་བྱིན་ནས་དེ་གཅིག་ཏུ་དབེན་པ། བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་ བཏང་བར་གནས་པ་ན། འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་ པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་རིགས་ཀྱི་བུ་མོ་དག་གང་གི་ཕྱིར་སྐྲ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ། ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་ པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་གོ་བར་བྱེད་ཅིང། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་ མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙནྡན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང། མངོན་པར་ཤེས་པ་དང། སོ་སོར་ ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང། འདོད་པའི་རྙེད་པ་དང། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱི་མཆོད་པར་བྱ་བ་དང། རྗེད་པར་བྱ་བ་ [318B] མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ་རྣམས་ཀྱི་ནང་ན་འདི་ལྟ་སྟེ་དགེ་སློང་མ་ཨུཏྤ་ ལའི་མདོག་འདི་མཆོག་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ། ཨུཏྤ་ལའི་མདོག་གིས་ལས་ཅི་ཞིག་བགྱིས་ ན། དེས་མིག་ཨུཏྤ་ལ་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེ་འབྲུའི་མདོག་འདྲ་བར་གྱུར། ལས་ཅི་ཞིག་བགྱིས་ན། དེས་སྐྱེས་པ་དག་གིས་ཕོངས་པ་མ་མཆིས་པར་གྱུར་ཅིང། བཅོམ་ ལྡན་འདས་ཀྱིས་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས། ལས་ཅི་ཞིག་བགྱིས་ན། དེས་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ ཀྱི་མཆོག་ཏུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཨུཏྤ་ལའི་མདོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་ གདོན་མི་ཟ་བར་འབྱུང་བར་འགྱུར་པ་དག་བྱས་ཤིང་བསགས་པས་ཨུཏྤ་ལའི་མདོག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་ དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པ་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་ [319A]༄༅། །གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ ཏེ༑ ལས་རྣམས་སྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། དགེ་སློང་དག་སྔོན་བྱུང་བ་རི་བྲག་ཅིག་ ན༑ ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་ ཟོང་ཐོགས་ཏེ་ཡུལ་གཞན་ཞིག་ཏུ་སོང་ངོ། །དེའི་ཆུང་མ་གོས་དང་ཟས་བཟང་བས་ཉོན་མོངས་པ་དག་གིས་གནོད་པར་གྱུར་ནས་དེ་དང་ཧ་ཅང་ཐག་མི་རིང་བ་དང། འཇུད་མཐུན་མའི་ཁྱིམ་ ཞིག་འདུག་པ་དེར་སྐྱེས་པ་གཞན་དག་འཇུག་ཅིང་གཞན་དག་འབྱུང་བ་མཐོང་ནས་དེས་བསམ་པས། བུད་མེད་འདིའི་བསོད་ནམས་བྱས་པ་ཡིན་པས་འདི་སྐྱེས་པ་དག་གིས་ཕོངས་པ་མེད་པ་ ཡིན་ན། བདག་ཀྱང་གང་གིས་སྐྱེས་པ་དག་གིས་ཕོངས་པ་མེད་པར་འགྱུར་བ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་ནས། དེ་དེ་ལྟར་སེམས་པ་ན། དེར་གཅེར་བུ་པའི་ཉན་ཐོས་མ་ཞིག་འོངས་ནས་དེས་ དེ་ལ་སྨྲས་པ། ཕུ་ནུ་མོ། གང་གིས་གང་སེམས་པ་དང། གང་སྒྲུབ་པ་དེ་ཐམས་ཅད་འགྲུབ་པར་འགྱུར་བ་དེ་ལྟ་བུའི་ཐབས་ཅི་ཡོད། དེས་སྨྲས་པ། ནུ་མོ། ཁོ་མོའི་མིང་པོ་རབ་ཏུ་བྱུང་བ་བརྟུལ་ [319B]སྨོན་ལམ་ཐོབ་ཅིག་དང། ཁྱོད་གང་སེམས་པ་དང། སྒྲུབ་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེས་སྨྲས་པ། ཕུ་ནུ་མོ། གལ་ཏེ་ དེ་ལྟ་ན། སོང་ལ་བདག་ཉིད་ཆེན་པོ་དེ་ཁོ་མོའི་ཁྱིམ་དུ་ཟན་ལ་བོས་ཤིག་དེས་དེ་ཟན་ལ་བོས་སོ། །ཁྱིམ་བདག་གི་ཆུང་མ་དེས་ཀྱང་ཟན་སྦྱར་ཅིང། ཨུཏྤ་ལ་དག་གིས་ལག་པ་སྟ་གོན་བྱས་སོ། ། གཅེར་བུ་པ་དག་ནི། དུས་སུ་ཡང་ཟན་ཟ་ལ། དུས་མ་ཡིན་པར་ཡང་ཟ་བས་དེ་ཡུན་རིང་ཞིག་ཐོགས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་བཀྲེན་པ་ལ་རྗེས་ སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ། འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ། །ཇི་ཙམ་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་བ་ ན་རི་བྲག་དེར་ཕྱིན་ནས་དེར་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བསོད་སྙོམས་ལ་རྒྱུ་བ་ན། ཁྱིམ་དེར་ཞུགས་པ་དང། ཁྱིམ་བདག་གི་ཆུང་མ་དེས་ལུས་མཛེས་པ་ སེམས་མཛེས་པ་དེ་མཐོང་ནས་དེས་བསམ་པ། འདི་ནི། བརྟུལ་ཞུགས་གྲུབ་པ། བདག་ཉིད་ཆེན་པོ་དེ་ཡིན་གྱི། ཟན་སྦྱིན་ནོ། །སྙམ་ནས། དེས་དེ་ཟན་བསོད་པས་ཚིམ་པར་བྱས་ཤིང་དེ་ལ་ཨུཏྤ་ ལ་དག་གིས་ཀྱང་མཆོད་པ་བྱས་སོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི། ཚིག་གིས་ཆོས་མི་སྟོན་པས་རང་སངས་རྒྱས་དེ་ཟས་ཀྱི་བྱ་བ་བྱས་ནས་དེ་ལ་སྙིང་བརྩེ་བའི་ཕྱིར་ངང་ [320A]༄༅། །པའི་རྒྱལ་པོ་འདབ་མ་བརྐྱང་པ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང། གསལ་བ་དང། ཆར་འབེབས་པ་དང། གློག་འབྱིན་ པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི། རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། ཁྱིམ་བདག་གི་ཆུང་མ་དེས་གུས་པར་སྒྲིམ་པ་དང་བཅས་པས་ དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་སྐྱེས་ པ་དག་གིས་ཕོངས་པ་མེད་པར་འགྱུར་ཞིང་འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང། ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་ཀྱང་ ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེ་ཚེ་དེའི་དུས་ན་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་ནི། ཨུཏྤ་ལའི་མདོག་འདི་ཡིན་ཏེ། འདིས་རང་སངས་རྒྱས་ལ་ཟན་བྱིན་ ཏེ༑ ཨུཏྤ་ལ་དག་གིས་མཆོད་པ་བྱས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ནི། དེ་ལྟར་མིག་ཨུཏྤ་ལ་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེ་འབྲུའི་མདོག་འདྲ་ བར་གྱུར་ཏོ། །བདག་གིས་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་སྐྱེས་པ་དག་གིས་ཕོངས་པ་མེད་པར་འགྱུར་ [320B]པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ པ་དེས་ནི། སྐྱེས་པ་དག་གིས་ཕོངས་པ་མེད་པར་གྱུར་ཅིང། ངའི་བསྟན་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང། འདིས་རང་ སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་ལ་མཉེས་པར་ལྷག་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །ཉན་ཐོས་མ་རྫུ་འཕྲུ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་ མཆོག་ཏུ་བསྟན་པ་གང་ཡིན་པ་དེ་ནི། སྨོན་ལམ་གྱི་དབང་གིས་ཏེ་གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག། སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་རྒྱུའི་ཆེ་ལོ་ཉི་ཁྲི་ཐུབ་ པ་ན། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་ སོ༑ ༑དེའི་བསྟན་ས་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་མ་གང་གིས་དེ་རབ་ཏུ་ཕྱུང་བའི་དགེ་སློང་མ་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ [321A]༄༅། །ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན། ཡོན་ཏན་གྱི་ཚོགས་འགའ་ཡང་མ་ ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་ འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པར་སྤྱད་ན། ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་རྒུའི་ཚེ་ལོ་བརྒྱ་ཐུབ་པ་ ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་ སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང། ཇི་ལྟར་མཁན་མོ་འདི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ [321B] མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱ་སེངྒེ། ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་ཉན་ཐོས་མ་རྫུ་འཕྲུལ་ ཆེ་བ། མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་བརྩམས་པས། སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ ཀྱི་མཆོག་ཏུ་བསྟན་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ། ཨུཏྤ་ལའི་མདོག་གིས་ལས་ཅི་བྱས་ན་ དེ་འཆོལ་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཨུཏྤ་ལའི་མདོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་ གདོན་མི་ཟ་བར་འབྱུང་བར་འགྱུར་པ་དག་བྱས་ཤིང་བསགས་པས་ཨུཏྤ་ལའི་མདོག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། ། [322A]༄༅། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་།སྔོན་བྱུང་བ་རི་བྲག་ཅིག་ན། འདི་བུད་ མེད་སྨྱན་བྱེད་པ་ཞིག་ཏུ་གྱུར་ནས་དེ་ན་འདིས་བུ་མང་པོ་དག་མ་ལྟ་བུ་དག་དང་ལྷན་ཅིག་བསྡུས་ཤིང། མིང་པོ་ལྟ་བུ་མང་པོ་དག་ཀྱང་སྲིང་མོ་ལྟ་བུ་དག་དང་ལྷན་ཅིག་བསྡུས་པས་ལས་ དེའི་རྣམ་པར་སྨིན་པས་དེ་ལྟར་འཆོལ་བར་གྱུར་ཏེ། དགེ་སློང་དག་།དེ་ལྟར་ན། ལས་གཅིག་ཏུ་ན་ག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་ནག་པ་ཡིན་ལ། ལས་གཅིག་ ཏུ་དཀར་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན་ལ། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ་།དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ ཏུ་ནག་པ་རྣམས་དང། འདྲེན་མ་རྣམས་སྤངས་ནས་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཨུཏྤ་ལའི་མདོག་གི་ཀུན་ཏུ་ སྤྱད་པ་ནི། བསོད་སྙོམས་རྒྱས་ནས་བསོད་སྙོམས་ཀྱི་ཕུད་དང་པོར་དགེ་འདུན་ལ་འབུལ་ཞིང། ཕྱིས་གཞན་དུ་རྒྱུས་ཏེ་བདག་ཉིད་ཟ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་བསོད་སྙོམས་ ལ་ཞུགས་ནས་དེས་བསོད་སྙོམས་ཀྱི་ཕུད་དགེ་འདུན་ལ་ཕུལ་ནས་དེའི་འོག་ཏུ་བདག་ཉིད་ཀྱི་དོན་དུ་རྒྱུས་པ་དང། དགེ་སློང་གློ་བུར་དུ་འོངས་པ་ཞིག་བསོད་སྙོམས་ལ་ཞུགས་པ་ན། དེ་སྤྱོད་ [322B] ཨུཏྤ་ལའི་མདོག་གིས་མཐོང་ནས་སྨྲས་པ། འཕགས་པ། ཅི་ཡང་མ་རྙེད་དམ། འཕགས་མ། ཅི་ཡང་མ་རྙེད་དོ། །དེས་བདག་ཉིད་ཀྱིས་བསོད་སྙོམས་ དེ། བསོད་སྙོམས་པ་དེ་ལ་ཕུལ་ནས་དེའི་ཟན་ཆད་པར་གྱུར་ཏོ། །ཉེ་དགས་དེ་མཐོང་ནས་དེས་བསམ་པ། སྲིང་མོ་འདི་ནི། དགེ་འདུན་ལ་མངོན་པར་དད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཟག་ལ་ ཡང་མངོན་པར་དད་པ་འདྲ་ན། འདི་བགམ་པར་བྱའོ། །སྙམ་ནས་ཕྱི་དེ་ཉིན་པར་ཨུཏྤ་ལའི་མདོག་བསོད་སྙོམས་ལ་ཞུགས་ནས་དེས་བསོད་སྙོམས་ཀྱི་ཕུད་དགེ་འདུན་ལ་ཕུལ་ནས་བདག་ཉིད་ཀྱི་ དོན་དུ་གཉིས་པ་བསྒྲུབས་པ་དང། ཉེ་དགའ་ཡང་འོངས་ནས་སྨྲས་པ། འཕགས་མ། རྙེད་པ་ཅུང་ཟད་ཡོད་དམ། དེས་སྨྲས་པ། འཕགས་པ། མཆིས་ན། གསོལ་ན་བཞེད་དམ། ལྷའི་གནས་ཀྱི་ ལྷ་ཇི་ལྟ་བ་བཞིན་ནོ། །འཕགས་པ། གལ་ཏེ་དེ་ལྟ་ན། ལྷུང་བཟེད་བཟེད་དུ་གསོལ། དེས་ལྷུང་བཟེད་བཟེད་པ་དང། དེས་བསོད་སྙོམས་དེ་དེའི་ལྷུང་བཟེད་དུ་ཕུལ་ལོ། །ཨུཏྤ་ལའི་མདོག་ཉི་མ་ གཉིས་སུ་ཟན་ཆད་པས་ཉམ་ཆུང་བའི་སྦྱོར་བས་བརྒྱལ་ཏེ་ས་ལ་བསྒྱེལ་བ་དང་མ་དད་པ་དག་གི་གླགས་རྙེད་ནས་ཤེས་ལྡན་དག་ཨུཏྤ་ལའི་མདོག་འདི་འདོད་ཆགས་དང་བྲལ་ལོ། །ཞེས་གྲག་ ན། ཤཱཀྱ་གཞོན་ནུ་གཟུགས་བཟང་བ་འདི་མཐོང་ནས་འདོད་ཆགས་ཀྱིས་བརྒྱལ་ཏེ་ས་ལ་བསྐྱེལ་བར་གྱུར་པ་དེ་ཇི་ལྟ་བུ་ཞེས་སྨོད་པ་ལ་ཞུགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ [323A]༄༅། །ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་དང། སྐབས་འདི་ལ་དགེ་སློང་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་ བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ། ཁྱོད་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ལས་བཅའ་བ་དང། བཟའ་བ་རང་གི་ལག་ གིས་བླངས་ཏེ་འཆའ་ཞིང་ཟ་བ་བདེན་ནམ། བཙུན་པ། མད་དོ་།སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ་ ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་ སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ [323B]བཅའ་བ་དང། བཟའ་བ་རང་གི་ལག་གིས་བླངས་ཏེ་འཆའ་འམ་ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་ རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ་།ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི། སོ་ སོར་བཤགས་པར་བྱ་བའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དྒའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི། ཆོས་འདི་པའོ། །ཉེ་དུ་མ་ཡིན་ པ་ཞེས་བྱ་བ་ནི། ཕྱི་མོ་དང། མེས་པོ་དང། ཕྲུགས་ལ་བརྟེན་པའི་བདུན་པ་ཚུན་ཆད་ནི། ཉེ་དུ་ཡིན་ལ། དེ་ཕན་ཆད་ནི། ཉེ་དུ་མ་ཡིན་ནོ། །ལམ་པོ་ཆེ་ན་འདུག་པ་ཞེས་བྱ་བ་ནི། སྲང་དུ་ སོང་བའོ། །བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ཞེས་བྱ་བ་ལ། གྲོང་ཞེས་བྱ་བ་ནི། གང་ན་ལམ་པོ་ཆེ་དང། སྲང་དང་བཞི་མདོ་དང། སུམ་མདོ་དག་ཡོད་པའོ། །ལས་ཞེས་བྱ་བ་ནི། གན་ ནས་སོ། །བཅའ་བ་དང། བཟའ་བ་ཞེས་བྱ་བ་ནི། བཅའ་བ་ལྔ་དང་བཟའ་བ་ལྔའོ། །རང་གི་ལག་གིས་ཞེས་བྱ་བ་ནི། ལག་གིས་ལག་ཏུའོ། །བླངས་ཏེ་ཞེས་བྱ་བ་ནི། བྱིན་ལེན་སྟོབས་སུ་ བཅུག་སྟེའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི། མགུལ་དུ་མིད་ནའོ་།དགེ་སློང་དེས་ཞེས་བྱ་བ་ནི། དགེ་སློང་གང་ཡིན་པ་དེས་སོ་།ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་ཞེས་བྱ་བ་ནི། གྲོང་གི་ [324A]༄༅། །ཕྱི་རོལ་གཙུག་ལག་ཁང་དུ་སོང་སྟེའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་དག་འཁོད་པ་ལའོ་།ཚེ་དང་ལྡན་པ། བདག་ལ་སྨད་པའི་ གནས་ཞེས་བྱ་བ་ནི། སྨད་པར་བྱ་བའོ། །མི་རིགས་པ་ཞེས་བྱ་བ་ནི། ཚུལ་དང་མི་མཐུན་པའོ། །སོ་སོར་བཤགས་པར་བྱ་བ་ཞེས་བྱ་བ་ནི། མཐོལ་བར་བྱ་བའོ། །བྱུང་གི་ཞེས་བྱ་བ་ནི། ལྟུང་ བ་བྱུང་གིའོ། །ཆོས་དེ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་སོ། །ཞེས་བྱ་བ་ནི། མཐོལ་ལོ་ཞེས་སོ། །སོ་སོར་བཤགས་པར་བྱ་སྟེ་ཞེས་ བྱ་བ་ནི། མཐོལ་བར་བྱ་སྟེའོ། །ཆོས་འདི་ནི། སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི། ཆོས་འདི་ནི། མཐོལ་བར་བྱ་བ་སྟེ། དེས་ན་སོ་སོར་བཤགས་པར་བྱ་བའོ། །ཞེས་ གསུངས་སོ།། །།དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ལས་ཉེ་དུ་མ་ཡིན་པར་ འདུ་ཤེས་པས་བཅའ་བ་དང། བཟའ་བ་རང་གི་ལག་གིས་བླངས་ཏེ་འཆའ་འམ་ཟ་ན། སོ་སོར་བཤགས་པར་བྱ་བར་འགྱུར་རོ། །ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་བཅའ་བ་དང་ བཟའ་བ་རང་གི་ལག་གིས་བླངས་ཏེ་འཆའ་འམ་ཟ་ན། སོ་སོར་བཤགས་པར་བྱ་བར་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ [324B] བཟའ་བ་རང་གི་ལག་གིས་བླངས་ཏེ་འཆའ་འམ་ཟ་ན། ཉེས་བྱས་སུ་འགྱུར་རོ་།ཉེ་དུ་ལ་ཡིད་གཉིས་ཟ་བས་བཅའ་བ་དང། བཟའ་ བ་རང་གི་ལག་གིས་བླངས་ཏེ་འཆའ་འམ་ཟ་ན། ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་ སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ། དང་པོ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་གྱ་གཅིག་པ་སངས་རྒྱས་བཅོམ་ལྡན་འདས་མཉན་ ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང། ཕ་མ་དག་ཀྱང་རང་གི་བུ་ དག་ལ་ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན། སློང་མོ་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་བྱུང་ངོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང། ལ་ལ་ནས་ཐོབ། ལ་ལ་ནས་མ་ཐོབ་ནས་དེ་དག་བཀྲེས་པས་ཉེན་ནས་བཅུ་གཉིས་སྡེ་དག་གིས་གན་དུ་དོང་བ་དད་དེ་དག་གིས། འཕགས་པ་ དག་བཞུགས་སུ་གསོལ་ཞེས་སྟན་དག་བཤམས་སོ། །དེ་དག་འཁོད་པ་དང། བཅུ་གཉིས་སྡེ་དག་གིས་རྐང་པ་ལ་ཕྱག་འཚལ་ཏེ། མདུན་དུ་འཁོང་ནས་སྨྲས་པ། འཕགས་པ་དག་ [325A]༄༅། །འཚོ་འམ། སྲིང་མོ་དག་འདི་ན་ཇི་ལྟར་འཚོ། ཁོ་བོ་ཅག་བཀྲེས་པས་ཉེན་ཏོ། །འཕགས་པ་དག་གལ་ཏེ་དེ་ལྟ་ནས་སང་སྤྱོན་ཅིག་དང། ཞལ་ཚུས་ གསོལ་ལོ། །སྲིང་མོ་དག་སང་ཁྱེད་ཀྱིས་སྦྱིན་ན། གནངས་སུ་སྦྱིན། འཕགས་པ་དག་བདག་ཅག་ཉིད་ཀྱིས་གསོལ་ལོ། །སྲིང་མོ་དག་།དེ་ལྟར་འཚོ་བར་མི་ནུས་ཀྱི། འདི་ལྟར་ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གང་དུ་སྤྱན་དྲངས་པ་དེར་ཁྱེད་ཅག་གི་ཞལ་ཏ་གྱིས་ལ་ཁོ་བོ་ཅག་ལ་ཡང་དང་ཡང་དུ་བྱིན་ཅིག་དང། དེ་ལྟ་ན་ཁོ་བོ་ཅག་འཚོ་བར་འགྱུར་ རོ། །སྦོམ་དགའ་མོས་སྨྲས་པ། འཕགས་པ་དག་དེ་ལྟར་བགྱིར་རུང་ངམ། སྲིང་མོ་དག་ལེགས་པར་རུང་ངོ། །ཤིན་ཏུ་རུང་ངོ། །སུས་བཀང། གང་དུ་བཀག་དེས་སྨྲས་པ། འཕགས་ པ་དག་གལ་ཏེ་རུང་ན། མ་ནོངས་ཀྱི། དེ་བཞིན་བགྱིའོ། །དེ་དག་གིས་ཨ་རོག་གྱ་ཞེས་བྱས་ཏེ་དོང་ངོ། །ཇི་ཙམ་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང། དགེ་སློང་གི་དགེ་འདུན་ནི། ཞུགས་སོ། །བཅོམ་ལྡན་འདས་ནི། རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་ པར་བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་ [325B] ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང། ནད་པ་ལ་ལྟ་བར་བཞེད་པ་དང། གནས་མལ་ལ་རྟོག་པར་བཞེད་པ་དང། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་ པར་བཞེད་པའོ། །དོན་འདིར་ནི། སངས་རྒྱས་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པས། རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་ པར་སྒྲུབ་པར་མཛད་དོ། །ཁྱིམ་བདག་དེ་ནང་མི་དང་བཅས་པས་དགེ་སློང་གི་དགེ་འདུན་ལ་བྲིམ་པར་བརྩམས་པ་དང། སྦོམ་དགའ་མོ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། ཁྱིམ་བདག་ འདི་ནི། འཕགས་པ་དགའ་བོ་སྟེ། ཤཱཀྱ་ལས་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོག་པ། རིག་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱི། འདི་ལ་ཡང་ཡང་གསོལ་ཅིག་འདི་ནི་ འཕགས་པ་ཉེ་དགའ་བོ། འདི་ནི། འགྲོ་མགྱོགས་སོ། །འདི་ནི། ནབ་སོའོ་།འདི་ནི། འདུན་པ་སྟེ། འདི་དག་ཀྱང། ཤཱཀྱ་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོག་པ། རིག་པ་ དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱི། འདི་དག་ལ་ཡང་ཡང་གསོལ་ཅིག་འདི་ནི། འཕགས་པ་འཆར་ཀ་སྟེ། བྲམ་ཟེའི་འདུན་ན་འདོན་གྱི་བུ་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་དང་ལྡན་པ། ཆོས་ སྒྲོག་པ། རིག་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱི། འདི་ལ་ཡང་ཡང་གསོལ་ཅིག་ཁྱིམ་བདག་དེས་དེ་བཞིན་དུ་དེ་དག་ལ་ཡང་དང་ཡང་དུ་བྱིན་ནོ། །དེ་བཞིན་དུ་སྦོམ་དགའ་མོ་འབྲིམ་ [326A]༄༅། །མཁན་དག་ལ་ཡང་སྨྲས་ནས། དེ་དག་གིས་ཀྱང་དེ་བཞིན་དུ་དེ་དག་ལ་ཡང་དང་ཡང་དུ་བྱིན་ནོ། །དེ་ན་དགེ་སློང་ཁ་ཅིག་ལ་ནི། འབྲས་ཆན་ཆད། ཁ་ཅིག་ལ་ནི། ཚོད་ མ་ཆད། ཁ་ཅིག་ལ་ནི། བཅའ་བ་ཆད། ཁ་ཅིག་ལ་ནི། བཟའ་བ་ཆད། ཁ་ཅིག་གིས་ནི། ཟན་ཅུང་ཟད་ཐོབ་ནས་ཟན་ཆད་པར་གྱུར་ཁ་ཅིག་གིས་ནི། ཟན་མ་ཐོབ་པར་ཟན་ཆད་པར་ གྱུར་ཏོ། །དེ་ན་དགེ་སློང་གང་དག་འཆིང་བ་མཐའ་དག་ཡོད་པ་དེ་དག་གིས་ཁྱིམ་བདག་དེ་ལ་མཐོ་བརྩམས་པ། ཁྱིམ་བདག་གལ་ཏེ་ཁྱོད་ལ་འབྱོར་པ་མེད་ན། ཅིའི་ཕྱིར་སངས་རྒྱས་ལ་ སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་པར་བྱེད། དེས་སྨྲས་པ་འཕགས་པ་དག་བདག་གིས་ཞལ་ཟས་མང་པོ་སྟ་གོན་བགྱིས་ན། སྦོམ་དགའ་མོ་བགྲེས་པའི་མཐའ་ལོགས་ སུ་མཆིས་པས། བགྲེས་པའི་མཐའ་ལོགས་འབའ་ཞིག་ཏུ་ཡང་དང་ཡང་དུ་སྟོབ་ཏུ་སྩལ་པས། དེ་ལ་བདག་གིས་ཇི་ལྟར་བགྱི་ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་ བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ [326B] དགེ་སློང་དག། ཁྱེད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་ མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་ རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་ པ་སྔ་མ་བཞིན་ནོ། ངའི་ཉན་ཐོས་རྣམས་ཀྱི་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་ཁྱིམ་རྣམས་སུ་མགྲོན་དུ་བོས་ནས་ཟན་ཟ་བའི་ཚེ། དེ་ན་གལ་ཏེ་ དགེ་སློང་མ་ཞིག་འདི་ལ་ནི། བཅའ་བ་བྱིན་ཅིག་འདི་ལ་ནི། འབྲས་ཆན་བྱིན་ཅིག་འདི་ལ་ནི། སྲན་ཚོད་བྱིན་ཅིག་འདི་ལ་ནི། ཡང་བྱིན་ཅིག་ཅེས་བསྒོ་ཞིང་འདུག་ན། དགེ་སློང་མ་ དེ་ལ་དགེ་སློང་དེ་རྣམས་ཀྱིས་འདི་སྐད་ཅེས། སྲིང་མོ། །ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་ དེ་ལ་དེ་སྐད་སྨྲ་མ་སྤོབས་ན། དགེ་སློང་དེ་དག་ཐམས་ཅད་ཀྱིས་ཕྱི་རོལ་ཀུན་དགའ་ར་བར་དོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པ་ [327A]༄༅། །སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ། །ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །དགེ་སློང་ རབ་ཏུ་མང་པོ་ཞེས་བྱ་བ་ནི། །གཉིས་ལས་ལྷག་པ་ནི། རབ་ཏུ་མང་པོའོ། །ཁྱིམ་རྣམས་སུ་ཞེས་བྱ་བ་ནི། བྲམ་ཟེ་དང། ཁྱིམ་བདག་གི་ཁྱིམ་རྣམས་སུའོ། །མགྲོན་དུ་བོས་ནས་ཞེས་བྱ་ བ་ནི། ཟན་གྱི་ཕྱིར་རོ། །ཟན་ཟ་བའི་ཚེ་ཞེས་བྱ་བ་ནི། བཅའ་བ་ལྔ་དང། བཟའ་བ་ལྔ་དག་གོ་དེ་ན་གལ་ཏེ་དགེ་སློང་མ་ཞིག་ཅེས་བྱ་བ་ནི། སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་ གང་ཡིན་པའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི། སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་དེ་རྣམས་ཀྱིས་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་དག་འཁོད་པ་ རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི། འདི་སྐད་བསྒོ་བར་བྱ་བའོ། །སྲིང་མོ། ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅེས་བསྒོ་བར་བྱའོ། །ཞེས་བྱ་བ་ནི། སྲིང་མོ། ཁྱོད་ དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་ཁ་རོག་པར་སྡོད་ཅིག་ཅེས་བརྗོད་པར་བྱ་བའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་སྨྲ་མ་སྤོབས་ན་ཞེས་བྱ་ བ་ནི། གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་མ་སྨྲས་ནའོ། །དགེ་སློང་དེ་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་ [327B] །ཕྱི་རོལ་ཀུན་དགའ་ར་བར་དོང་སྟེ་ཞེས་བྱ་བ་ནི་གྲོང་གི་ཕྱི་རོལ་ཏུ་གཙུག་ལག་ཁང་དུ་དོང་སྟེའོ། །དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་ཞེས་བྱ་བ་ནི། སྨད་ པར་བྱ་བའོ། །མི་རིགས་པ་ཞེས་བྱ་བ་ནི། ཚུལ་དང་མི་མཐུན་པའོ། །སོ་སོར་བཤགས་པར་བྱ་བ་ནི། མཐོལ་བར་བྱ་བའོ། །བྱུང་གི་ཞེས་བྱ་བ་ནི། ལྟུང་བ་བྱུང་གིའོ། །ཆོས་དེ་ཞེས་བྱ་བ་ནི་ཆོས་ མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་སོ། །ཞེས་བྱ་བ་ནི། མཐོལ་ལོ། །ཞེས་བྱ་བའོ། །སོ་སོར་བཤགས་པར་བྱ་སྟེ་ཞེས་བྱ་བ་ནི། མཐོལ་བར་བྱ་སྟེའོ། །ཆོས་འདི་ཡང་སོ་ སོར་བཤགས་པར་བྱ་བའོ། །ཞེས་བྱ་བ་ནི། ཆོས་འདི་ཡང་མཐོལ་བར་བྱ་བ་སྟེ། དེས་ན་སོ་སོར་བཤགས་པར་བྱ་བའོ། །ཞེས་གསུངས་སོ་།དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་རྣམས་ ཁང་ཐོག་ན་ཟན་ཟ་ཞིང་གཞན་དག་པར་ཁང་ན་ཟན་ཟ་བའི་ཚེ། དེ་ན་གལ་ཏེ་དགེ་སློང་མ་ཞིག་བསྒོ་ཞིང་འདུག་ན། དགེ་སློང་དེ་དག་གིས་དགེ་སློང་མ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟ་ན་ སོ་སོར་བཤགས་པར་བྱ་བར་འགྱུར་རོ། །གང་དག་པར་ཁང་ན་ཟ་བ་དེ་དག་གིས་དགེ་སློང་མ་དེ་ལ་བྶྒོའམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྣམས་ འོག་ཁང་ན་ཟན་ཟ་ཞིང་གཞན་དག་སྒོ་ཁང་ན་ཟན་ཟ་བའི་ཚེ་དེ་ན་གལ་ཏེ་དགེ་སློང་མ་ཞིག་བསྒོ་ཞིང་འདུག་ན། དགེ་སློང་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟ་ [328A]༄༅། །ན༑ སོ་སོར་བཤགས་པར་བྱ་བར་འགྱུར་རོ། །གང་དག་སྒོ་ཁང་ན་ཟ་བ་དེ་དག་གིས་དགེ་སློང་མ་དེ་ལ་བྶྒོའམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟོས་ན་ ཉེས་བྱས་སུ་འགྱུར་རོ། །དགེ་སློང་ཁ་ཅིག་ཟོས་ཏེ་ཕྱིར་ཕྱུང་ཞིང་གཞན་དག་ནང་དུ་འཇུག་ན། དེ་ན་གང་དག་ནང་དུ་འཇུག་པ་དེ་དག་གིས་དགེ་སློང་མ་དེ་ལ་བྶྒོའམ་ཞེས་དྲི་བར་བྱའོ་ མ་དྲིས་པར་ཟ་ན། ཉེས་བྱས་སུ་འགྱུར་རོ། །དེའི་ངོར་མགྲོན་དུ་བོས་པ་དང། ཡང་དག་པར་འཛིན་དུ་འཇུག་པ་ལ་ལྟུང་བ་མེད་དོ། །བྱུག་རིས་སྟོན་པ་དང་མ་བྱིན་པ་ལ་སྦྱིན་དུ་འཇུག་པ་ལ་ ལྟུང་བ་མེད་དོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ་།གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་ པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ། གཉིས་པ་རྫོགས་སོ།།།།སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟང་ན་ བཞུགས་སོ། །གང་གི་ཚེ་དམག་དཔོན་སེང་གེས་བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་བདེན་པ་དག་མཐོང་བ་དེའི་ཚེ་དེས་ཆ་གཅིག་བཟུང་ནས་འདི་ལྟར་ཁྱུ་མཆོག་རླབས་པོ་ཆེའི་ཚིག་སྨྲས་ ཤིང། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་ཏེ་དེང་ཕྱིན་ཆད་གཅེར་བུ་པ་དག་དང། གཅེར་བུ་མ་དག་དང། གཅེར་བུ་པའི་ཉན་ཐོས་དག་དང། གཅེར་བུ་པའི་ [328B] བཅད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་དག་དང། དགེ་སློང་མ་དག་དང། དགེ་བསྙེན་དག་དང། དགེ་བསྙེན་མ་དག་གི་སྒོ་ནི། ཕྱེའོ། །ཞེས་བསྒྲགས་ཤིང། ཞིང་ལས་ ཀྱི་མཐའ་དག་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་ཡོངས་སུ་བཏང་ངོ། །དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས། ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་ཟད་དེ་ ཡོངས་སུ་མཐར་ཐུག་པར་གྱུར་ཏོ། དེའི་སྐབས་སུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་འགལ་གྱི་བུ་ཆེན་པོ་གཉིས་ལྗོངས་རྒྱུ་ཞིང་འདོང་བ་ན་ཡངས་པ་ཅན་དུ་ཕྱིན་ནས་དམག་དཔོན་སེང་གེས་ དེ་གཉིས་ཁྱིམ་གཞན་དུ་ཟན་ལ་མགྲོན་དུ་བོས་ནས་དེ་དེ་གཉིས་ཀྱི་ཟན་སྦྱར་བའི་ཕྱིར་བདག་ཉིད་སྲང་དུ་སོང་བ་དང། གཅེར་བུ་བདག་གིས་མཐོང་ནས། དེ་དག་ཤེས་ལྡན་དག་གང་གི་ཚེ་ དམག་དཔོན་སེང་གེས་བདག་ཅག་ལ་མངོན་པར་དད་པ་དེའི་ཚེ་ན་འདིའི་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ན། དེ་ལྟར་ཤཱཀྱའི་བུའི་དགེ་སྦྱོང་དག་ལ་མངོན་པར་དད་པས་འདི་ལ་བཅར་ མེད༑ བཟར་ཡང་མེད་དེ། བདག་ཉིད་ཁྱིམ་གྱི་ལས་བྱེད་དོ། །ཞེས་སྨོད་པ་ལ་ཞུགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ [329A]༄༅། །འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དམག་དཔོན་སེང་གེ་དང། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བསླབ་པའི་སྡོམ་པ་བྱིན་ཅིག་འདི་ལྟར་ སྦྱིན་པར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་དཔོན་སེངྒེ་ནི། དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ ཅན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ ཡོངས་སུ་བཏང་བས། ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ་ཡོངས་སུ་མཐར་ཐུག་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་ དགེ་འདུན་གྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་སྩལ་ཏོ་།འདི་ནི། གསོལ་བའོ། །དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་པ་བྱིན་པ་དེར། དགེ་སློང་གིས་ཁྱིམ་དུ་འགྲོ་ བར་མི་བྱ། སྟན་ལ་ལོངས་སྤྱོད་པར་མི་བྱ། བསོད་སྙོམས་བཟའ་བར་མི་བྱ། ཆོས་བསྟན་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་གང་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་ [329B] སྟན་ལ་ལོངས་སྤྱད་པར་མི་བྱ། བསོད་སྙོམས་བཟའ་བར་མི་བྱ། ཆོས་བསྟན་པར་མི་བྱའོ། །ཞེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་ དགལ་གྱི་བུ་གཉིས་སྔར་མགྲོན་དུ་བོས་པ་ཡང་དེའི་ཁྱིམ་དུ་མ་དོང་ངོ། །དེ་ན་དམག་དཔོན་སེངྒེས་ཁ་ཟས་སྟ་གོན་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་དགལ་གྱི་བུ་ཆེན་པོ་གཉིས་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་དགལ་གྱི་བུ་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་གཉིས། གདུགས་ཚོད་གཡར་དགོངས་འཚལ་ ན༑ ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་གཉིས་ཀྱིས་སྨྲས་པ། ཁྱིམ་བདག་ཁྱོད་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་གྱི། མི་འགྲོའོ། །དེས་སྨྲས་པ། འཕགས་པ་གཉིས་ བདག་གིས་ཁྱེད་གཉིས་སྔར་སྤྱན་དྲངས་ཀྱི། གཤེགས་སུ་གསོལ། དེ་གཉིས་ཀྱིས་སྨྲས་པ། ཁྱིམ་བདག་འོ་ན་བཅོམ་ལྡན་འདས་ལ་ཞུའོ་།ཞེས་དེ་གཉིས་ཀྱིས་སྐབས་དེ། བཅོམ་ལྡན་འདས་ ལ་རྒྱས་པར་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྔར་མགྲོན་དུ་བོས་པ་གང་ཡིན་པ་དེས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་གཉིས་དམག་དཔོན་སེངྒེའི་ ཁྱིམ་དུ་འཕགས་པ་དང་དྲུག་སྡེ་དག་གིས་དེ་གཉིས་མཐོང་ནས་དེ་དག་གིས་སྨྲས་པ། ཁྱེད་གཉིས་གར་བཞུད། དམག་དཔོན་སེངྒེའི་ཁྱིམ་དུའོ། །དེ་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་ [330A]༄༅། །མ་བྱིན་ནམ། གང་ལ་བྱིན་པ་དེ་ལ་བྱིན་གྱི། ཁོ་བོ་ཅག་གཉིས་སྔར་མགྲོན་དུ་བོས་སོ། །གལ་ཏེ་དེ་ལྟ་ན་ཁོ་བོ་ཅག་ཆེས་སྔར་མགྲོན་དུ་བོས་ཏེ། གང་གི་ ཚེ་དམག་དཔོན་སེངྒེའི་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མཐོང་བ་དེའི་ཚེ་ན། དེས་ཆ་གཅིག་བཟུང་ནས་འདི་ལྟར་ཁྱུ་མཆོག་རླབས་པོ་ཆེའི་ཚིག་སྨྲས་ཤིང། འཁོར་གྱི་ ནང་དུ་སེངྒེའི་སྒྲ་ཡང་དག་པར་བསྒྲགས་ཏེ། དེང་ཕྱིན་ཆད་གཅེར་པུ་པ་དག་དང། གཅེར་བུ་མ་དག་དང། གཅེར་བུ་པའི་ཉན་ཐོས་དག་དང། གཅེར་བུ་མའི་ཉན་ཐོས་མ་དག་གི་སྒོ་ནི་ བཅད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་དག་དང། དགེ་སློང་མ་དག་དང། དགེ་བསྙེན་དག་དང། དགེ་བསྙེན་མ་དག་གི་སྒོ་ནི། ཕྱེའོ། །ཞེས་བསྒྲགས་པས་དེའི་ཕྱིར་ཁོ་ པོ་ཅག་ཆེས་སྔར་མགྲོན་དུ་བོས་སོ། །དེ་གཉིས་ཅང་མི་སྨྲ་བར་དོང་བ་དང། དེ་དག་ཀྱང་དེ་གཉིས་ཀྱི་ཕྱི་བཞིན་དུ་འབྲང་བ་ན། དམག་དཔོན་སེང་གེས་དགེ་སློང་རབ་ཏུ་མང་པོ་དག་འོང་ བ་མཐོང་ནས་མཆོག་ཏུ་དགའ་བ་བསྐྱེད་དེ་ཁྱིམ་མི་ལ་དགོས་པ་གང་དག་ཡིན་པ་དེ་དག་ཀྱང་དགེ་སློང་རྣམས་ལ་བྲིམས་སོ། །དེ་དག་གིས་ཟོས་ཏེ་དོང་བ་དང། དེའི་བུ་དག་གིས་ཟས་བསླང་ བར་བརྩམས་པ་ན། དེས་སྨྲས་པ། བུ། བདག་གིས་ཁྱིམ་མི་ལ་དགོས་པ་གང་ཡིན་པ་དེ་དག་ཀྱང་དགེ་སློང་རྣམས་ལ་བྲིམས་ཀྱི། གཞན་སྒྲུབ་ཀྱི་བར་དུ་རེ་ཞིག་སྡོད་ཅིག་དེ་ [330B]དག་ཅིའི་ཕྱིར་དགེ་སློང་དག་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དག་ཏུ་སྔར་མགྲོན་དུ་ མ་བོས་པར་དོང་སྟེ་རང་གིས་ལག་གིས་བཅའ་བ་དང། བཟའ་བ་བླངས་ནས་འཆའ་བར་བྱེད། ཟ་བར་བྱེད་ཅེས་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་བཞི་འདི་དང། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་ པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི། ཁྱིམ་བཞིན་དུ་རྨེད་པར་མཛད་པ་སྟེ། ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ ལ་རྨས་པ། དགེ་སློང་དག་ཁྱེད་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་དག་ཏུ་སྔར་མགྲོན་དུ་མ་བོས་པར་དོང་སྟེ་རང་གི་ལག་གིས་བཅའ་བ་དང་ བཟའ་བ་བླངས་ནས་འཆའ་ཞིང་ཟ་བ་བདེན་ནམ། བཙུན་པ། མེད་དོ་།སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་ དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་།ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་ [331A]༄༅། །སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་ སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་ པར་གྱུར་ལ། ཡང་དགེ་སློང་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ་རང་གི་ལག་གིས་བཅའ་བ་ དང། བཟའ་བ་བླངས་ནས་འཆའ་འམ་ཟ་ན། དགེ་སློང་དེ་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་།བདག་ལ་སྨད་པའི་གནས། མི་རིགས་པ། སོ་སོར་བཤགས་ པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ། །ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ་།གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ ཐོས་རྣམས་ཀྱི་བསླབ་པའི་གཞི་འདི་ལྟར་བཅའ་བ་མཛད་པ་དེའི་ཚེ་ན། དགེ་སློང་འགའ་ཡང་དམག་དཔོན་སེངྒེའི་ཁྱིམ་དུ་མི་འགྲོའོ་།དེ་ནས་དམག་དཔོན་སེངྒེའི་ཆུང་མས་དམག་དཔོན་ སེངྒེ་ལ་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས། མཁྱེན་པར་མཛོད་ཅིག་དགེ་འདུན་གྱིས་སྐོལ་ཅག་ལ་བསླབ་པའི་སྡོམ་པ་སྩལ་ནས་དགེ་སློང་འགའ་ཡང་མི་མཆི་བས། དོན་གྱིས་དགེ་འདུན་ [331B] དགེ་སློང་རྣམས་ཀྱི་བཤོས་ཤིན་ཏུ་བཀག་ཀྱང་གདན་གྱི་ལོངས་སྤྱོད་དང། ཆོས་སྟོན་པ་ལ་ནོངས་པ་ཅི་མཆིས་ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱི་ བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་དག་གིས་དམག་དཔོན་སེང་གེའི་ཁྱིམ་དུ་འགྲོ་བར་བྱ། སྟན་ལ་ལོངས་སྤྱོད་པར་བྱ་ ཆོས་སྟོན་པར་བྱ་ཞིང། བསོད་སྙོམས་བླང་པ་ནི། མི་བྱའོ། །དགེ་སློང་དག་ལྷུང་བཟེད་སྟོང་པ་ཁོ་ནས་དང་པོར་དེའི་ཁྱིམ་དུ་འཇུག་ཅིང་བྱུང་ནས་དམག་དཔོན་སེང་གེའི་ཆུང་མས་དེ་མཐོང་བ་དང་ སྔོན་ནི། འཕགས་པ་འདི་དག་ལྷུང་བཟེད་སྟོང་པ་ཁོ་ནས་དང་པོར་བདག་གི་ཁྱིམ་དུ་ཞུགས་ནས་ལྷུང་བཟེད་གང་བ་དང། ལག་པ་གང་བ་དག་གིས་འབྱུང་ན། ད་ནི། ལྷུང་བཟེད་སྟོང་པ་དང་ ལག་པ་སྟོང་པ་དག་གིས་འབྱུང་ངོ། །ཞེས་ངུ་བར་བརྩམས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ ན། དགེ་སློང་དག་གིས་ལྷུང་བཟེད་སྟོང་པ་ཁོ་ནས་དང་པོར་དེའི་ཁྱིམ་དུ་འཇུག་པར་མི་བྱའོ། །དགེ་སློང་དག་གིས་བསོད་སྙོམས་རྒྱུས་ནས་ལྷུང་བཟེད་གང་བས་དེའི་ཁྱིམ་དུ་འཇུག་པར་བརྩམས་ པ་དང། དེའི་བུ་བྱིས་པ་ཁྱེའུ་དག་བཅའ་བ་དག་སློང་བ་ན། དགེ་སློང་རྣམས་ཀྱིས་མ་བྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྦྱིན་པར་བྱའོ། །དགེ་སློང་དག་གིས་རིལ་པོ་སྦྱིན་ [332A]༄༅། །པར་བརྩམས་པ་དང། བྱིས་པ་ཁྱེའུ་དག་གིས་བླངས་ནས་འཆའ་ཞིང་ཕྱིར་བྱུང་བ་གཅེར་བུ་པ་དག་གིས་མཐོང་ནས་དྲིས་པ་ཁྱེའུ་དག་ཁྱེད་ཅག་གིས་བཅའ་བ་ ག་ལས་རྙེད། འཕགས་པ་དག་གིས་བྱིན་ནོ། །མ་ཉེས་སོ། །བུམ་པས་བུམ་པ་འགེངས་ཏེ། ཁྱོད་ཀྱང་དེ་དག་ལ་སྦྱིན་ལ་དེ་དག་ཀྱང་ཁྱོད་ལ་སྦྱིན་ནོ། །ཞེས་ཟེར་བའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་དག་གིས་བཅའ་བ་རིལ་པོར་མི་སྦྱིན་པར་དུམ་བུར་བྱས་ཏེ་སྦྱིན་ པར་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་དམག་དཔོན་སེང་གེའི་ཆུང་མས་དགེ་སློང་འོངས་པ་རྣམས་ལ་ག་གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང། རྩ་བ་དག་དང། ལྡམ་ལྡུམ་ལ་སོགས་ པས་ཚོད་མ་དག་ཕུལ་བ་དང། དགེ་སློང་དག་མི་ལེན་ནས་དེས་སྨྲས་པ། འཕགས་པ་དག་འདི་དག་གིས་བདག་ཅག་གིས་མཛོད་དང། བང་བ་དག་བས་པར་འགྱུར་རམ་ཅི། བཞེས་ ཤིག་ཅེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་དག་གིས་ག་ གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང། རྩ་བ་དང། ལྡམ་ལྡུམ་ལ་སོགས་པ་ཚོད་མ་ཁྱིམ་ནས་འབྱུང་བ་བླང་བར་བྱའོ་།དེའི་ཚེ་ན་ཡངས་པ་ཅན་གྱི་ལི་ཙ་བྱི་དག་དཔོང་སའི་ཁང་ [332B]དམག་དཔོན་སེང་གེའི་ཁྱིམ་ནས་འབྱུང་བ་མཐོང་ནས་དེ་ན་གང་དག་མ་དད་པ་དེ་དག་གིས་སྨྲས་པ། ཤེས་ལྡན་དག་གང་གི་ཚེ་དམག་ དཔོན་སེང་གེ་དགེ་སྦྱོང་གོའུ་ཏ་མ་ལ་མངོན་པར་དད་པར་གྱུར་པ་དེ་ཚུན་ཆད་ནས་དེའི་ལོངས་སྤྱོད་དག་བསྲབས་པ་དང། ཡོངས་སུ་ཟད་པ་དང། ཡོངས་སུ་གཏུགས་པར་གྱུར་ཏོ། །དད་པ་ཅན་དག་ གིས་སྨྲས་པ། ཤེས་ལྡན་དག་གང་བཅོམ་ལྡན་འདས་ལ་མངོན་པར་དད་པ་དེའི་ལོངས་སྤྱོད་དག་བསྲབས་པ་དང། ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་ག་ལ་འགྱུར། འདི་ལྟར་ དམག་དཔོན་སེང་གེས་ནི། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མཐོང་ནས་དེས་ཞིང་ལས་ཀྱི་མཐའ་དག་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །ཞེས་རྒྱུན་བཅད་པས་དེས་ན། དེའི་ ལོངས་སྤྱོད་བསྲབས་པ་དང། ཡོངས་སུ་ཟད་པ་དང། ཡོངས་སུ་གཏུགས་པར་གྱུར་ཏོ། །ཡངས་པ་ཅན་གྱི་ལི་ཙ་བྱི་དག་གིས་གྲོས་བྱས་ནས་དམག་དཔོན་སེང་གེའི་ཞིང་པ་དག་ལ་སྨྲས་པ་ ཤེས་ལྡན་དག་ཁྱེད་ཅིའི་ཕྱིར་དམག་དཔོན་སེང་གེའི་ཞིང་ལས་ཀྱི་མཐའ་དག་མི་བྱེད། གླ་མ་ཐོབ་བམ་ཅི། དེ་དག་གིས་སྨྲས་པ། ཤེས་ལྡན་དག་གླ་མ་ཐོབ་པ་མ་ཡིན་ཏེ། དམག་ དཔོན་གྱིས་བདག་ཅག་བཀག་ན། ཇི་ལྟར་བྱ། ཁྱེད་ཅག་ལ་ཚོགས་ཀྱིས་བསྐོའི། དེངས་ལ་དམག་དཔོན་གྱི་ཞིང་ལས་ཀྱི་མཐའ་དག་གྱིས་ཤིག་།དེ་དག་གིས་ཡངས་པ་ཅན་གྱི་ལི་ཙ་བྱི་ [333A]༄༅། །དག་གི་ཚོགས་ཀྱིས་དམག་དཔོན་སེང་གེའི་ཞིང་ལས་ཀྱི་མཐའ་དག་བྱ་བར་བརྩམས་པ་དང། ལྷས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་ནས་ལོ་ཏོག་གི་ འབྱོར་པ་ཆེན་པོ་སྐྱེས་པར་གྱུར་ཏོ། །དམག་དཔོན་སེང་གེ་ཡང་ལོངས་སྤྱོད་དག་གིས་མཐོ་བར་གྱུར་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དམག་དཔོན་སེང་གེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ སྔོན་བདག་གིས་ལོངས་སྤྱོད་དག་བསྲབས་པ་དང། ཡོངས་སུ་བས་པ་དང། ཡོངས་སུ་གཏུགས་པར་གྱུར་པས་དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པས་བདག་ལ་བསླབ་པའི་ སྡོམ་པ་སྩལ་ན། ད་ནི། ཡངས་པ་ཅན་གྱི་ལི་ཙ་བྱིའི་ཚོགས་ཀྱིས་བདག་གི་ལོངས་སྤྱོད་བསྒྲུབས་ནས་ལོངས་སྤྱོད་དག་འཕེལ་བར་གྱུར་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་ བའི་སླད་དུ་བདག་ལ་བསླབ་པའི་སྡོམ་པ་གཞིག་པ་མཛད་ན་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དམག་དཔོན་སེང་གེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་དམག་དཔོན་སེང་གེས་ བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །དེ་ནས་ [333B] དགེ་སློང་དག་དམག་དཔོན་སེང་གེ་དང། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་བསླབ་པའི་སྡོམ་པ་གཞིག་པར་བྱའོ། ། འདི་ལྟར་གཞིག་པར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་གནྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ ཅིང་མཐུན་པར་གྱུར་པ་ན། དམག་དཔོན་སེང་གེས་ཕྱག་བྱས་ཏེ་རྒན་པའི་མཐའ་ལོགས་སུ་ཙོག་ཙོག་པོར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་ རྣམས་གསན་དུ་གསོལ། བདག་དམག་དཔོན་སེང་གེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། བདག་གིས་འདི་ལྟ་སྟེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ་ ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། བདག་གིས་དེ་ལྟར་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ། ཡོངས་སུ་ མཐར་ཐུག་ནས་དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པས་བདག་ལ་བསླབ་པའི་སྡོམ་པ་སྩལ་བ་ལས། བདག་དམག་དཔོན་སེང་གེས་ཡང་ལོངས་སྤྱོད་འཕེལ་ནས་དམག་དཔོན་སེང་གེས་ བསླབ་པའི་སྡོམ་པ་སྩལ་པ། བསླབ་པའི་སྡོམ་པ་གཞིག་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་བསླབ་པའི་སྡོམ་པ་གཞིག་ [334A]༄༅། །བསྩལ་དུ་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བཟླས་སོ་།དེ་ནས་དམག་དཔོན་སེང་གེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ་མཐོང་བའི་ཉེ་འཁོར་དུ་ བཞག་ནས། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་བྱའོ་།དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་དཔོན་སེང་གེ་དེ་ནི་དད་པ་དང་ལྡན་ཞིང་བཟང་ལ་ དགེ་བའི་བསམ་པ་ཅན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་ མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ། ཡོངས་སུ་མཐར་ཐུག་ནས་དེ་ལ་དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པས་ བསླབ་པའི་སྡོམ་པ་སྩལ་པ་ལས། དམག་དཔོན་སེང་གེ་དེ་ཡང་ལོངས་སྤྱོད་འཕེལ་ཏེ། དམག་དཔོན་སེངྒེས་བསླབ་པའི་སྡོམ་པ་སྩལ་པ་དགེ་འདུན་ལས་སྡོམ་པ་གཞིག་པ་ གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་གཞིག་ པར་མཛད་དོ། །འདི་ནི། གསོལ་བའོ། །དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་པ་གཞིག་པ་དེར་དགེ་སློང་རྣམས་ཀྱིས་འགྲོ་བར་བྱ། སྟན་ལ་ལོངས་སྤྱོད་པར་བྱ། བསོད་སྙོམས་ [334B] ཆོས་བསྟན་པར་བྱའོ། །སློབ་པ་དག་གི་ཞེས་བྱ་བ་ལ། སློབ་པ་དག་ཅེས་བྱ་བ་ནི། རྒྱུན་ཏུ་ཞུགས་པ་དག་དང་ལན་གཅིག་ཕྱིར་འོང་བ་དག་དང། ཕྱིར་མི་འོང་བ་དག་གོ་ཁྱིམ་གང་ དག་ཅེས་བྱ་བ་ནི། བྲམ་ཟེ་དང། ཁྱིམ་བདག་གི་ཁྱིམ་དག་གོ་དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །བསླབ་པའི་སྡོམ་པས་བསྡམས་པར་ གྱུར་ལ་ཞེས་བྱ་བ་ནི། གསོལ་བའི་ལས་ཀྱིས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱིས་ བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་ཞེས་བྱ་བ་ནི། ཇི་སྐད་བསྟན་པ་ལྟ་བུ་དག་ཏུའོ། །སྔར་མགྲོན་དུ་མ་བོས་པར་ཞེས་བྱ་བ་ནི། སྔར་མ་བསྡམས་པར་རོ། །སོང་སྟེ་ཞེས་བྱ་བ་ ནི། སོང་ནས་སོ། །རང་གི་ལག་གིས་ཞེས་བྱ་བ་ནི། ལག་པས་ལག་པར་རོ། །བཅའ་བ་དང། བཟའ་བ་ཞེས་བྱ་བ་ནི། བཅའ་བ་ལྔ་དང་བཟའ་བ་ལྔའོ། །བླང་ཞེས་བྱ་བ་ནི། བྱིན་ལེན་ སྟོབ་ཏུ་བཅུག་ནས་སོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི། མགུལ་དུ་མིད་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི། དགེ་སློང་གང་ཡིན་པ་དེས་སོ། །ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་ཞེས་བྱ་བ་ནི་ གོང་གི་ཕྱི་རོལ་གཙུག་ལག་ཁང་དུ་སོང་སྟེའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་དག་འཁོད་པ་རྣམས་སོ་།ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཞེས་བྱ་བ་ [335A]༄༅། །ནི་སྨད་པར་བྱ་བའོ། །མི་རིགས་པ་ཞེས་བྱ་བ་ནི་ཚུལ་དང་མི་མཐུན་པའོ། །སོ་སོར་བཤགས་པར་བྱ་བ་ཞེས་བྱ་བ་ནི་མཐོལ་བར་བྱ་བའོ། །བྱུང་གི་ ཞེས་བྱ་བ་ནི་ལྟུང་བ་བྱུང་གིའོ། །ཆོས་དེ་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་སོ། །ཞེས་བྱ་བ་ནི་མཐོལ་ལོ། །ཞེས་སོ། །སོ་སོར་ བཤགས་པར་བྱ་བ་སྟེ་ཞེས་བྱ་བ་ནི་མཐོལ་བར་བྱ་སྟེའོ། །ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །ཞེས་བྱ་བ་ནི་ཆོས་འདི་ཡང་མཐོལ་བར་བྱ་བ་སྟེ། དེས་ན་སོ་སོར་བཤགས་ པར་བྱ་བའོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱིས་བསླབ་པའི་སྡོམ་པས་བསྡམས་པ་ དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ་རང་གི་ལག་གིས་བཅའ་བ་དང། བཟའ་བ་བླངས་ནས་འྖའམ་ཟ་ན། ཐམས་ཅད་དུ་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །སྔར་ མགྲོན་དུ་བོས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་ སོ་སོར་བཤགས་པར་བྱ་བ་སྟེ། གསུམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན། སེར་སྐྱའི་གནས་ཀྱི་ནགས་སུ་དབྱར་གནས་ [335B] །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཞག་བདུན་ནམ་བརྒྱད་ན་དགག་དབྱེ་འབྱུང་བར་འགྱུར་ན་སྤྱོད་ཡུལ་གྱི་གྲོང་དུ་ཞག་འདི་སྙེད་ན་དགག་དབྱེ་འབྱུང་བར་འགྱུར་ཞེས་ བརྗོད་པར་བྱའོ། །ཞེས་བཀའ་སྩལ་ནས་དགེ་སློང་རྣམས་ཀྱིས་དོང་སྟེ་བརྗོད་དོ། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་དག་།དེ་ཉིད་ཀྱི་དགག་དབྱེ་བཅོ་ལྔ་པ་ལ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ལ་ཆོས་དང་ལྡན་པའི་ བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་ དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ། །དེ་ནས་སེར་ སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང། རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་སང་འདི་ཉིད་དུ་བདག་ཅག་གི་གདུགས་ཚོད་གསོལ་བར་ཅི་གནང། སང་དགེ་སློང་འགས་ཀྱང་བསོད་སྙོམས་ལ་འཇུག་པར་མི་བགྱི་སྟེ། བདག་ཅག་ [336A]༄༅། །བསོད་སྙོམས་འཚལ་ཏེ་མཆི་ཞིང། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་རང་གི་སུག་པ་ནས་ཚིམ་ཞིང་སྟོབ་པར་བགྱིད་དོ། །བཅོམ་ལྡན་ འདས་ཀྱིས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ། །དེ་དག་གིས་སེར་སྐྱའི་གནས་སུ་དོང་སྟེ་དེ་ཉིད་ཀྱི་མཚན་ མོ་བཅའ་བ་དང། བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་ནས། དེ་ནས་ནང་པར་སྔར་ལངས་ཏེ་བཅའ་བ་དང། བཟའ་བ་དག་གིས་ཤིང་རྟ་དག་བཀང་ནས་ཤཱཀྱ་མོ་རྣམས་ལ་སྨྲས་ པ༑ ཁྱེད་ཅག་ཇེ་ཤིང་རྟ་དག་ཞོན་ལ་དེངས་ཤིག་དང། ཁོ་བོ་དག་ཀྱང་ཕྱི་བཞིན་འོང་ངོ། །དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཤིང་རྟ་དག་ལ་ཞོན་ནས་འཕགས་སོ། །སེར་སྐྱའི་གནས་ཀྱི་ ཉེ་འཁོར་ཐིབས་པོ་ཡིན་པས། དེ་དག་ལམ་ཀར་ཆོམ་རྐུན་པ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཤཱཀྱ་མོ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་དག་འདོང་གི་ ཚུར་ཤོག་གཞོམ་མོ། །ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ་ཤེས་ལྡན་དག་འདོང་དུ་ཟད་མོད། ཁྱེད་ཅག་ལ་འདི་དག་བཅོམ་པས་ཅི་བྱ། ཤཱཀྱ་གདུག་པ་ཕ་རོལ་གནོན་པ་ [336B] ཐོང་ཞིག་དེ་དག་གིས་སྨྲས་པ། དམག་དཔོན། ཟླ་བའི་རྒྱབ་སུས་མཐོང། གཞོམ་མོ། །ཞེས་དེ་དག་གིས་དེའི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དག་ བཅོམ་ནས་གོས་དང། རྒྱན་ཐམས་ཅད་འཕྲོག་སྟེ་དོང་ངོ། །ཤཱཀྱ་མོ་དེ་དག་ཀྱང་འཇིགས་ཤིང་སྐྲག་ནས་སྒྲེན་མོར་ཚང་ཚིང་དང་ནགས་མ་དག་གི་ནང་དུ་ཡིབ་སྟེ་འཁོད་དོ། །ཤིང་རྟ་འདེད་པ་ དག་ཀྱང་སྐྲག་ནས་བྱེར་རོ། །གླང་དག་ཀྱང་ཆུ་ཐག་བཅད་ནས་ཅི་དགར་ཡན་ཅིང་འཁོད་དོ། །ཤིང་རྟ་དག་ཀྱང་ཤིང་རྟའི་མངའ་དང་བྲལ་ཏེ་འདུག་གོ་དྲུག་སྡེ་དག་གིས་ཕན་ཚུན་གྲོས་བྱ་བར་ བརྩམས་པ། དགའ་བོ་ཉེ་དགའ། ཤཱཀྱ་བག་མེད་པ་དག་ཡུན་རིང་དུ་ཐོགས་པས་བདག་ཅག་གིས་ཟན་གཅད་པར་བྱའམ་ཅི། བསོད་སྙོམས་ལ་འདོང་ངོ། །དེ་ལྟར་བྱའོ། །ཞེས་དེ་དག་ ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། འཕགས་པ་དང། ཇི་ཙམ་ན་ལམ་ག་ན་ཤིང་རྟ་བཅའ་བ་དང། བཟའ་བས་གང་བ་ཤིང་རྟའི་མདའ་དང་བྲལ་བ་དག་འདུག་པ་དང། གླང་དག་ཆུ་ ཐག་བཅད་དེ། ཅི་དགར་ཡན་ཅིང་འཁོད་པ་དག་མཐོང་ནས་དེ་དག་གིས་ཕན་ཚུན་རྣམ་པར་བལྟས་ནས་འབོད་པར་བརྩམས་པ། ཤེས་ལྡན་དག་།འདི་ན་སུ་འཁོད། དེ་དག་གིས་སྐད་ ཕྱུང་བ་དང། དྲུག་སྡེ་དག་གིས་སྨྲས་པ། ཁྱེད་ཅག་སུ་ཡིན་འཕགས་པ་དག་བདག་ཅག་ཤཱཀྱ་མོ་དག་གོ་ཚུར་ཤོག་ཁོ་བོ་ཅག་ལ་བྲིམས་ཤིག་འཕགས་པ་དག་བདག་ཅག་ [337A]༄༅། །ཆོམ་རྐུན་པ་དག་གིས་བཅོམ་སྟེ་སྒྲེན་མོར་མཆིས་སོ། །ཁོ་བོ་ཅག་གདུགས་ཚོད་ཡོལ་གྱི། ཚུར་ཤེག་ཁྱེད་ཅག་གི་ཡན་ལག་དང་ཉིང་ལག་དག་ལས་ ཁོ་བོ་ཅག་གི་སྔོན་མ་མཐོང་བ་གང་ཡོད་ཚུར་ཤེག་དེ་དག་ལོ་མ་དག་གིས་གཡོགས་ཏེ་བྱུང་ནས་བྲིམ་པར་བརྩམས་པ་དང། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ། ལྟོས་ ཤིག་ལྟོས་ཤིག་ཤཱཀྱ་མོ་འདི་དག་མིག་ཅི་འདྲ། སྣ་ཅི་འདྲ་མཆུ་ཅི་འདྲ། ནུ་མ་ཅི་འདྲ། ལག་པ་ཅི་འདྲ། རྐེད་པ་ཅི་འདྲ་རྐང་པ་ཅི་འདྲ་ལྟོས་ཤིག་དེ་དག་དེ་ལྟར་གཙེས་པ་ ན་ངོ་ཚ་ནས་ཚང་ཚིང་དང། ནགས་མ་དེ་དག་ཉིད་ཀྱི་ནང་དུ་ཡིབ་སྟེ་འཁོད་དོ། །སེལ་བ་དག་གིས་ཀྱང་ཤཱཀྱ་རྣམས་ལ་ཤཱཀྱ་མོ་རྣམས་བཅོམ་མོ། །ཞེས་སྦྲན་པ་དང། དེ་ནས་ཤཱཀྱ་དག་ མདའ་གཞུ་ལག་ན་ཐོགས་ཤིང་མཚོན་བཟས་པ་དག་གིས་ལམ་ཀར་དོང་སྟེ་ལམ་བགགས་ནས་དེ་དག་གིས་ཆོམ་རྐུན་པ་དེ་དག་བཟུང་ངོ། །དེ་ནས་ཁ་ཅིག་གིས་སྨྲས་པ། འདི་དག་ ལ་བཏང་སྙོམས་བྱར་ཅི་ཡོད། གསད་དོ། །ཁ་ཅིག་གིས་སྨྲས་པ། རེ་ཞིག་དེར་ཁྲིད་ལ་ཤཱཀྱ་མོ་རྣམས་ལ་དྲིས་ཏེ། གང་ལ་ཡན་ལག་གང་གིས་ཉེས་པ་བྱས་པ་དེའི་དེ་གཅད་པར་ བྱའོ། །དེ་དག་གིས་དེ་དག་ཁྲིད་ནས་ཤཱཀྱ་མོ་རྣམས་ཀྱི་གན་དུ་དོང་སྟེ་སྨྲས་པ། ཚུར་ཤེག་ཆོམ་རྐུན་པ་འདི་དག་ལས་གང་གིས་ཁྱེད་ཅག་ལ་ཡན་ལག་གང་གིས་ཉེས་པ་བྱས་ [337B]དེ་དག་གིས་སྨྲས་པ། ཆོམ་རྐུན་པའི་དམག་དཔོན་འདི་ནི། ཉེས་པ་མེད་པ། གནོད་པ་མི་བྱེད་པ་ཡིན་ཏེ། འདིས་དེ་དག་བཟློག་ན། དེ་དག་མ་བཏུབ་པས་འདི་ནི། ཐོང་ཞིག་དེ་དག་ གིས་དེ་བཏང་ངོ། །དེ་སྲོག་དེའུ་ཆད་པ་ལས་ཕྱིར་ཐོབ་ནས་དེས་དེ་དག་གི་རྐང་པ་ལ་གཏུགས་ཏེ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་དད་པ་སྐྱེས་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ གདུགས་ཚོད་གསོལ་དུ་འགྲོ་བ་ཡིན་ན། འདི་དག་བསད་པས་ཁྱོད་ལ་ཅི་བྱ། ཉེས་པ་འདི་དག་ཀྱང་གཏང་བར་གསོལ། དེ་དག་ལས་བཅོམ་པའི་རྫས་དག་ཕྱིར་བཀུག་སྟེ་བཏང་ངོ། །དེ་ནས་ཤཱཀྱ་དེ་ དག་གིས་ཤཱཀྱ་མོ་དེ་དག་གོས་བསྐོན་ཅིང་རྒྱན་ཐོགས་སུ་བཅུག་ནས་ཤིང་རྟ་དག་ཀྱང་ཆུ་ཐག་བཏགས་ཏེ། ཤིང་རྟ་ལ་ཞོན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ། །བཅོམ་ལྡན་འདས་དགེ་སློང་ གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་པ་དང་ཤཱཀྱ་དང། ཤཱཀྱ་མོ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བྲིམ་པར་བརྩམས་སོ། །ཤཱཀྱ་མོ་ རྣམས་དྲུག་སྡེ་དག་ལ་ཟས་མི་སྦྱིན་ནས་ཤཱཀྱ་རྣམས་ཀྱིས་སྨྲས་པ། ཅིའི་ཕྱིར་འཕགས་པ་དག་ལ་ཞལ་ཟས་མི་གསོལ། དེ་དག་གིས་སྨྲས་པ། འདི་དག་གིས་ཟོས་ཟིན་ཏོ། །གང་དུ་གསོལ། དེ་ ཉིད་དུའོ། །སུས་བྲིམས། ཁོ་མོ་ཅག་གིས་སོ། །ཁྱེད་ཅག་སྒྲེན་མོ་དག་གིས་ཇི་ལྟར་བྲིམས། དེའི་ཕྱིར་འདི་དག་གིས་ཁོ་མོ་ཅག་མཐོ་བཙམས་ཏེ་ཇི་ལྟར་ཁོ་མོ་ཅག་ལོ་མ་དག་གིས་གཡོགས་ཏེ་ [338A]༄༅། །ཚང་ཚིང་དང། ནགས་མ་དག་གི་ནང་ནས་བྱུང་སྟེ་བྲིམ་པར་བརྩམས་པ་དང། འདི་དག་གིས་མཐོ་བཙམས་ཏེ་འདི་ལྟར་བརྗོད་པར་བྱ་བ་མང་དུ་ཡོད་དོ། །དེ་ནི་ འཇལ་གྱི། འདི་དག་ནི། གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་གྱི། འདི་དག་ལ་ཟས་མི་སྦྱིན་ནོ། །དེ་དག་ཅང་མི་སྨྲ་བར་འཁོད་དོ། །དེ་ནས་དེ་དག་གིས་དགེ་སློང་གི་དགེ་འདུན་ལ་བྲིམས་ ནས་སྨྲས་པ། འཕགས་པ་དག་ཀྱེ་མ་ཁྱོད་ཀྱིས་ལམ་འདི་འཇིགས་པ་དང་བཅས་པ་ཡིན་ནོ། །ཞེས་བཀའ་སྩལ་ན། བདག་ཅག་བག་བགྱིད་ཅིང་མཆིའོ། །ཞེས་ཟེར་བའི་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་ནགས་ཉུལ་བ་བསྐོ་བར་བྱ་སྟེ། དགེ་ སློང་ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་ནི། མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང། ཞེ་སྡང་གིས་འགྲོ་ བ་དང། གཏི་མུག་གིས་འགྲོ་བ་དང། འཇིགས་པས་འགྲོ་བ་དང། ནགས་བྱུལ་བ་དང་མ་བྱུལ་བ་མི་ཤེས་པའོ། །ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་ནི། མ་བསྐོས་པ་ཡང་བསྐོ་ བར་བྱ་བ་ལ། བསྐོས་པ་ཡང་དབྱུང་བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང། ཞེ་སྡང་གིས་མི་འགྲོ་བ་དང། གཏི་མུག་གིས་མི་འགྲོ་བ་དང། འཇིགས་པས་མི་ [338B] ནགས་བྱུལ་བ་དང་མ་བྱུལ་བ་ཤེས་པའོ། །འདི་ལྟར་བསྐོ་བར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་གནྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པས་དེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་ནགས་ཉུལ་བར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ། །ཞེས་བརྗོད་པར་བྱའོ། ། དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་ན། གལ་ཏེ་དགེ་ འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱིས་ནགས་ཉུལ་བར་བསྐོ་སྟེ། དགེ་སློང་ནགས་ཉུལ་ བ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་ནགས་ཉུལ་ལོ། །འདི་ནི་གསོལ་བའོ། །ལས་ནི། འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་ བ་འདི། དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོས་ཏེ། མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་ནགས་ཉུལ་ན། ཚེ་དང་ ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དག་ནི། གསུངས་ཤིག་དགེ་འདུན་གྱིས་བཟོད་ཅིང་གནང་ [339A]༄༅། །ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོས་ལགས། མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་ནགས་ཉུལ་ཏེ། འདི་ལྟར་ཅང་ མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་དགེ་སློང་ནགས་ཉུལ་བའི་ཀུན་ཏུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་ནགས་ཉུལ་བས་དཔག་ཚད་ཕྱེད་ནས་བཟུང་སྟེ། ཁོར་ཁོར་ ཡུག་ཏུ་ནགས་བྱུལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ནགས་ཉུལ་བས་དཔག་ཚད་ཕྱེད་ནས་བཟུང་སྟེ་ཁོར་ཁོར་ཡུག་ཏུ་ནགས་བྱུལ་བར་བྱའོ། །ཞེས་བཀའ་སྩལ་ནས། དེ་ ལམ་གྱིས་དུབ་ཅིང་གཅིག་པུ་འཇིགས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་གལ་ཏེ་འདོད་ན། ཁྱེའུ་སུས་སྦྱིན་པར་བྱ་ཞིང་གྲོགས་ཀྱང་སྦྱིན་པར་བྱའོ། །གལ་ཏེ་ ནགས་འཇིགས་པ་དང་བཅས་པ་ཉིད་ཡིན་ན། དེས་དུང་བརྡ་གཏུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདབ་མའི་ཆང་བུ་དག་ལམ་གར་གཞག་པར་བྱའོ། །གལ་ཏེ་ནགས་ འཇིགས་པ་མེད་པ་ཉིད་ཡིན་ན། བ་དན་དཀར་པོ་བསྒྲེང་བར་བྱའོ་།དགེ་སློང་ནགས་ཉུལ་བས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན། འགལ་ ཚབས་ཅན་དུ་འགྱུར་རོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་ནགས་སྔར་མ་བྱུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང། བཟའ་བ་བླངས་ཏེ་འཆའ་ཞིང་ཟ་ཞེས་སྨོད་ [339B] འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་ འདི་དང། སྐབས་འདི་ལ་དགེ་སློང་གེ་དགེ་འདུན་བསྡུ་བ་མཛད་དོ་།ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་སྔར་ནགས་མ་བྱུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང། བཟའ་ བ་བླངས་ཏེ་འཆའ་ཞིང་ཟ་བ་བདེན་ནམ། བཙུན་པ། མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་ པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ་ དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་ རྣམས་ཀྱི་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་ [340A]༄༅། །བཅས་པར་གྲགས་པར་གྱུར་ལ། ཡང་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་ གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་སྔར་མ་བྱུལ་བར་ཀུན་དགའ་ར་བའི་ཕྱི་རོལ་ཏུ་བཅའ་བ་དང། བཟའ་བ་བླངས་ཏེ་འྖའམ་ཟ་ན་ དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས། མི་རིགས་པ། སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་ སོ༑ ༑ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གནས་མལ་ དགོན་པ་གང་དག་ཅེས་བྱ་བ་ལ། དགོན་པ་ཞེས་བྱ་བ་ནི། རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ་རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ་ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་གོ་ལྕགས་ རྡུལ་དྲུག་ལ་རི་བོང་རྡུལ་གཅིག་གོ་རི་བོང་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། །ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ་གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ་ཉི་ཟེར་གྱི་རྡུལ་དྲུག་ལ་ སྲོ་མ་གཅིག་གོ་སྲོ་མ་དྲུག་ལ་ཤིག་གཅིག་གོ་ཤིག་དྲུག་ལ་ནས་གཅིག་གོ་ནས་དྲུག་ལ་སོར་གཅིག་གོ་སོར་དྲུག་ལ་ཁྲུ་གང་ངོ་།ཁྲུ་ཕྱེད་དང་བཞི་ལ་མི་སྲིད་དོ། །ཁྲུ་བཞི་ལ་ [340B] །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ། གྲོང་ནས་རྒྱང་གྲགས་གཅིག་ནི། དགོན་པ་སྟེ། དེ་ན་གཙུག་ལག་ཁང་གང་ཡོད་པ་འདི་ནི། གནས་མལ་དགོན་པ་ཡིན་ནོ། །དོགས་པ་དང་ བཅས་པར་གྲགས་པ་ཞེས་བྱ་བ་ནི། ཆོམ་རྐུན་པ་དང། གཡོན་ཅན་གྱིས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི། སེང་གེ་དང། སྟག་དང། གུང་གིས་ འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལ་ཞེས་བྱ་བ་ནི། ཤ་སྦྲང་དང་སྦྲང་བུ་མཆུ་རིང་དང། རླུང་དང། ཉི་མ་དང། སྡིག་སྦྲུལ་ གྱིས་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་པའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཞེས་པའོ། །དགེ་འདུན་ གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ་འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་ དག་ཏུ་ཞེས་བྱ་བ་ནི། ཇི་སྐད་བསྟན་པ་ལྟ་བུ་དག་ཏུའོ། །སྔར་མ་བྱུལ་བར་ཞེས་བྱ་བ་ནི། ནགས་ཉུལ་བས་སྔར་མ་བྱུལ་བར་རོ་།ཀུན་དགའ་ར་བའི་ཕྱི་རོལ་དུ་ཞེས་བྱ་བ་ནི། གཙུག་ལག་ ཁང་གི་ཕྱི་རོལ་དུའོ། །བཅའ་བ་དང། བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང། བཟའ་བ་ལྔའོ། །བླངས་ཏེ་ཞེས་བྱ་བ་ནི་བྱིན་ལེན་སྟོབ་ཏུ་བཅུག་སྟེའོ། །འྖའམ་ཟན་ཞེས་བྱ་བ་ནི་ [341A]༄༅། །མགུལ་དུ་མིད་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི། དགེ་སློང་གང་ཡིན་པ་དེས་སོ། །ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་ཞེས་བྱ་བ་ནི། གྲོང་གི་ཕྱི་རོལ་ གཙུག་ལག་ཁང་དུ་སོང་སྟེའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་དག་ཡོད་པ་རྣམས་ལའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཞེས་བྱ་བ་ནི། སྨད་ པར་བྱ་བའོ། །མི་རིགས་པ་ཞེས་བྱ་བ་ནི། ཚུལ་དང་མི་མཐུན་པའོ། །སོ་སོར་བཤགས་པར་བྱ་བ་ཞེས་བྱ་བ་ནི། མཐོལ་བར་བྱ་བའོ། །བྱུང་གི་ཞེས་བྱ་བ་ནི། ལྟུང་བ་བྱུང་གིའོ། ། ཆོས་དེ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་ཞེས་བྱ་བ་ནི། མཐོལ་ལོ། །ཞེས་པའོ། །སོ་སོར་བཤགས་པར་བྱ་བ་སྟེ་ཞེས་བྱ་བ་ནི། མཐོལ་ བར་བྱ་སྟེའོ། །ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ། །ཞེས་བྱ་བ་ནི། ཆོས་འདི་ཡང་མཐོལ་བར་བྱ་བ་སྟེ། དེས་ན་སོ་སོར་བཤགས་པར་བྱ་བའོ། །ཞེས་གསུངས་སོ། །དེ་ལ་ལྟུང་ བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ནགས་མ་བྱུལ་བ་ལ་མ་བྱུལ་བར་འདུ་ཤེས་པས་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན། སོ་སོར་ བཤགས་པར་བྱ་བར་འགྱུར་རོ། །ནགས་མ་བྱུལ་བ་ལ་ཡིད་གཉིས་ཟ་བས་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང། བཟའ་བ་བླངས་ཏེ་འཆའ་འམ་ཟ་ན། སོ་སོར་བཤགས་པར་ [341B] །དགེ་སློང་གིས་ནགས་བྱུལ་བ་ལ་མ་བྱུལ་བར་འདུ་ཤེས་པས་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང། བཟའ་བ་བླངས་ཏེ་འཆའ་འམ་ཟ་ན། ཉེས་བྱས་སུ་འགྱུར་རོ། །ནགས་བྱུལ་བ་ ལ་ཡིད་གཉིས་ཟ་བས་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན། ཉེས་བྱས་སུ་འགྱུར་རོ། །ནགས་ཉུལ་བ་ཤིའམ་བྲོས་ན། ལྟུང་བ་མེད་དོ། །ལས་དང་པོ་པ་ དང། སྨྱོས་པ་དང། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ནགས་བརྟགས་པ་ལས་གྱུར་བའི་སོ་སོར་བཤགས་པར་བྱ་བ་སྟེ། བཞི་པ་རྫོགས་སོ། །སོ་སོར་ བཤགས་པ་རྣམས་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་གྱ་གཉིས་པ། སྤྱི་སྡོམ་ལ། ཤམ་ཐབས་ཟླུམ་དང་ཆོས་གོས་ཟླུམ་།མགོ་མི་གཡོགས་དང་ མི་མཆོང་དང། །མིག་མི་བསྒྱུར་དང་མ་བསྒོ་དང། །ལེགས་བླངས་ལེགས་བཟའ་ཙུག་ཙུག་དང། །འབྲུ་ནས་ཐ་དད་ལག་མི་ལྡག་འཕྱ་དང་ལྷུང་བཟེད་འདུག་པ་དང། །མགོ་གཡོགས་དོ་ཀེར་གླང་ ཆེན་ཞོན། །འཁར་བ་དང་ནི་འགྲེང་བ་དང། །ཤིང་ལ་འཛེག་པར་མི་བྱ་བ། །བསླབ་པ་བརྒྱ་པོ་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ཝཱ་ར་ཎཱ་སི་ན། དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་ བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་པོ་དག་སྐྱོན་མེད་པ་ལ་འཇུག་པས་དགེ་སློང་ཉིད་ལ་བཀོད་པ་དེའི་ཚེ་ན། དེ་དག་སྔོན་གོམས་པའི་སྦྱོར་བས་ཤམ་ཐབས་ཁྱིམ་པ་བཞིན་ [342A]༄༅། །དུ་གྱོན་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨྲས་པ། འཕགས་པ་དག་ཇི་ལྟར་ཁྱེད་ཤམ་ཐབས་གསོལ་བ་འདི་ལྟར་ ནོར་ཅན་དག་དང། ཚོང་དཔོན་དག་དང། དེད་དཔོན་དག་འཚལ་བར་བགྱིད་དོ། །ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་དགོངས་པ། ཁྱིམ་བདག་ཟེར་བ་བདེན་གྱི། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་དག་ཤམ་ཐབས་ཇི་ལྟར་གྱོན་པར་གྱུར་པ་བསམ་མོ། །སྙམ་དུ་ དགོངས་པ་དང། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། འདི་ལྟ་སྟེ། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་ཉིད་ལ་ཡང་འདི་ལྟ་སྟེ་ གནས་གཙང་མའི་རིས་ཀྱི་ལྷ་རྣམས་ལྟ་བུ་མཁྱེན་པ་དང། གཟིགས་པ་བྱུང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་ བྱའོ༑ ༑ཞེས་བཀའ་སྩལ་ནས། དགེ་སློང་ལྔ་པོ་དག་གིས་ཤམ་ཐབས་ཟླུམ་པོར་བགོ་བར་བརྩམས་སོ། །དེ་བཞིན་དུ་ཉེ་སྡེ་ལྔ་དག་དང་མངོན་པར་མཐོ་བ་ལྔ་བཅུ་དང། བཟང་སྡེའི་ཚོགས་ [342B] གཞན་ཡང་བཅོམ་ལྡན་འདས་ཀྱིས་བརྒྱུད་པའི་དགེ་སློང་དག་གིས་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་གིས་ཀྱང་ཤམ་ཐབས་ཟླུམ་པོར་བགོ་བར་བརྩམས་སོ། །གང་གི་ཚེ་ དྲུག་སྡེ་དག་རབ་ཏུ་བྱུང་བ་དེའི་ཚེ་ན་དེ་དག་གིས་ཤམ་ཐབས་ཧ་ཅང་རྩེངས་པར་བགོ་བར་བརྩམས་པ་དང། བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་ པ་དག་དྭ་དག་དང། རྒྱན་པོ་དག་དང། ནལ་གྱི་བུ་དག་ཤམ་ཐབས་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི་ཤམ་ཐབས་ཧ་ཅང་རྩེངས་པར་མ་གསོལ་ཅིག་དེ་དག་ གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ་ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་ བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་ བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཞེས་བཀའ་སྩལ་ནས་དྲུག་སྡེ་དག་གིས་ཧ་ཅང་འཇོལ་བར་བགོ་བར་བརྩམས་ [343A]༄༅། །པ་དང། བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དོ། །འཕགས་པ་དག་ཏག་ཀའི་ཡུལ་ན་གནས་པའི་བུད་མེད་དག་དང་ རིགས་ཀྱི་མནའ་མ་དག་ཤམ་ཐབས་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། ཤམ་ཐབས་ཧ་ཅང་འཇོལ་བར་མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབ་པར་གྱུར་བའོ། །དེ་དག་རྒྱ་ཆེར་སྨོད་པ་ ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་ སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་ བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་མདུན་འཕྱང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་ དང༑ ཆང་གིས་ར་རོ་བ་དག་དང། འབྱུང་པོ་དང། ཤ་ཟས་བརླམས་པ་དག་ཤམ་ཐབས་འདི་ལྟར་འཆལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། ཤམ་ཐབས་འདི་ལྟར་མ་ [343B]དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་བ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་མི་ཤེས་པ་དང་བྲལ་བ་དང། བསླབ་པར་ གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་ བདེན་ནོ། །སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་ མ་ཡིན་པར་བགོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན། གློ་དག་ཏུ་ལྟེབ་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་ གར་མཁན་དག་ཚོགས་ཀྱི་ནང་དུ་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། ཤམ་ཐབས་འདི་ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་བའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་།སྙམ་ནས་བཀའ་སྩལ་པ། དགེ་སློང་དག་ [344A]༄༅། །དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་ཏ་ལའི་ལོ་མ་ལྟར་བལྟབ་པར་མ་ཡིན་པར་ བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་གློར་བལྟ་བ་སྟེ་ཕུར་མ་ལྟར་འཇོག་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་ནོར་ ཅན་དག་དང། ཚོང་དཔོན་དག་དང། དེད་དཔོན་དག་དང། བུད་མེད་དག་ཤམ་ཐབས་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། ཤམ་ཐབས་འདི་ལྟར་མ་གསོལ་ ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ་།འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་ པའོ༑ ༑དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་ཟེར་བ་བདེན་ ནོ༑ ༑སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་འབྲུའི་ཕུར་མ་ལྟ་བུ་མ་ཡིན་ པར་བགོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེངས་ཀ་ལྟར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་ [344B]རྒྱན་པོ་བགྱིད་པ་དག་ཤམ་ཐབས་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། ཤམ་ཐབས་འདི་ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་ དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ་།དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། ཤམ་ ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩངས་པ་མ་ཡིན་པ་དང། ཧ་ཅང་འཇོལ་བ་མ་ཡིན་པ་དང། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ པ་དང༑ འབྲུའི་ཕུར་མ་ལྟར་མ་ཡིན་པ་དང། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤམ་ཐབས་ཟླུམ་པོར་བགོ་བར་ བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང། ཧ་ཅང་འཇོལ་བ་མ་ཡིན་པ་དང། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང། འབྲུའི་ཕུར་ [345A]༄༅། །མ་ལྟར་མ་ཡིན་པ་དང། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཞེས་བཀའ་སྩལ་ནས་དགེ་སློང་དག་ཆོས་གོས་གྱོན་པ་ན། ཇི་ ལྟར་བགོ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་རྣམས་ཀྱིས་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་ གོས་ཟླུམ་པོར་བགོ་བར་བསླབ་བར་བྱའོ། །ཞེས་བཀའ་སྩལ་ནས་དྲུག་སྡེ་དག་ཆོས་གོས་ཧ་ཅང་རྩེངས་པར་གྱོན་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་ དེ༑ འཕགས་པ་དག་དྭ་དག་དང། རྒྱན་པོ་པ་དག་དང། ནལ་གྱི་བུ་དག་སྟོད་གཡོགས་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། ཆོས་གོས་འདི་ལྟར་ མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་ བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་ པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དགེ་སློང་དག་།དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཆོས་གོས་ [345B]།བཅོམ་ལྡན་འདས་ཀྱིས་ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཞེས་བཀའ་སྩལ་ནས་དྲུག་སྡེ་དག་ཧ་ ཅང་འཇོལ་བར་གྱོན་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་ཏག་ཀའི་ཡུལ་ན་གནས་པའི་མི་དག་དང། རིགས་ཀྱི་མནའ་མ་དག་ སྟོད་གཡོགས་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། ཆོས་གོས་འདི་ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ་ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། ། འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉི་མི་ཤེས་པ་དང་བྲལ་བ་དང། བསླབ་པ་གྱུར་པའོ། དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང།། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། སྙམ་ནས་བཀའ་སྩལ་པ། དགེ་སློང་དག། དེ་ལྟ་བས་བ། ངའི་ཉན་ཐོས་རྣམས་ ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཆོས་གོས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་དང། རྐང་པ་རྐྱོང་བར་བྱེད་ཅིང་ཁྱིམ་ གཞན་དུ་འདོང་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང། ཆང་གིས་ར་རོ་བ་དག་དང། འབྱུང་པོ་དང། ཤ་ཟས་བརླམས་པ་ [346A]༄༅། །དག་ལག་པ་དང། རྐང་པ་འདི་ལྟར་རྐྱོང་བར་བགྱིད་ཅིང་མཆི་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་བཞུད་ཅིག་དེ་དག་གིས་ སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་།དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་ དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། ། སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་ འགྲོ་བ་བསླབ་པར་བྱའོ། །དྲུག་སྡེ་དག་ཆོས་གོས་བསྡུས་ཤིང་ཕྲག་པ་ལ་གཟར་སྟེ་ཁྱིམ་གཞན་དུ་འགྲོ་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་ པ་དག་གྱད་འགྱེད་པར་མཆི་བ་དག་སྟོད་གཡོགས་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། ཆོས་གོས་འདི་ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབ་པར་གྱུར་བའོ། །དེ་དག་རྒྱ་ཆེར་སྨོད་པ་ [346B] དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ་ དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལེགས་པར་བགོས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་ དག་བྱུང་རྒྱལ་སྨྲ་བས་སྒྲ་འབྱིན་ཅིང་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང། ཆང་གིས་ར་རོ་བ་ དག་དང། འབྱུང་པོ་དང། ཤ་ཟས་བརླམས་པ་དག་འདི་ལྟར་བྱུང་རྒྱལ་སྨྲ་བས་སྒྲ་འབྱིན་ཅིང་མཆི་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་སྒྲ་འབྱིན་ཅིང་མ་བཞུད་ ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ་།འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་ གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་ བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སྒྲ་བསྐྱུང་ཞིང་ཚིག་ཉུང་ [347A]༄༅། །ངུས་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་མིག་ཡེངས་ཤིང་ཁྱིམ་གཞན་དུ་འགྲོ་བ་ན། དེ་དག་གླང་པོ་ཆེ་འཁྲུལ་པ་དང་ལྷན་ཅིག་ འདོམ་པ་དང། རྟ་འཁྲུལ་པ་དང། ཤིང་རྟ་འཁྲུལ་པ་དང། རྐང་ཐང་འཁྲུལ་པ་དང་འདོམ་ཞིང། དེ་དག་གིས་བརྡོས་ཤིང་ཕུལ་བ་ན། མི་གཙང་བ་དང། རྫབ་ཀྱི་ཁུང་དང། ཕྱག་དར་གྱི་ ཁྲོད་དུ་བསྒྱེལ་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་སྐར་མ་ལ་རྟོག་པ་དག་དང། མིག་བཙུམས་པ་དག་བཞིན་ཅིའི་ཕྱིར་གཟིགས་ ས་ལ་གཟིགས་ན། ཅི་ནོངས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི་འདི་ལྟར་ཡེངས་ཤིང་མ་བཞུད་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། ། འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་ བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མིག་གཡེང་བར་མི་བྱ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ [347B]དེ་དག་སྤྱོད་ལམ་ཉམས་ཤིང་ལམ་ཤོར་བ་ལ་སོགས་པར་གྱུར་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་ པ་དག་སྐར་མ་ལ་རྟོག་པ་དང། བྱ་ར་བ་དག་འདི་ལྟར་ལྟ་བར་བགྱིད་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་གཟིགས་ཤིང་མ་བཞུད་ཅིག་དེ་དག་གིས་སྨྲས་པ། ཤེས་ ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་ སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་ བར་བྱའོ། །བསླབ་པའི་བསྡུ་བའི་མདོ་ནི། ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་ཧ་ཅང་འཇོལ་བ་མ་ཡིན་པ་བགོ་བར་བསླབ་པར་བྱའོ། ། ཤིན་ཏུ་བསྡམས་པ་དང། ལེགས་པར་བགོས་པ་དང། སྒྲ་བསྐྱུང་བ་དང། མིག་གཡེང་བར་མི་བྱ་བ་དང། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་ [348A]༄༅། །སྡེ་དག་མགོ་གཡོགས་ཤིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ་འཕགས་པ་དག་རིགས་ཀྱི་མནའ་ མ་དག་དང། མིག་ན་བ་དག་དང། སྦྲང་རྩིའི་སྦྲང་བུས་འཇིགས་པ་དག་འདི་ལྟར་བགྱིད་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་གཡོགས་ཤིག་དེ་དག་གིས་སྨྲས་ པ༑ ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ་ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་མགོ་མི་གཡོགས་པར་ཁྱིམ་གཞན་དུ་འགྲོ་ བར་བསླབ་པར་བྱའོ། །དྲུག་སྡེ་དག་ཤམ་ཐབས་བརྫེས་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བཤང་བ་ དང་གཅི་བ་བགྱིད་པའི་མི་དག་འདི་ལྟར་བགྱིད་པ་དང། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་བརྫེ་ཞིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ [348B] །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ་།དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་བརྫེ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཆོས་གོས་ཕྲག་པ་ལ་གཟར་ཏེ་ཁྱིམ་གཞན་དུ་ འདོང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང། རྒྱན་པོ་པ་དག་དང་ནལ་གྱི་བུ་དག་འདི་ལྟར་བགྱིད་པས། འདི་ནི། ཚུལ་དང་ མཐུན་པ་མ་ལགས་ཀྱི། འདི་ལྟར་མ་གཟར་ཅིག་དེ་དག་གིས་སྨྲས་པ་ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ་དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ [349A]༄༅། །མི་གཟར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་།དྲུག་སྡེ་དག་ལག་པ་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང་ ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང། རྒྱན་པོ་པ་དག་དང། ནལ་གྱི་བུ་དག་འདི་ལྟར་བགྱིད་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི་ འདི་ལྟར་གཉའ་གོང་དུ་མ་སྣོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་ སྟེ༑ གཉའ་གོང་དུ་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་ལྟག་པར་བསྣོལ་ཏེ། དེ་དག་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་ བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གཡོག་དག་འདི་ལྟར་བགྱིད་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་ལྟག་པར་མ་སྣོལ་ཅིག་དེ་ [349B] ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ་།འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། ། དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། ། སྙམ་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྟག་པར་མི་བསྣོལ་བར་ཁྱིམ་གཞན་ དུ་འགྲོ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། མགོ་མི་གཡོགས་པ་དང། མི་བརྫེ་བ་དང། མི་གཟར་བ་དང། གཉའ་གོང་དུ་མི་བསྣོལ་བ་དང། ལྟག་པར་མི་བསྣོལ་བར་ཁྱིམ་ གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་རིབ་མ་ལ་མཆོང་ཞིང་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་འཇིགས་ པས་སྐྲག་ཅིང་འབྲོས་པ་དག་འདི་ལྟར་བགྱིད་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་མཆོང་ཞིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། ། འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་ [350A]༄༅། །རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་ བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་མཆོད་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་གོམ་པ་ཧ་ཅང་ཆེན་ པོ་དག་གིས་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་ཆང་གིས་ར་རོ་བ་དག་དང། འབྱུང་པོ་དང། ཤ་ཟས་བརླམས་ པ་དག་འདི་ལྟར་བགྱིད་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་བཞུད་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་།འདི་ལ་དགོས་པ་ཡོད་དོ། །འཕགས་པ་ དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་བརྐྱང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཙོག་པུས་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་ [350B] ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་འགྲོས་ཉམས་པ་དག་དང། རྐང་བམ་ཅན་དག་དང། བྱིས་པ་ཁྱེའུ་དག་འདི་ལྟར་བགྱིད་པས། འདི་ནི། ཚུལ་དང་ མཐུན་པ་མ་ལགས་ཀྱི། འདི་ལྟར་མ་མཛད་ཅིག་དེ་དག་གིས་སྨྲས་པ་ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཙོག་བུས་ མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་རྐང་པའི་བྲང་བ་དག་གིས་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་ བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་སྨིག་མ་བཞིན་དུ་རྩེ་བ་དག་དང། རྐང་མཐིལ་རྨས་པ་དག་འདི་ལྟར་བགྱིད་པས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་ བཞུད་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་ [351A]༄༅། །བར་གྱུར་བའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བྲང་ བས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་གཉིས་དཀུར་བརྟེན་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་ དག་སྨོད་པར་བྱེད་དེ། འཕགས་པ་དག་ནོར་ཅན་དག་དང། ཚོང་དཔོན་དག་འདི་ལྟར་བགྱིད་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི་འདི་ལྟར་མ་བཞུད་ཅིག་དེ་དག་ གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། ། དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་ བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་ [351B] །བསླབ་པ་བསྡུ་བའི་མདོ་ནི། མི་མཆོང་བ་དང། མི་བརྐྱང་བ་དང། ཙོག་པུས་མ་ཡིན་པ་དང། བྲང་བས་མ་ཡིན་པ་དང། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་ བར་བསླབ་པར་བྱའོ། །དྲུག་སྡེ་དག་ལུས་སྒྱུར་ཞིང་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གཟུགས་འཚོ་བ་དག་ དང༑ གླང་པོ་ཆེ་དག་དང། བལ་གླང་མོ་དག་འདི་ལྟར་མཆི་བས་འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་བཞུད་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་བའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་།སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལུས་མི་སྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་དཀྱོག་ཅིང་ཁྱིམ་གཞན་དུ་ འདོང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དོ། །འཕགས་པ་དག་དྭ་དག་དང། རྒྱན་པོ་པ་དག་དང་ནལ་གྱི་བུ་དག་འདི་ལྟར་མཆི་བས། འདི་ནི། ཚུལ་དང་ [352A]༄༅། །མཐུན་པ་མ་ལགས་ཀྱི། འདི་ལྟར་མ་བཞུད་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་།དགོས་པ་གང་ལགས་ ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་བའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ དང༑ བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་།སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་ གདོན་པར་བྱ་སྟེ། ལག་པ་མི་དཀྱོག་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་མགོ་སྒྱུར་ཞིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་ དག་སྨོད་པར་བྱེད་དེ། འཕགས་པ་དག་གླང་པོ་ཆེ་དག་དང། སྲོག་ཆགས་རྩེངས་པ་དག་འདི་ལྟར་མཆི་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་བཞུད་ ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ་།འཕགས་པ་དག་དགོས་པ་གང་ལགས། དེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་ པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ [352B] །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མགོ་མི་སྒྱུར་བར་ཁྱིམ་གཞན་དུ་འགྲོ་ བར་བསླབ་པར་བྱའོ། །དྲུག་སྡེ་དག་ཕྲག་པ་སྤྲོད་ཅིག་ཁྱིམ་གཞན་དུ་འདོང་བ་དང། ཇི་ཙམ་ན་མི་ཞིག་སྤོས་དང་མེ་ཏོག་གིས་བརྒྱན་ཏེ་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས་དྲུག་སྡེ་དག་ གིས་སྨྲས་པ། དགའ་བོ་ཉེ་དགའ། བཀྲེན་པ་འདི་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ན། ཅི། འདིའི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་དྲི་དང། མེ་ཏོག་ཐོགས་ མ་མྱོང་སྙམ་པ་འདྲའི། ཚུར་ཤོག་འདི་མི་དགའ་བར་བྱའོ། །དེ་ལྟར་བྱའོ། །ཞེས་དེ་ན་དེ་དག་གཅིག་དང་གཅིག་ཕྲག་པ་སྤྲད་ཅིང། གཞན་དང་གཞན་ཡང་ཕྲག་པ་སྤྲད་དེ། དེ་ཕུལ་བ་དང་ ས་ལ་བསྒྱེལ་ནས་དེས་སྨྲས་པ། བདག་གིས་ཁྱེད་ཅག་ལ་ནོངས་པ་ཅི་ཞིག་བགྱིས། བཀྲེན་པ། ཁྱོད་ཀྱི་སྙིང་ལམ་ན། དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་སྤོས་དང། མེ་ཏོག་ ཐོགས་མ་མྱོང་སྙམ་པས། ཁྱོད་དེ་ལྟར་མི་དགའ་བར་བྱས་སོ། །དེ་སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དེ་དག་གནས་སུ་སྨོད་པར་བྱེད་དོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་ [353A]༄༅། །བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཕྲག་པ་མི་སྤྲད་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ལག་པ་སྦྲེལ་ཅིང་ཁྱིམ་གཞན་དུ་ འདོང་བ་ན། ཇི་ཙམ་ན་མི་ཞིག་སྤོས་དང། མེ་ཏོག་གིས་བརྒྱན་ཏེ་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ། བཀྲེན་པ་འདི་འཇིག་རྟེན་ ལ་བུ་ཙམ་དུ་སེམས་ཤིང་འགྲོ་ན། ཅི། འདིའི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་དྲི་དང། མེ་ཏོག་ཐོགས་མ་མྱོང་སྙམ་པ་འདྲའི། ཚུར་ཤོག་འདི་མི་དགའ་བར་བྱའོ། ། དེ་ལྟར་བྱའོ། །ཞེས་དེ་ན་དེ་དག་གཅིག་དང་གཅིག་ལག་པ་སྦྲེལ་ཅིང། གཞན་དང་གཞན་ཡང་ལག་པ་སྦྲེལ་ཏེ་ཕུལ་བ་དང། ས་ལ་བསྒྱེལ་ནས་དེས་སྨྲས་པ། བདག་གིས་ཁྱེད་ཅག་ ལ་ནོངས་པ་ཅི་བགྱིས། བཀྲེན་པ། ཁྱོད་ཀྱི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་སྤོས་དང། མེ་ཏོག་ཐོགས་མ་མྱོང་སྙམ་པས། ཁྱོད་དེ་ལྟར་མི་དགའ་བར་བྱས་སོ། །དེ་ སྨོད་པར་བྱེད། འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་ དག་དེ་གནས་སུ་སྨོད་པར་བྱེད་དོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལག་པ་མི་སྦྲེལ་ [353B] །བསླབ་པ་བསྡུ་བའི་མདོ་ནི། ལུས་མི་བསྒྱུར་བ་དང། ལག་པ་མི་དཀྱོག་པ་དང། མགོ་མི་བསྒྱུར་བ་དང། ཕྲག་པ་མི་སྤྲད་པ་དང། ལག་པ་ མི་སྤྲེལ་བས་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། མཉན་ཡོད་ན་བྲམ་ཟེ་གཙང་སྦྲ་འདོད་པ་ཞིག་འདུག་པ་དེས་སྒོ་ཁང་དུ་མལ་བཤམས་ནས་དེ་ན་བུ་མོ་ཞིག་བསིལ་ཡབ་ཐོགས་ཏེ་སྦྲང་མ་སྐྱོབ་ཅིང་འདུག་གོ་ཚེ་དང་ལྡན་པ་ཉེ་དགའ་དེའི་ཁྱིམ་ དུ་བསོད་སྙོམས་ལ་བཞུགས་ནས་དེས་སྨྲས་པ། བུ་མོ། བྲམ་ཟེའི་གན་དུ་སོང་ལ་ཉེ་དགའ་སྒོ་ན་སྡོད་དོ། །ཞེས་གྱིས་ཤིག་དེས་སྨྲས་པ། འཕགས་པ། བདག་འདི་ན་སྦྲང་མ་སྐྱོབ་ཅིང་མཆིས་པས་ མི་མཆིའོ། །དེས་སྨྲས་པ། བུ་མོ། གལ་ཏེ་དེ་ལྟ་ན། ཁོ་བོས་རེ་ཞིག་སྲུང་གི་ཁྱོད་སོང་ལ་སྨྲོས་ཤིག་དེ་སོང་བ་དང་ཉེ་དགའ་རྐང་པ་དང་བཅས་པར་འཛེགས་ཏེ་མལ་དེའི་སྟེང་དུ་འདུག་གོ། །བྲམ་ཟེ་ དེ་ཕྱིར་བྱུང་བ་དང། ཉེ་དགའ་རྐང་པ་དང་བཅས་པར་མལ་གྱི་སྟེང་དུ་འཛེགས་ཏེ་འདུག་པར་མཐོང་ངོ། །མཐོང་ནས་ཀྱང་སྨྲས་པ། འཇིག་རྟེན་གྱི་གཙང་སྦྲ་ནི། ཐ་དད་པ་ཡིན། ཅིའི་ཕྱིར་ཁྱོད་འདིར་ རྐང་པ་དང་བཅས་པས་འཛེགས་ཏེ་འདུག་དེས་སྨྲས་པ། བྲམ་ཟེ། དགེ་སློང་གིས་མལ་ལ་ལོངས་སྤྱོད་པ་གང་ཡིན་པ་ནི། ཁྱོད་ཀྱི་ཁྱིམ་བདུན་བ་ཚུན་ཆད་ལ་ཕན་བཏགས་པ་ཡིན་ནོ། །དེ་སྨོད་པར་ [354A]༄༅། །བྱེད༑ འཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ དགོངས་པ། བྲམ་ཟེ་དེ་གནས་སུ་སྨོད་དོ། །སྙམ་ནས་བཀའ་སྩལ་པ་དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མ་བསྒོ་བར་ཁྱིམ་ གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱའོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་གཏུམ་མོ་བཏུལ་བ་དེའི་ཚེ་ན། དེས་དྲང་སྲོང་གི་སྟན་བཤམས་ནས་ཚེ་དང་ལྡན་པ་འཆར་ཀས་ལོངས་ སྤྱོད་ཅིང་སྤྱད་ཅིང་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན། དེས་གཏུམ་མོ་ལ་སྨྲས་པ། སྲིང་མོ། ཁྱོད་བལྟས་ཀྱི། ལྗོངས་རྒྱུར་འགྲོའོ། །དེས་སྨྲས་པ། འཕགས་པ། མྱུར་དུ་སླར་སྤྱོན་ཅིག་གདོད་ སྐྱོ་བ་སྐྱེད་པར་མ་མཛད་ཅིག་དེས་སྨྲས་པ། སྲིང་མོ། མ་ཉེས་ཀྱི། དེ་བཞིན་བྱའོ། །དེས་དེ་བལྟས་ཏེ་རྒྱལ་བྱེད་ཚལ་དུ་སོང་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཉི་མ་བདུན་པ་ལ་ལྗོངས་རྒྱུར་གཤེགས་ཀྱི། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་སྒོས་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ། བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ [354B]བཅོམ་ལྡན་འདས་ཉི་མ་བདུན་པ་ལ་ལྗོངས་རྒྱུར་གཤེགས་ཀྱི། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་ དེས༑ ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོའོ། །ཚེ་དང་ལྡན་པ་འཆར་ཀས་བསམ་པ། སངས་རྒྱས་ལྗོངས་རྒྱུར་གཤེགས་པ་ལ་ཕན་ཡོན་བཅོ་བརྒྱད་ཡོད་ཀྱི། བཅོམ་ལྡན་འདས་ཉིད་དང་ ཐབས་ཅིག་འགྲོའོ། །སྙམ་ནས་དེས་འཕགས་སོ། །དེའི་ཚེ་ན་གཏུམ་མོའི་ཁྱིམ་ན་ཁྱེའུ་བཙས་ནས་རིང་པོ་མ་ལོན་པ་ཞིག་ཡོད་ནས་དེས་བུ་མོ་ལ་སྨྲས་པ། བུ་མོ། ཁྱེའུ་འདི་དྲང་སྲོང་གི་གདན་ ལ་སྙོལ་ཅིག་དང། ཡུན་རིང་དུ་འཚོ་ཞིང་ཚེ་རིང་དུ་སྐྱོང་བར་འགྱུར་རོ། །དེས་དེ་གོས་དཀར་པོ་བསྐོན་ཏེ་བསྙལ་བ་དང། ཚེ་དང་ལྡན་པ་འཆར་ཀ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་ དེས་བསམ་པ། ཇེ་གཏུམ་མོའི་ཁྱིམ་དུ་སྟན་ལ་ལོངས་སྤྱོད་དུ་འགྲོ་ཞིང། ཕྱིས་བསོད་སྙོམས་རྒྱུས་ཏེ་འགྲོའོ། །སྙམ་ནས། དེར་སོང་ངོ། །དགྲ་བཅོམ་པ་དག་ནི། མ་བསམ་པར་ཤེས་པ་དང་ མཐོང་བ་མི་འཇུག་པས་དེ་སྟན་དེ་ཉིད་ལ་གྱ་ཚོམ་དུ་འདུག་པ་དང། ནང་མི་བརྟད་པ་དང་བཅས་པས། འཕགས་པ། ཁྱེའུ་ཁྱེའུ་ཞེས་སྨྲས་པ་དང། དེ་མྱུར་བ་མྱུར་བར་ལངས་ནས་ཇི་ཙམ་ ན༑ དེ་དག་གིས་དུས་ལ་བབ་པར་མཐོང་ནས་དེ་དག་ངུ་བར་བརྩམས་པ་དང། དེས་སྨྲས་པ། སྲིང་མོ་དག་འདི་ལ་ཅི་ངུ། འདུ་བྱེད་ཐམས་ཅད་ཀྱི་ཆོས་ཉིད་འདི་ལྟ་བུ་ཡིན་ནོ། །འོན་ཀྱང་ཁོ་ [355A]༄༅། །བོ་ལ་བརྟེན་ཏེ་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་འགྱུར་བས། འདི་ལ་ཁོ་བོས་མདུད་པར་བྱ་བ་ཡིན་ནོ། ། འཁོར་བ་ན་སེམས་ཅན་རྣམས་ཉེ་དུ་ལ་བྱམས་པ་ནི། ཐོག་མ་མེད་པའི་དུས་ནས་གོམས་པ་ཡིན་པས་དེ་དག་དེ་བཞིན་དུ་ངུ་ཞིང་མི་སྡོད་པ་ཐོས་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སྟན་ལ་ མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཞིང། རྫོགས་པར་སངས་རྒྱས་ ནས་ལོ་དྲུག་ལོན་ནས་སེར་སྐྱའི་གནས་སུ་བྱོན་པ་དེའི་ཚེ་ན། ཉི་མ་གཅིག་ནི། ཡབ་ཀྱི་གན་དུ་གདུགས་ཚོད་གསོལ། ཉི་མ་གཉིས་པ་ལ་ནི། རང་གི་བཙུན་མོའི་འཁོར་དུ་གདུགས་ ཚོད་གསོལ་བ་ན། ཚེ་དང་ལྡན་པ་འཆར་ཀས་བཙུན་མོ་གྲགས་འཛིན་བཤོས་འབྲིམ་པ་ལ། རྐང་པས་རྐང་པ་ལ་ཕུལ་བ་དང། དེ་སྟོབས་དང་ལྡན་པས་འགྱེལ་ནས་དེས་བཙུན་མོ་ས་ འཚོ་མ་ལ་སྨྲས་པ། ས་འཚོ་མ་ འཕགས་པ་འཆར་ཀས་བདག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་སྤྱན་སྔར་མཐོ་བཙམས་སོ། །ཅི་བྱས། དེས་ཇི་ལྟར་གྱུར་པ་བརྗོད་པ་ [355B] དེས་སྨྲས་པ། དེ་ཅི་ནས་ཀྱང་ཕྱིན་ཆད་དེ་ལྟར་བྱེད་པར་མི་འགྱུར་བ་དེ་ལྟར་མི་དགའ་བར་བྱའོ། །ཇི་ཙམ་ཉི་མ་གཞན་ཞིག་ལ་བཙུན་མོ་གྲགས་འཛིན་གྱིས་ཁྲིའུ་མ་བརྒྱུས་པ་ཞིག་ རས་ཀྱིས་གཡོགས་ནས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ། སོང་ལ་རེ་ཞིག་རྒྱལ་པོའི་ཕོ་གྲང་གི་སྒོར་སྡོད་ལ། གང་གི་ཚེ་འཕགས་པ་འཆར་ཀ་འོང་བ་དེའི་ཚེ་ན། ཁྱོད་ཀྱིས་འདི་སྐད་ ཅེས༑ བྲམ་ཟེ་བྲམ་ཟེ་ཞེས་བརྗོད་པར་བྱའོ། །གལ་ཏེ་བྲམ་ཟེས་ཅི་བྱ་ཞེས་ཟེར་བ་དེ་ལ་བཙུན་མོའི་འཁོར་དུ་འབོད་དོ། །ཞེས་བརྗོད་པར་བྱའོ། །བུ་མོ་དེ་བྱུང་བ་དང་ཚེ་དག་ལྡན་པ་འཆར་ཀ་ ཡང་འོངས་ནས། དེར་བྲམ་ཟེར་བྲམ་ཟེ་ཞེས་འབོད་པར་བརྩམས་པ་དང། དེས་སྨྲས་པ། བུ་མོ། བྲམ་ཟེས་ཅི་བྱ། འཕགས་པ། བཙུན་མོའི་འཁོར་དུ་འབོད་དོ། །དེས་བསམ་པ། དེར་ གོར་མ་ཆག་པར་སྦྱིན་པར་བྱེད་ཀྱི། འགྲོའོ། །སྙམ་ནས་དེར་མྱུར་བ་མྱུར་བར་སོང་བ་དང། བཙུན་མོ་གྲགས་འཛིན་གྱིས་བུ་མོ་ལ་སྨྲས་པ། བུ་མོ། ཁོ་མོས་ཁྱོད་ལ་བྲམ་ཟེ་བོས་ཤིག་ཅེས་ བསྒོས་ན། ཁྱོད་ཀྱིས་ཅིའི་ཕྱིར་དགེ་སྦྱོང་མགོ་རེག་བོས། དེ་ཅང་མི་སྨྲ་བར་འདུག་གོ་ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། གལ་ཏེ་ཁོ་བོ་ཁྱོད་ཀྱི་ཁྱིམ་ཐབ་ཀྱི་གན་དུ་རབ་ཏུ་བྱུང་ཞེས་ཏེ། ཁོ་ བོའི་བྲམ་ཟེ་ཡང་ཉམས་སྙམ་མམ། ཅི། གལ་ཏེ་བྲམ་ཟེ་ན་ནི། ཨོཾ་བཧུ་ར་བཧུ་བ་སྭ་ཞེས་ཟེར་ལ། འོན་ཏེ་རབ་ཏུ་བྱུང་ན་ནི། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་ [356A]༄༅། །བྱ༑ ༑རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཟེར་རོ། །དེས་སྨྲས་པ། ཁྱོད་བྲམ་ཟེ་ཡང་རུང། དགེ་སྦྱོང་ཡང་རུང་སྟེ། ཁོ་མོས་ནི་ བཅོམ་ལྡན་འདས་དཀའ་བ་སྤྱོད་པ་ན། གལ་ཏེ་བཅོམ་ལྡན་འདས་སེར་སྐྱའི་གནས་སུ་གཤེགས་ན། དེའི་ཕྱིར་བདག་གིས་བྲམ་ཟེ་ལ་འདི་དང་འདི་སྦྱིན་པར་བྱའོ། །ཞེས་གསོལ་བ་བྱས་སོ། ། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་སྲོག་ཆགས་འབུམ་ཕྲག་དུ་མ་དག་ལྟ་བའི་རྣམ་པ་དང་བྲལ་བར་མཛད་ན། ཁྱོད་ནི། འདི་ལྟ་བའི་རྣམ་པ་དང་བྲལ་བར་མ་མཛད་དོ། །དེས་སྨྲས་པ། འཕགས་ པ༑ བུད་མེད་ཀྱི་ཡུལ་ནི། དབྲལ་དཀའ་བ་ལགས་པས། ཇི་ལྟར་བགྱི། དེས་སྨྲས་པ། དེ་ནི། འཇལ་གྱི། དེ་སློང་མོ་པ་དག་ལ་ཅི་ཞིག་སྦྱིན་པ་དེ་བལྟའོ། །འཕགས་པ། ཞོའི་ཁམ་ཕོར་འདི་ དང༑ ཕྱེའི་ཁམ་ཕོར་འདི་འགྲེང་སྟེ་ལོངས་ལ་ཁྲིའུ་འདི་ལ་བཞུགས་ཤིག་ཅི། ཁྲིའུ་འདི་ཡང་ཁོ་བོ་ལ་སྦྱིན་ནམ། འཕགས་པ་ཁྲིའུ་འདི་ནི། མི་གསོལ་ལོ། །དེས་བསམ་པ། གལ་ཏེ་ ཁྲིའུ་མི་སྟེར་ན། ཁྲིའུ་འདི་བཅག་པར་བྱའོ། །སྙམ་དུ་རིག་ནས་དེས་ཁྲིའུ་དེ་ཉིད་ལ་ལུས་ཐམས་ཅད་ཀྱིས་ལྗིད་ཀྱིས་ཕབ་སྟེ་འདུག་པ་དང་བསྒྱེལ་ནས་ཞོའི་ཁམ་ཕོར་དང། ཕྱེའི་ཁམ་ཕོར་དེ་ དེའི་མགོར་བོ་བ་དང། དེ་དག་གིས་རྟ་གད་ཀྱིས་བཏབ་སྟེ། ལག་པ་དང་རྐང་པ་དག་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་རོལ་པའི་རྫིང་དུ་འཕངས་སོ། །དེ་ལངས་ཏེ་གོས་དག་འཚིར་བ་དེ། དགེ་ [356B] ཚེ་དང་ལྡན་པ་འཆར་ཀ། འདི་ཅི་ཉེས། དེས་སྨྲས་པ། ཁོ་བོས་ཀུ་རེ་ཆུང་ཞིག་བྱས་ནས་ཉེས་དམིགས་འདི་ལྟ་བུ་འདི་བྱུང་ངོ། །དེ་དག་སྨོད་པར་བྱེད། འཕྱར་ཁ་གཏོང་ བར་བྱེད། ཁ་ཟེར་བར་བྱེད་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། དེ་དག་གནས་སུ་སྨོད་དོ། །སྙམ་ནས་བཀའ་ སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལུས་ཐམས་ཅད་ལྗིད་ཀྱིས་མི་དབབ་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་ པར་བྱའོ། །དྲུག་སྡེ་དག་གནས་སུ་ཁྱིམ་གཞན་དུ་རྐང་པ་བསྣོལ་ཏེ་འདུག་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དང། དྭ་དག་དང། རྒྱན་པོ་པ་ དག་དང། ནལ་གྱི་བུ་དག་འདི་ལྟར་མཆིས་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་བཞུགས་ཤིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། ། འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ [357A]༄༅། །ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། རྐང་པ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་།དྲུག་སྡེ་དག་ཁྱིམ་གཞན་དུ་བརླ་ བསྣོལ་ཏེ་འདུག་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང། རྒྱན་པོ་པ་དག་དང། ནལ་གྱི་བུ་དག་འདི་ལྟར་མཆིས་པས་ འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་བཞུགས་ཤིག་།དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ་།འཕགས་པ་དག་དགོས་པ་གང་ལགས་ ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ ལྟར་གདོན་པར་བྱ་སྟེ། བརླ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་ཁྱིམ་གཞན་དུ་འདུག་པར་བྱེད་ནས་ བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང། རྒྱན་པོ་པ་དག་དང། ནལ་གྱི་བུ་དག་འདི་ལྟར་མཆིས་པར་བགྱིད་པས། འདི་ནི། ཚུལ་ [357B] འདི་ལྟར་མ་བཞུགས་ཤིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལོང་བུའི་ སྟེང་དུ་ལོང་བུ་མི་བཞག་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་རྐང་པ་བཀུག་སྟེ་ཁྱིམ་གཞན་དུ་འདུག་པར་བྱེད་ནས་དགེ་བསྙེན་མ་དག་ལྷགས་ཏེ་ཕྱག་འཚལ་བ་ ན༑ དེ་དེ་དག་ཨ་རོག་གྱ་མི་ཟེར་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཨ་རོག་གྱ་མི་གསུང། དེ་དག་གིས་སྨྲས་པ་ཁྱེད་ཅག་གིས་ཁོ་བོ་ཅག་གི་རྐང་པ་ལ་ཕྱག་མ་བྱས་སོ། ། དེ་དག་དེ་དག་གི་རྐང་པ་ལ་ཕྱག་འཚལ་བ་ན། རྐུབ་ཚོས་འཇལ་བར་བྱེད་ཅིང། དགའ་བོ་ཉེ་དགའ། འདི་དག་གི་རྐུབ་ཚོས་ཆེ་ཁྱད་ལ་ལྟོས་ཤིག་སྨྲས་པ་དང། དེ་དག་ངོ་ཚ་ནས་ཅང་མི་སྨྲ་བར་ འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་ [358A]༄༅། །པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། རྐང་པ་མི་དགུག་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་རྐང་པ་གདངས་ཏེ་ཁྱིམ་གཞན་ དུ་འདུག་པར་བྱེད་ནས་དགེ་བསྙེན་མ་དག་ལྷགས་ཏེ་ཕྱག་འཚལ་བ་ན། དེ་དག་ཨ་རོག་གྱ་ལྷག་མ་དང་བཅས་པར་ཟེར་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཨ་རོག་གྱ་ ལྷག་མ་དང་བཅས་པར་གསུང། དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་ཁོ་བོ་ཅག་གི་རྐང་པ་ལ་ཕྱག་མ་བྱས་སོ། །དེ་དག་གིས་དེ་དག་གི་རྐང་པ་ལ་ཕྱག་འཚལ་བ་ན། རྐུབ་ཚོས་འཇལ་བར་ བྱེད་ཅིང། དགའ་བོ་ཉེ་དགའ། འདི་དག་གིས་རྐུབ་ཚོས་ཆེ་ཁྱད་ལ་ལྟོས་ཤིག་སྨྲས་པ་དང། དེ་དག་ངོ་ཚ་ནས་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། རྐང་པ་མི་གདངས་པར་ཁྱིམ་ གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དྲུག་སྡེ་དག་མདོམས་སྣང་བར་སྟན་ལ་འཁོད་ཅིང་སྒྲེན་མོར་སྣང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་ པ་དག་བྱིས་པ་ཁྱེའུ་དག་དང། ཆང་གིས་ར་རོ་བ་དག་དང་འབྱུང་པོ་དང། ཤ་ཟས་བརླམས་པ་དག་འདི་ལྟར་མཆིས་པས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་ [358B]དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་ གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ ནོ༑ ༑སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་ བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ། སྟན་ལ་མ་བརྟགས་པ་དང། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང་ རྐང་པ་མི་བསྣོལ་བ་དང། བརླ་མི་བསྣོལ་བ་དང། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང། རྐང་པ་མི་དགུག་པ་དང། རྐང་པ་མི་གདང་བ་དང། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་ འདུག་པར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་འཇིགས་རུང་གི་ཚལ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །རྒྱལ་བུ་རྟོག་ལྡན་གྱིས་ཁང་བཟང་པདྨ་ཅན་ཚོན་ བརྒྱ་རྩ་གཅིག་གིས་བྲེས་པ་དེར། དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་བཤོས་གསོལ་བ་ན། རྒྱལ་བུ་རྟོག་ལྡན་ནི། དད་པ་དང་ལྡན་པ་ཡིན་ལ། འཁོར་ནི། མ་དད་པས། འབྲིམ་མཁན་ [359A]༄༅། །རྣམས་ཀྱིས་ལ་དུ་དག་གིས་དགེ་སློང་རྣམས་ཀྱིས་ལྷུང་བཟེད་དག་གཅོག་པར་བྱེད་ནས་དྲུག་སྡེ་དག་གིས་གྲོས་བྱས་པ། འདི་དག་མི་དགའ་བར་བྱའོ། །ཞེས་དེ་ དག་འབྲས་ཆན་དང། ཚོད་མ་འབྲིམ་པ་དང། དྲུག་སྡེ་དག་གིས་ལྷུང་བཟེད་ཕྱིར་བསྐྱེད་པ་དང། དེ་དག་གིས་ས་ལ་བོ་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་རྒྱལ་བུ་རྟོག་ལྡན་ གྱི་ཁང་བཟང་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུངས་པར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་ཁྱེད་ཅག་ས་གཞི་མ་རུངས་པ་ན་མི་དགའ་ བར་བྱེད་ན། དགེ་སློང་གང་དག་གིས་ལྷུང་བཟེད་དག་ཆག་པ་དེ་དག་ཇི་ལྟར་བྱེད་ཅེས་ཟེར་བ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དྲུག་ སྡེ་དག་རྒྱལ་བུ་རྟོག་ལྡན་གྱི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས་དེ་དག་དང་པོར་འབྲས་ཆན་ཇི་ཙམ་གྱིས་ལྷུང་བཟེད་གང་བ་དེ་ཙམ་ལེན་པར་བྱེད་པ་ན། བསོད་སྙོམས་འབུལ་བ་ དག་གིས་སྨྲས་པ། འཕགས་པ་དག་སྐྱུ་རུམ་གང་དུ་སྩལ། དེ་དག་གིས་སྨྲས་པ། འདི་ཉིད་དུ་ལུགས་ཤིག་དེ་དག་གིས་དེར་བླུགས་པ་དང། དེ་སྟེང་དུ་ལུད་དེ་ས་ལ་བོ་ནས་དེ་ [359B] འཕགས་པ་དག་རྒྱལ་བུ་རྟོག་ལྡན་གྱི་ཁང་བཟང་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱོད་ཀྱིས་མ་རུངས་པར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་ དག་རེ་ཞིག་རྒྱལ་བུ་རྟོག་ལྡན་གྱིས་འདི་ལ་ལྷག་པར་ཆགས་པར་བྱས་ནས་གང་དུ་སྐྱེ་བར་འགྱུར་བ་ནི། མི་ཤེས་ཀྱི། ཁྱེད་ཅག་ནི་འདི་ལ་ལྷག་པར་ཆགས་པར་བྱས་ནས་ཡི་དྭགས་ཝ་བ་ ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མུ་དང་ཁ་ད་ཆད་དུ་མ་ཡིན་པར་ཟས་བླང་བར་བསླབ་པར་བྱའོ། །དྲུག་སྡེ་དག་རྒྱལ་བུ་རྟོག་ལྡན་གྱི་ཁྱིམ་དུ་བསོད་ སྙོམས་ལ་ཞུགས་ནས་དེ་དག་དང་པོར་ཚོད་མ་ཇི་ཙམ་གྱིས་ལྷུང་བཟེད་གང་བ་དེ་ཙམ་ལེན་པར་བྱེད་པ་ན། བསོད་སྙོམས་འབུལ་བ་དག་གིས་སྨྲས་པ། འཕགས་པ་དག་འབྲས་ཆན་གང་དུ་ སྩལ༑ དེ་དག་གིས་སྨྲས་པ། འདི་ཉིད་དུ་ལུགས་ཤིག་དེ་དག་གིས་དེར་བླུགས་པ་དང། དེ་སྟེང་དུ་ལུད་དེ་བོ་ནས་དེ་དག་གིས་སྨྲས་པ་འཕགས་པ་དག་རྒྱལ་བུ་རྟོག་ལྡན་གྱི་ཁང་ བཟང་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུངས་པར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་རེ་ཞིག་རྒྱལ་བུ་རྟོག་ལྡན་གྱིས་འདི་ལ་ལྷག་པར་ཆགས་ [360A]༄༅། །པར་བྱས་ནས་གང་དུ་སྐྱེ་བར་འགྱུར་བ་ནི། མ་ཤེས་ཀྱི་ཁྱེད་ཅག་ནི། འདི་ལ་ལྷག་པར་ཆགས་པར་བྱས་ནས་ཡི་དྭགས་ཝ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། ། ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་ པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཚོད་མ་དང་མཉམ་པར་མ་ཡིན་པར་ཟས་བླང་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཟན་ཟ་བ་ན། ཚོད་མ་མི་ལེན་པར་ཕྱིས་ཐག་རིང་དུ་སོང་བ་དང་འབོད་ པར་བྱེད་ནས་འབྲིམ་མཁན་དག་བྲེལ་བར་གྱུར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མཐར་ཆགས་སུ་ཟས་བླང་བ་ལ་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་སངས་རྒྱས་ལ་ སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་ཞལ་ཟས་བསོད་པ་སྟ་གོན་བྱས་ནས་དེ་དང་པོར་ཟན་བྲིམ་པར་བརྩམས་པ་དང། དགེ་སློང་རྣམས་ཀྱིས་ མང་དུ་བླང་བར་བརྩམས་པ་ན། དེས་སྨྲས་པ། འཕགས་པ་དག་།བདག་གིས་ཞལ་ཟས་བསོད་པ་སྟ་གྱོན་བགྱིས་ཀྱི། མང་དུ་མ་བཞེས་ཤིག་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་ [360B] ཁྱིམ་བདག་བཀྲེན་པ་འདིས་ཟན་ཡང་འགོག་པར་བྱེད་ཀྱི་མང་དུ་བླང་ངོ། །ཞེས་དེ་དག་གིས་མང་དུ་བླངས་སོ། །ཇི་ཙམ་ན་རྒན་པའི་མཐའ་ལོགས་སུ་བཅའ་བ་བསོད་པ་དག་འབྲིམ་པ་དྲུག་སྡེ་ དག་གིས་མཐོང་ནས་དེ་དག་གི་འོག་ན་དགེ་སློང་རྒན་ཞུགས་ཤིག་འདུག་པ་དེ་རྒན་པའི་མཐའ་ལོགས་སུ་རྣམ་པར་བལྟ་བའི་ཚེ་དྲུག་སྡེ་དག་གིས་དེའི་ལྷུང་བཟེད་ཟན་གྱི་ཆང་བུས་བཀང་ངོ། །ཁྱིམ་ བདག་དེས་བཅའ་བ་བྲིམས་པ་ན། རྒན་ཞུགས་དེ་ལ་བཅའ་བ་བྱིན་པ་དང། དེ་ལྷུང་བཟེད་ཀྱི་གཞིར་ལྷུང་ནས། དེས་ཁྱིམ་བདག་གི་གདོང་དུ་ལྟ་བར་བརྩམས་པ་དང། དེས་སྨྲས་པ། འཕགས་ པ་དག་ཅིའི་སླད་དུ་ཁྱོད་ཀྱིས་ཟན་མང་པོ་དག་བླངས། ཁྱིམ་བདག་བདག་གིས་མ་བླངས་སོ། །འོ་ན་འདི་དག་ག་ལས་མཆིས། མ་ཤེས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཁྱིམ་བདག་རྒྱལ་ པོ་ང་ལས་ནུ་ལ་ཉི་མ་བདུན་དུ་དབྱིག་གི་ཆར་བབ་ཅེས་གྲགས་པ་རྒན་ཞུགས་འདི་ལ་ཡང་དེ་དང་འདྲ་བར་ཟན་གྱི་ཆང་བུའི་ཆར་བབ་བོ། །དེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྷུང་ བཟེད་ལ་བལྟ་ཞིང་ཟླས་བླང་བར་བསླབ་པར་བྱའོ། །དྲུག་སྡེ་དག་བསོད་སྙོམས་ལ་ཞུགས་པ་ན། ཇི་སྲིད་དུ་བསོད་སྙོམས་མི་སྦྱིན་པ་དེ་སྲིད་དུ་ལྷུང་བཟེད་བཟེད་དེ་སྡོད་ནས་བྲམ་ཟེ་དང། ཁྱིམ་ [361A]༄༅། །བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་།ཅིའི་སླད་དུ་བཅའ་བ་དང། བཟའ་བ་མ་མཆིས་པར་ལྷུང་བཟེད་བཟེད་དེ་གཞེས་བར་མཛད། འདི་ ནི༑ ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་མཛད་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །དེ་དག་གིས་སྨྲས་པ། འཕགས་པ་དག་དགོས་པ་ གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་ པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅའ་བ་དང། བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་ པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་ཁྱིམ་བདག་དེ་ལ་འབྲས་ཆན་ནི། མང། ཚོད་མ་ནི་ཉུང་ནས་དྲུག་སྡེ་དག་གིས་འབྲས་ཆན་གྱིས་ཚོད་མ་ བཀབ་པ་དང། ཁྱིམ་བདག་དེས་འབྲས་ཆན་མཐོང་ནས་སྨྲས་པ་འཕགས་པ་དག་སྐྱུ་རུམ་མ་མཆིས་སམ་ཅི། དེ་དག་གིས་སྨྲས་པ་ཁྱིམ་བདག་འདིར་ལྟོས་ཤིག་དེས་ [361B] །དགེ་སློང་རྣམས་གཙུག་ལག་ཁང་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱིམ་བདག་དེ་འབྲས་ཆན་བཟང་པོ་བྱས་ནས་འདི་ལྟར་ཚོད་མ་ཉུང་ངོ། །དྲུག་སྡེ་དག་ གིས་སྨྲས་པ། ཁོ་བོ་ཅག་གིས་ནི། ཚོད་མ་མང་དུ་ཐོབ་བོ། །ཇི་ལྟར། དེ་དག་གིས་ཇི་ལྟར་གྱུར་པ་བརྗོད་པ་དང། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་དེ་ལྟར་བྱར་རུང་ངམ། རུང་ཡང་ སྲིད༑ མི་རུང་ཡང་སྲིད་དེ། ཁོ་བོ་ཅག་གིས་ནི། དེ་ལྟར་བྱས་སོ་།ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་འབྲས་ཆན་གྱིས་ཚོད་མ་མི་དགབ་པར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་ཁྱིམ་བདག་དེ་ལ་ཚོད་མ་ནི། མང། འབྲས་ཆན་ནི། ཉུང་ནས་དྲུག་སྡེ་དག་གིས་ཚོད་མས་འབྲས་ཆན་བཀབ་པ་དང། ཁྱིམ་བདག་དེས་ འབྲས་ཆན་མ་མཐོང་ནས་སྨྲས་པ། འཕགས་པ་དག་འབྲས་ཆན་མ་མཆིས་སམ་ཅི། དེ་དག་གིས་སྨྲས་པ། ཁྱིམ་བདག་འདིར་ལྟོས་ཤིག་།དེས་འབྲས་ཆན་གཞན་ཡང་བྱིན་ནོ། ། དགེ་སློང་རྣམས་གཙུག་ལག་ཁང་དུ་དོང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱིམ་བདག་དེས་ཚོད་མ་བཟང་པོ་བྱས་ནས་འདི་ལྟར་འབྲས་ཆན་ཉུང་ངོ། །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ [362A]༄༅། །ཅག་གིས་ནི། འབྲས་ཆན་མང་དུ་ཐོབ་བོ། །ཇི་ལྟར། དེ་དག་གིས་ཇི་ལྟར་གྱུར་པ་བརྗོད་པ་དང། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་དེ་ལྟར་བྱར་རུང་ངམ་ རུང་ཡང་སྲིད། མི་རུང་ཡང་སྲིད་དེ། ཁོ་བོ་ཅག་གིས་ནི། དེ་ལྟར་བྱས་སོ། །ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ། །མཉན་ཡོད་ན་དགེ་སློང་བསོད་སྙོམས་བ་ཞིག་བསོད་སྙོམས་ལ་རྒྱུ་བ་ན། དེས་འབྲས་ ཆན་དང་ཚོད་མ་ཐོབ་ནས་ཡང་ཚོད་མ་དང་འབྲས་ཆན་ཐོབ་པ་དང། དེ་བདག་གིས་འབྲས་ཆན་གྱིས་ཚོད་མ་བཀབ་ཅིང། ཚོད་མས་འབྲས་ཆན་བཀབ་པར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་ པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ལ་ནི། ཉེས་པ་མེད་དེ། །དེ་ལྟ་བས་ན་ ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་ པར་བྱའོ། །དྲུག་སྡེ་དག་བཅའ་བ་དང། བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་གཙང་སྦྲ་ [362B] ཐ་དད་པ་ལགས་ན། ཅིའི་སླད་དུ་བཅའ་བ་དང། བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པར་མཛད། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་མཛད་ཅིག་དེ་དག་གིས་ སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །དེ་དག་གིས་སྨྲས་པ། འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་ གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་ བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་བཅའ་བ་དང། བཟའ་བའི་སྟེང་དུ་ལྷུང་བཟེད་ མི་གཟུང་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། ལེགས་པར་ཁ་ཟས་བླང་བར་བསླབ་པར་བྱ། མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང། ཚོད་མ་དང་མཉམ་པར་མ་ཡིན་པ་དང་ མཐར་ཆགས་སུ་དང། ལྷུང་བཟེད་ལ་ལྟ་བ་དང། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་ འབྲས་ཆན་མི་དགབ་པ་དང། བཅའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ།། །།འདུལ་བ་རྣམ་པར་འབྱེད་པ་བམ་པོ་གྱ་གསུམ་པ། དྲུག་སྡེ་ [363A]༄༅། །དག་རྣམ་པར་འགྱུར་པ་དག་གིས་ཟས་ཟ་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་ གཟུགས་འཚོ་མ་དག་འདི་ལྟར་འཚལ་བར་བགྱིད་པས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ་ཤེས་ལྡན་དག་འདི་ལ་དགོས་པ་ ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་།སྙམ་ནས་བཀའ་སྩལ་པ། དེ་ལྟ་ བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ་།དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ ན་ཁམ་ཧ་ཅང་ཆུང་ངུར་ཟ་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང། རིགས་ཀྱི་མནའ་མ་དག་དང། གཟུགས་ འཚོ་མ་དག་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་ [363B]དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་ བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁམ་ཧ་ཅང་ཆུང་བ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་བཟའ་བ་ན་ཁམ་ཧ་ཅང་ཆེན་པོར་ཟན་ ཟ་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་མུ་ལྟོ་བ་དག་འདི་ལྟར་འཚལ་བས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་ དང༑ བསླབ་པར་གྱུར་བའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་ པ༑ ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར། དོན་པར་བྱ་སྟེ། ཁ་ཧ་ཅང་ [364A]༄༅། །ཆེན་པོ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ཁམས་རན་པ་མ་ཡིན་པར་ཟ་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་མུ་ལྟོ་བ་དག་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་གསོལ་ཅིག་ དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ་།འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་ པའོ༑ ༑དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་ བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁམ་རན་པར་ཟས་བཟའ་བར་བསླབ་ པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང། ཇི་ཙམ་ན་དྲུག་སྡེ་དག་གིས་ འོག་ན་དགེ་སློང་རྒན་ཞུགས་ཤིག་འདུག་པ་དེ་ཁ་གདངས་ཏེ་རྒན་པའི་མཐའ་ལོགས་སུ་ལྟ་བར་བྱེད་པ་དང། ཉེ་དགས་དེའི་ཁར་བོང་བ་བཅུག་སྟེ་ཇེ་འདི་ཟོ་ཞིག་ཅེས་སྨྲས་པ་ཐོས་ནས་ [364B] དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་ འདི་ལྟར་གདོན་པར་བྱ་སྟེ། ཁམ་མ་བཟས་པར་ཁ་མི་གདངས་པར་བསླབ་པར་བྱའོ། །དྲུག་སྡེ་དག་ཁ་ཁམ་གྱིས་བཀང་སྟེ་སྨྲ་བར་བྱེད་པ་ན་སྐད་ཉམས་པར་གྱུར་པའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་ སྟེ༑ ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། ལེགས་པར་ཟས་བཟའ་བར་བསླབ་པར་བྱ། །ཁམ་ཧ་ཅང་ཆུང་བར་མ་ཡིན་པ་དང། ཁམ་ཧ་ཅང་ཆེན་པོ་ མ་ཡིན་པ་དང། ཁམ་རན་པ་དང། ཁམ་མ་བཟས་པར་ཁ་མི་གདངས་པ་དང། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ་།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་།མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་ སྤྱན་དྲངས་ནས། དེས་ཚོད་མ་ཏེ་པོར་མངར་བ་དག་སྟ་གོན་བྱས་པ་དང། དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ། ཚོད་མ་དག་ཏེ་པོར་སྐྱུར་རོ། །ཁྱིམ་བདག་དེས་ཐོས་ [365A]༄༅། །ནས་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཙུག་ཙུག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དེས་ཚོད་མ་ཏེ་པོར་སྐྱུར་བ་དག་སྟ་གོན་བྱས་པ་དང། དྲུག་སྡེ་དག་གིས་ ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ། ཚོད་མ་ཏེ་པོར་མངར་རོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ། དགེ་སློང་རྣམས་ཀྱི་བཅོམ་ལྡན་ འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱི་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཅག་ཅག་ མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་ཁྱིམ་ བདག་དེ་ལ་སྣོད་སྤྱད་མེད་པས་དེས་འབྲས་ཆན་བཙོས་ཏེ་སྒྲོམ་དུ་བླུགས་པ་དང་དེ་ཚ་ནས་དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ། འབྲས་ཆན་འདི་ཏེ་པོར་གྲང་ [365B]ཁའི་དབུགས་ཀྱིས་བསྲོས་ཏེ་བཟའོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ཧུ་ཧུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། ། མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་འབྲས་ཆན་བཙོས་ཏེ་རེ་ལྡེར་བདལ་བ་དང། དེ་གྲང་ བར་གྱུར་ནས་དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ། འབྲས་ཆན་འདི་ཏེ་པོར་ཚ་བས་ཁའི་དབུགས་ཀྱིས་བསྒྲངས་ཏེ་བཟའོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ ཅང་མི་སྨྲ་བར་འདུག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་ བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཕུ་ཕུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལྕེ་ཕྱུང་སྟེ་བལྟ་ཞིང་མཆུ་གཉིས་ལ་ལྡག་པར་ བྱེད་ནས་དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་ལྕེ་ཕྱུང་སྟེ་བལྟ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་མ་བཟས་པར་མིད་ན། མི་རུང་བས་དེ་ལྟར་རོ། །དེ་ [366A]༄༅། །དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། ཙུག་ཙུག་མི་བྱ་བ་དང། ཅག་ ཅག་མི་བྱ་བ་དང། ཧུ་ཧུ་མི་བྱ་བ་དང། ཕུ་ཕུ་མི་བྱ་བ་དང་ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་འབྲས་ཆན་འབྲུ་རེ་རེ་ནས་འཐུ་ཞིང་ ཟ་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ་འཕགས་པ་དག་བྱིས་པ་ཁྱེའུ་དག་དང། དྭ་དག་དང། རྒྱན་པོ་པ་དག་དང། ནལ་གྱི་བུ་དག་འདི་ལྟར་འཚལ་བས་ འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དེ། འཕགས་པ། དགོས་པ་གང་ལགས་ ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་ [366B] འབྲུ་ནས་ཐ་དད་དུ་མི་བྱ་བར་ཟས་བཟའ་བར་བསླབ་པ་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན། དགའ་བོ་ཉེ་དགའ། ཚོད་མ་འདི་དག་ཧ་ཅང་ཁའོ།། ཧ་ཅང་སྐུར་རོ། །ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་ འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འཕྱས་མི་གདགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་ཟ་བ་ན་འཁུར་བ་ནས་འཁུར་བར་ཁམ་ སྤོ་ཞིང་ཟ་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང། མུ་ལྟོ་བ་དག་འདི་ལྟར་འཚལ་བས། འདི་ ནི༑ ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་གསོལ་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་ པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ དང༑ བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་།སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་ [367A]༄༅། །གདོན་པར་བྱ་སྟེ། མཁུར་བ་མི་སྤོ་བར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་རྐན་སྒྲ་གཏོག་པར་བྱེད་ནས་བྲམ་ཟེ་དང་ ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང། མུ་ལྟོ་བ་དག་འདི་ལྟར་འཚལ་བས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་ གསོལ་ཅིག་དེ་དག་གིས་སྨྲས་པ། བཞིན་བཟང་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་ བསླབ་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ་ ཁྱིམ་པ་དག་ཟེར་བ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། རྐན་མི་གཏོག་པར་ ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་ཟ་བ་ན། ཁམ་བླངས་ནས་ཕྱེད་ཁར་འཇུག་ཅིང། ཕྱེད་ལྷུང་བཟེད་དུ་ལྷུང་བར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་ དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང། མུ་ལྟོ་བ་དག་འདི་ལྟར་འཚལ་བས། འདི་ནི། ཚུལ་དང་མཐུན་པ་མ་ལགས་ཀྱི། འདི་ལྟར་མ་གསོལ་ [367B]དེ་དག་གིས་སྨྲས་པ། བཞིན་བཟང་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང། བསླབ་ པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་ པ་བདེན་ནོ། །སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁམ་འཕྲོར་མི་གཅད་པར་ཟས་བཟའ་བར་ བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། འབྲུ་ནས་ཐ་དད་དུ་མི་བྱ་བ་དང། འཕྱས་མི་གདགས་པ་དང། མཁུར་བ་མི་སྤོ་བ་དང་རྐན་མི་གཏོག་པ་དང། ཁམ་འཕྲོར་མི་གཅད་ པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལག་པ་ལྡག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་མི་མཛེས་པ་ འདི་ལྟ་བུ་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་།སྙིང་པོ་གང་ཡིན་པ་དེ་འདི་ལ་ཆགས་སོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལག་པ་མི་ལྡག་ [368A]༄༅། །པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལྷུང་བཟེད་འབྱོག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ ལྡན་པ་དག་ཅིའི་ཕྱིར་མི་མཛེས་པ་འདི་ལྟ་བུ་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་སྙིང་པོ་གང་ཡིན་པ་དག་འདི་ལ་ཆགས་སོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་ འདི་ལྟར་གདོན་པར་བྱ་སྟེ། ལྷུང་བཟེད་མི་འབྱོག་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལག་པ་སྤྲུག་པར་བྱེད་པས་དགེ་སློང་རྣམས་ ལ་ལག་པའི་ཆུས་ཕོག་ནས་དེ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལག་པ་མི་སྤྲུག་པར་ཟས་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་ གཞན་དུ་ཟན་ཟ་བ་ན་དེ་དག་གི་འོག་ན་དགེ་སློང་རྣམ་སྦྱར་དམར་སེར་ཅན་ཞིག་འདུག་ནས་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ། བཀྲེན་པ་འདིའི་སྙིང་ལམ་ [368B]གྱོན་མ་མྱོང་སྙམ་གྱི། འདི་མི་དགའ་བར་བྱའོ། །ཞེས་དེ་དག་གིས་ལྷུང་བཟེད་བསྐྱམས་པ་དང། དགེ་སློང་དེའི་སྣམ་ སྦྱར་ལྷུང་བཟེད་ཀྱི་ཆུས་མ་རུངས་པར་གྱུར་ནས་དེ་སྨོད་པ་ལ་ཞུགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྷུང་བཟེད་མི་བསྐྱམ་པར་ཟས་བཟའ་བར་བསླབ་པར་བྱའོ། །མཉན་ཡོད་ན་ ཁྱིམ་བདག་ཅིག་འདུག་པ་དེ་གཅེར་བུ་པ་དག་ལ་མངོན་པར་དད་དོ། །དེ་དུས་གཞན་ཞིག་ན་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ནས་དེས་དགེ་སློང་གི་དགེ་འདུན་ཁྱིམ་ གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེར་ཕྱེ་དག་བྲིམས་པ་དང། དྲུག་སྡེ་དག་གིས་དེ་དག་སྤུས་ཏེ་མཆོད་རྟེན་འདྲ་བར་རྣམ་པར་བཞག་གོ་ལ་ཕུག་གི་ཕྱེད་ཚལ་དག་བྲིམས་ པ་དང། དེ་ཡང་དེ་ཉིད་ལ་བཙུགས་ཏེ་སྲོག་ཤིང་འདྲ་བར་རྣམ་པར་བཞག་གོ་འཁུར་བ་དག་བྲིམས་པ་དང། དེ་ཡང་ལ་ཕུག་དེ་ཉིད་ཀྱི་སྟེང་དུ་གདུགས་འདྲ་བར་རྣམ་པར་བཞག་གོ་ དེ་ནས་སྨྲས་པ། དགའ་བོ་ཉེ་དགའ་དག་མཆོད་རྟེན་འདི་ནི། ངན་འགྲོ་རྫོགས་པར་བྱེད་པ་རྫོགས་བྱེད་ཀྱི་ཡིན་ནོ། །ཞེས་ཟེར་རོ་།ཡང་བཅོམ་སྟེ་ཟ་ཞིང་སྨྲས་པ། དགའ་བོ་ཉེ་དགའ་ [369A]༄༅། །ངན་འགྲོ་རྫོགས་པར་བྱེད་པ་རྫོགས་བྱེད་ཀྱི་མཆོད་རྟེན་རྡིབ་བོ། །ཞེས་ཟེར་རོ། །ཁྱིམ་བདག་དེས་མཐོང་ནས་དེས་སྨྲས་པ་འཕགས་པ་དག་བདག་ ནི༑ སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ལྟ་བུ་བྲལ་བ་ལགས་ན་ཁྱེད་ཅག་ད་དུང་ཡང་ཞེ་སྡང་དང་མ་བྲལ་ལོ། །དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མཆོད་ རྟེན་འདྲ་བ་བཅོམ་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། ལག་པ་མི་ལྡག་པ་དང། ལྷུང་བཟེད་མི་འབྱོག་པ་དང། ལག་པ་མི་སྤྲུག་པ་དང། ལྷུང་བཟེད་མི་ བསྐྱམས་པ་དང། མཆོད་རྟེན་འདྲ་བ་བཅོམ་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན། དེ་དག་གི་དྲུང་ན་འདུག་པའི་དགེ་སློང་མང་དུ་ཟ་བ་ དང། དྲུག་སྡེ་དག་འཕྱས་འདོགས་ཤིང། དགའ་བོ་ཉེ་དགའ། རྒན་ཞུགས་འདི། མང་པོ་འདི་སྙེད་ཟ་བ་ལ་ལྟོས་ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དྲུང་ན་ [369B]ཕྱིར་མི་བལྟ་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་ པར་བྱེད་ནས་མ་དད་པ་དག་ཤཱཀྱའི་དགེ་སྦྱོང་དག་ནི། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་པས་གཙང་སྦྲ་མེད་པ་ཡིན་ནོ། །ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་ སྟེ༑ ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱའོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དེ་དག་གི་འོག་ན་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་ ནས་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ། བཀྲེན་པ་འདིའི་སྙིང་ལམ་ན་ཡུ་བུ་ཅག་གིས་སྔོན་ལན་འགའ་ཡང་སྣམ་སྦྱར་འདི་ལྟ་བུ་གྱོན་མ་མྱོང་སྙམ་གྱི། འདི་མི་དགའ་བར་ བྱའོ༑ ༑ཞེས་དེ་དག་གིས་ཟས་དང་འབགས་པའི་ཆུས་གཏོར་བ་དང་དགེ་སློང་དེའི་སྣམ་སྦྱར་ཟས་དང་འབགས་པའི་ཆུས་མ་རུངས་པར་གྱུར་ནས་དེ་སྨོད་པ་ལ་ཞུགས་པའི་སྐབས་དེ། དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་ [370A]༄༅། །པར་བྱ་སྟེ། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་ འཇིགས་རུང་གི་ནགས་རི་དྭགས་ཀྱི་ཚལ་ན་བཞུགས་སོ། །རྒྱལ་བུ་རྟོག་ལྡན་གྱིས་ཁང་བཟང་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པ་དེར་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་ བཤོས་གསོལ་པ་ན། དྲུག་སྡེ་དག་གིས་ལྷུང་བཟེད་ཀྱི་ཆུ་དེ་ཉིད་དུ་ཕོ་བ་དང། འབྲིམ་མཁན། འཕགས་པ་དག་རྒྱལ་བུ་རྟོག་ལྡན་གྱི་ཁང་བཟང་པདྨ་ཅན་ཚོན་བརྒྱ་རྩ་ གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུངས་པར་བྱས་སོ། །ཞེས་སྨོད་པར་བྱེད་པ་དང། དྲུག་སྡེ་དག་གིས་སྨྲས་པ། རྒྱལ་བུ་རྟོག་ལྡན་གྱིས་རེ་ཞིག་འདི་ལ་ཆགས་ པར་བྱས་ནས་གང་དུ་སྐྱེ་བར་འགྱུར་བ་ནི། མ་ཤེས་ཀྱི། ཁྱེད་ཅག་ནི། འདི་ལ་ཆགས་པར་བྱས་ནས་ཡི་དྭགས་ལྔ་པ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་སྨོད་པ་ལ་ ཞུགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་ པར་བསླབ་པར་བྱའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་ཁྱིམ་རྩིག་ཏུ་བཅུག་ནས་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་ཏེ་བཤོས་གསོལ་པ་ན། དགེ་སློང་ [370B]བྱེད་ནས་ཁྱིམ་བདག་དེས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་ཕོ་ཞིག་དང། བདག་གི་ཁྱིམ་གྱི་སྤྱད་པར་འགྱུར་རོ། ། ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཁྱིམ་པ་ན་རེ་ཕོ་ཞིག་ཅེས་ཟེར་ན། དབོ་བར་ བྱའོ༑ ༑གཞན་དུ་དབོ་བར་མི་བྱའོ། །དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་ འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་ བྱ༑ ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བསླབ་པར་བྱ། ཁྱིམ་ པ་འདུག་པ་ལ་མ་དྲིས་བར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་བུ་ན་བར་གྱུར་ནས་དེ་སྨན་པའི་གན་དུ་ སོང་སྟེ་སྨྲས་པ། བཞིན་བཟང། ཁོ་བོའི་བུ་ན་བས་སྨན་སྟོན་ཅིག་།སྨན་པ་དེ་དད་ཅན་ཞིག་ཡིན་པས་དེས་སྨྲས་པ། བྲམ་ཟེ། འཕགས་པ་རྣམས་ཀྱི་ལྷུང་བཟེད་ཀྱི་ཆུས་ཁྲུས་ [371A]༄༅། །གྱིས་ཤིག་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང། དྲུག་སྡེ་དག་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་སྒོ་སྟོང་བར་མི་འཇོག་པས། ཚེ་དང་ལྡན་པ་ཉེ་དགའ་རྒྱལ་ བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་ནས་བྲམ་ཟེ་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ། དེས་སྨྲས་པ། འཕགས་པ། བདག་གི་བུ་སྤྲོ་འཚལ་ཏེ། དེ་ལ་འབགས་པ་དག་གི་ལྷུང་བཟེད་ཀྱི་ཆབ་ཅིག་ འཚལ་ན། སྩལ་དུ་གསོལ། དེས་སྨྲས་པ། བྲམ་ཟེ། འདི་ཉིད་དུ་རེ་ཞིག་སྡོད་ཅིག་དང། ལྷུང་བཟེད་ཀྱི་ཆུ་ཁྱེར་ཏེ་འོང་ངོ། །དེས་གཙུག་ལག་ཁང་དུ་སོང་སྟེ་ལྷུང་བཟེད་དུ་ཕྱེ་ཉུང་ཤས་ ཤིག་དང། འབྲས་ཆན་ཉུང་ཤས་ཤིག་དང། འཁུར་བ་ཉུང་ཤས་ཤིག་དང། ཤ་ཉུང་ཤས་ཤིག་དང། རུས་པ་ཉུང་ཤས་ཤིག་བླུགས་ཏེ་ཆུས་བླུགས་ནས་ཕྱིར་ཕྱུང་སྟེ་སྨྲས་པ། བྲམ་ཟེ་ ལོངས་ཤིག་བྲམ་ཟེ་དེས་མཐོང་ནས་སྨྲས་པ། འཕགས་པ། ཁྱེད་ཀྱི་ལྷུང་བཟེད་ཀྱི་ཆབ་འདི་ལྟ་བུའམ། བྲམ་ཟེ། འདི་ལྟ་བུའོ། །འཕགས་པ། བདག་གི་བུ་གུམ་པ་ནི། ལེགས་ཀྱི་ འདི་ལྟ་བུའི་མི་གཙང་བས་བཀྲུ་བ་ནི། མི་རུང་ངོ། །ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འདི་ལྟར་ [371B] ལྷུང་བཟེད་ལན་གསུམ་བཀྲུས་ཏེ་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་དག་གིས་བཟླས་བརྗོད་བྱས་པའི་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱའོ། །སངས་རྒྱས་བཅོམ་ ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་འཇོག་པར་བྱེད་ནས་དེ་བཙས་ ཟོས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་ འདི་ལྟར་གདོན་པར་བྱ་སྟེ། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱའོ། །དགེ་སློང་དག་ལྷུང་བཟེད་གད་ཁར་འཇོག་པར་བྱེད་ནས་དེ་འདྲིལ་ཏེ་ཆག་པའི་སྐབས་ དེ༑ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་ གདོན་པར་བྱ་སྟེ། གད་ཁ་མ་ཡིན་པར་ལྷུང་བཟེད་གཞག་པར་བྱའོ་།དགེ་སློང་དག་ལྷུང་བཟེད་གཡང་སར་འཇོག་པར་བྱེད་ནས་དེ་འདྲིལ་ཏེ་ཆག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གཡང་ས་ [372A]༄༅། །མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱའོ། །དགེ་སློང་དག་ལྷུང་བཟེད་དཀན་གཟར་པོར་འཇོག་པར་བྱེད་ནས་དེ་འདྲིལ་ཏེ་ཆག་པའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱའོ་།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ སོ༑ ༑དགེ་སློང་ཞིག་འགྲེང་སྟེ་ལྷུང་བཟེད་འཁྲུ་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་དག་འགྲེང་ཞིང་ལྷུང་བཟེད་མ་འཁྲུ་ཞིག་དེས་སྨྲས་པ། ཅི་འགྱུར། ཤོར་ཏེ་ཆག་ པར་འགྱུར་རོ། །གཞན་ཅི་ཞིག་ཏུ་འགྱུར། དེ་དག་གིས་བཟློག་པ་ན་མ་བཏུབ་ནས་ལྷུང་བཟེད་དེ་ཤོར་ཏེ་ཆག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་ བྱའོ༑ ༑དགེ་སློང་དག་ལྷུང་བཟེད་གད་ཁར་འཁྲུ་བར་བྱེད་ནས་དེ་ཤོར་ཏེ་འདྲིལ་ནས་ཆག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ [372B] དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་གང་ཁ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱའོ། ། དགེ་སློང་དག་ལྷུང་བཟེད་གཡང་སར་འཁྲུ་བར་བྱེད་ནས་དེ་ཤོར་ཏེ་འདྲིལ་ནས་ཆག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གཡང་ས་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱའོ། །དགེ་ སློང་དག་ལྷུང་བཟེད་དཀན་གཟར་པོར་འཁྲུ་བར་བྱེད་ནས་དེ་ཤོར་ཏེ་འདྲིལ་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱའོ། །དགེ་སློང་དག་ འབབ་ཆུ་དྲག་པོའི་རྒྱུན་ལས་ལྡོག་སྟེ་ལྷུང་བཟེད་ཀྱིས་ཆུ་འཆུ་བར་བྱེད་ནས་དེ་ཤོར་ཏེ་ཆུས་ཁྱེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འབབ་ཆུ་དྲག་པོའི་རྒྱུན་ལས་ལྡོག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་ [373A]༄༅། །བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། ལྷུང་བཟེད་ཀྱི་ནང་དུ་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་ མི་གཞག་པར་བསླབ་པར་བྱ། གད་ཁ་མ་ཡིན་པ་དང། གཡང་ས་མ་ཡིན་པ་དང། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་ བསླབ་པར་བྱ། གད་ཁ་མ་ཡིན་པ་དང། གཡང་ས་མ་ཡིན་པ་དང་དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་ལྡོག་སྟེ་ལྷུང་བཟེད་ཀྱིས་ཆུ་ མི་བཅུ་པར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་མི་ན་བར་འདུག་པ་ལ་ འགྲེང་སྟེ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་ རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པས་འདུག་པ་ལ་འགྲེང་སྟེ་ཆོས་འཆད་པར་བྱེད་དམ། ཞེས་སྨོད་ པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ [373B]པར་བྱ་སྟེ། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་ འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་།འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་ རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེས་མེད་པ་དང། གུས་པ་མེད་པས་ཉལ་བ་རྣམས་ལ་འདུག་སྟེ་ཆོས་འཆད་པར་བྱེད་དམ་ཞེས་ སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་ རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ་།དྲུག་སྡེ་དག་མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་ སྟན་དམའ་བ་ལ་འདུག་སྟེ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་ སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན་ཁྱེད་ཅག་རྗེས་མེད་པ་དང། གུས་པ་མེད་པ་སྟན་མཐོན་པོ་ལ་འདུག་ [374A]༄༅། །པ་རྣམས་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་པར་ སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་འཆད་པར་བྱེད་ནས་བྲམ་ཟེ་ དང༑ ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན་ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་མདུན་དུ་འགྲོ་བ་རྣམས་ལ་ཕྱི་ནས་འགྲོ་ཞིང་ཆོས་འཆད་པར་བྱེད་དམ་ཞེས་ སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་ [374B]པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་ གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་ པ་ལམ་ནས་འགྲོ་བ་རྣམས་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་ལམ་ ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་ བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་མདུན་དུ་འགྲོ་བ་ ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་མགོ་ [375A]༄༅། །གཡོགས་པ་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་ གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་ མེད་པ་མགོ་གཡོགས་པ་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་མི་ན་བར་མགོ་གཡོགས་པ་ལ་ཆོས་མི་ བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་བརྫེས་པ་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་།འཕགས་པ་དག་བཅོམ་ལྡན་འདས་ཀྱིས་ བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་བརྫེས་པ་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་ [375B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་ བར་བརྫེས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་གཟར་བ་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་ བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་གཟར་བ་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ མི་ན་བར་གཟར་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་གཉའ་གོང་དུ་བསྣོལ་བ་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་ དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ [376A]༄༅། །ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་གཉའ་གོང་དུ་བསྣོལ་བ་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་ མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་གཉའ་གོང་དུ་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་ལྟག་པར་བསྣོལ་བ་ལ་ཆོས་ འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་།འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་ དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེས་མེད་པ་དང་གུས་པ་མེད་པ་ལྟག་པར་བསྣོལ་བ་རྣམས་ལ་ཆོས་ འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ལྟག་བར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ། [376B] མི་ན་བར་མགོ་གཡོགས་པ་དང་བརྫེས་པ་དང། གཟར་བ་དང། གཉའ་གོང་དུ་བསྣོལ་བ་དང། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ། དྲུག་སྡེ་དག་མི་ན་བར་སྐྲ་དོ་ཀེར་ཅན་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་ གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེས་མེད་པ་དང། གུས་པ་མེད་པ་སྐྲ་ དོ་ཀེར་ཅན་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་སྐྲ་དོ་ཀེར་ཅན་ལ་ཆོས་མི་བཤད་པར་བསླབ་པར་ བྱའོ། །དྲུག་སྡེ་དག་མི་ན་བར་ཞྭ་གྱོན་པ་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་།བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་ གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་ཞྭ་ [377A]༄༅། །གྱོན་པ་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་ཞྭ་གྱོན་པ་ལ་ཆོས་མི་བཤད་ པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་མགོ་ཅོད་པན་ཅན་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་།འཕགས་པ་དག་བཅོམ་ལྡན་འདས་ཀྱིས་ བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ ས་མེད་པ་དང། གུས་པ་མེད་པ་མགོ་ཅོད་པན་ཅན་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ མི་ན་བར་མགོ་ཅོད་པན་ཅན་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་།དྲུག་སྡེ་དག་མི་ན་བར་མགོ་ཕྲེང་བ་ཅན་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་ [377B]འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་མགོ་ཕྲེང་བ་ཅན་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱས་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་ འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་མགོ་ཕྲེང་བ་ཅན་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་མགོ་དཀྲིས་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་ པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་ མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་མགོ་དཀྲིས་པ་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་ སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་ [378A]༄༅། །འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་མི་ན་བར་མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་།བསླབ་པ་བསྡུ་ བའི་མདོ་ནི། མི་ན་བར་སྐྲ་དོ་ཀེར་ཅན་དང། ཞྭ་གྱོན་པ་དང་མགོ་ཅོད་པན་ཅན་དང། མགོ་ཕྲེང་བ་ཅན་དང། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་ སྡེ་དག་མི་ན་བར་གླང་པོ་ཆེ་ཞོན་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་།བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་ མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་ རྗེ་ས་མེད་པ་དང། གུས་པ་མེད་པ་གླང་པོ་ཆེ་ཞོན་པ་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས། དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་ པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་གླང་པོ་ཆེ་ཞོན་པ་རྣམས་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་རྟ་ཞོན་པ་རྣམས་ལ་ཆོས་འཆད་པར་བྱེད་ [378B] ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་།བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་ གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་རྟ་ཞོན་པ་རྣམས་ལ་ཆོས་འཆད་ པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་རྟ་ཞོན་པ་ལ་ཆོས་མི་བཤད་པར་བསླབ་ པར་བྱའོ། །དྲུག་སྡེ་དག་མི་ན་བར་ཁྱོགས་ན་འདུག་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་།འཕགས་པ་དག་བཅོམ་ལྡན་འདས་ ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་ བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་ཁྱོགས་ན་འདུག་པ་རྣམས་ལ་ཆོས་འཆད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་ [379A]༄༅། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་ རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་མི་ན་བར་ཁྱོགས་ན་འདུག་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་།དྲུག་སྡེ་དག་མི་ན་བར་ བཞོན་པའི་སྟེང་ན་འདུག་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་ པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་ རྗེ་ས་མེད་པ་དང། གུས་པ་མེད་པ་བཞོན་པའི་སྟེང་ན་འདུག་པ་རྣམས་ལ་ཆོས་འཆད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་ འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་བཞོན་པའི་སྟེང་ན་འདུག་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་མཆིལ་ལྷམ་གྱོན་པ་རྣམས་ལ་ཆོས་ [379B] ཁྱིམ་བདག་དད་པ་ཅན་དག་།འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་ གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེས་མེད་པ་དང། གུས་པ་མེད་པ་མཆིལ་ལྷམ་གྱོན་པ་རྣམས་ལ་ཆོས་ འཆད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་ པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། མི་ན་བར་གླང་པོ་ཆེ་ཞོན་པ་དང། རྟ་ཞོན་པ་དང། ཁྱོགས་ལ་འདུག་པ་དང། བཞོན་པའི་སྟེང་ན་འདུག་པ་དང། མཆིལ་ལྷམ་གྱོན་ པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་ལག་ན་འཁར་བ་ཐོགས་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་ འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དགའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་ [380A]༄༅། །མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་ལག་ན་འཁར་བ་ཐོགས་པ་ལ་ཆོས་འཆད་དམ་ཞེས་ སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་ལག་ན་འཁར་བ་ཐོགས་པ་ལ་ཆོས་མི་བཤད་པར་བསླབ་པར་ བྱའོ༑ ༑དྲུག་སྡེ་དག་མི་ན་བར་ལག་ན་གདུགས་ཐོགས་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་།འཕགས་པ་དག་བཅོམ་ལྡན་ འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་ལག་ན་གདུགས་ཐོགས་པ་རྣམས་ལ་ཆོས་འཆད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་ འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ [380B]མི་ན་བར་ལག་ན་གདུགས་ཐོགས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་ལག་ ན་མཚོན་ཐོགས་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་ གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་ པ་མེད་པ་ལག་ན་མཚོན་ཐོགས་པ་རྣམས་ལ་ཆོས་འཆད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་ ལག་ན་མཚོན་ཐོགས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་ལག་ན་རལ་གྲི་ཐོགས་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་ དད་པ་ཅན་དག་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་ [381A]༄༅། །རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན་ཁྱེད་ཅག་རྗེས་མེད་པ་དང། གུས་པ་མེད་པ་ལག་ན་རལ་གྲི་ཐོགས་པ་རྣམས་ལ་ཆོས་འཆད་ པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་ལག་ན་རལ་གྲི་ཐོགས་པ་ལ་ཆོས་མི་བཤད་ པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་ལག་ན་དགྲ་ཆ་ཐོགས་པ་རྣམས་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་བཅོམ་ ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ ཤེས་བརྙེས་ན། ཁྱེད་ཅག་རྗེས་མེད་པ་དང། གུས་པ་མེད་པ་ལག་ན་དགྲ་ཆ་ཐོགས་པ་རྣམས་ལ་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་ པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་ [381B] མི་ན་བར་ལག་ན་དགྲ་ཆ་ཐོགས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །དྲུག་སྡེ་དག་མི་ན་བར་གོ་ཆ་གྱོན་པ་རྣམས་ལ་ཆོས་འཆད་པར་ བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་འཕགས་པ་དག་།བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་ རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་རྗེ་ས་མེད་པ་དང། གུས་པ་མེད་པ་གོ་ཆ་གྱོན་པ་རྣམས་ལ་ཆོས་འཆད་དམ་ཞེས་སྨོད་ པར་བྱེད་ནས་དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །བསླབ་པ་བསྡུ་བའི་མདོ་ནི། མི་ ན་བར་ལག་ན་འཁར་བ་ཐོགས་པ་དང། ལག་ན་གདུགས་ཐོགས་པ་དང་ལག་ན་མཚོན་ཐོགས་པ་དང། ལག་ན་རལ་གྲི་ཐོགས་པ་དང། ལག་ན་དགྲ་ཆ་ཐོགས་པ་དང། གོ་ཆ་ གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ [382A]༄༅། །ལྡན་པ་ཉེ་དགའ་འགྲེང་བཞིན་དུ་བཤང་གཅི་བྱེད་ནས་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་སྨོད་པར་བྱེད་དེ། འཕགས་པ་དག་སྟོན་པའི་ཉན་ ཐོས་ནི། ངོ་ཚ་དང་ལྡན་པ་ལགས་ན། ངོ་ཚ་དང། ཁེལ་མེད་པ་འདི་འགྲེང་བཞིན་དུ་བཤང་གཅི་བགྱིད་པ་ག་ལ་གདའ་ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་ སྟེ༑ མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ་།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་བཙོ་བླག་མཁན་གྱི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟང། གོས་འདི་ཁྲུས་ཏེ་བྱིན་ཅིག་དེས་སྨྲས་པ། འཕགས་པ། ཁྱོད་ཀྱིས་ སྔོན་ནི། བདག་ཅག་སྲུང་བ་བྱས་པར་གྱུར་ན། དེང་སང་མི་བྱེད་པས་ཅིའི་ཕྱིར་ཁྱོད་ཀྱི་གོས་བཀྲུས་ཏེ་སྦྱིན། དེས་སྡོད་ཅིག་ཅེས་བྱས་ཏེ་སོང་ནས་དེས་བསམ་པ། བཀྲེན་ པ་དེ་མི་དགའ་བར་བྱའོ། །སྙམ་ནས་དེ་བཀྲུ་སྨན་ཟོས་ཏེ་མི་གཙང་བས་གྱོ་མོ་བཀང་ནས་བཙོ་བླག་མཁན་དེའི་བཀྲུ་བཤལ་སར་བླུགས་སོ། །དེ་ནས་བཙོ་བླག་མཁན་དེ་ནང་ [382B] ཇི་ཙམ་ན་མི་གཙང་བའི་དྲི་དྲོ་ནས་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང། ཉེ་དགས་ཆེད་དུ་ བསམ་སྟེ་ཕྱོགས་དེར་སོང་ནས་དེས་སྨྲས་པ། བཞིན་བཟང། ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག་དེས་སྨྲས་པ། འཕགས་པ་བཀྲུ་བཤལ་ས་འདིར་གཅིག་གིས་མི་གཙང་བ་ བླུགས་ཏེ་ལས་བགྱིར་མ་མཆིས་པས། ད་ཇི་ལྟར་འཚོ་བ་སྦྱར་བར་བགྱི་བ་མ་འཚལ་ཏོ། །ཉེ་དགས་སྨྲས་པ། བཀྲེན་པ། ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེ་སྨོད་པ་ལ་ཞུགས་པའི་སྐབས་ དེ༑ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་ འདི་ལྟར་གདོན་པར་བྱ་སྟེ། མི་ན་བར་ཆུའི་ནང་དུ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །ཐམས་ཅད་ཆུས་གང་སྟེ་གོ་སྐབས་མེད་པ་ནི། མ་གཏོགས་སོ། །བཤང་གཅི་ཇི་ལྟ་བ་བཞིན་ དུ་ཆུའི་ནང་དུ་མཆིལ་མ་དང། སྣབས་དང། སྐྱུག་པ་དང། རླུག་པ་མ་དོར་བར་བསླབ་པར་བྱ་བ་ཡང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དཧའི་ཀུན་དགའ་ར་ བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགས་ལྡུམ་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟང། ལྡུམ་ཆུང་ཞིག་བྱིན་ཅིག་དེས་སྨྲས་པ། འཕགས་པ། ཁྱོད་ཀྱིས་སྔོན་ནི། བདག་ཅག་སྲུང་ [383A]༄༅། །བ་བྱས་པར་གྱུར་ན། དེང་སང་མི་བྱེད་པས་ཅིའི་ཕྱིར་ཁྱོད་ལ་ལྡུམ་སྦྱིན། དེས་སྡོད་ཅིག་བྱས་ཏེ་སོང་ནས་དེས་བསམ་པ་བཀྲེན་པ་དེ་མི་དགའ་བར་བྱའོ། །སྙམ་ནས་ དེས་བཀྲུ་སྨན་ཟོས་ཏེ་མི་གཙང་བས་གྱོ་མོ་བཀང་ནས་ཕྱགས་མ་ཐོགས་ཏེ་ལྡུམ་ཞིང་གི་སྟེང་ཐམས་ཅད་དུ་མི་གཙང་བས་གཏོར་ནས་ལྡུམ་ཐམས་ཅད་མ་རུངས་པར་བྱས་སོ། །མི་གཙང་བའི་ དྲིས་དེར་ཝ་དག་འདུས་ནས་དེ་དག་གིས་ཀྱང་ལྡུམ་ཐམས་ཅད་མ་རུངས་པར་བྱས་སོ། །དེ་ནས་ལྡུམ་པ་དེ་ལྡུམ་བཙོང་པའི་ཕྱིར་ནང་པར་སྔར་ལངས་ཏེ་ལྡུམ་རར་སོང་བ་དང། ཇི་ཙམ་ན་ལྡུམ་ ཐམས་ཅད་མི་གཙང་བས་གཏོར་ཅིང་ཝས་ཀྱང་ཟོས་ཏེ་ཟོང་དུ་མ་རུངས་པར་མཐོང་ནས་དེ་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་དེས་སྨྲས་པ། འཕགས་པ་ ལྡུམ་ཞིང་འདིར་གཅིག་གིས་མི་གཙང་བས་གཏོར་ཏེ་ཟོང་དུ་མ་རུངས་པས་དེ་ཇི་ལྟར་འཚོ་བ་སྦྱར་བར་བགྱི་བ་མ་འཚལ་ཏོ། །ཉེ་དགས་སྨྲས་པ། བཀྲེན་པ། ཁྱོད་དེ་ལྟར་མི་དགའ་བར་ བྱའོ༑ ༑དེ་སྨོད་པ་ལ་ཞུགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མིན་པར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །ཐམས་ཅད་སྔོས་གང་སྟེ་གོ་སྐབས་ [383B] མ་གཏོགས་སོ། །བཤང་གཅི་ཇི་ལྟ་བ་བཞིན་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་མཆིལ་མ་དང། སྣབས་དང། སྐྱུག་པ་དང། རླུག་པ་མི་དོར་བར་བསླབ་པར་བྱ་བ་ཡང་དེ་བཞིན་ནོ་།བསླབ་ པ་བསྡུ་བའི་མདོ་ནི། མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ། མི་ན་བར་ཆུའི་ནང་དུ་བཤང་གཅི་དང། མཆིལ་མ་དང། སྣབས་དང། སྐྱུག་པ་དང། རླུག་པ་མི་དོར་བར་བསླབ་པར་བྱ་ མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་མཆིལ་མ་དང། སྣབས་དང། སྐྱུག་པ་དང། རླུག་པ་མི་དོར་བར་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་ རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་ གདུགས་ཚོད་ལ་སྤྱན་དྲངས་པ་ན། ཚེ་དང་ལྡན་པ་ཉེ་དགའ་ལ་དགེ་བསྐོས་ཀྱི་བསོད་སྙོམས་ནོད་པའི་རེས་བབ་ནས་དེས་བསམ་པ། གང་གིས་དགེ་བསྐོས་འདི་ཟན་གཅད་པར་བྱ་བ་དེ་ལྟ་ བུའི་ཐབས་ཅི་ཡོད་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ་གལ་ཏེ་བདག་ལ་འགའ་ཞིག་མཉན་ཡོད་ནས་རྒྱལ་བྱེད་ཀྱི་ཚལ་ཐག་ཇི་སྲིད་ཅིག་ཡོད་ཅེས་འདྲི་ན། བདག་གིས་དེ་ལ་ཇི་སྐད་བརྗོད་ པར་བྱའི། །རྣམ་པ་ཐམས་ཅད་དུ་གོམ་པ་དག་གིས་ས་གཞི་གཞལ་བར་བྱའོ། །སྙམ་ནས་དེ་གོམ་པ་དག་གིས་ས་གཞི་འཇལ་ཞིང་དལ་བུས་འོངས་པ་ན། དགེ་བསྐོས་ཀྱིས་བསམ་པ། དེ་ཡུན་ [384A]༄༅། །རིང་དུ་ཐོགས་པས་བདག་ཟན་ཆད་ན་མི་རུང་གི་བལྟའོ་།སྙམ་ནས་ཤིང་ལྗོན་པ་ཞིག་ལ་འཛེག་སྟེ་བལྟ་བར་བརྩམས་པ་དང། ཇི་ཙམ་ན་ཚེ་དང་ལྡན་པ་ཉེ་དགའ་དལ་བུ་ དལ་བུས་འོང་བ་མཐོང་ནས་དེས་བསམ་པ། འདི་ཇི་ལྟར་འོང་བའི་སྟངས་ལས་ན། འདིས་བདག་ཟན་གཅོད་པར་བྱེད་དོ། །སྙམ་དུ་རིག་ནས་དེ་ཤིང་ལྗོན་པ་དེ་ལས་བབ་སྟེ་འདུག་གོ་ཚེ་དང་ ལྡན་པ་ཉེ་དགའ་ཡང་འོངས་པ་དང། དེ་ཙམ་ན་གདུགས་ཚོད་ཡོལ་ནས་དེས་སྨྲས་པ། ཚེ་དང་ལྡན་པ། ཁྱོད་འགྲོས་དེ་ལྟར་འོང་བ་ལས་ན། དོན་གྱིས་ན། ཁྱོད་ཀྱིས་ཆེད་དུ་བསམ་སྟེ་ཁོ་བོའི་ ཟན་གཅོད་དུ་བཅུག་གོ་ཁྱོད་ཀྱིས་ཁོ་བོ་ཇི་ལྟར་མཐོང། ཁོ་བོས་ཤིང་ལྗོན་པ་ལ་འཛེག་སྟེ་བལྟས་སོ། །ཁྱོད་ཤིང་ལྗོན་པ་ལ་འཛེག་ཏུ་རུང་ངམ། །རུང་ཡང་སྲིད། །མི་རུང་ཡང་སྲིད། །ཁོ་བོས་ནི་ འཛེག་གོ་ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་ཤིང་ལ་མི་ འཛེག་པར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལ་མི་འཛེག་པར་བྱའོ། །ཞེས་བཀའ་སྩལ་ནས་དགེ་སློང་དག་ཚོན་རྩིའི་ལས་བྱེད་པར་འདོད་པས། གཟར་ ཐག་གར་དུ་གདགས་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལ་མི་གང་ཙམ་དུ་འཛེག་པར་བྱ་སྟེ། དེ་ལྟ་བས་ན་དགེ་སློང་གིས་ཤིང་ལ་མི་གང་ཙམ་ལས་མཐོར་མི་ [384B] །བཅོམ་ལྡན་འདས་ཀྱིས། དགེ་སློང་གིས་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་།ཞེས་བཀའ་སྩལ་པས། དགེ་སློང་ཞིག་དོན་མཐུན་དང་ལྷན་ ཅིག་ལྗོངས་རྒྱུར་འཕགས་པ་དང། དོན་མཐུན་དགོན་པའི་ལམ་དུ་མཚན་མོ་བཏབ་པ་ན། དེར་སྟག་གི་འཇིགས་པ་བྱུང་ནས་དོན་མཐུན་པ་དག་ནི། ཤིང་ལྗོན་པ་ལ་མཐོར་འཛེག་སྟེ་འཁོད་དོ། །དགེ་ སློང་དེ་ཤིང་ལྗོན་པ་ལ་མི་གང་ཙམ་དུ་འཛེག་སྟེ་འདུག་པ་དང་ཇི་ཙམ་ན་སྟག་འོངས་ནས་དོན་མཐུན་རྣམས་ཀྱིས་སྨྲས་པ། འཕགས་པ། སྟག་མཆིས་ཀྱི། མྱུར་དུ་མཐོར་འཛེག་ཅིག་དེས་ བསམ་པ། བཅོམ་ལྡན་འདས་ཀྱིས་ཤིང་ལ་མི་གང་ཙམ་ལས་མཐོར་འཛེག་པར་མ་གནང་བས། ཇི་ལྟར་མཐོར་འཛེག་སྙམ་ནས་དེ་དེ་ཉིད་དུ་འདུག་པ་དང། སྟག་གིས་མཆོང་པ་བྱས་ཏེ་བསད་ པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་ འདི་ལྟར་གདོན་པར་བྱ་སྟེ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །བསླབ་པའི་ཆོས་མང་པོ་རྣམས་རྫོགས་སོ།། །།སྡོམ་ལ་ མངོན་སུམ་དྲན་པ་མ་མྱོས་པ། །དེ་བཞིན་གང་མང་ངོ་བོ་ཉིད་།རྩྭ་རྣམས་བཀྲམ་པ་ལྟ་བུ་དང། ཁས་བླངས་པར་ཡང་བ་བའོ་།མངོན་སུམ་དུ་འདུལ་བར་འོས་པ་ལ། མངོན་སུམ་དུ་འདུལ་བ་སྦྱིན་ [385A]༄༅། །ནོ༑ ༑དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ། །མ་སྨྱོས་པས་འདུལ་བར་འོས་པ་ལ་མ་སྨྱོས་པས་འདུལ་བ་སྦྱིན་ནོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་ འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་ནོ། །རྩྭ་བཀྲམ་པ་ལྟ་བུར་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ནོ། །གང་ ཁས་བླང་པར་འོས་པ་ལ་ཁས་བླང་པར་བྱའོ། །རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང། འདུལ་བ་དང། སྟོན་པའི་བསྟན་པ་ བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ། །རྩོད་པ་ཞི་བར་བྱ་བའི་ཆོས་བདུན་རྫོགས་སོ།། །།བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་ རྒྱས་གསུང། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་ལྡན་འགྲོ་བ་ཡོད་པ་ཡི། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པ་འཚོ་བའི་འཇིག་རྟེན་ འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་ སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་བཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་ [385B] ༑བདག་གི་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི། བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་ གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་ སྡིག་པ་སྤོངས། །ཉོན་མོངས་ཟད་པས་མྱ་ངན་འདའ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན་།ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས་།ཀུན་ཏུ་བསྡམས་པའི་དགེ་སྦྱོང་ནི། །སྡུག་བསྔལ་ ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུངས་ཤིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ ལམ་ནི་ཐོབ་པར་འགྱུར། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང། །ཤཱཀྱ་ཐུབ་པ་གོའུ་ཏ་མ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་ བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག་སངས་རྒྱས་དཔའ་བོ་བདུན་པོ་དག་གྲགས་ལྡན་རྣམས་ཀྱིས་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བསྟན། །འདི་ལ་སངས་རྒྱས་ [386A]༄༅། །རྣམས་དང་གང། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་དང་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་གྱིས། །བརྩམ་པར་བྱ་ཞིང་ དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་དུ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱེད་།གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་ འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །འདུལ་བ་རྣམ་པར་འབྱེད་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་ དཔལ་ལྷ་བཙན་པོའི་བཀའ་ལུང་གིས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང། ཞུ་ཆེན་གྱི་ལོ་ཙྪ་བ་ བནྡྷེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤོ་ལོ་ཀ་ནི། ཉི་ཁྲི་ལྔ་སྟོང་ཡོད། བམ་པོ་ནི་བརྒྱད་ཅུ་རྩ་གསུམ་དུ་བྱས་སོ།། །།མང་ག་ལཾ།། །།